Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་ཡིན་ན་བསམ་ཚུལ་ཤོད།

Posted on 2010-04-082010-04-08 By དབང་ཕྱུག་ 8 Comments on བོད་པ་ཡིན་ན་བསམ་ཚུལ་ཤོད།

བོད ལྷ་ཀླུ་གཉན་གསུམ།

ང་ཚོས་ད་ལྟ་ཀུན་གླེང་གི་ལེའུ་ཚན་གྱི་སྒོ་ཕྱེ་ནས་ཉན་པ་ཡིན་ན། དོ་ནུབ་ཀྱི་ཀུན་གླེང་ལེའུ་ཚན་ནང་དུ་མི་གཉིས་ཀྱིས་བོད་ཡིག་གི་ལེགས་བཅོས་ཐད་དུ་བསམ་ཚུལ་གསུང་བཞིན་པ་དེ་ཐོས་ངེས་ཡིན་ལ། དེ་རུ་ཡོད་པའི་མི་སྣ་དེ་གཉིས་ཀྱང་། གཅིག་ནི་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལ་ས་ར་སློབ་གྲུའི་དགེ་རྒན་ཆེན་མོ་བསོད་ནམ་རྒྱལ་མཚན་དང་། གཅིག་ཤོས་དེ་ནི་ན་གཞོན་དབྱིན་ཡིག་སྨྱུག་ཐོག་པ་བསྟན་འཛིན་བདེ་སྐྱིད་རེད།
རྡོ་རྗེ་ཚེ་བརྟན་ནས། ཁོ་གཉིས་ངོ་སྤྲོད་ཅིག་བྱས་སོང་། དོ་ནུབ་ཀྱི་ལེའུ་ཚན་ནི་བོད་ཡིག་ལ་ལེགས་བཅོས་བྱེད་དགོས་མིན་དེ་ཡི་ཐད་ཀྱི་བགྲོ་གླེང་བྱེད་རྒྱུ་ཡིན་པ་དང་། བགྲོ་གླེང་འདིར་ངེས་སུ་མཉམ་ཞུགས་གནང་མཁན་ཟེར་ནས་ནམ་རྒྱུན་ལྟར་སྐད་ངག་ལ་ཉམས་འགྱུར་ལྡན་པའི་ངང་འགོ་འཛུགས་བྱས་སོང་།
སྤྱིར་བཏང་གི་དངོས་ནས་བཤད་ན། ལེགས་བཅོས་ཟེར་བ་དེ་ནི་མི་རིགས་ཤིག་གི་སྐད་ཡིག་དེ་ཡི་སྤྱི་ཚོགས་ཤིག་གི་དགོས་འཁོ་སྐོང་ཐུབ་ཀྱི་ཡོད་མེད་དང་དེ་ཡི་འདང་གི་ཡོད་མེད་སོགས་ལ་བལྟས་དེ། ལེགས་པའི་ཆ་མང་བོ་ཞིག་ནང་དུ་འདྲེན་པ་དེ་ལ་ལེགས་བཅོས་ཟེར་ན་མ་འགྲིག་པ་མེད་ཀྱང་། ཁོ་གཉིས་ཀྱིས་བསམ་ཚུལ་བཤད་སའི་ལེགས་བཅོས་ཟེར་ནས་གླེང་བཞིན་པ་དེ་ནི་འགྱུར་བཅོས་ཀྱི་སྒང་དུ་འགྲོ་བཞིན་པ་ཞིག་ལས། སྒྱུར་བཅོས་ཀྱང་རེད་མི་འདུག
བསོད་ནམ་རྒྱལ་མཚན་ལགས་ཀྱིས་གསུངས་པ་དེ་དག་གི་ཁྲོད་ཀྱི་བོད་མིའི་སྐད་ཡིག་གི་ལེགས་བཅོས་ཟེར་བ་དེ་ལ་བོད་ཕྱི་ནང་གཉིས་ཀྱིས་བོད་ཡིག་གི་སྐོར་ལ་སེམས་འཁྲལ་ཡོད་མཁན་ཚང་མས་ལྟ་ཚུལ་གཅིག་པ་རེད་ཟེར་ན་འགྲིག་གི་འདུག བོད་ཡིག་གིས་མ་འདང་བ་མིན་པར་བོད་ཡིག་སྤྱོད་མཁན་གྱི་ང་རང་ལྟ་བུ་མི་ཉུང་བ་ཞིག་གིས་ཡོད་ཚད་མེད་པར་ལག་ནས་གང་བྱུང་དུ་བྲིས་དེ་འོང་དུས་ཕ་སྐད་རྐྱང་བ་མང་བོ་ཞིག་ནང་དུ་ཤོར་སྟབས་མ་གོ་བ་དེ་ཡིས་བོད་ཡིག་གི་རིན་ཐང་ལ་ནོར་འཁྲུལ་བཟོས་པ་རེད་མ་གཏོགས། བོད་ཡིག་རང་སྟེང་ན་ནོར་འཁྲུལ་གང་ཡང་མེད། བོད་ཡིག་བེད་སྤྱོད་བྱེད་མཁན་གྱི་བོད་མི་རང་ངེས་ནས་མ་འཇོན་པ་རེད་མ་གཏོགས། བོད་ཡིག་གིས་མ་འདང་བ་གང་ཡང་མི་འདུག
བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་མོ་རང་ལ་གདེང་ཚོད་ཆེན་པོ་ཡོད་སྣང་གིས། བོད་ཡིག་ལ་འགྱུར་བ་གཏོང་སྟངས་ཀྱི་ཐད་དུ། བོད་ཡིག་གི་འགྱུར་བ་བྱེད་ལུགས་ཀྱི་དབྱིན་རྩོམ་ཞིག་བྲིས་དེ། རྩོམ་ཡིག་དེ་ཕ་ཡུལ་དྲ་རྒྱའི་སྒང་ནས་ཀློག་སྟོང་ཕྲག་ལྔ་ལྷག་བྱུང་བ་དང་། དེ་དག་གིས་ཀྱང་ཁོ་མོ་ལ་རྒྱབ་སྐྱོར་ཐོབ་ཡོད་པ་སོགས་རྡོ་རྗེ་ཚེ་བརྟན་གྱིས་གསུངས་པ་ལྟར། ཁོ་མོས་ཀྱང་རང་ཉིད་ལ་བདེན་ཁ་སྟེར་མཁན་མི་ཉུང་བ་ཞིག་སླེབས་སོང་མ་ཟད། སླེབས་པ་དེ་ཡང་གནས་ལུགས་ཡོད་པ་དང་རྒྱུ་མཚན་ཡོད་པ་ཞིག་ཡིན་པར་མཐོང་གི་ཡོད་ལ། དེ་ལྟར་བྱས་པ་ཡིན་ན་བོད་ཡིག་ཀློག་ཁག་པོ་ཡོད་པ་དེ་ལས་སླ་རུ་སོང་བ་ཡིན་ན། བོད་ཡིག་ཀློག་མཁན་མང་དུ་འགྲོ་ངེས་རེད་ཟེར་ནས་འགྱུར་བ་གཏོང་ལུགས་འདི་འདྲ་རེད་ཟེར་ནས་གསུངས། དཔེར་ན། ང་བོད་ནས་ཡོང་བ་ཡིན། {ང་ བོད་ ནས་ ཡོང་བ་ ཡིན། ང་རང་གི་མིང་ལ་བསྟན་འཛིན་བདེ་སྐྱིད་ཡིན། ང་ རང་ གི་ མིང་ ལ་ བསྟན་འཛིན་ བདེ་སྐྱིད་ ཡིན། }
རྡོ་རྗེ་ཚེ་བརྟན་གྱིས། ཕོ་བྲང་ཆེན་པོ་པོ་ཏ་ལ་དཔེར་འཇོག་གིས། བོད་ཡིག་ལ་ཚིག་གཅོད་སྟངས་མ་ཤེས་པའི་དཀའ་ངལ་ཞིག་འཕྲད་པའི་གཏམ་རྒྱུད་ཁ་མཚར་ཞིག་ཡོད་པ་དེ་གསུངས་དེ་འོང་དུས། བསྟན་འཛིན་བདེ་སྐྱིད་བར་རོལ་དུ་མཆོང་ནས་དེ་རེད། ངས་ཀྱང་དེ་འདྲ་བཤད་ཀྱི་ཡོད། ང་ཚོས་གཅོད་མཚམས་ལ་དཀའ་ངལ་ཡོད་པས་བོད་ཡིག་གི་ཚིག་མཚམས་གཅོད་སྟངས་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་་ཟེར་གྱི་ཡོད་ཟེར་གྱི་འདུག
དེ་དང་བསྟུན་ནས་བསོད་ནམ་རྒྱལ་མཚན་ལགས་ཀྱིས་ཀློག་སྟངས་ལ་གཅོད་མཚམས་ཀྱི་དཀའ་ངལ་མེད་པའི་སྐོར་ལ་རྒྱུ་མཚན་གསལ་བོ་ཞིག་གསུངས་སོང་། གང་ལྟར། རྣམ་པ་གཉིས་ཀྱིས་བོད་ཡིག་ལ་ཁོར་ཡུག་མེད་པས་སྡུག་སྨྲེ་དང་བོད་ཡིག་ཀློག་ཁག་པོ་ཡོད་པའི་སྐོར་གསུངས་པ་ལས། བོད་ཡིག་འདི་ཡར་རྒྱས་གཏོང་སྟངས། བེད་སྤྱོད་བྱེད་ལུགས་མི་འདྲ་བ་ཞིག་གི་སྒང་ནས་དར་ཁྱབ་ཆེ་རུ་འགྲོ་བའི་སྐོར་ལ་གཉིས་ཀའི་གསལ་བོ་ཞིག་གསུངས་མ་སོང་ལ། ཁ་པར་གཏོང་མཁན་ཚོས་ཡིན་ཡང་བསྟན་འཛིན་བདེ་སྐྱིད་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་གནང་གི་མི་འདུག
དེས་ན་སྤུན་ཟླ་ཚོ། ཁྱེད་ཅག་གིས་གཟིགས་པ་ཡིན་ན། ང་ཚོས་བོད་ཡིག་འདི་ཇི་ལྟར་བོད་མིའི་ཁ་ལག་སྤྱོད་གསུམ་གྱི་འཚོ་བའི་ནང་དུ་སླེབས་ཐབས་བྱེད་པ་ལ་ཐབས་ཤེས་གང་གཟིགས་ཀྱི་ཡོད་ཐད་དུ་བསམ་ཚུལ་ལྷུག་པོ་ཞིག་གསུང་རོགས་ཞུ།

སྣ་ཚོགས།

Post navigation

Previous Post: ཁམས་གསེར་རྟ་རྫོང་དུ་ཞི་བའི་ངོ་རྒོལ་ལས་འགུལ་མུ་མཐུད་དེ་སྤེལ་བཞིན་ཡོད་པ་དང་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ།
Next Post: ཨ་ཕའི་བསླབ་བྱ།

Comments (8) on “བོད་པ་ཡིན་ན་བསམ་ཚུལ་ཤོད།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-08 at 4:36 am

    ཞོར་དུ་སྤུན་ཟླ་ཁྱེད་ཅག་གིས་འབྲེལ་ཐག་འདི་ལ་གཟིགས་རོགས་ཞུ། འདི་ཡང་བསམ་ཚུལ་ཤོད་རྒྱུར་ཕན་ཐོག་ངེས་ཡིན། འདི་ནི་ད་ལྟའི་བོད་ནང་གི་གཞས་མ་གྲགས་ཆེན་ཞིག་གི་གནས་སྟངས་དངོས་རེད།

    http://www.youtube.com/watch?v=h1r0AStMAok&feature=related

    འདི་ནི་བྱེས་ཀྱི་གླུ་བ་གྲགས་ཆེན་ཞིག་གིས་གླུ་གཞས་རེད། སྤུན་ཟླ་ཁྱེད་ཅག་གིས་དྲང་མོ་གསུང་དང་། ངེད་ཅག་གིས་བོད་ཡིག་ལ་བོད་མིས་མཐོང་ཆེན་བྱེད་སྟངས་ཚད་ག་འདྲ་ཞིག་ལ་སླེབས་འདུག

    http://www.youtube.com/watch?v=-7RyWO_Da98&feature=related

  2. ལྷ་ནོར། says:
    2010-04-08 at 5:26 am

    གྲོགས་ལྷ་ཀླུ་གཉན་གསུམ་ལགས། འདི་ལྟར་ཚ་ཐོག་ལ་སྤེལ་བ་ཤིན་ཏུ་ལེགས། ཤེས་མིན་ཚོར་མིན་ཚོས་བོད་ཡིག་འདི་ལྟར་བྱས་རུང་བ་ཞིག་ཡིན་རྒྱུ་རེད་བསམ་གྱིན་ཡོད་པ་འདྲ། རང་གི་མ་ཤེས་པ་རྒྱུན་མཚན་ལ་བཞག་ནས་གཞན་ཚང་མ་དེ་ལྟར་ཞིག་ཡིན་པས་སྣང་བ་འཛིན། ཉིད་ཀ་སྤེལ་བ་ནང་བཞིན་དུས་བབ་དྲ་རྒྱའི་ནང་འཇམ་མགོན་ལགས་ནས་ཀྱང་བྲིས་འདུག དེ་ལ་ཡང་གཅིག་གཟིགས་དང་མྱོང་བ་བཞེས་ཐུབ་ངེས།

  3. གངས་འདབས་ says:
    2010-04-08 at 5:54 am

    ངས་ཀུན་གླེང་གྱི་བགྲོ་གླེང་དེ་ཉན་པ་ཡིན།
    གཤམ་གྱི་གནད་དོན་རྣམས་ངའི་བསྨ་ཚུལ་ཡིན། གཅིག་བྱས་ན་གལ་ཆེན་པོ་རེད་འདུག
    ༡༽ རྒྱུ་མཚན་གང་ལ་རྟེན་ནས་བོད་སྐད་ཡིག་སྤྱི་ཚོགས་དང་ཚན་པའི་ནང་བེད་སྤྱོད་ཉུང་བ་ཡོང་བ་རས
    ཀ་༽ དང་པོ་ཆབ་སྲིད་ཀྱི་ཁོར་ཡུག་ཞན་པས་དོན་འབྲས་གསོན་པའི་རྒྱབ་སྐྱོར་མེད་པ་དང་། ཆབ་སྲིད་མི་སྣ། དེ་བཞིན་སྤྱི་ཚོགས་ཁ་ལོ་སྒྱུར་ཐུབ་མཁན་གྱི་མི་སྣས་དོ་སྣང་ཞན་པས་རེད།
    ཁ་༽ ཁྱོན་ཡོངས་ནས་བོད་མིས་བོད་སྐད་ཡིག་མི་ཤེས་པའམ་བོད་སྐད་ཡིག་ཐོག་ཡིག་རྨིངས་ཡིན་པ་མང་བ། འབྲི་ཀློག་ཐུབ་ཙམ་ལས་གཏིང་ཟབ་པའི་གོ་དོན་མི་རྟོགས་པ།

    ག་༽ ནམ་ཀུན་རྒྱ་ཆེའི་རྩོམ་པོ་ཉུང་བ། ལྷག་དོན་བོད་ཡིག་ནང་སྐད་ཡིག་གཞན་དང་སྡུར་ན། རྩོམ་རིག་དང་རྟོགས་བརྗོད་ཡང་ན་དངོས་བྱུང་བརྩམས་བྱ་གོ་བདེའི་ནང་བྲིས་ཡོད་པ་ཉུང་བ། ཁ་ཤས་ཡོད་ནའང་ཀློག་མཁན་ཉུང་བ། གང་ཡིན་ཟེར་ན་བོད་མིས་དཔེ་དེབ་ཀློག་རྒྱུར་དབྱིང་མེད་པ་དང་གཅིག་གོང་ཞུས་བཞིན་ཡིག་རྨོངས་མང་དང་གཉིས།

    ༢༽ གལ་ཏེ་བཅོས་སྒྱུར་གཏོང་དགོས་ཡོད་གཟིག་ན། སྔོན་ལ་རང་ཉིད་ཀྱི་སྐད་ཡིག་དེར་སྦྱངས་པ་དང་དེའི་ཁྱད་ཆོས། དེའི་རྒྱུ་མཚན། དེའི་རྒྱབ་ལྗོངས་ཀྱི་གནད་དོན་དང་། དེས་སྤྱི་ཚོགས་ཀྱི་ལམ་བུ་གང་འདྲ་ཞིག་བརྒྱུད་ཡོད་མེད། དེ་བཞིན་ད་ལྟའི་ཁོར་ཡུག་ག་འདྲ་ཡོད་མེད་བཅས་ལ་ཉམས་ཞིབ་ཕྱོགས་ཡོངས་ནས་བྱ་དགོས་པ་མཐོང་།
    དེ་ལས་ལྡོག་ཏེ། གཞས་གཏོང་མི་ཤེས་མཁན་དང་གཏོང་ཡག་པོ་མི་ཤེས་མཁན་དག་གིས་གཞས་གི་ཕོ་མོ་གཉིས་ཅན་གྱི་དབྱངས་བརྡ་ལྡན་པའི་གཞས་ནང་་མོ་གདངས་ཅན་གྱི་དབྱངས་བརྡ་མང་བ་ཡོད་ཚེ། གཞས་གཏོང་མི་ཤེས་མཁན་དེས་དེ་འདྲ་ལབ་སྲིད། ༼གཞས་འདི་གཏོང་ཁག་པོ་འདུག གཞས་དེའི་ནང་གི་མོ་གདངས་ཅན་དེས་ཚོ་མེད་པ་བཟོ་དགོས་འདུག གཞན་མ་གཏོགས་ངས་གཞས་དེ་གཏོང་ཤེས་ཀྱི་མིན་འདུག མི་རིགས་གཞན་གྱི་གཞས་ནང་ཕོ་གདངས་འཁེར་རྐྱང་ཡོད་པའི་གཞས་མང་པོ་འདུག༽དེ་ལྟར་བརྗོད་པ་དང་འདྲ།
    དེར་བརྟེན་ནུབ་ཕྱོགས་པས་བྱས་པ་ཚང་མ་མཚན་མར་འཛིན་དགོས་པའི་ངེས་པ་མེད། ལ་ཌིན་དང་། ལེགས་སྦྱར་སྐད་གཅིག་པོ་མ་ཡིན་པར་འགྲོ་བ་མིའི་སྤྱི་ཚོགས་དང་ལོ་རྒྱུས་ནང་ཚད་མཐོ་བས་སྐད་ཡིག་གཞན་ཁག་གཅིག་ཡོད་ལ་དེ་རྣམས་ཡང་དབྱིན་སྐད་ལྟར་མཚམས་བཅད་ཤ་རྟག་མ་རེད།
    དེར་བརྟེན་བསམ་ཚུལ་བཤད་དགོས་པ་ནི་སྤྱི་ཚོགས་དེར་འགན་འཁུར་བྱེད་པའི་རྟགས་རེད། འོན་ཀྱང་སྒྱུར་བཅོས་དང་ལེགས་བཅོས་བྱེད་རྒྱུ་ནི་གནད་དོན་དེར་གཏིང་ཟབ་ཤེས་ནས་བསམ་ཚུལྦཤད་་ཚེ་གཞི་ནས་རྒྱུ་མཚན་ལྡན་པའི་དགེ་མཚན་ཞིག་རྙིད་ངེས།

  4. འབའ་སྲས། says:
    2010-04-08 at 12:42 pm

    བོད་ལྷ་ཀླུ་གཉན་གསུམ་ལགས། སྐུ་བདེ་མོ། གོང་གི་འབྲེལ་ཐག་དེ་གཉིས་ལ་བལྟས་ཟིན་པ་ཡིན། གཞས་མ་དེ་གསུམ་གྱིས་གཞས་ག་རེ་གཏོང་གི་ཡོད་པའི་ཚིག་འབྲུ་ཡི་གེ་ལ་བཀོད་མེད་པས་ནོར་འཁྲུལ་ཅི་ཡོད་ཤེས་མ་སོང་། གཞས་འོག་མའི་ཚིག་འབྲུ་ཡི་གེར་བཀོད་ཡོད་པའི་ནང་་་་་་ནམ་ཡངས་་་་་་ལ་སོགས་པའི་ཡིག་ནོར་འགའ་མཐོང་ནས་མཇུག་བར་ལྟ་ཉན་གྱི་སེམས་པ་ཤི་སོང་པས་ཁྱོད་ཀྱི་རེ་བ་སྐོང་ཐུབ་མ་སོང་། དེ་ཙམ་ཡིན། བདེ་མོ་བྱོས།

  5. གངས་ཐིགས། says:
    2010-04-09 at 7:11 am

    བོད་སྐད་བསྐྱོད་རོགས། ཆོལ་གསུམ་བོད་མིའི་ཡོངས་ལ་རེད། བོད་པ་ཡིན་ན་བོད་སྐད་གཙང་མ་དགོས། གང་ལྟར་རྒྱ་སྐད་དང་དབྱིན་སྐད་སོགས་མི་རིགས་གཞན་པའི་སྐད་མ་བརྗོད། ཨམ་སྐད། ཁམས་སྐད། དབུས་སྐད། སྟོད་སྐད་བཅས་གཙང་མ་ཞིག་བསྐྱོད་རོགས།

  6. བོད་ཀྱི་རྩམ་པ་། says:
    2010-04-09 at 7:58 pm

    སྐུ་ཞབས་ལྷ་གླུ་གཉན་གསུམ་འདི་། འདི་རྩོམ་པ་ོ་ཡག་པོ་ཞིག་ཡིན་པས་མ་ཚད་། ངོ་མ་སྔགས་པ་མཐུས་ཆེན་ཞིག་ཀྱང་རེད་། ྱཁྱོད་ཚང་གི་བོད་ཀྱི་སྤྱིུ་ཚོགས་འདིས་གོང་འོག་བར་གསུམ་གང་ན་འགྲིག་གི་མེད་ན་དེ་མཁྱེན་གྱི་ཡོད་པ་འདྲ་། ང་ཡང་ཡོ་ཏྲབ་ཐོག་ལ་སོང་ནས་མིག་དམར་པོ་འགྲོ་རགས་པར་དུ་འདུག་གི་ཡོད་མོད་། འདི་འདྲའི་འཇིགས་སུ་རུང་བ་ཞིག་མཐོང་མ་སོང་། འབྲེལ་ཐག་སྤེལ་པར་ཐུག་རྗེ་ཆེ་། བསམ་ཚུལ་ཅི་ཞིག་བཤད་དགོས་ཤེས་མ་སོང་། སྐྱུག་རྒྱ་ཞིག་ཡོང་ནས་བསྡད་སོང་།

  7. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-10 at 4:16 pm

    ཁྱེད་ཅག་ཚང་མ་སླེབས་ནས་རང་རང་གི་བསམ་ཚུལ་གསུངས་པ་དེར་དགའ་ཡོད། མི་རིང་བར་ངས་ཁྱེད་ཅག་ལ་དངོས་བྱུང་གི་དཀའ་ངལ་ཞིག་ངོ་སྤྲོད་བྱེད་ཆོག ཉིན་མ་འདི་དག་གི་རིང་དུ་ང་རང་རྒྱ་གར་ནས་འབྱོར་བའི་བོད་ཀྱི་སོ་ནམ་སློབ་ཕྲུག་དེ་དག་གི་གམ་དུ་བོད་རིགས་གྲོགས་པོ་ཞིག་དང་ལྷན་དུ་ཐུགས་འཕྲད་བྱེད་དུ་སོང་ནས་དུས་ཐོག་ལ་ལན་འདེབས་བྱེད་ཐུབ་མ་སོང་། དགོངས་དག

  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-04-10 at 5:10 pm

    དེ་རིང་སང་ཉིན་གཉིས་ཀ། གུང་གསེང་ཡིན། ཁྱེད་ཀྱི་དཀའ་ངལ་ལ་སྒུག་གི་ཡིན།
    ཁྱོད་འདི། རི་ཁ་བ་ཅན་གྱི་གཡག་རྒོད་ཞིག་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme