Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེ་བ་ཚང་མ་བསྒྲུབ་དགོས་པའི་རེ་བ་མ་བྱེད། དེའང་དམངས་གཙོ་མ་རེད།

Posted on 2015-09-192015-09-19 By ཁ་བརྡ 3 Comments on རེ་བ་ཚང་མ་བསྒྲུབ་དགོས་པའི་རེ་བ་མ་བྱེད། དེའང་དམངས་གཙོ་མ་རེད།

unnamed-3——-གསལ་ལེ་རྒྱལ།

 
ཆོས་ལུགས་པ་འགའ་དམངས་གཙོ་ཞེས་པའི་མིང་ཚིག་ཅིག་གི་རྔ་མར་འཐམ་ནས་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་ཚོགས་གཙོ་གཉིས་ཀའི་མདུན་ན་ངུ་གིན་འདུག བློ་ཕམ་སོང་ཟེར། རེ་ཐག་ཆད་སོང་ཟེར། ལྷ་སའི་སྐད་ལྟར་བཤད་ན་ང་ནི་དཔེ་ཧང་སངས་སོང་།
རྩ་ཁྲིམས་དང་བཅའ་ཁྲིམས་ནི་སྲིང་སྐྱོང་དང་གྲོས་ཚོགས་ཀྱི་ཚོགས་གཙོ་གང་རུང་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་མ་རེད། གལ་ཏེ་དེ་ལྟར་བྱས་པའི་དབང་དུ་བཏང་ན་སྐྱོན་འགའ་ཡོང་གི་རེད།

གཅིག དེ་ནི་དམངས་གཙོའི་འགྲོ་སྟངས་ཤིག་མ་ཡིན་པར་དབང་འཛིན་ལམ་ལུགས་པའི་འགྲོ་སྟངས་ཆགས་ཀྱི་རེད། དཔེར་ན་ང་ཚོས་དགག་བཞིན་པའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལྟ་བུ་རེད། དམངས་གཙོའི་འགྲོ་སྟངས་ལྟར་བྱས་ན་ཁོ་གཉིས་ལ་འདིའི་དབང་ཚད་མེད།

གཉིས། སྤྱི་འཐུས་ཤིག་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་ཚོགས་གཙོ་གང་རུང་གིས་འདེམས་ཆོག་པའི་དབང་དུ་བཏང་ནའང་དེ་ནི་མི་གང་དེས་ཐད་བསྐོས་སྤྱི་འཐུས་ཆགས་ཀྱི་ཡོད་པ་ལས། ཆོས་བརྒྱུད་དང་ཆོལ་ཁ་གང་རུང་གི་སྤྱི་འཐུས་ཆགས་ཀྱི་མ་རེད། དེ་བས་སྲིང་སྐྱོང་དང་ཚོགས་གཙོ་ལ་བློ་ཕམ་ཚུལ་བཤད་ནས་ཡོང་རྒྱུ་ཅི་ཡང་མེད། དེས་ན་གནད་དོན་དེ་སུ་ལ་བཤད་དགོས། གནད་དོན་དེ་སུ་ཡིས་ཐག་གཅོད་བྱེད་ཐུབ།

གནད་དོན་དེ་ནི་མི་དམངས་ཀྱིས་ཐག་གཅོད་བྱེད་ཐུབ་པ་ཞིག་དང་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པ་ཞིག་རེད། དེའང་མི་རེ་རེ་ལ་སྐད་ཆ་དྲིས་ནས་ཐག་གཅོད་བྱེད་དགོས་པ་ཞིག་མ་ཡིན་པར། མི་རེ་རེ་ལ་རང་རང་གི་ཚབ་བྱེད་ཐུབ་པའི་མི་སྣ་རེ་གྲོས་ཚོགས་ར་བའི་ནང་ན་ཡོད་པ་དེས་ཐག་གཅོད་བྱེད་དགོས་པ་ཞིག་རེད། རང་གི་ཚབ་མཚོན་མི་སྣའམ་རང་གི་སྤྱི་འཐུས་དེས་ཐག་གཅོད་གང་བྱས་པར་རང་གིས་ངོས་ལེན་མ་བྱས་ན་རང་གིས་རང་ལ་ངོས་ལེན་མ་བྱས་པ་དང་གཅིག་པ་རེད། བློ་ཕམ་ནའང་རང་ཉིད་ལ་བློ་ཕམ་པ་རེད་ལ། རེ་ཐག་ཆད་ནའང་རང་ཉིད་ལ་རེ་ཐག་ཆད་པ་རེད།

འདི་ནི་དམངས་གཙོའི་འགྲོ་སྟངས་རེད། དམངས་གཙོ་དགོས་ཟེར་མཁན་དག་དམངས་གཙོའི་ལམ་ནས་ཕམ་ན་འགྲོ་ས་གཞན་ཡོད་པ་མ་རེད། ཡིན་ནའང་ག་ཟི་བ་དང་ར་བཟི་བ་སོགས་མི་ཁ་ཤས་ཀྱིས་ཐག་གཅོད་ཐུབ་པ་ཞིག་ཀྱང་མ་རེད། ཧེ་ཧེ། རེ་བ་ཚང་མ་བསྒྲུབ་དགོས་པའི་རེ་བ་མ་བྱེད། དེའང་དམངས་གཙོ་མ་རེད།

༡༨/༠༩/༢༠༡༥ ལ་ཕ་རེ་སི་ནས།

བསམ་ཚུལ།

Post navigation

Previous Post: ཆོས་ལུགས་སྤྱི་འཐུས་མི་དགོས་ན་མི་དགོས་པའི་རྒྱུ་མཚན་བཤད་ཤེས་དགོས།
Next Post: དྲ་འབུ་དང་མཆན་བུ། ཉལ་རོགས་དང་ལང་རོགས།

Comments (3) on “རེ་བ་ཚང་མ་བསྒྲུབ་དགོས་པའི་རེ་བ་མ་བྱེད། དེའང་དམངས་གཙོ་མ་རེད།”

  1. བསྟན་འཛིན། says:
    2015-09-19 at 1:34 am

    ཡག་པོ་གཟུངས་འདུག། འོན་ཀྱང་རྨོངས་རྒན་ཚོར་གོ་བརྡ་འཕྲད་ནི་མ་རེད།

  2. གནམ says:
    2015-09-19 at 2:14 am

    སོ་སོས་འདེམས་པའི་སོ་སོའི་ཚབ་བྱེད་ཀྱི་དཀའ་སྤྱིས། སོ་སོའི་རེ་འདུན་ལྟར་མ་སྒྲུབ་ན། བློ་ཕམ་དང་ངོ་རྒོལ་དགོས་བ་ལས། གཞན་གྱི་ཚབ་མཚོན་གྱི་བཀའ་སྤྱིས། ཁྱེད་ཀྱི་འདོད་བློ་མ་ཁེངས་ན། དེ་ལ་ཇུས་ཡ་ཡོད་པ་མ་རེད། བློ་ཕམ་དང་ངོ་རྒོལ་བྱས་བས་ཅི་ཕན། འགྲོ་སྟངས་འདི་ལ་ནི་མང་གཙོ་ཟེར་ནི་རེད། དཔྱ་ཁྲལ་དེ་འཇལ། འོས་དེ་བླུག་ན། སོ་སོ་ལ་མང་གཙོ་ཡང་དག་རེག་ཡོད་པའི་རྟགས་རེད།

    དཀའ་སྤྱིའི་ར་བ་ནས། བཀའ་སྤྱི་སུ་ཡིན་ལ་རྒྱག་རེས་བྱེད་ཐུབ་ནི་འདེམས་ན། དེ་ནི་བོད་སྤྱི་དོན་ལ་ཤ་མ་ཚ་བ་རེད།
    བཀའ་སྤྱི་སུ་ཡིན་ལ་རྡོག་པོ་གོང་གཅིག་གི་སྒང་ལ་གཅིག་བྱེད་ཐུབ་ནི་ཞིག་འདེམས་ན། དེ་ནི་རྡོག་རྩ་གཅིག་སྒྲུལ་དང་། ཤ་ཚ་བློ་དཀར་ཡིན་པའི་བོད་མི་རེ་རེ་ཡིས་བོད་པ་ཚང་ལ་ཆེ་དགོས་བ་དེ་འབུལ་ཐུབ་པ་བྱུང་བ་ཡིན་པ་རེད།
    ཁ་སྣོན་ཞིག་བྱས་ཡོད། གསལ་ལེ་རྒྱལ་རྒྱལ་ལོ། ཧ་ཧ་ཧ།

  3. བླ་མ། says:
    2015-09-19 at 2:57 am

    ཆོས་ལུགས་ཀྱི་སྤྱི་མཐུས་མེད་པ་བྱས་ན་ཡག་པོ་ཡོང་ངེས་རེད། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་མི་དྲན་ནམ། སྟོན་པ་རྒྱལ་སྲས་ཡིན་ཀྱང་རྒྱལ་སྲིད་སྤངས་པ་མི་དྲན་ནམ། ད་ལྟ་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡིན་ཟེར།། རབ་བྱུང་གི་བརྟགས་ཙམ་འཛིན་ནས་འཇིག་རྟེན་སྲིད་ལ་བྱུས་རྟོགས་དགོས་ཡོད་ཟེར་སེམས་སྐྱོ་བ་ལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme