Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སེང་གེའི་བོད་ཀྱི་ཟློས་གར།

Posted on 2015-10-06 By ཁ་བརྡ 26 Comments on བློ་བཟང་སེང་གེའི་བོད་ཀྱི་ཟློས་གར།

བསྟན་འཛིན་ཡར་རྒྱས།

ཁ་སང་ནས་སྲིད་སྐྱོང་བློ་སེང་ཡང་བསྐྱར་སྲིད་སྐྱོང་གི་འོས་མིར་ལངས་པའི་ཅ་ཅོ་དེ་མགོ་བཙུགས་སོང་། ངས་ཀྱང་ཅ་ཅོ་འདིའི་བྲག་ཆ་ལ་ཡང་བསྐྱར་ཁ་སྣོན་བྱེད་འདོད་བྱུང་། ཐོག་མ་དེ་ནི་བློ་བཟང་སེང་གེའི་གོ་སྐབས་ཤོར་ཚར་པ་རེད། ད་གོ་སྐབས་གསར་པ་སྤྲོད་རྒྱུ་ཡོད་མ་རེད། ཟློས་གར་དེ་འཁྲབ་ཚར་སོང་། ལྟད་མོ་དེར་བལྟས་ཚར་སོང་། ད་ལྟད་མོ་གསར་པ་ཞིག་ལ་ལྟ་རྒྱུ་བྱས་ན་ཡག་གི་རེད། དེས་ན་བློ་བཟང་སེང་གེའི་སྐོར་ལ་འདི་ལྟར་བཤད་རྒྱུ་ཡོད། སྲིད་སྐྱོང་གི་གོ་ས་དེ་གྱོན་པ་ཁྱབ་བསྒྲགས་བྱེད་སའི་སྡིངས་ཆ་ཞིག་མ་རེད།

ངའི་སེམས་ལ་བློ་བཟང་སེང་གེ་ཤར་སྐབས། མིག་ཤེལ་ནག་པོ་དེ་ཡོད་ཡོད་བྱས། དེའི་ཐོག་ལ་མཚམས་རེར་ཕྱི་ལུགས་ཀྱི་གྱོན་པ་དཔེ་གསར། མཚམས་རེར་བོད་ལུགས་ཀྱི་གྱོན་པ་དཔེ་གསར་དེ་འདྲ་གོན་ནས་ཡར་མར་འགྲོ་བསྡད་མཁན་ཞིག་ཤར་གྱི་འདུག དེ་ནས་སེམས་ནང་ལ་ངན་པ་ཤ་སྟག་དྲན་ཡོང་གི
ཁང་པ་ཉོས་པའི་རྙོག་དྲ། བུ་མོར་འབྲེལ་བའི་རྙོག་དྲ། གྲོགས་པོར་ལས་ཀ་སྤྲད་པའི་རྙོག་དྲ། མ་དགའ་ས་ལ་ཐུབ་ཚོད་བཏང་བའི་རྙོག་དྲ། རང་གི་པར་ཐང་གར་བཤམས་པའི་རྙོག་དྲ། འདི་འདྲའི་རྙོག་དྲ་མང་པོ་ཞིག་དྲན་ཡོང་གི་འདུག གྲུབ་འབྲས་གང་ཡོད་དམ། ད་ལྷིང་འཇགས་ངང་བསྡད་པ་དེ་གྲུབ་འབྲས་ཡིན་ཟེར། ང་ཚོས་རྟ་ནག་འཇིགས་མེད་བཟང་པོ་དང་དགེ་འདུན་རིན་ཆེན། བཙུན་མ་སངས་གྲོལ་སོགས་རྒྱའི་བཙོན་ཁང་ནས་ཕྱི་ཡུལ་རང་དབང་ལུང་པར་ལེན་པའི་གྲུབ་འབྲས་བྱུང་བ་དེ་ཚོ་བརྗེད་སོང་བ་རེད་དམ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་ནས་གྲོངས་སོང་ང་། བློ་བཟང་སེང་གེའི་སྐབས་ལ་རེད། ཁོ་ལ་དེའི་འགན་ཡོད། དཔེ་མཚོན་འདིས་བོད་ནང་གི་བཙོན་པ་བཙོན་མ་རྣམས་ལའང་གཅིག་མཚུངས་ཡིན། དེའི་འགན་བློ་བཟང་སེང་གེ་ལ་ཡོད་རེད། ད་རྫིག་ཉམས་བསྟན་ནས་ཅི་ཡོང་། ༧རྒྱལ་བའི་མཚན་ཤས་ལ་བསམས་ནས་མི་རྣམས་ཀྱིས་གུས་བཀུར་ཞུས་པ་དེ་ལ་གོ་བ་ལོག་མི་རུང་།
ད་བློ་སེང་གི་སྐབས་ལ་བོད་ཕྱི་ནང་གི་འབྲེལ་བ་ཡག་ཏུ་ཕྱིན་ཡོད་ཟེར། དཔེར་ན་བློ་བཟང་སེང་གེ་ལ་བསྟོད་པའི་གླུ་དབྱངས་ལངས་སོང་ཟེར། ཨོ་ཙི། ཞེད་སྣང་ལ། ཐབས་སྐྱོ་བ་ལ། གཅིག་ནས་ཁོས་བོད་ཟེར་བ་དེ་ཁྱོན་ནས་ཧ་གོ་གི་མེད་པ་འདྲ། སྐད་ཆ་འདི་གཅིག་པུའི་ཐོག་ནས་ཁོས་བོད་ཀྱི་ངོ་བོ་མཚོན་ཐུབ་ཀྱི་མི་འདུག དེ་ཧ་ཅང་གསལ་པོ་རེད།
ད་སྐད་ཆ་མང་པོ་མི་འདུག བློ་བཟང་སེང་གེའི་གོ་སྐབས་ཤོར་ཚར་པ་རེད། ད་ཁོ་ལ་ཕན་ཐོགས་མེད་པའི་གོ་སྐབས་གསར་པ་ཞིག་སྤྲོད་རྒྱུ་ཡོད་མ་རེད།

བསམ་ཚུལ།

Post navigation

Previous Post: མང་ཚོགས་ལ་འགན་ཁུར་ལན་འདེབས་བྱེད་དགོས།
Next Post: ལྕང་ལྕུག

Comments (26) on “བློ་བཟང་སེང་གེའི་བོད་ཀྱི་ཟློས་གར།”

  1. ལུང་རྟོགས། says:
    2015-10-06 at 12:51 pm

    ངས་ཁྱོད་ལ་གཅིག་འདྲི། བརྒྱད་བཅུ་གྱ་དགུ་ལོའི་ལྷ་སའི་ཞི་རྒོལ་ཁྲོད་བོད་མི་བརྒྱ་ཕྲག་ཁ་ཤས་ཀྱི་སྲོག་ཤོར་བ་རེད་ལ། གཞན་བརྒྱ་ཕྲག་མང་པོ་བཙོན་འཇུག་བྱས་པ་རེད། དེ་སུའི་སྐབས་སུ་རེད། དེའི་འགན་དེ་སུ་ལ་ཡོད་པ་རེད།

  2. ལུང་རྟོགས། says:
    2015-10-06 at 12:51 pm

    བཙན་བྱོལ་དབུ་ཁྲིད་ཚོའི་ཁྲོད་ནས་གོང་ས་མཆོག་ཕུད་པའི་བོད་ཕྱི་ནང་གཉིས་ཀྱི་མི་མང་གིས་དགའ་བསུ་ཆེ་ཤོས་ཞུ་ཡུལ་ནི་མཁས་དབང་བློ་བཟང་སེང་གེ་མཆོག་རེད་ལ། ཁོང་ལས་ལྷག་པའི་ཤེས་འཇོན་ཅན་ཞིག་ད་ལྟའི་ཆར་བཙན་བྱོལ་ཁྲོད་ན་གདམ་རྒྱུ་མེད་པ་གསལ་པོ་རེད། དེས་ན་ཤར་ཁུག་འཁོར་དང་བཅས་པས་སྐད་ངན་ཇི་ལྟར་རྒྱབ་ཀྱང་བོད་མི་མང་གིས་ཁོང་སླར་ཡང་སྲིད་སྐྱོང་ལ་གདམ་རྒྱུ་ཡིན་པའི་སྔོན་རྟགས་གསལ་པོ་འདུག

  3. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-06 at 1:29 pm

    ལུང་རྟོགས་ཀྱི་རྒྱུད་ལ་གཞན་སེམས་ཤེས་པའི་མངོན་ཤེས་སྐྱེས་ཟིན་འདུག་གདའ། ད་ལྟའི་ཆར་ལ་བཙན་བྱོལ་ནང་བློ་བཟང་སེང་གེ་ལས་ལྷག་འཇོན་པོ་མེད་པ་ཁོས་ཤེས་ཚར་འདུག་་་་་་་་་འདི་འདྲ་སྐད་ཅ་ཐག་བཅད་ནས་བཤད་པ་འདི་རང་ལ་ལྟོས་དང་ལོང་རྟོགས་མིན་ན་ཅི་རེད་དམ། སླར་ཡང་བློ་སེང་སྲིད་སྐྱོང་ལ་ལང་ཀི་ཟེར། རྒྱུ་མཚན་ཅི་ཡོད་དྲིས་ན་སྔོན་རྟགས་གསལ་པོ་འདུག་་་་་ངས་དྲན་སོང་ཟེར་ཀི་་་་་་ཧཧཧཧཧ་་་་མྱི་འདིས་སྐད་ཅ་ལ་ཁུངས་འཕེར་བ་ཨེ་འདུག་གམ།

  4. ལྷ་སའི་བུ་ says:
    2015-10-06 at 1:42 pm

    གོང་དུ་ལུང་རྟོགས་ལགས་ཀྱིས་གསུངས་པ་ལྟར། ད་ལྟའི་ཆར་་སྲིད་སྐྱོང་བློ་སེང་མཆོག་ལས་ལྷག་པའི་སྲིད་སྐྱོང་འོས་མི་ཞིག་མཐོང་གི་མི་འདུག། ཡོད་ན་འདོན་ཤོག་དང། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད།

  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-06 at 2:20 pm

    ལྷ་སའི་བུ་ལགས། སྲིད་སྐྱོང་ལ་ཐོན་འོང་དུས་རྒྱལ་བ་རིན་པོ་ཆེར་ཁ་གཏོང་བ་དང་དབུས་སྒྲིག་འཛུགས་ལ་སྐྱོན་འདོགས་ཀི་ཟེར་ནས་ཕྱོགས་བཞི་མཚམས་བརྒྱད་ནས་གཉའ་གནོན་བྱས་ཀི་ཡོད་པ་མཐོང་མ་སོང་ངམ། མངོན་སུམ་ལ་སྙོན་མ་གདིང་ཨ།

  6. ལྷ་སའི་བུ་ says:
    2015-10-06 at 5:10 pm

    ཏྲེ་ཧོར་བྱམས་པ་རིན་ཆེན་ལགས། ངས་ད་ཕན་ཐོན་ཟིན་པའི་འོས་མི་རྣམས་ཀྱི་ནང་ནས་ད་ལྟའི་སྲིད་སྐྱོང་ལས་ལྷག་པ་མི་འདུག་ཟེར་གྱི་ཡོད། དེ་ནི་ང་རང་གི་ལྟ་སྣང་མཐོང་ཕྱོགས་རེད་མ་གཏོགས་ཕྱོགས་རིས་དང་། གཞན་སུ་གང་གིས་གནོན་ཤུགས་སྤྲོད་མཁན་མེད་ལ་མིག་ལྡན་གཡངས་མཆོངས་བྱེད་མཁན་ཞིག་ཀྱང་མིན།
    གཞི་ནས་ནུབ་ཕྱོགས་པའི་ཆབ་སྲིད་པ་ཚོའི་ལད་ཟློས་མ་བྱས་ན་ཡག་གི་རེད། ང་ཚོའི་གནས་སྟངས་ལོགས་སུ་རེད། ང་ཚོ་ལུང་པ་ཤོར་བའི་མི་རང་དབང་ལུང་པའི་ནང་ཡུལ་གྱར་དུ་གནས་པ་རྣམས་ཀྱིས་རང་གི་ལུང་པའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་བཙུགས་ཡོད་པ་དེའི་ལས་འགན་འཁྱེར་ཐུབ་མཁན་གྱི་འགོ་འཁྲིད་ཅིག་འོས་འདེམས་བྱེད་ཀྱི་ཡོད་པ་ལས་ནུབ་ཕྱོགས་པའི་ཆབ་སྲིདཔ་ནང་བཞིན་དབང་ཆ་དང་། ཐོབ་ཐང་སོགས་ཐོབ་ཤོར་གྱི་འཐབ་རྩོད་བྱེད་ཀྱི་མེད་དོ།

  7. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-06 at 5:35 pm

    ལྷ་སའི་བུ་ལགས། རང་གི་མཐོང་ཕྱོགས་ལང་ལོས་ཆོག་་་་་ཡིན་ནའང་རང་འདོད་དེ་ལས་གཞན་གྱིས་འཇོན་ཀི་མ་རེད་ཟེར་ནས་ཚིག་ཐག་བཅད་འདུག་གདའ། ངས་དེར་ལན་རྒྱག་ཀི་ཡོད་དོ། བློ་སེང་ལས་གཞན་རྣམས་དབང་ཆ་དང་ཐོབ་ཐང་ཐད་རྩོད་ཀྱི་ཡོད་པའི་ཁུངས་ལུང་ག་རེ་ཡོད་དམ།

  8. ཚ་ཕྲུག་རྒྱལ། says:
    2015-10-06 at 7:17 pm

    དེང་སྐབས་སྲིད་སྐྱོང་འོས་གཞིའི་ནང་ནས་སྲིད་སྐྱོང་བློ་སེང་ལགས་ནི་སྐབས་གཉིས་པའི་སྲིད་སྐྱོང་ཡོང་རྒྱུ་ཡིན་པ་ནི་ཕྱོགས་སྡོམས་ཐུབ་པ་ཞིག་རེད། ཁོང་ལ་ཁ་གཏད་པའམ་དགག་ཕྱོགས་པ་དག་གིས་སྐྱོན་བརྗོད་དང་ཟུར་ཟ་རིགས་ལ་གནད་ལུགས་དང་ལྡན་པའི་སྲིད་སྐྱོང་མི་འོས་པས་གླེང་བརྗོད་བྱེད་མཁན་ནི་ནམ་མཁའི་མེ་ཏོག་རེད། རྒྱལ་ཕྱི་ནང་གི་ཚོགས་སྡེ་དང་མི་སྡེའི་ཆེ་ཆེ་ཆུང་ཆུང་གང་མང་ཞིག་གིས་ཁོང་ལ་རྒྱབ་སྐྱོར་དང་དགའ་མོས་བྱེད་སྟངས་འདི་ནི་བོད་མི་བཅོས་མ་ཞིག་གིས་བཀའ་ཁྲིའམ་སྲིད་སྐྱོང་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་རེད་ལ། མ་འོངས་པར་ཡང་འདི་ལྟར་ཡོང་རྒྱུའི་སྲིད་སྐྱོང་ཞིག་ཁག་པོ་རེད་བསམ་གྱིན། ལྷག་པར་དུ་ད་ལྟའི་སྲིད་སྐྱོང་གི་འོས་མི་གཞན་དག་སུ་གཅིག་ལ་རྒྱལ་ཕྱི་ནང་གིས་དགའ་མོས་དང་རྒྱབ་སྐྱོར་འདི་བཞིན་ཐོབ་རྒྱུ་མེད་པ་ནི་འགྲེལ་བཤད་མི་དགོས་པར་གསལ་རྟོགས་ཐུབ་ངེས་ཞིག་ཀྱང་རེད། སྤྱི་ཚོགས་ཡར་རྒྱས་དང་འཆམས་མཐུན་སོགས་ལ་འགན་ཁུར་དེ་ཙམ་མེད་པའི་སྲིད་དོན་པ་དང་རྟོག་གེ་བ་ཚོས་ཅི་ཡང་བཤད་སྲིད་ལ་གང་ཡང་གླེང་སྲིད། དེ་ནི་ཆགས་སྡང་ཕྱོགས་ལྷུང་གིས་འཇིག་རྟེན་མིའི་ཆོས་ཉིད་དང་བྱེད་བབ་ཞིག་ཀྱང་རེད། གང་ལྟར་བརྒྱ་བཤད་སྟོང་སྐོར་གྱིས་བློ་སེང་ལ་སྐྱོན་བརྗོད་དང་གླེང་གཞི་ཇི་ཙམ་བཟོས་ཀྱང་སྐབས་གཉིས་པའི་སྲིད་སྐྱོང་ནི་བློ་སེང་ཕེབས་ཡོང་གི་རེདདོ།

  9. ཉི་འབུམ་ཐར། says:
    2015-10-06 at 7:56 pm

    གྲུབ་དོན་ནི་ལྷང་འཇགས་ཡིན་ཟེར། ལྷང་འཇགས་ནི་གང་ཞིག་ལ་ངོས་འཛིན་བྱ་དགོས་མིན་ངོ་མ་མ་ཤེས་ཐལ། གྲོགས་ཚོ་འགྲེལ་བཤད་ཞིག་གནང་རོགས། ད་ནི་བློ་སེང་གིས་རང་ཉིད་ཁྲི་ཐོག་ལས་མར་ཕབ་སོང་།

  10. རྒྱ་གར་རྨ་བྱ། says:
    2015-10-06 at 11:22 pm

    བློ་བཟང་སེང་གེ་དུས་ནམ་ཡང་སྲིད་སྟེགས་ནས་མར་ཕབ་མི་སྲིད།

    རྒྱུ་མཚན་ནི་ཕྱི་ནང་སུས་བལྟས་ཀྱང་ཁོང་ལས་འོས་མི་རན་འཚམ་ཞིག་བཙལ་ཀྱང་མི་རྙེད་པའི་ཤེས་བྱ་ཡིན།

    ཨ་མའི་བུ་ལ་ཕྱི་འབྲེལ་གྱི་གསེར་ཟམ་ཡོད། ཨ་མའི་བུ་ལ་ནང་འབྲེལ་གྱི་ཚངས་ཐིག་ཡོད། ཨ་མའི་བུ་ལ་ལས་འཆར་གྱི་མཇུག་སྐྱོང་ཡོད། ཨ་མའི་བུ་ལ་བོད་གཞིས་བྱེས་གཉིས་ཀྱི་རེ་བ་བཅོལ་ཡོད།

    ང་ཚོ་མི་ལ་གདོང་ཐང་པོ་ཞིག་བསྟེན་འདོད་ན་སྲིད་སྐྱོང་འོས་མི་ལྔའི་ནང་ནས་བློ་སེང་ལས་འོས་ཆོས་ལྡན་པ་ཞིག་མེད་པ་མངོན་སུམ་རེད་དོ།།

  11. ལུང་རྟོགས། says:
    2015-10-07 at 12:20 am

    ཏྲེ་ཧོར་གཅིག་གཅིག་ཟེར་བ་འདི་མི་ལྐུགས་རྟགས་ཚ་པོ་ཅོ་རི་འདྲ་པོ་ཞིག་རེད། ཁོ་གཉིས་ཕ་ཡུལ་གཅིག་པ་ཡིན་ས་ེེད། ཧཧཧ གང་ལྟར་ཨ་མའི་བུ་བློ་བཟང་སེང་གེ་ཁོང་ལས་ལྷག་པའི་ཤེས་ཡོན་དང་འཇོན་ཐང་ཅན་ཞིག་མ་རྙེད་ནས་ལོ་ལྔའི་གོང་ལ་བཙན་བྱོལ་མི་མང་གིས་ཚད་མཐོན་པའི་མང་མོས་ཀྱི་ཐོག་ནས་ཁོང་སྲིད་ཁྲི་ལ་བཀོད་པ་རེད་ལ། ལོ་ལྔའི་ནང་ལཁོང་ལས་ལྷག་པའི་འཇོན་པོ་ཞིག་ཅང་འཚར་ཡོད་ཚོད་མ་རེད། ལྟོས་དང་འུ་ཐུག་ནས་གནའ་དེང་ཤེས་ཡོན་གྱིས་དབུལ་ཞིང་ནང་མགོ་རྡུང་མཁན་ཀླུ་བྱམས་ལྟ་བུ་ལ་རྒྱབ་སྐྱོར་བྱེད་ཡོང་དུས་ཁོ་ཚོ་ལ་གདམ་རྒྱུ་ཟད་སོང་བ་མ་ཡིན་ནམ། ཁོང་ལས་ལྷག་པའི་ཤེས་འཇོན་ཅན་ཞིག་སྟན་རྒྱུ་ཡོད་ན་ཀླུ་བྱམས་ལྟ་བུ་ཞིག་འོས་མི་ལ་སྟོན་དགོས་དོན་ག་ལ་ཡོད། ཀླུ་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་བ་དང་དབུས་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས་དངོས་ཡོད་གནས་ཚུལ་བཤད་ཆོག་གི་རེད་ལ། གོང་ས་མཆོག་ལ་དད་པ་ཡིད་ཆེས་ཡོད་ཅིང་དབུས་སྒྲིག་འཛུགས་ལ་དགའ་ཞེན་རྒྱབ་སྐྱོར་ཡོད་མཁན་ཚོས་ཁོ་ལ་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་རེད། དེ་ལ་སུ་མ་དགའ་ན་ཡང་མུག་ཤི་སྒྲང་རྒྱུ་ལས་བྱ་ཐབས་གཞན་ཅི་ཡོད།

  12. ཅོ་རི་ཉི་མ། says:
    2015-10-07 at 2:06 am

    ལོང་རྟོགས་་་ཅོ་རིས་ཁ་བཙུམ་ནས་བསྡད་ཡོད་དུས་སྡོད་བཅུག་དགའ་གི་རེད་ད། ཅོ་རི་ཅིག་ཅིག་རྙོག་རྙོག་འདྲ་ཞིག་ལབ་མ་འདུག ལུང་རྟོགས་ཁྱོད་རང་ཨ་མདོ་བ་ཞིག་རེད་པྭ། བློ་སེང་ལ་རྒྱབ་སྐྱོར་བྱས་ན་སྤེན་ཚེ་ལ་འོས་འཐོབ་པའི་རེ་བ་བྲལ་བཅུག་གི་ཡིན་ནམ། ཧཧཧ

  13. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-07 at 5:19 am

    བལྟ་ལུགས་དང་བསམ་ཚུལ་མ་འདྲ་བ་ཡོང་རྒྱུ་ཆོས་ཉིད་རེད་ཀྱང་དོན་རྡོག་ལ་དཔྱད་ཞིབ་དང་གླེང་མོལ་བྱ་དགོས་པ་གཙོ་ཆེ་འཛིན་དགོས། ཡིན་ནའང་རེ་འགའ་ལ་རྣམ་དཔྱོད་དང་བློ་ཁོག་མེད་དུས་ལམ་སང་ཕྱོགས་ཅིག་ལ་འབྱར་འགྲོ་ཀི་མི་གཞི་ལ་སྐྱོན་འཛུགས་འཚོལ་བ་ལས་གཞན་ཡོད་མ་རེད། དེར་བརྟེན་གནས་ལུགས་དང་རྒྱུ་མཚན་ཡང་དག་གིས་གླེང་མོལ་ལ་སྤྲོ་བ་ཡོད་ན་ཕེབས་དང་དགའ་བསྲུ་ཡོད་ལ་དེ་འདྲ་མེད་ན་ཁ་ཁར་བཞུགས་ན་དེས་མི་རིགས་མཐུན་སྒྲིལ་ལ་ཕན་ནོ།།

  14. ཚེ་རིང་ says:
    2015-10-07 at 5:53 am

    ལུང་རྟོགས་ལགས་ཁྱེད་རང་གི་གསུངས་པ་ནང་བཞིན་ང་ཡང་ཐེ་ཚོམ་བྱུང་ཏྲེ་ཧོར་གཅིག་གཅིག་ཟེར་བ་དང་ཅོ་རི་ཟེར་བ་གཉིས་ཕ་ཡུལ་གཅིག་པ་ཡིན་པས་མ་ཟད་ཕ་མ་ཡང་གཅིག་པ་ཡིན་ས་རེད་ད་་ཧཧཧཧཧཧཧ
    ཀུ་རེ་ཞུས་པ་ཡིན་་་་་་་ཁ་སང་ཨ་ཚོགས་ཨ་རིས་སླེབས་སྐབས་ཕེབས་སུ་ཞུ་མཁན་གྲས་སུ་དོལ་རྒྱལ་ཁ་ལ་འཁྱེར་ནས་རྒྱ་ནག་གཞུང་གི་ལས་འགན་ཧྲུར་བརྩོན་ཞུ་མཁན་བོད་མི་གཅིག་གཉིས་ཀྱང་སླེབས་པའི་འདྲ་པར་མཐོང་རྒྱུ་འདུག་ད་་་་ད་རང་བཙན་ཁ་ལ་འཁྱེར་ནས་སེམས་ཤུགས་ཡོད་མདོག་སྟོན་ནས་རྒྱ་ནག་གཞུང་ལ་དགོས་པའི་བཙན་འབྱོལ་སྒྲིགས་འཛུག་མེད་པ་བཟོ་རྩིས་གནང་གི་ཡོད་ས་རེད་དདད་་་་་་ཚང་མ་གཟབ་གཟབ་གནང་རོག་གནང་་་

  15. ལུང་རྟོགས། says:
    2015-10-07 at 7:43 am

    གནས་ལུགས་ཞེས་པ་དེ་ཁྱེད་ཚོས་བསམ་པ་ལྟ་བུ་ཞིག་ཡིན་དགོས་འདོད་ན་འཁྲུལ་སྣང་རེད། གནས་ལུགས་སུ་ཡོད་མེད་གཟུར་གནས་ཚོས་ལྟ་རྒྱུ་ཞིག་ལས་ཁྱོད་ལ་གནས་ལུགས་མི་འདུག་ང་ལ་ཡོད་ཟེར་བས་དེ་ལྟར་ནམ་ཡང་མི་འགྱུར། གནས་ལུགས་སུ་ལ་ཡོད་མེད་ནི་མི་མང་གིས་རྒྱབ་སྐྱོར་སུ་ལ་བྱེད་ཀྱི་ཡོད་མེད་ཀྱི་ཐོག་ནས་མཐོང་ཐུབ་པ་ཞིག་རེད། མི་སུ་ཡིན་ཡང་ཕྱོགས་གཅིག་ལ་འབྱར་འགྲོ་བ་ལས་ཕྱོགས་གད་ལ་ཡང་མ་འབྱར་བ་ཞིག་དཀོན་པོ་རེད་ལ་ལྷག་ཏུ་ཁ་བརྡའི་དྲ་འབུའི་ཁྲོད་ན་གཞི་མ་གྲུབ་ཟེར་ཆོག

  16. ཅོ་རི་ཉི་མ། says:
    2015-10-07 at 8:04 am

    ལོང་རྟོགས་་་ཁྱོད་ཀྱིས་ངོས་བྱས་ན་མི་ཆེན་བླ་ཆེན་ཚོའི་སྐད་ཆ་ཡིན་ན་གནས་ལུགས་ཡོད་པའི་ཁྱབ། ཉམ་ཆུང་མི་དམངས་ཀྱི་སྐད་ཆ་ཡིན་ན་གནས་ལུགས་མེད་པའི་ཁྱབ་ཟེར་གྱི་རེད་བ།་་་ཧཧ སྙིང་རྗེ་ཁྱོད། གནས་ལུགས་ཡོད་མེད་ཟེར་བ་དེ་ཡང་ཚུལ་གསུམ་རིག་པས་ཐག་གཅོད་དགོས་པ་རེད། གཏན་ཚིགས་ཡང་དག་གི་ཐོག་ནས་གནས་ལུགས་མཐོང་ན་གནས་ལུགས་ཡོད་པ་རེད།

    གཟེར་གནས་ཞེས་བྲིས་ན་ནོར་བ་རེད། གཟུར་གནས་ཅེས་འབྲི་དགོས་རེད་་་ཤེས་སོང་ངམ། མི་སུ་ཡང་ཕྱོགས་གཅིག་ལ་འབྱར་འགྲོ་གི་ཡོད་ན་་་་གཟུར་གནས་སུ་ཡང་མེད་པར་ཨེ་རེད། གཟུར་གནས་ཟེར་ན་ཕྱོགས་སུ་མ་ལྷུང་བ་དྲང་པོ་གནས་མཁན་དེ་ལ་གཟུར་གནས་ཟེར་གྱི་རེད་བ།་་་ཧཧ རང་གི་ཚིག་སྔ་ཕྱི་འགལ་བ་ཟེར་ན་འདི་རེད།

    སྤྱི་གཏང་ནས་གནས་ལུགས་དང་རྒྱུ་མཚན་བཤད་མི་ཤེས་པའི་མི་ཁྱོད་ཚོ་ལ་ཅིག་བཤད་བསྡད་དགོས་པ་འདི་ནི་ཁུར་བོ་མགོ་དང་མཐོ་དམན་ཞིག་ཁུར་ནས་རི་བོ་ཧན་མ་ལ་ཡ་ལ་འཛེགས་པ་དང་གཅིག་པ་འདྲ་པོ་འདུག ངོ་མ་དཀའ་ལས་འདུག་ག

  17. ལུང་རྟོགས། says:
    2015-10-07 at 10:57 am

    ཅོ་རི། གཟུར་གནས་ཡིན་ན་མི་ཆེན་བླ་ཆེན་ཡིན་ན་འདྲ་ཉམ་ཆུང་མི་མང་ཡིན་ན་འདྲ་སུས་སྐད་ཆ་བདེན་པ་བཤད་ན་དེ་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། འོན་ཀྱང་ཁྱོའི་ངོ་ལ་མི་ཆེན་བླ་ཆེན་ཞིག་གི་སྐད་ཆ་ཡིན་ན་གནས་ལུགས་མེད་པས་ཁྱབ་པ་རེད་བ། དེ་ལ་གཟུར་གནས་ཞེས་པའི་མིང་ཐོག་རྒྱུའི་རེ་སྟོང་མ་བྱེད་ཅིག ཁྱོས་ཚུལ་གསུམ་རིག་པ་དང་གཏན་ཚིག་ཡང་དག་དེ་ཚོ་ཅང་ཤེས་ཚོད་མ་རེད། དེ་ལས་ཐར་ལེ་བཀྲུ་བའི་རིག་པ་ལ་སྦྱང་ན་ཏག་ཏག་མ་རེད་དམ། གཟེར་གནས་ཞེས་སུས་གང་དུ་བྲིས་འདུག མིག་ལ་སྐྱོན་མེད་ན་ལྟ་ཡག་གྱིཅོ་རི། གཟུར་གནས་ཡིན་ན་མི་ཆེན་བླ་ཆེན་ཡིན་ན་འདྲ་ཉམ་ཆུང་མི་མང་ཡིན་ན་འདྲ་སུས་སྐད་ཆ་བདེན་པ་བཤད་ན་དེ་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། འོན་ཀྱང་ཁྱོས་ངོ་ལ་མི་ཆེན་བླ་ཆེན་ཞིག་གི་སྐད་ཆ་ཡིན་ན་གནས་ལུགས་མེད་པས་ཁྱབ་པ་རེད་བ། དེ་ལ་གཟུར་གནས་ཞེས་པའི་མིང་ཐོག་རྒྱུའི་རེ་སྟོང་མ་བྱེད་ཅིག ཁྱོས་ཚུལ་གསུམ་རིག་པ་དང་གཏན་ཚིག་ཡང་དག་དེ་ཚོ་ཅང་ཤེས་ཚོད་མ་རེད། དེ་ལས་ཐར་ལེ་བཀྲུ་བའི་རིག་པ་ལ་སྦྱང་ན་ཏག་ཏག་མ་རེད་དམ། གཟེར་གནས་ཞེས་སུས་གང་དུ་བྲིས་འདུག མིག་ལ་སྐྱོན་མེད་ན་ལྟ་ཡག་གྱིས། གཟུར་གནས་ཁ་ནས་བཤད་མཁན་མང་ཡང་དོན་གྱིས་གཟུ་བོར་གནས་མཁན་ཧ་ཅང་དཀོན་པོ་རེད། གནས་ལུགས་རྒྱུ་མཚན་གྱིས་ཕྱུག་པའི་སྐད་ཆ་ལ་ལན་སྤྲད་དགོས་ན་དཀའ་ལས་ཡོད་རེད་ད། ཁུར་པོ་ཁུར་ནས་ཧི་མ་ལ་ཡ་བརྒལ་རྒྱུ་དེ་དང་སྡུར་ན་ལས་སླ་པོ་རེད། ཧཧ

  18. ཇུང་ཏོག་ says:
    2015-10-07 at 12:48 pm

    བློ་སེང་གནམ་ལ་ཕྱོང་དུས་དྲ་འབུ་ངུ་སྐད་ཤོར་འདུག་།
    བློ་སེང་སླར་ཡང་འོས་འཐོན་དྲ་འབུ་རི་བྲོས་རླུང་
    བྲོས་།
    བློ་སེང་འཛམ་གླིང་ཕེབས་སྐབས་དྲ་འབུ་སྡུག་
    སྐད་ཤོར་གྱིསྈ།
    བློ་སེང་ཁ་གཏད་མེད་ནས་དྲ་འབུ་མུག་སྐད་རྒྱག་གི་

  19. བོད་ཁམས་སྡེ་ says:
    2015-10-07 at 6:09 pm

    བསྟན་འཛིན་མར་རྒྱས་ལགས་ནས་ སྲིད་སྐྱོང་མཆོག་ལ་སྐྱོན་བརྗོད་བྱེད་ཁུལ་བྱས་འདུག་ཀྱང་ རྩོམ་འདིའི་ཡིག་ཕྲེང་ལྔ་ནས་ཁོ་རང་ཉིད་མི་ག་འདྲ་ཞིག་ཡིན་མིན་རང་མདོག་གསལ་པོར་མངོན་འདུག་ རྒྱུ་མཚན་ནི་ད་བར་དུ་ལྟད་མོ་ལྟས་ནས་སྡོད་མཁན་ཞིག་དང་ མ་འོང་པ་ལྟད་མོ་ལྟ་རྒྱུ་ལ་རྔོམ་མཁན་ཞིག་ལས་བོད་མི་རིགས་འདི་ལ་ཤ་ཞེན་མེད་པ་གསལ་སྟོན་བྱས་འདུག་ བོད་མི་རིགས་འདི་ཡི་ཆགས་འཇིགས་དེ་བོད་མི་ས་ཡ་དྲུག་གི་ལག་དུ་ཡོད་པ་ལས་སྲིད་སྐྱོང་གཅིག་པོའི་ལས་འགན་མིན་པ་ཤེས་པ་གྱིས་།

  20. ཚེ་རིང་ says:
    2015-10-08 at 2:58 am

    ཡང་གཟིགས་དང་གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པར་ཉམ་ཆུང་མི་དམངས་ཟེར་ཁ་བྱས་ནས་ཡག་མདོག་སྟོན་ནས་མགོ་སྐོར་གཏོང་རྩིས་མ་བྱེད་་་ད་བར་༸གོང་ས་མཆོག་དང་བཙན་འབྱོལ་སྒྲིགས་འཛུག་འོག་བོད་མི་བརྒྱ་ཆ་99བློ་ཁ་ཚིམ་ནས་བསྡད་ཡོད་ལ་མུ་མཐུད་ནས་བསྡད་ཀྱི་རེད་་་་སྤྱང་ཀིས་ལུག་སྤགས་མགྱོན་ནས་མང་པོ་མ་གསུང་་་་་

  21. ཇུང་ཏོག་ says:
    2015-10-08 at 5:25 am

    དྲ་འབུ་ཚོ་ཉིན་ཚན་གང་དུ་ངུས་ཀྱང་བློ་སེང་བཀག་མི་ཐུབ་
    མིང་དོན་མཚུངས་པའི་སྲིད་སྐྱོང་བློ་སེང་སླར་ཡང་སྲི་སྐྱོང་ཕེབས་
    པར་བཀྲིས་བདེ་ལེགས་ཞུ་།

  22. ལྷ་སྲས་དར་མ། says:
    2015-10-08 at 5:36 am

    དྲ་གྲོགས་མང་པོ་ཞིག་ནས་ལྷིང་འཇག་ཟེར་ཚིག་དེའི་ལྗིད་ཁོག་ལོན་གྱི་མེད་པ་འདྲ། ལྷིང་འཇག་ཟེར་བ་དེ་གང་ཡང་མ་འཇོན་པ་ལ་ངོས་འཛིན་གྱི་འདུག་ཏེ་དེ་འདྲ་ལས་སླ་པོ་མ་རེད། སྤེན་ཚེ་དང་ཀླུ་བྱམས་གང་ཡང་རུང་བ་ཞིག་སྲིད་སྟེགས་དེར་འཛེགས་ན་ཞི་ནས་ལྷིང་འཇག་གིིས་ལྗིད་ཚད་དེ་ཤེས་ཀྱི་རེད་ལ། དུས་དེ་ནས་རྡ་སའི་གནམ་ས་གཉིས་ལ་ཐལ་ཚུབ་དང་དྲགས་ཆར་རླུང་ཚུབ་ལང་རྒྱུ་ཡིན་པ་ལུང་དུ་བསྟན་པ་ནང་བཞིན་རེད། གང་ལ་ཟེར་ན་རྒྱུ་མཚན་ཆེན་པོ་གཉིས་ཡོད། དང་པོ། སྤེན་ཚེའི་ཐལ་ཚུབ་ཇི་ལྟར་ལང་ཟེར་ན་སྤེན་ཚེ་སྲིད་སྐྱོང་ཆག་པ་ནས་གྲོས་ཚོགས་ར་བ་དེ་ཐོར་ཞིག་མི་འགྲོ་བའི་ངེས་པ་མེད་ཁམས་པ་ཀླད་ནག་དེ་ཚོའི་བཀའ་ཤག་གི་གསལ་འགྲེལ་ངོ་རྒོལ་དང་སྐྱོན་བརྗོད་ཁོ་ནའི་འོག་ནས་ཁམས་པ་ཟེར་བའི་རྙོག་ཟིང་ཚ་པོ་རོ་ལང་རྒྱབ་ཀྱི་རེད། ཀླུ་བྱམས་སྲིད་སྐྱོང་བྱེད་པའི་ཉིན་དང་པོ་ནས་གོང་ས་མཆོག་ཁ་ལ་འཁྱེར་མཁན་གྱི་རྨོངས་དད་དང་འགྲན་སེམས་ཆེ་བའི་སྟོད་པ་སྤོ་བོ་རྨོ་མོ་དེ་ཚོ་མཉམ་དུ་བཀའ་ཤག་སྒོ་འགྲམ་སྐྱིད་ཉལ་རྒྱག་གི་རེད། དུས་དེ་ནས་ལྷིང་འཇག་ཟེར་བའི་གལ་འགངས་ཤེས་ཀྱི་རེད། ང་ལ་མཚོན་ན་ཀླུ་བྱམས་ཀྱི་བལྟ་བ་དང་ལང་ཕྱོགས་ལ་དགའ་ན་འང་སྐབས་བབ་ལྷིང་འཇག་དེ་གཙིགས་སུ་འཛིན་ནས་འོས་སྐང་གཅིག་དེས་ཀླུ་བྱམས་ལ་དགོང་དག་ཞུ་གི་ཡིན།

  23. ཚ་ཕྲུག་རྒྱལ། says:
    2015-10-08 at 5:51 pm

    ཅོ་རི་ལགས། བོད་ཀྱི་རྟོག་གེའི་མགོ་ཧྲིལ་འགས་ཚིག་སྐམ་གྱི་རིག་ལམ་ཅ་ལེ་ཅོལ་ལེ་དག་དག་སྤྱོད་ནས་འདི་ཕྱི་གཉིས་མེད་ཀྱི་མི་ཚེ་སྐྱེ་སོང་བ་ཉུང་ཉུང་མ་རེད་ལ། དེ་དག་གི་ཕྲད་དུ་རང་སྲོག་རང་གིས་བཅད་པ་ཡང་མང་ནི་རེད། ཁོ་ཚོའི་དཔྱད་གླེང་དང་རྩོད་པ་ནི་ཉོན་མོང་འཕེལ་བའི་རྐྱེན་དུ་སོང་ནས་ཁོང་ཁྲོ་དང་ང་རྒྱལ། ཞེ་སྡང་དང་འགྲན་སེམས་སོགས་རང་རྒྱལ་གཞན་ཕམ་གྱི་ལས་ལ་རྒྱུན་དུ་ངར་ནི་རེད། ཁྱེད་ཡང་དེའི་གྲལ་དུ་གཅིག་མིན་པའི་རེ་བ་ཡོད། དེ་སྔོན་བཀའ་ཁྲིའི་འོས་གཞིར་བློ་སེང་དང་བཀྲས་མཐོང་བསྟན་རྣམ་གཉིས་ཀྱི་སྐབས་སུ་ཁྱེད་དང་BBC, ཡུལ་མེད་འཆམ་པོ་བཅས་ནས་བཀྲས་མཐོང་ཚང་ལ་རྒྱབ་སྐྱོར་ཚུལ་གྱིས་བློ་སེང་ལ་སྐྱོན་བརྗོད་རིང་ཐུང་སྣ་ཚོགས་བྱས་སོང་ལ་ངས་ཀྱང་དེ་དག་ལ་རང་གི་མཐོང་ཚུལ་གྱིས་བདེན་མིན་གྱི་གསལ་བཤད་དང་དགག་སྒྲུབས་ཡང་བྱས་པ་ཡིན། སྐབས་དེ་དུས་ངས་བློ་རྒོལ་བ་དག་ལ་མཐའ་སྡོམས་ཀྱི་བརྗོད་ཚིག་ནི་འདི་ལྟར། ད་ཁྱེད་ཚོས་གནས་ལུགས་མེད་པའི་བློ་རྒོལ་ག་ཚོད་བྱེད་ཀྱང་མ་འོང་བཀའ་ཁྲི་ནི་བློ་སེང་ཡོང་རྒྱུ་རེད། དེ་དུས་ཁྱེད་རྣམ་པ་ངུ་རྒྱུ་ལས་ཡོད་ནི་མ་རེད། བཅས་ཞུས་ནས་འཇུག་སྡོམས་རྒྱབ་པ་ཡིན། དེ་བཞིན་ད་ལམ་ཡང་བློ་རྒོལ་བ་ཚོས་ནག་་ནོག་གི་གླེང་བརྗོད་ཇི་ཙམ་བཟོས་ཀྱང་སྐབས་གཉིས་པའི་སྲིད་སྐྱོང་ནི་བློ་སེང་ཚང་ཕེབས་ཡོང་གི་རེད་དོ།

  24. བདེན་པའི་རྒྱབ་ལངས། says:
    2015-10-11 at 4:13 am

    རེད་རེད་སྐབས་གཉིས་པའི་སྲིད་སྐྱོང་དེ་སླར་ཡང་བློ་སེང་སླེབས་སོང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་སེང་གེ་ཤི་བའི་རོ་དང་གཅིག་པ་ཀྱང་ཡོང་འགྱུར་དོགས་པ་རྣམ་རྟོག་གཏན་ནས་བྱེད་མ་དགོས་པ་ཞིགརེད་ད།

  25. བདེན་པའི་རྒྱབ་ལངས། says:
    2015-10-11 at 4:16 am

    ད་ལྟའི་སྲིད་སྐྱོང་མི་ཚང་དཀྱུས་མ་གཅིག་གི་མི་བུ་ཡ་རབས་ཅན་ཞིག་ཡིན་གདོག་བྱས་ཀྱང་ཁོང་གི་གཤིས་རྒྱུད་ལ་མ་རབས་ཀྱི་སྤྱོད་པས་ཁེངས་འདུག་ག

  26. བདེན་པའི་རྒྱབ་ལངས། says:
    2015-10-11 at 4:18 am

    སྤྱི་ཐོག་ལ་སྐད་ཆ་བཤད་ཀྱི་ཡོད་ཁོང་སྒེར་གྱི་སྤྱོད་པ་ལྟས་ན་མ་རབས་ཐ་ཤལ་གྱི་བྱེད་སྟངས་མི་ཉུང་བ་ཞིག་བགྲངས་རྒྱུ་ཡོད་ད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme