Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་བརྒྱུད་སྤྱི་འཐུས་མི་དགོས་དོན་འདི་ཡིན།

Posted on 2015-09-192015-09-19 By ཁ་བརྡ 13 Comments on ཆོས་བརྒྱུད་སྤྱི་འཐུས་མི་དགོས་དོན་འདི་ཡིན།

unnamed-4———གཅན བཟོད་རྒྱམ།

 
དེང་སྐབས་སྤྱི་འཐུས་འོས་མི་གསར་པའི་ཁྱབ་བསྒྲགས་གང་སར་མཐོང་རྒྱུ་ཡོད་པ་དང་། དེར་མི་རབས་གསར་པའི་དཔུང་ཁག་ཅིག་འཐུས་མིར་ལངས་བཞིན་པའི་རྣམ་པ་གསར་པ་འདི་མཐོང་བས་དགའ་བ་དང་སྤོབས་པ་མཉམ་དུ་སྐྱེས་ཡོང་གིན་འདུག་ལ། ཁོང་ཅག་གི་བསམ་དོན་བཞིན་མི་མང་གིས་ཀྱང་མི་རབས་གསར་པའི་གཞོན་སྐྱེས་དག་ལ་སྤྱི་དོན་བསྒྲུབ་པའི་གོ་སྐབས་ཞིག་སྤྲོད་ཀི་རེད་བསམ་པ་སྙིང་ལ་ཉལ་ཡོད།

གཞན་ཞིག་གི་དེང་སྐབས་སྤྱི་འཐུས་གྲོས་ཚོགས་ཚོགས་བཞིན་པའི་སྐབས་འདིར། ཇོ་ནང་ཆོས་བརྒྱུད་ཚོས་སྔར་གྱི་ལས་དོན་རྒྱུན་བསྐྱངས་ཏེ་ཇོ་ནང་ཆོས་བརྒྱུད་ལ་གྲོས་ཚོགས་སུ་ཞབས་སྟེགས་དགོས་པའི་དགོས་འདུན་ལས་གཞི་སྤེལ་བཞིན་པའི་སྐོར་དེ་རེད། སྤྱི་ཇོ་ནང་པ་ཚོས་གྲོས་ཚོགས་དང་བླ་ཆེན་ཁག ༧གོང་ས་མཆོག་སོགས་ལ་གནད་དོན་འདི་སྙན་གསེང་ཞུས་པ་དང་། དགོས་སུ་ཇོ་ནང་གནད་དོན་ཀྱི་གཏུགསས་ས་སྐྱ་གོང་མ་མཆོག་ལའང་འདིའི་སྐོར་ཞུས་ཏེ་ཡི་གེ་བླངས་ཡོད་སྐོར་དེང་སྐབས་དྲ་ངོས་གང་སར་མཐོང་རྒྱུ་ཡོད་པ་དེ་རེད། ཁོང་ཅག་གིས་བླ་ཆེན་ཁག་བཅུ་གྲངས་ལས་རྒྱབ་གཉེར་ཡི་གེ་བླངས་ཡོད་ཟེར།

ཁ་སྔོན་གྲོས་ཚོགས་སྒོ་འགྲེམ་དུ་བྱུང་བའི་གནད་དོན་དེར་མི་མང་གིས་དྲ་ངོས་གང་སར་འདོད་ཕྱོགས་འདྲ་མིན་བཟུང་སྟེ། ཇོ་ནང་དང་ས་སྐྱའི་གནད་དོན་སྐོར་དེ་ཡང་ཆོལ་ཁའི་དཀའ་རྙོག་ཅིག་ཏུ་སྒྱུར་བཞིན་པའི་ཚོར་བ་བྱུང་མོད། དེ་ནི་སྐབས་འདིར་བརྗོད་འདོད་མིན་པས་ཟུར་ལ་ཞོག

དེ་ནས་གང་བཤད་འདོད་པའི་སྐད་ཆ་ནི་འདི་ལྟ་སྟེ། ཆོས་བརྒྱུད་སྤྱི་འཐུས་དགོས་དང་མི་དགོས་པའི་སྐོར་དེ་རེད། ཇོ་ནང་པ་ཚོས་སྔར་ནས་ད་བར་དུ་ཆོས་བརྒྱུད་སྤྱི་འཐུས་ཞབས་སྟེགས་ཐོབ་ཐབས་སུ་འབད་འབུངས་གནང་བཞིན་པའི་སྐབས་འདིར། ངས་ཆོས་བརྒྱུད་སྤྱི་འཐུས་དགོས་མི་དགོས་སྐོར་བཤད་ན། ཏག་ཏག་ཇོ་ནང་པ་ཚོར་ཐུགས་ཕམ་འབྱུང་སྲིད་མོད། དགོངས་དག་ཅིག་དང་མཉམ་དུ་ཞུ་འདོད་པ་ནི། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་དགོས་པ་ཞིག་མ་རེད་ཟེར་འདོད་བྱུང་།

གྲོས་ཚོགས་སུ་རྙོག་དྲ་བཟོ་མཁན་ཆོས་བརྒྱུད་སྤྱི་འཐུས་རེད་ཟེར་གྱི་མེད། ཟེར་འདོད་ཀྱང་མེད། དེ་ལྟར་ན་ལ་ཤོས་ཀྱིས་ཆོལ་ཁའི་སྤྱི་འཐུས་ཚོས་རྙོག་དྲ་བཟོས་མ་མྱོང་བ་དང་། རྙོག་དྲ་མེད་མཁན་རྐྱང་རེད་དམ་སོགས་དྲི་བ་མང་དུ་ཡོང་གི་རེད། དེ་དག་ནི་རང་སོ་སོའི་དགོངས་སྟངས་ཞིག་ལས། ཐག་ཆོད་པའི་དོན་ཞིག་གཞར་ཡང་མ་རེད།

ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་ཐད་ནས། ཆོས་བརྒྱུད་སྤྱི་འཐུས་འདི་ཚོ་གྲོས་ཚོགས་རྭ་བར་ཕེབས་དགོས་དོན་གང་ཡིན་ནམ། ཕེབས་སྟངས་གང་འདྲ་རེད་དམ།

ཆོས་བརྒྱུད་སྤྱི་འཐུས་འདི་གྲོས་ཚོགས་སུ་ཕེབས་སྟངས་དེ་ནི་འདྲ་མཉམ་མིན་པ་དང་། དམངས་གཙོའི་ཁེ་དབང་ལས་བརྒལ་བའི་འགྲོ་སྟངས་ཤིག་གི་འོག་ནས་གྲོས་ཚོགས་སུ་སླེབས་ལ་དེ་རེད། མ་ཡིན་ཟེར་ན། ཆོས་བརྒྱུད་སྤྱི་འཐུས་ལ་འོས་འཕེན་མཁན་དེ་སུ་རེད། དགོན་སྡེ་ཁག་རེད། དགོན་སྡེ་ཁག་གི་གྲྭ་བཙུན་ཚོས་འོས་ཤོག་གཉིས་འཕེན་ཆོག་པའི་གོ་སྐབས་ཅིའི་ཕྱིར་སྤྲད་དང་སྤྲོད་དགོས་པ་རེད། འཛམ་གླིང་དུ་འོས་ཤོག་གཉིས་འཕངས་ཆོག་པའི་མི་སེར་ནི་བོད་གངས་ཅན་གྱི་དམངས་གཙོའི་འགྲོ་ལུགས་ལས། གྲྭ་བཙུན་ཚོར་མ་གཏོགས་ཡོད་པ་མ་རེད།

ལམ་ལུགས་འདིའི་ཐོག་མའི་འབྱུང་ཁུངས་ཅི་འདྲ་ཡིན་ནམ། འདི་ཅི་ལྟར་དུ་སུས་ཞིག་གིས་སྲོལ་བཏོད་པ་རེད་དམ། ང་ཚོར་དྲི་བ་འདི་དག་གི་ལན་དགོས་པ་རེད། ལན་དེ་འུ་ཚོའི་ལས་ཐོག་དབུ་ཁྲིད་ཚོས་འདེབས་དགོས་པ་རེད། ཡང་ན་དེ་བས་ཀྱང་རྒན་པ་ཚོས་འདེབས་དགོས་པ་རེད།

གྲྭ་བཙུན་ཚོར་འོས་གཉིས་རེ་འཕེན་ཆོག་པའི་མཛད་རྗེས་དང་ཐོབ་ཐང་དེ་ཅི་ལྟར་སུས་སྤྲད་པ་རེད་དམ། གྲ་བཙུན་ཚོ་དགོངས་པ་མ་འཚོམ་རོགས། ཁྱོད་ཚོ་ཡང་དམངས་གཙོ་ལ་དགའ་བ་དང་། དམངས་གཙོའི་ལམ་ནས་འོས་ཤོག་ཐེངས་མང་འཕངས་མྱོང་བ་དང་འཕེན་བཞིན་པའི་མི་ཞིག་ཡིན་པའི་ཆ་ནས་དགོངས་པ་བཞེས་རན་འདུག ལམ་ལུགས་ཁྱད་འཚར་བོ་འདི་མ་གཞི་གཞན་གྱིས་མི་འདོད་པའི་རྣམ་འགྱུར་མ་བསྟན་སྔོན་དུ་ཁྱེད་ཅག་གིས་མཁྱེན་ཏེ་དང་དུ་ལེན་དགོས་ངེས་ལ། ད་དུང་ཡང་དམངས་གཙོ་དང་ཐོབ་ཐང་ཟེར་བཞིན་འོས་ཤོག་གཉིས་རེ་འཕེན་གྱི་ཡོད་པ་རེད། དེར་ཅིས་ཀྱང་དགོངས་པ་ཞིག་བཞེས་རོགས།

ཆོས་བརྒྱུད་སྤྱི་འཐུས་ལ་འོས་འཕེན་མཁན་དེ་དགོན་སྡེ་ཁག་གི་གྲྭ་བཙན་ཚོ་རེད། དེ་ཡིན་དགོས་པ་ཞིག་ཀྱང་རེད། འོན་ཀྱང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ལ་ལངས་བའི་མི་དེ་གྲྭ་བཙན་མ་ཡིན་པའི་མི་སྐྱ་དག་ལངས་ཡོང་གི་འདུག འདི་ལ་དགོངས་ཚུལ་ཅང་མེད་དམ། དེ་ཡང་རྙིང་མ་དང་བཀའ་བརྒྱུད་ལྟ་བུ་རེད། འོ་ན་དགེ་ལུགས་དང་བོན་པོ། ས་སྐྱ་སོགས་ཀྱི་སྤྱི་འཐུས་འོས་མིར་ཡང་མི་སྐྱ་དག་ལངས་ལོས་ཆོག་སྟེ། དེ་ལྟར་ན། དེ་དག་ལ་འོས་འཕེན་མཁན་ཡང་གྲྭ་བཙུན་གཅིག་པུ་མ་ཡིན་པར། གྲོང་དགོན་གཉིས་དང་སྐྱ་སེར་མི་མང་ཚང་མ་ཡིན་ཅི་ལ་མི་ཆོག དེ་ལྟར་བྱས་ན། ཆོས་བརྒྱུད་སྤྱི་འཐུས་གཅིག་པུ་མ་ཡིན་པར་བོང་མི་ཡོད་དོ་ཅོག་ལ་འོས་ཤོག་གཉིས་རེ་འཕེན་ཆོག་པའི་ཐོབ་ཐང་འདྲ་མཉམ་ཡོད་སོང་བ་མ་ཡིན་ནམ།

གྲྭ་བཙན་ཚོར་ཆོལ་ཁོངས་དང་ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་ཤོག་གཉིས་རེ་འཕེན་པའི་ཐོང་ཐང་ཡོད་པའི་རྒྱུ་མཚན། ཁོང་ཅག་ནི་ཆོས་བརྒྱུད་གང་རུང་གི་ལུགས་འཛིན་རྗེས་འབྲངས་པ་ཡིན་པ་དང་། ཆོལ་ཁ་གང་རུང་གི་ཆོལ་ཁོངས་མི་སེར་ཡིན་པས་རེད་ཟེར་ན། ང་ཚོ་སྟེ་མི་སྐྱ་ཚོ་ཡང་ཆོས་བརྒྱུད་གང་རུང་ལ་དད་ལ་དམ་ཚིགས་གཙང་བའི་དད་ལྡན་པ་ཡིན་པ་དང་། ཆོལ་ཁ་གང་རུང་གི་ཆོལ་ཁོངས་མི་སེར་ཡིན་པས་ན། ཐོབ་ཐང་འདྲ་མཉམ་གྱི་ལམ་ནས་འོས་ཤོག་གཉིས་རེ་འཕེན་པའི་ཐོབ་ཐང་དགོས་པ་ཡིན་ཟེར་ན་ཅི་འདྲ། དེ་ལྟར་ན་བོད་མི་ཚོར་འཛམ་གླིང་ན་མེད་པའི་འོས་འཕེན་ལམ་ལུགས་ཞིག་ཡོད་པ་དང་། དེ་ཡང་འདྲ་མཉམ་ངང་ཡོད་པས་ན། གཞན་གྱིས་བཙན་བྱོ་བོད་མིའི་དམངས་གཙོ་དང་ཐོབ་ཐང་ལ་བསྔགས་པ་དང་བཀུར་བར་བྱ་སྙམ།

དེ་ལྟར་མ་བྱུང་ཚེ་རྒྱ་ནག་གི་བོད་ཐོག་ཐོབ་ཐང་འདྲ་མཉམ་མེད་ཚུལ་དང་། དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་གོ་སྐབས་མེད་ཚུལ་ཀྱི་རྒྱ་རྒོལ་སྐད་ཆ་འདི་དག་མཚམས་འཇོག་དགོས་པ་རེད། དེ་འུ་ཚོས་མཚམས་འཇོག་ཐུབ་ཀྱི་མ་རེད། དེ་ལས་གྲྭ་བཙུན་ཚོས་འོས་ཤོག་གཅིག་ཕྱིར་འཐེན་གནོངས་དང་། གཞན་གྱིས་ཁ་གཏོང་གི་མ་རེད་ལ། རང་མིའི་ཐོབ་ཐང་ཡང་འདྲ་མཉམ་ཆགས་སོང་བ་མ་ཡིན་ནམ། ནང་ནས་རང་གི་མི་རིགས་ལ་ཐོབ་ཐང་འདྲ་མཉམ་རང་གིས་སྤྲོད་མི་འདོད་ན། གཞན་གྱིས་ང་ལ་ཐོབ་ཐང་འདྲ་མཉམ་སྤྲད་མ་སོང་ཅི་ལྟར་བཤད་ཕོད་དམ།

ཨ་ཅང་ཀུ་རེ་ཡིན་ཏེ། གྲྭ་བཙུན་ཚོས་འོས་ཤོག་གཉིས་རེ་དགོས་མིན་དེར་ཡང་བསྐྱར་ནན་བཤད་ཅིག་ཞུས་ན། གྲྭ་བཙུན་ཚོས་དམངས་གཙོའི་ལམ་ལུགས་ཀྱི་འགྲོ་སྲོལ་ལ་བརྩི་བཀུར་གནང་སྟེ། ད་ནས་བཟུང་ཆོལ་ཁ་དང་ཆོས་བརྒྱུད་གཉིས་ཐད་ནས་འོས་ཤོག་རེ་རེ་མི་འཕེན་པ་དང་། གལ་ཏེ་ཆོལ་ཁོངས་ལ་འོས་འཕེན་འདོད་ན་ཆོས་བརྒྱུད་ལ་འོས་མི་འཕེན་རྒྱུ་དང་། ཆོས་བརྒྱུད་ལ་འོས་འཕེན་ན་ཆོལ་ཁོངས་ལ་འོས་འཕེན་རྒྱུའི་ལམ་སྲོལ་ཡང་དག་ཅིག་ལ་འགྲོ་སྐྱོད་གནང་རྒྱུའི་རེ་བ་ཞུ་རྒྱུ་དང་། དེ་ཡང་དབུས་སྒྲིག་འཛུགས་ནས་ཀྱང་འདིའི་ཐད་ལ་དམངས་གཙོའི་ཡང་དག་རང་བཞིན་ཀྱི་དབུ་ཁྲིད་ཅིག་ཡོང་ཐུབ་རྒྱུར་རེ་བ་ཡོད། མི་མང་གིས་ཀྱང་དམངས་གཙོའི་ཡང་དག་རང་བཞིན་དང་ཐོབ་ཐང་འདྲ་མཉམ་དུ་ལོངས་སུ་སྤྱོད་ཐུབ་རྒྱུའི་དོན་དུ་དགོངས་ཚུལ་དང་ནུས་པ་འདོན་རྒྱུ་གལ་ཆེ་སྙམ།

༢༠༡༥།༠༩།༡༩། གསལ་ལྡན་གྲོང་ནས།

བསམ་ཚུལ།

Post navigation

Previous Post: དྲ་འབུ་དང་མཆན་བུ། ཉལ་རོགས་དང་ལང་རོགས།
Next Post: བདེན་པ་གླེང་བ།

Comments (13) on “ཆོས་བརྒྱུད་སྤྱི་འཐུས་མི་དགོས་དོན་འདི་ཡིན།”

  1. མྱི་རྐྱང་སྨྱོན་པ says:
    2015-09-19 at 10:27 am

    ང་ཚོ་ཇོ་ནང་བས་སྤྱི་འཐུས་ཀྱི་རྐུབ་སྟེགས་ནམ་ཡང་རྩོད་ཀྱིན་མེད་པས་དགའ་བསུ་ཞུ་བ་ལས་དགོངས་སེལ་ཞུ་འོས་པ་མི་འདུག ཡིན་ནའང་ང་ཚོས་རྐུབ་སྟེགས་རྩོད་ཀྱིན་འདུག་ཅེས་བཤད་ན་གནས་སྟངས་ཆ་ཚང་མ་མཐོང་བའི་སྐྱོན་ཞིག་མི་འདུག་གམ། འདྲ་མཚུངས་ཀྱི་ཐོབ་ཐང་ཐོབ་འོས་མིན་གྱི་སྐད་ཆ་ཤོད་མཁན་གཅིག་ཀྱང་མི་འདུག

  2. ཚ་སྒང་ཕོ་ཉ། says:
    2015-09-19 at 12:44 pm

    འོ་ན་ཡོ་རོབ་དང་བྱང་ཨ་རིའི་བོད་མི་རྣམས་ལ་ཡང་འོས་མི་གཉིས་རེ་འདེམས་རྒྱུ་མ་གཏོགས་མེད་པ་འདི་ཡང་འདྲ་མཉམ་མ་རེད་ལབ་དགོས། མ་ཟད་བཙན་བྱོལ་མི་འབོར་རྒྱ་ཆ་ཧ་ཅང་ཉུང་བའི་མདོ་སྨད་ལ་སྤྱི་འཐུས་ཞབས་སྟེག་བཅུ་དང་མི་གྲངས་བརྒྱ་ཆ་དྲུག་བཅུ་བདུན་བཅུ་ཟིན་པའི་དབུས་གཙང་མི་མང་ལ་འོས་མི་བཅུ་མ་གཏོགས་མེད་པ་འདི་ཡང་འདྲ་མཉམ་མ་རེད་ོབ་དགོས། ཕྱོགས་ཡོངས་ནས་འདྲ་མཉམ་དང་འདྲ་མཚུངས་ཡོངས་དགོས་ན་ཕྱོགས་ཡོངས་ནས་གླེང་དང་དེ་ནས་གཞན་གྱིས་ཀྱང་དེ་ལྟར་ཁས་ལེན་སྲིད། དེ་མ་གཏོགས་རང་ཉིད་ཀྱི་ཁེ་ཕན་དང་རང་གི་འདོད་དོན་འགྲུབ་ཆེད་མགོ་བདེ་འཁྲབ་ན་གཞན་རྣམས་ལྐུག་པའི་གྲས་ལ་བཞག་མཁན་ནི་རང་ཉིད་གླེན་པ་ཡིན་པའི་རྟགས་རེད། གནས་ལུགས་དེ་ཤེས་པ་བྱོས།

  3. ཚ་སྒང་ཕོ་ཉ། says:
    2015-09-19 at 12:45 pm

    འོ་ན་ཡོ་རོབ་དང་བྱང་ཨ་རིའི་བོད་མི་རྣམས་ལ་ཡང་འོས་མི་གཉིས་རེ་འདེམས་རྒྱུ་མ་གཏོགས་མེད་པ་འདི་ཡང་འདྲ་མཉམ་མ་རེད་ལབ་དགོས། མ་ཟད་བཙན་བྱོལ་མི་འབོར་རྒྱ་ཆ་ཧ་ཅང་ཉུང་བའི་མདོ་སྨད་ལ་སྤྱི་འཐུས་ཞབས་སྟེག་བཅུ་དང་མི་གྲངས་བརྒྱ་ཆ་དྲུག་བཅུ་བདུན་བཅུ་ཟིན་པའི་དབུས་གཙང་མི་མང་ལ་འོས་མི་བཅུ་མ་གཏོགས་མེད་པ་འདི་ཡང་འདྲ་མཉམ་མ་རེད་ལབ་དགོས། ཕྱོགས་ཡོངས་ནས་འདྲ་མཉམ་དང་འདྲ་མཚུངས་ཡོངས་དགོས་ན་ཕྱོགས་ཡོངས་ནས་གླེང་དང་དེ་ནས་གཞན་གྱིས་ཀྱང་དེ་ལྟར་ཁས་ལེན་སྲིད། དེ་མ་གཏོགས་རང་ཉིད་ཀྱི་ཁེ་ཕན་དང་རང་གི་འདོད་དོན་འགྲུབ་ཆེད་མགོ་བདེ་འཁྲབ་ན་གཞན་རྣམས་ལྐུག་པའི་གྲས་ལ་བཞག་མཁན་ནི་རང་ཉིད་གླེན་པ་ཡིན་པའི་རྟགས་རེད། གནས་ལུགས་དེ་ཤེས་པ་བྱོས།

  4. ལྷ།བྱ་འཕུར་མ། says:
    2015-09-19 at 12:47 pm

    གྲྭ་བཙུན་གཅིག་གིས་འོས་ཤོག་གཉིས་ལྡུག་པའི་ཆོག་པའི་ཐོབ་ཐང་ལེན་པ་དང་ཐོབ་ཐང་སྤྲོད་མཁན་གཉིས་ཀ་ནོར་འཁྲུལ་ཤོར་ཚར་བ་རེད། དེ་ལ་ད་རུང་མགོ་ཁྲིད་ཁོ་ཡིན་ང་ཡིན་ཚོས་བཙན་བྱོལ་གི་དམངས་གཙོ་ནི་ཡང་དག་དང་སྔོན་ཐོན་ཡིན་རབས་ཀྱི་སྙན་པོ་རྐྱང་རྐྱང་བཤད་ནས་བསྡད་པ་རེད། གྲྭ་བཙུན་གཅིག་ལ་འོས་ཤོག་གཉིས་ལྡུག་པའི་ཆོག་པའི་ཐོབ་ཐང་སྤྲད་པ་ནོར་འཁྲུལ་དང་པོ་རེད། ཐོབ་ཐང་བླངས་ནས་ཆོས་རྒྱུད་ཀྱི་སྤྱི་འཐུས་ཁོངས་ནས་མི་སྐྱ་སྤྱི་འཐུས་སླེབ་པ་ནོར་འཁྲུལ་གཉིས་པ་རེད། ནོར་འཁྲུལ་སྒང་ལ་ནོར་འཁྲུལ། གང་ནས་ནོར་བ་རེད་ཟེར་ན། བཅའ་ཁྲིམས་ཟིན་བྲིས་མཁན་དང་གྲོས་ཚོགས་ཀྱི་ནང་ནས་བཅའ་ཁྲིམས་དེར་རྒྱབ་སྐྱོར་གནང་མཁན་ཚོ་བ་ནོར་བ་རེད། དེ་གང་ནས་ནོར་བ་རེད་ཟེར་ན།བཅའ་ཁྲིམས་ཟིན་བྲིས་རྒྱག་མཁན་ཚོ་ལ་དེང་རབས་ཀྱི་ཤེས་ཡོན་དང་ཉམས་མྱོང་མེད་པའི་ཐོག་ནས་ནོར་འཁྲུལ་བྱུང་བ་རེད།

    དེ་ན་ནོར་འཁྲུལ་གང་ནས་བྱུང་བའི་ཁུངས་དེ་ཉིད་གྲོས་ཚོགས་ཀྱིས་བེད་མེད་བཏང་བ་ཡིན་ན་དམངས་གཙོ་ཡང་དག་ཅིག་གཞིས་འགྲོ་སོང་བ་རེད། དེ་མ་གཏོགས་ཇོ་ནང་དད་ལྡན་མི་མང་གིས་གྲོས་ཚོགས་མདུན་དུ་ཞུ་འབོད་བྱས་པ་ནོར་བ་ཟེར་བ་རྒྱུ་མཚན་མ་ཤེས་པའི་རི་བོང་ཅལ་འདྲོགས་རང་རེད།

    མ་གཞི་ནས་བོད་ཀྱི་བླ་ཆེན་ཚོས་ཇོ་ནང་ཆོས་རྒྱུད་ཅིག་ལ་ངོས་འཛིན་གནང་བ་འགྲིག་བསྡད་པ་རེད། ད་ལྟའི་བར་དུ་འོས་བསྡུ་ལྷན་ཁང་དང་གྲོས་ཚོགས། བཀའ་ཤག་གིས་གནད་དོན་ཡོད་པ་བསམ་བཞིན་ཤེས་བཞིན་དུ་འགན་མ་འཁུར་བས་ཁ་སང་དེ་རིང་གི་གནས་སྟངས་འདི་བྱུང་བ་རེད། ད་ནི་ཇོ་ནང་གི་ཆོས་རྒྱུད་སྤྱི་འཐུས་ཀྱི་ཞབས་སྟེགས་དགོས་ཟེར་བ་འདི་ཆོས་ལུགས་དང་ཆོལ་ཁ་ཕྱོགས་འཐེན་གྱི་ངོ་བོ་ལ་བསྒྱུར་འདུག

    དེ་ན་གོང་དུ་བཤད་གཅན་བཟོད་རྒྱམ་ལགས་ཀྱིས་ཆོས་རྒྱུད་སྤྱི་འཐུས་མི་དགོས་དོན་འདི་ཡིན་ཟེར་བ་དོན་གནད་ཀྱི་གནད་དོན་རེད། གྲོས་ཚོགས་ནང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཡོད་ན་ཇོ་ནང་པའང་སྤྱི་མཐུན་གྱི་ཐོབ་ཐང་སྤྲོད་དགོས་པའང་གནད་དོན་གྱི་གནད་དོན་རེད། ཧ་ཧ་ཧ། ད་གང་བཤད་འདོད་ཡོད་ཟེར་ན་གྲྭ་བཙུན་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་སྤྲད་པ་བཅའ་ཁྲིམས་ཡོད་ན་མེད་བཟོ་དགོས་པ་རེད། གྲྭ་བཙུན་གྱི་འོས་ཤོག་གཉིས་ཀྱི་ཐོབ་ཐང་མེད་པ་བཟོས་ནས་འདྲ་མཉམ་དང་ཆོས་རྒྱུད་སྤྱི་འཐུས་ཟེར་བ་བཞི་ཤད་བྲིས་པ་རེད།

  5. ལྷ།བྱ་འཕུར་མ། says:
    2015-09-19 at 12:53 pm

    གྲྭ་བཙུན་གཅིག་གིས་འོས་ཤོག་གཉིས་ལྡུག་པའི་ཆོག་པའི་ཐོབ་ཐང་ལེན་པ་དང་ཐོབ་ཐང་སྤྲོད་མཁན་གཉིས་ཀ་ནོར་འཁྲུལ་ཤོར་ཚར་བ་རེད། དེ་ལ་ད་རུང་མགོ་ཁྲིད་ཁོ་ཡིན་ང་ཡིན་ཚོས་བཙན་བྱོལ་གི་དམངས་གཙོ་ནི་ཡང་དག་དང་སྔོན་ཐོན་ཡིན་རབས་ཀྱི་སྙན་པོ་རྐྱང་རྐྱང་བཤད་ནས་བསྡད་པ་རེད། གྲྭ་བཙུན་གཅིག་ལ་འོས་ཤོག་གཉིས་ལྡུག་པའི་ཆོག་པའི་ཐོབ་ཐང་སྤྲད་པ་ནོར་འཁྲུལ་དང་པོ་རེད། ཐོབ་ཐང་བླངས་ནས་ཆོས་རྒྱུད་ཀྱི་སྤྱི་འཐུས་ཁོངས་ནས་མི་སྐྱ་སྤྱི་འཐུས་སླེབ་པ་ནོར་འཁྲུལ་གཉིས་པ་རེད། ནོར་འཁྲུལ་སྒང་ལ་ནོར་འཁྲུལ། གང་ནས་ནོར་བ་རེད་ཟེར་ན། བཅའ་ཁྲིམས་ཟིན་བྲིས་རྒྱག་མཁན་དང་གྲོས་ཚོགས་ཀྱི་ནང་ནས་བཅའ་ཁྲིམས་དེར་རྒྱབ་སྐྱོར་གནང་མཁན་ཚོ་ནོར་བ་རེད།

    དེ་ན་ནོར་འཁྲུལ་གང་ནས་བྱུང་བའི་ཁུངས་དེ་ཉིད་གྲོས་ཚོགས་ཀྱིས་བེད་མེད་བཏང་བ་ཡིན་ན་དམངས་གཙོ་ཡང་དག་ཅིག་གཞི་ནས་འགྲུབ་སོང་བ་རེད། དེ་མ་གཏོགས་ཇོ་ནང་དད་ལྡན་མི་མང་གིས་གྲོས་ཚོགས་མདུན་དུ་ཞུ་འབོད་བྱས་པ་ནོར་བ་ཟེར་བ་རྒྱུ་མཚན་མ་ཤེས་པའི་རི་བོང་ཅལ་འདྲོགས་རང་རེད།

    མ་གཞི་ནས་བོད་ཀྱི་བླ་ཆེན་ཚོས་ཇོ་ནང་ཆོས་རྒྱུད་ཅིག་ལ་ངོས་འཛིན་གནང་བ་འགྲིག་བསྡད་པ་རེད། ད་ལྟའི་བར་དུ་འོས་བསྡུ་ལྷན་ཁང་དང་གྲོས་ཚོགས། བཀའ་ཤག་གིས་གནད་དོན་ཡོད་པ་བསམ་བཞིན་ཤེས་བཞིན་དུ་འགན་མ་འཁུར་བས་ཁ་སང་དེ་རིང་གི་གནས་སྟངས་འདི་བྱུང་བ་རེད། ད་ནི་ཇོ་ནང་གིས་ཆོས་རྒྱུད་སྤྱི་འཐུས་ཀྱི་ཞབས་སྟེགས་དགོས་ཟེར་བ་འདི་ཆོས་ལུགས་དང་ཆོལ་ཁ་ཕྱོགས་འཐེན་གྱི་ངོ་བོ་ལ་བསྒྱུར་འདུག

    དེ་ན་གོང་དུ་བཤད་གཅན་བཟོད་རྒྱམ་ལགས་ཀྱིས་ཆོས་རྒྱུད་སྤྱི་འཐུས་མི་དགོས་དོན་འདི་ཡིན་ཟེར་བ་དོན་གནད་ཀྱི་གནད་དོན་རེད། གྲོས་ཚོགས་ནང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཡོད་ན་ཇོ་ནང་ལའང་སྤྱི་མཐུན་གྱི་ཐོབ་ཐང་སྤྲོད་དགོས་པ་གནད་དོན་གྱི་གནད་དོན་རེད། ཧ་ཧ་ཧ། ད་གང་བཤད་འདོད་ཡོད་ཟེར་ན་གྲྭ་བཙུན་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་སྤྲད་པ་བཅའ་ཁྲིམས་ཡོད་ན་མེད་པ་བཟོ་དགོས་པ་དང་། གྲྭ་བཙུན་གྱི་འོས་ཤོག་གཉིས་ཀྱི་ཐོབ་ཐང་མེད་པ་བཟོས་ནས་འདྲ་མཉམ་དང་ཆོས་རྒྱུད་སྤྱི་འཐུས་ཟེར་བ་བཞི་ཤད་བྲིས་པ་རེད།

  6. ལྷ།བྱ་འཕུར་མ། says:
    2015-09-19 at 12:54 pm

    ཚང་མ་ལ་དགོངས་དག་ཞུ། ནོར་འཁྲུལ་ཤོར་ནས་ཐེངས་འགའ་བཏང་འདུག

  7. ཨ། says:
    2015-09-19 at 1:42 pm

    ཆོས་རྒྱུད་སྤྱི་འཐུས་མི་དགོས་ཟེར་བར་ངར་འཐད་པ་ཡོད། ཆོས་རྒྱུད་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་ལ་ཆབ་སྲིད་རྐྱང་བ་ཞིག་གི་ངོས་ནས་དང་། གྲྭ་བར་སྤྱི་འཐུས་ཚན་པ་མི་འདྲ་བ་གཉིས་ཀྱི་འོས་འཕེན་དབང་ཡོད་མི་རིག་པ་སོགས་སྦྲེངས་པ་ནི་རྒྱུ་མཚན་ཞིག་ཡིན་རུང་། བསམ་བློ་གཏོང་སྟངས་ཐད་ནས་བཤད་ན་དོན་ཆུང་བར་འདོད། ལར་དུས་དང་གནས་བབས་ཤིག་གི་དབང་གིས་ཞེས་ཞིབ་ཆ་འདོན་རྐྱང་བྱས་ན་མི་ཤེས་གཏོགས། གྲྭ་བར་སྲིད་སྐྱོང་དང་སྤྱི་འཐུས་ཟེར་བ་སོགས་ཆབ་སྲིད་དམ་འཇིག་རྟེན་ཞིག་གི་ལག་ཆའི་རིགས་ལ་ཇུས་གཏོགས་བྱ་རྒྱུའི་ཐོབ་ཐང་རྩ་ནས་ཡོད་པ་མིན། འདི་ཡང་ཆབ་སྲིད་རྐྱང་བའི་ངོས་ནས་བལྟ་རྒྱུ་མིན་པར་གྲྭ་བ་རང་སྟེང་གི་བྱ་བའི་ཐོབ་ཐང་དང་འོས་བབས། ད་དུང་གྲྭ་བ་ཟེར་བ་འདིའི་ནང་དོན་གདངས་མ་བོར་བསམ་བློ་བཏང་ན་ཟེར་བ་ཡིན། གང་ལྟར། རྩོམ་པ་པོས་ཆོས་རྒྱུད་སྤྱི་འཐུས་ཟེར་བ་དེ་སུ་ཞིག་གིས་སྲོལ་གཏོད་པ་རེད་ཅེས་དྲི་བ་བཞག་འདུག་མོད། དོན་དག་དེ་ཁྱོས་འུ་ཚོའི་སྤྱི་འཐུས་འབྱུང་རིམ་ཁག་ལ་བལྟས་རྗེས་ཕྱི་རྒྱལ་ཞིག་ན་ཡོད་པའི་སྤྱི་ཟུར་རྒན་པ་འགར་དྲིས་དང་། གསལ་གསལ་ཏན་ཏན་བཤད་རྒྱུ་ཡོད་པ་མ་ཟད། ཆོས་རྒྱུད་སྤྱི་འཐུས་དགོས་པར་ཡང་ཁོག་རྩིས་ལྗིད་པོ་ཞིག་ཀྱང་ངོས་སྤྲོད་གནང་རྒྱུ་ཡོད་འདོད། ཧེ་ཧེ།

  8. བཙན་པོ། says:
    2015-09-19 at 3:52 pm

    གནད་དོན་ཅི་གང་མི་ཤེས་མཁན་ཞིག་གིས་འོལ་ཚོད་ངང་ཅིག་བྲིས་འདུག

  9. ཀརྨ་བློ་གསལ་ says:
    2015-09-20 at 1:46 am

    ༼གྲྭ་བཙུན་ཚོས་དམངས་གཙོའི་ལམ་ལུགས་ཀྱི་འགྲོ་སྲོལ་ལ་བརྩི་བཀུར་གནང་སྟེ། ད་ནས་བཟུང་ཆོལ་ཁ་དང་ཆོས་བརྒྱུད་གཉིས་ཐད་ནས་འོས་ཤོག་རེ་རེ་མི་འཕེན་པ་དང་། གལ་ཏེ་ཆོལ་ཁོངས་ལ་འོས་འཕེན་འདོད་ན་ཆོས་བརྒྱུད་ལ་འོས་མི་འཕེན་རྒྱུ་དང་། ཆོས་བརྒྱུད་ལ་འོས་འཕེན་ན་ཆོལ་ཁོངས་ལ་འོས་འཕེན་རྒྱུའི་ལམ་སྲོལ་ཡང་དག་ཅིག་ལ་འགྲོ་སྐྱོད་གནང་རྒྱུའི་རེ་བ་ཞུ་རྒྱུ་དང་། དེ་ཡང་དབུས་སྒྲིག་འཛུགས་ནས་ཀྱང་འདིའི་ཐད་ལ་དམངས་གཙོའི་ཡང་དག་རང་བཞིན་ཀྱི་དབུ་ཁྲིད་ཅིག་ཡོང་ཐུབ་རྒྱུར་རེ་བ་ཡོད། མི་མང་གིས་ཀྱང་དམངས་གཙོའི་ཡང་དག་རང་བཞིན་དང་ཐོབ་ཐང་འདྲ་མཉམ་དུ་ལོངས་སུ་སྤྱོད་ཐུབ་རྒྱུའི་དོན་དུ་དགོངས་ཚུལ་དང་ནུས་པ་འདོན་རྒྱུ་གལ་ཆེ་སྙམ།༽ འདི་ནི་མཁས་པའི་ལམ་སྟོན་རང་རེད་ལ། ང་རང་ལ་འཐད་པ་བརྒྱ་ཆའི་བརྒྱ་ཡོད། ཆོས་པ་ཚོར་ཆོག་ཤེས་ཡོད་མེད་བརྟག་བྱེད་ཀྱི་ཚད་ཤིང་ཆགས་ཡོད་ན། མི་མང་ནས་མིག་གཉིས་འཕུར་འཕུར་གནང་ནས་སྒུག་གི་རེད།

  10. གཅན བཟོད་རྒྱམ། says:
    2015-09-20 at 12:23 pm

    དྲ་གྲོགས་ཚོས་དགོངས་ཚུལ་མང་པོ་གསུངས་འདུག དགའ་བསུ་ཞུ། དམིགས་གསལ་(བཙན་པོ་) ཟེར་བ་དེ་ལ་དགའ་བསུ་ཞུ། ཁོམ་ན་ཇོ་ནང་སྤྱི་འཐུས་དང་འབྲེལ་ནས་ཆོས་བརྒྱུད་སྤྱི་འཐུས་དགོས་དང་མི་དགོས་སྐོར་་ནས་དགོངས་ཚུལ་མང་ཙམ་གསུང་རོགས། ངས་ཤེས་དང་མི་ཤེས་ཟེར་བ་དེ་སྐབས་འདིར་གནས་ཚུལ་གཞན་ཞིག་རེད་སྙམ། ངས་མ་ཤེས་ཀྱང་སྐབས་འདིར་འུ་ཅག་གིས་གླེང་དགོས་པ་དེ་ཆོས་བརྒྱུད་སྤྱི་འཐུས་སྐོར་རེད་ལ། དེ་གལ་ཆེན་པོ་ཞིག་ཀྱང་ཆགས་འདུག་སྙམ།

  11. དཔལ་གློ་བོ་རྒྱལ says:
    2015-09-21 at 12:40 pm

    སྤྱི་མཐུས་ཀྱི་ཕྱག་ལས་ག་རེ་ཡིན་ནམ།

  12. BONPO says:
    2015-09-21 at 1:05 pm

    གཞུང་ལུགས་ལ་སྦྱངས་པ་བྱས་པའི་ཆོས་ལུགས་སྤྱི་འཐུས་དེ་ཚོས་བཀའ་དྲིན་ལས། དུས་རྒྱུན་པར་སྤྱི་འཐུས་ལྷན་ཚོགས་ཀྱི་ཡིག་ཆ་དེ་ཚོ་ལའང་མགོ་གཞུག་ཡོད་པ་དང་གོ་རྒྱུ་ཡོད་པ་ཞིག་ངང་ངམ་ཤུགས་ཀྱིས་ཡོང་གི་འདུག གཞན་མིང་ཆེན་པོའི་འོག་ནས་བྲིས་པ་དེ་ཚོ་བྱིས་པའི་བསྟན་བཅོས་སམ་བགོད་བྲོའི་གཏམ་འདྲ་པོ་ཆགས་རྒྱུའི་ཉན་ཁ་འདུག་ད། བོད་ཡིག་ལ་སྦྱངས་པ་དེ་ཙམ་མེད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། །

  13. ཁ་བའི་རྒྱང་ཕྲུག says:
    2015-09-22 at 6:01 am

    ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་མིན་སྐོར་གླེང་སྐབས་རབ་བྱུང་ཕོ་མོ་རྣམས་ཞལ་བཙུམ་ནས་བཞུགས་འདུག འདིའི་ཐད་སེང་ཁྲིར་བཞུགས་པའི་སྐྱབས་རྗེ་བླ་སྤྲུལ་རྣམ་པ་དང་། བཀུར་འོས་གྲྭ་བཙུན་རྣམས་ནས་དགོངས་ཚུལ་གསུང་དགོས་འདུག ཆོས་བརྒྱུད་སྤྱི་འཐུས་དགོས་ན་དགོས་པའི་ལུང་རིག་དང་། མི་དགོས་ན་མི་དགོས་པའི་སྐོར་གསལ་པོ་གསུང་དགོས་པ་རེད། ཤེས་འཇོན་ལྷག་བསམ་གྱིས་ཕྱུག་པའི་སེར་མོ་བ་ཞིག་ཡིན་ཚེ་ཆོས་བརྒྱུད་སྤྱི་འཐུས་མེད་ནའང་ཆོལ་ཁའི་ཁོངས་ནས་སྤྱི་འཐུས་ནས་ཕེབས་འོས་པ་ཞིག་རེད། གནད་དོན་འདི་ནི་འབྱུང་འགྱུར་གྱི་ཉེན་ཁ་དུ་མ་ཞིག་གི་སྒོ་མོ་མཐོང་བས། སྒོ་མོ་འདི་མུ་མཐུད་ཕྱེ་ན་སུས་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme