Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ན་གཞོན་རྩོམ་པ་པོ་གཉིས་འཛིན་བཟུང་བྱས་བའི་གནས་ཚུལ་ཐོན་འདུག

Posted on 2010-04-062010-04-06 By ཁ་བརྡ་ 11 Comments on ན་གཞོན་རྩོམ་པ་པོ་གཉིས་འཛིན་བཟུང་བྱས་བའི་གནས་ཚུལ་ཐོན་འདུག

here1ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།
སྤྱི་ཟླ་བཞི་བའི་ཚེས་དྲུག་གི་ཉིན་གུང་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་རྒྱ་ནག་སྤྱི་སྡེ་མི་སྣ་བཅུ་དྲུག་ཙམ་ནུབ་བྱང་མི་རིགས་སློབ་གླིང་དུ་ཡོང་ནས་ན་གཞོན་རྩོམ་པ་པོ་གྲ་ཐེའུ་རང་དང་ཞོགས་ལྗང་གཉིས་འཛིན་བཟུང་བྱས་འདུག ཐེའུ་རངལགས་ཀྱི་མིང་དངོས་ལ་བཀྲ་ཤིས་རབ་བརྟན་དང་ཞོགས་ལྗང་ལགས་ཀྱི་མིང་དངོས་ལ་འབྲུག་ལོ་རེད་འདུག བཀྲ་ཤིས་རབ་བརྟན་ལགས་ད་ལོར་སློབ་ལོ་བཞི་བ་ཡིན་པ་དང་ཁོང་ནི་རྒྱ་ནག་གཞུང་གིས་འདོན་སྤེལ་བཀག་པའི་ཤར་དུང་རི་ཞེས་བའི་བོད་ཡིག་གི་ཚགས་དེབ་སྐད་གྲགས་ཅན་དེའི་རྩོམ་སྒྲིག་པ་ཡང་ཡིན་འདུག ད་དུང་། ན་ནིང་ཕྱི་ལོ་བདུན་པའི་་ནང་ལ་རྒྱ་གཞུང་གིས་ཁོང་ཟླ་ངོ་གཅིག་ཙམ་ལ་བཀག་ཉར་བྱས་འདུག

གསར་འགྱུར།

Post navigation

Previous Post: ཨ་རིའི་སྲིད་འཛིན་ཨོ་སྦ་མས་ལམ་ཞོར་གྱི་ཁམ་བུ་མཆོད་བཞིན་པ། 
Next Post: ༼གནམ་ས་གོ་འབྱེད༽བཀླགས་བྱང༌།

Comments (11) on “ན་གཞོན་རྩོམ་པ་པོ་གཉིས་འཛིན་བཟུང་བྱས་བའི་གནས་ཚུལ་ཐོན་འདུག”

  1. བཀྲ་ཤིས། says:
    2010-04-06 at 9:46 pm

    རྒྱ་ངན་འདི་ཚང་མ་རབ་རེད། དངོས་གནས་སྡོད་བཅུག་གི་མི་འདུག ཨ་ཧ་བོ།

  2. ཚུལ་ཁྲིམས་མཐར་ཕྱིན། says:
    2010-04-06 at 10:44 pm

    ཞོགས་ལྗང་ངའི་གྲོགས་པོ་ཡིན།   ཨ་ཤུ་རེ་ཁོ།   སྐྱག་རྒྱ་འདི་སང་གིས་་་་་་་་་་

  3. མགོ་རུལ། says:
    2010-04-06 at 10:47 pm

    ཉི་མ་འགའ་འམ་ཡང་ན་ཟླ་འགའི་རྗེས་སུ་ལོས་གློད་བསམས། ལྟས་ངན་འདི་ཚང་གིས་ར་བསད་ན་ལུག་ཨེ་འདར་བསམ་གི་ཡོད་ནི་རེད།

  4. ལྷ་ནོར། says:
    2010-04-07 at 2:12 am

    འདི་རྣམས་ནི་དུས་ནམ་ཡང་ང་ཚོའི་བརྗེད་མི་ཐུབ་པའི་དོན་གནད་རྐྱང་ཡིན་ལ། འདི་ལྟར་ཤ་དར་ཁྲག་དར་གྱི་གཞོན་ནུ་རྣམས་སྨག་མེད་དུ་བཅོམ་ན་ན་ཟུག་ལྕི།

  5. karma pema says:
    2010-04-07 at 2:51 am

    རྒྱལ་བ་ཀརྨ་པ་མཆོག་ལ་ཐོངས་མཆན་སྩལ་མི་འདུག
    འདོན་སྤེལ། ༢༠༡༠/༠༤/༠༦
    རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པ་ལྟར་རྒྱལ་བ་ཀརྨ་པ་མཆོག་གི་ཡུ་རོབ་ཆིབས་བསྒྱུར་དེ་ཕྱིར་འགྱངས་གནང་དགོས་བྱུང་ཡོད་པ་རེད།

    ཕྱི་ཚེས་ ༤ ཉིན་རྒྱལ་བ་ཀརྨ་པ་མཆོག་གི་ཡུ་རོབ་ཆིབས་བསྒྱུར་གྱི་འབྲེལ་མཐུད་པས་དྲ་ངོས་སུ་གསལ་བསྒྲགས་སྤེལ་བ་ལྟར་ན། རྒྱལ་བ་ཀརྨ་པ་མཆོག་གིས་ཕྱི་ཟླ་ ༥ ནས་ཡུ་རོབ་རྒྱལ་ཁབ་ ༩ ནང་གཟིགས་སྐོར་སྐྱོང་རྒྱུའི་མཛད་འཆར་དེ་རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པ་ལྟར་ཕྱིར་འཐེན་བྱས་ཡོད་འདུག

    འབྲེལ་མཐུད་པས་དྲ་ངོས་སུ་བཤད་དོན། རྒྱ་གར་གཞུང་གིས་ཆོག་མཆན་མ་སྤྲད་པ་ལྟར་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཆིབས་བསྒྱུར་མཛད་འཕྲིན་དེ་ཕྱིར་འཐེན་བྱ་དགོས་པའི་གསལ་བསྒྲགས་སྤེལ་རྒྱུར་བློ་ཕམ་པོ་བྱུང་། ཁོང་གི་ཆིབས་བསྒྱུར་དེ་ཕྱི་ཟླ་ ༥ པའི་ཚེས་ ༢༧ ཉིན་ནས་ཕྱི་ཟླ་ ༧ པའི་ཚེས་ ༢ བར་འཁེལ་ཞིང་དེའི་རིང་རྒྱལ་ཁབ་ ༩ ནང་ཕེབས་འཆར་ཡོད་པ་རེད། ཅེས་གསུངས།

    གཞན་ཡང་དྲ་ངོས་དེར། ཁོང་གི་ཆིབས་བསྒྱུར་ཕྱིར་འཐེན་གནང་དགོས་བྱུང་བའི་ཐག་གཅོད་འདི་ཟླ་འདིའི་ཕྱི་ཚེས་ ༣ ཉིན་བཙན་བྱོལ་བོད་གཞུང་གིས་རྒྱལ་བ་ཀརྨ་པ་མཆོག་གི་བཀའ་བརྒྱུད་ཡིག་ཚང་ལ་གསུངས་བྱུང་། ཆིབས་སྒྱུར་འདི་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་ཅི་ཡིན་དང་། འབྱུང་འགྱུར་གྱི་དུས་ཐུང་ནང་ཆིབས་བསྒྱུར་གནང་རྒྱུར་རེ་བ་ཡོད་མེད་ཀྱི་གནས་ཚུལ་སོགས་རྩད་གཅོད་བྱེད་རྒྱུའི་ལས་རིམ་མགོ་བཙུགས་ཚར་ཡོད་ཅེས་བཀོད་འདུག

    ཁོང་གིས་མུ་མཐུད་ནས་བཀོད་དོན། རྒྱལ་བ་ཀརྨ་པ་མཆོག་གི་རྗེས་འཇུག་པ་དང་གྲོགས་པོ་འབོར་ཆེན་ཞིག་གིས་ཁོང་གི་ཆིབས་བསྒྱུར་ལ་རེ་ལྟོས་བྱས་ཡོད་པ་ངས་ཤེས་ཡོད་ལ། ཁོང་གི་ཆིབས་བསྒྱུར་ཕྱིར་འཐེན་གནང་དགོས་བྱུང་བའི་ཐད་སེམས་སྡུག་དང་བློ་ཕམ་གནང་གི་ཡོད་པའང་ངས་ཤེས་ཡོད་ཅེས་བྲིས་འདུག

    འབྲེལ་མཐུད་པས་མཇུག་དེར། རྒྱལ་བ་ཀརྨ་པ་མཆོག་གི་ཆིབས་བསྒྱུར་དེ་འབྱུང་འགྱུར་དུས་ཐུང་ནང་ལེགས་འགྲུབ་འབྱུང་བའི་རེ་བ་དང་སྨོན་ལམ་འདེབས་བཞིན་ཡོད་ལ། དེ་དུས་ང་ཚོས་མཉམ་གཅིག་ཏུ་ཡུ་རོབ་ནས་ཁོང་གི་གསུང་ཆོས་ལ་ཉན་ཐུབ་གི་རེད་ཅེས་བཤད་འདུག

    ཤོག་ངོས་འདི་ཐེངས་ ༥༤༠ ལ་བཀླགས་འདུག

    རིག་པ་འདོན་པ།
    སེམས་བཟང་།
    ༢༠༡༠/༠༤/༠༦ ཉིན་འདོན་སྤེལ་བྱས། རྒྱ་གར་གཞུང་གིས་རྒྱལ་བ་ཀརྨ་པ་མཆོག་ལ་ཡུ་རོབ་ཏུ་ཆིབས་བསྒྱུར་གནང་ཆོག་པའི་ཆོག་མཆན་མ་སྤྲད་པ་ཡིན་རྒྱུ་རེད་མ་གཏོགས་ཐོངས་མཆན་མ་སྤྲད་པ་ཡིན་རྒྱུ་མ་རེད། གང་ཡིན་ཟེར་ན། ཁོང་ད་སྐབས་རྒྱ་གར་ལ་བཞུགས་བཞུགས་པ་ཡིན་ཕྱིར་ཐོངས་མཆན་ཞུ་དགོས་དོན་ཡོད་པ་མ་རེད། གང་ལྟར་ཁོང་ཡུ་རོབ་ཏུ་ཆིབས་བསྒྱུར་གནང་མ་ཐུབ་པ་དེས་བོད་པའི་ཆོས་རིག་དང་དད་ལྡན་མི་མང་གི་བདེ་སྐྱིད་ལ་གཏོར་གཤིག་ཚབས་ཆེན་ཐེབས་ཡོད་ཕྱིར། རྒྱ་གར་གཞུང་གི་གནང་སྟངས་དེ་ཡག་པོ་ཁྱོན་ནས་མ་རེད།

    བསེ་རུ།
    ༢༠༡༠/༠༤/༠༦ ཉིན་འདོན་སྤེལ་བྱས། ཡུ་རོབ་རྒྱལ་ཁབ་ ༩ ནང་གཟིགས་སྐོར་བསྐྱང་རྒྱུའི་མཛད་འཆར་དེར། རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པ་ནི། བོད་མི་ཚོའི་ངོས་ནས་གླེང་ན་ཕམ་ཁ་ཞིག་རེད་ལ། ཁོང་གི་ཞལ་མཇལ་གསུང་གི་བདུད་རྩི་མྱོང་འདོད་ཅན་གྱི་ཡོ་རོབ་མི་མང་དེ་ཚོའི་གྱོང་གུན་ཞིག་ཀྱང་རེད་སྙམ།
    རྒྱ་གར་གཞུང་གིས་ཁོང་གི་མཛད་འཕྲིན་ལ་དེ་ལྟར་བཀག་རྒྱ་གནང་དོན་ཅི་ཡིན་ནམ།།
    བྱམས་རྒྱལ།
    ༢༠༡༠/༠༤/༠༦ ཉིན་འདོན་སྤེལ་བྱས། ༧རྒྱལ་བ་ཀརྨ་པ་མཆོག་ལ་རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པ་དེ་རྒྱུ་མཚན་ཅི་ཡིན་ནམ?
    ཕྷ་རན་སིའི་གྲོགས་པོ་ཞིག་བློ་ཕམ་བཞིན་དེ་ཕལ་ཆེར་སྲིད་འཛིན་སར་ཀོ་ཛི་གིས་རྒྱ་གར་གཞུང་ལ་གནོན་ཤུགས་སྐྲད་པའང་ཡིན་སྲིད་གསུངས་ཀྱི་འདུག་།
    ཁོ་བོས་དེ་འདྲ་ཨ་ཡིན་བསམ་གྱི་འདུག་།

    ཤོག་གྲངས་: [སྔོན་མ།] ༡

  6. གནམ་ལྕགས། says:
    2010-04-07 at 4:52 am

    འདི་ནི་ང་ཚོའི་མི་རིགས་ཀྱི་འཐབ་རྩོད་ངོ་བོ་དེ་ཆོས་ལུགས་པའི་སྡེ་ནས་སློབ་མའི་སྡེ་ལ་འབབ་པ་དང་། ཡིག་རྨོངས་པའི་སྡེ་ནས་ཤེས་ཡོན་པའི་སྡེ་ལ་འབབ་ཀྱིན་ཡོད་པའི་རྟགས་ཤིག་རེད་ལ། འདི་དང་འདི་བརྒྱུད་ནས་མི་རིགས་ཀྱི་གསོན་ཤུགས་ངོ་མ་དེ་ངོམས་ཐུབ་ངེས་རེད།

    གསར་སྐྱེས་རྩོམ་པ་པོ་ཁོང་གཉིས་འཛིན་བཟུང་བྱས་པ་འདི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཞིག་ཡིན་ནའང་། ཁོང་གཉིས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བསྟོད་ཅིང་བསྔགས་པར་འོས།

    འདི་དང་ལྷག་པར་དུ་ད་ལོར་སློབ་གྲྭ་མང་བོ་ཞིག་གིས་སྐད་འབོད་བྱེད་ཀྱིན་པ་དང་དགེ་རྒན་མང་བོ་ཞིག་འཛིན་བཟུང་བྱེད་ཀྱིན་པ་འདི་མི་རིགས་དང་རྒྱལ་ཁབ་ཅིག་གི་འཐབ་རྩོད་ཀྱི་ཐད་ནས་བཤད་ན་དགའ་འོས་པ་ཞིག་ཀྱང་ཡིན། དེའི་རྒྱུ་མཚན་ནི་རང་རེའི་མི་རིགས་ཀྱི་ལོ་རྒྱུས་འདིའི་རྨ་ཁ་སླར་གསོ་བྱེད་ཀྱིན་པའི་གཏམ་བཟང་རེད།

  7. དཔལ་དགྱེས་པ་རྡོ་རྗེ says:
    2010-04-07 at 5:06 am

    བུ་རྒོད་རྒྱལ་གཅེས་དཔའ་བོ་འདི་གཉིས་ཧ་ཡང་གོ ། སྙིང་ཁྲག་གི་རི་མོ་ཡིག་ཐོག་བཀོད་ཅིང་རང་ལུས་ཀྱི་ཤ་ཁྲག་གངས་རིའི་ལྗོངས་ལ་རྒྱུ་མཚན་ཤེས་པས་སྒོ་ནས་མཆོད་འབུལ་བྱེད་པ་འདི་ཚོ་ལ་ཡི་རང་ཡོད། །
    ཡང་ཡང་མྱ་ངན་ཞུ།
    རང་ཆོས་སྡེ་བཞི་དགྲ་ལ་ཤོར་བའི་ཞེ་འཁོན་དུས་མཐའི་མེ་བཞིན་འབར། །
    རང་སྲོག་སྒོ་གསུམ་འབེན་དུ་བཞག་ནས་བརྩེ་གདུང་ཆུ་བོའི་རྒྱན་བཞིན་འབབ། །
    རང་གཞན་དོན་གཉིས་ཕན་བདེ་མཐར་ཐུག་བོད་དོན་བསྟན་སྲིད་རྟག་བརྩོན་པའི། །
    བོད་ཆོས་ཉག་གཅིག་སེམས་པའི་རྒྱལ་གཅེས་དཔའ་བོ་དག་ལ་གང་བསམ་ལྷུན་གྱིས་གྲུབ་པའི་སྨོན་ལམ་ཞུ། །
    ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰི

  8. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-07 at 7:19 am

    ང་ཚོ་ཚང་མས་ཤེས་གསལ་ཞིག་ནི། བོད་ནང་དུ་གསར་སྐྱེས་ཀྱི་རྩོམ་པ་པོ་དང་གསར་སྐྱེས་ཀྱི་བོད་རིགས་ལ་རྒྱ་ཅན་བོད་མདོ་དབུས་ཁམས་ནས་སྐྱེ་ཕོ་མོ་རྒན་གཞོན་མེད་པར་སུ་ཞིག་གིས་བོད་དོན་གླེང་ན་དེ་ནི་ནག་ཉེས་མེད་ཀྱང་ཁྲིམས་འགལ་ཉེས་ཅན་དུ་རྩིས་དེ་མུན་ནག་བཙོན་ཁང་དུ་འགྲིམ་ནས་སྡུག་གྱོང་མནར་གཅོད་མི་སེམས་ལས་ཀྱང་རྟོགས་དཀའ་བ་གྲངས་མེད་ཅིག་མྱོང་གི་ཡོད་པ་ཤེས་ན་ཡང་། ང་ཚོས་ཕྱི་ནས་སྙིང་རྗེ་དང་བློ་ཕམ་ཡོད་ཟེར་ནས་འདུག་པ་ལས་གང་ཡང་བྱེད་མི་ཐུབ་པ་འདི་རྩ་བ་གང་ལ་ཐུག་པ་རེད། ང་ཚོ་ལ་བོད་ཞེན་ཡོད་པ་བདེན་ནམ་ཅི།

  9. རྒྱ་ནག་ཉམས་ཞིབ་པ། says:
    2010-04-07 at 7:26 am

    དཔལ་དགྱེས་པ་རྡོ་རྗེ་།
    འ་རོགས་།ཁྱེད་རང་ནུབ་བྱང་སྒོ་རྒྱག་པ་ལ་སྐྲག་གིན་མི་འདུག་གམ་།འདི་གཉིས་ལ་རྒྱ་ཅན་གཉིས་སུ་ཆགས་དགོས་བ་དང་།སེར་རྟའི་སེར་གཟུགས་ཅན་དེ་གཉིས་ཅོལ་ཆུང་།མཐར་གཏུགས་ན་བསྟན་དགྲ་རུ་ཆགས་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ།ཁྱེད་རང་གིས་བཤད་པའི་ཅོལ་ཆུང་དེ་གཉིས་ཀྱི་ཆོས་སྒར་གྱི་ཚོང་ལ་གནོད་གིན་འདུག་གམ་།དེ་མ་གཏོགས་འདི་གཉིས་ལ་བསྟོད་དགོས་བ་དང་།གཞན་གཉིས་ལ་སྡང་དགོས་བའི་རྒྱུ་མཚན་ཅི་ཡང་མེད་པ་མ་ཡིན་ནམ།ད་དངོས་གནས་ཡ་མཚར་རེད་།

  10. རྒྱ་ནག་ཉམས་ཞིབ་པ། says:
    2010-04-07 at 7:35 am

    ད་ཞོགས་དུང་དང་ཞོགས་ལྗང་སོགས་ཀྱི་ལྟ་བ་ལ་བསམ་པ་སྙིང་ཐག་པ་ནས་ཞིབ་དཔྱད་བྱ་བའི་དུས་ལ་བབས་འདུག་།བོད་ཀྱི་ཆེད་དུ་སྐད་ཆ་བཤད་པ་དང་།སྐད་རྒྱག་པ་དང་།དེ་བཞིན་བཙོན་དུ་སྡོད་པ་སོགས་ནི་མི་ཕལ་བ་ཞིང་བ་དང་།འབྲོག་པ་།དགེ་འདུན་པ་དང་བཙུན་མ་སློབ་གྲ་བ་དཀྱུས་མ་དག་རེད་།བླ་མ་དང་མཁན་པོ་རྫིག་ཁུར་མཁན་་འདི་ཚོ་དང་།དཔོན་པོ་དང་དེ་བཞིན་མི་གོ་ས་ཅན་དང་།ང་ཚོས་བཀུར་ས་དང།ལྟོ་ཡི་གསོས་བ་དང་།མཆོད་འབུལ་བྱ་ས་དེ་དག་གིས་ང་ཚོ་ལ་རྒོལ་གཏམ་རེ་བཏང་ནས་བསྡད་འདུག་།

  11. མགོ་རུལ། says:
    2010-04-07 at 11:28 am

    རྒྱ་ཞིབ་ལགས། དོན་དག་ཆེ་ས་ནས་ཤོད། དེ་སྔོན་གུང་ཐང་ཚང་དང་འཇིགས་ཕུན་ཚང་། བྱ་བྲལ་རིན་པོ་ཆེ་དང་སྤྲུལ་བསྟན་འཛིན་བདེ་ལེགས། གཡུ་ལོ་སྤྲུལ་སྐུ་སོགས་བླ་མིང་ཡོད་པ་གང་མང་ཞིག་གིས་རང་སྲོག་འབེན་དུ་བཙུགས་ནས་བོད་སྤྱི་བའི་དོན་དག་གླེང་མྱོང་། དཔོན་ས་ཐོབ་ཡོད་པ་ཚོས་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་ཕོད་ཀི་ཡོད་ནི་མ་རེད། དེ་མིན་བླ་སྤྲུལ་གང་མང་གིས་མི་རིགས་འདིའི་ཆེད་དུ་འབད་ཀི་ཡོད་ནི་རེད། འདི་གཉིས་མ་བསྲེས་ན་བཟང་ཀི དེ་ཙམ་ཡིན། བུ་གོ་བ་ཅན་ལ་ཚིག་གཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme