Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་མོ་བཀྲ་ཤིས་སྐྱིད་ཀྱི་བུ་ཆུང་བ་གཉིས་ལ་སྤྲིངས་པའི་འཕྲིན་ཡིག

Posted on 2015-09-182015-09-18 By ཁ་བརྡ 3 Comments on དཔའ་མོ་བཀྲ་ཤིས་སྐྱིད་ཀྱི་བུ་ཆུང་བ་གཉིས་ལ་སྤྲིངས་པའི་འཕྲིན་ཡིག

འཇམ་དབྱངས་སྦྱིན་པ།

 
གཅེས་པའི་སྤུན་ཆུང་སངས་རྒྱམ་དང་སྐལ་རྒྱམ་གཉིས་ཀྱི་དྲུང་དུ།

ཡིད་སྐྱོའི་གནས་ཚུལ་དེ་ཐོས་ནས་བཟུང་སྤུན་ཆུང་གཉིས་ཡང་ཡང་སེམས་ངོར་འཆར། ལོ་ལྟར་དགག་དབྱེའི་ཤིང་སློང་ཞེས་ཁྱེད་ཅག་གཞོན་པ་ཚོ་འུར་ལངས་ས་དེས་དེ་རིང་དཀའ་ངལ་འཕར་མ་ཞིག་སྣོན་གྱི་འདུག་གམ། ང་ཡང་ཉིན་འདི་འགར་ཟུར་དུ་ཐོན་ཏེ་ར་སྐོར་དབེན་ས་ཞིག་ན་བསྡད་ཡོད། སེམས་གསོ་ཞིག་ཞུ་འདོད་སྙིང་ནས་འཕྱུར་ཡང་ཁ་པར་འདིའང་ཁོ་བ་ཅག་གིས་གཡུང་ལ་ཕབ་ཟིན་པས་ངང་སྒུག་ཙམ་བྱེད་པ་ལས་ཐབས་ཅི། འཕྲིན་ཐུང་ཞིག་བྲིས་ཀྱང་འབྱོར་མིན་ནི་ཅི་ཆ།

སྤྱིར་ན་ལོ་ཆུང་ཚོར་ཚོར་བ་རྣོ་ཞིང་། ཁྱེད་གཉིས་མགོར་མི་ཚེའི་སྡུག་བསྔལ་ལྷུང་བའང་ཐོག་མ་ཡིན་པས་ང་ཚོ་ལས་བསྲན་དཀའ་བ་ཏན་ཏན་ཡོད་སྲིད་མོད། ད་མཚམས་བདུན་རེ་གཉིས་འདས་ཟིན་པས་ཅུང་དྲག་ཙམ་འདུག་གམ།

ད་ནི་བྱམས་པོའི་ངག་དང་འཛུམ་པའི་མདངས་ཀྱིས་འཁྱུད་དེ། ཨ་མའི་་་་་ཞེས་ཁྱེད་གཉིས་ལ་ཉིན་ཤས་རེ་ནས་སྐོར་རྒྱག་མཁན་དེ་མེད་པས་རྒྱ་སྒོར་ཅེར་ནས་མ་བལྟ། ལྷག་དོན་མེ་ལྕེ་དམར་པོ་དེར་མ་བལྟ། དེས་ཁྱེད་གཉིས་ཀྱི་སེམས་པ་བསྲེག་ངེས།

དྲན་སླ་ཞིང་བརྗེད་དཀའ་བའི་བྱུང་བ་དག་ནི་འཇའ་ཚོན་གྱི་ཟོལ་གྱིས། གློག་བརྙན་གྱི་ཚུལ་དུ་མིག་ལ་འཁོར་ཞིང་ཞེ་ལ་ཐོགས་པ་ནི་ཆོས་ཉིད་ཡིན་ཡང་། སེམས་པ་བརླན་ནས་མ་འདུག དེས་ཁྱེད་གཉིས་ལ་མིག་ཆུ་སློང་སྲིད།
ཧ་ཅང་བཟོད་དཀའ་བའི་དུས་ཚོད་དེར་ཇག་པ་སྐོར་ཅིག་ཁྱིམ་ལ་བརྒྱུགས་ནས་དྲོད་མ་ཡལ་བའི་ཨ་མ་ཕྲོགས་པ་བདེན་ཡང་། དེ་ཚོར་ཁོང་ཁྲོ་དང་འཚེ་བ་མ་བྱེད། དེས་ཨ་མའི་ཐུགས་དགོངས་དཀྲུག་ངེས། ཡང་གཅིག་བཤད་ན་དེ་ནི་ང་ཚོའི་ལས་མ་ཡིན་ལ། འུ་ཅག་ཆོས་ལྡན་པའི་འཐབ་རྩོད་ཀྱི་ས་ཐིག་ལས་ཀྱང་རིང་ནས་འགོངས་ཡོད།

ཨ་མས་ཁྱེད་གཉིས་བཞག་ནས་སོང་བར་དྲིན་ཆུང་དུ་ནམ་ཡང་མ་བསམ་ཞིག ཁྱེད་གཉིས་བཞག་ནས་འགྲོ་བ་ནི་ཨ་མས་གང་ལས་ཀྱང་བཟོད་དཀའ། ཨ་མས་ཁྱེད་གཉིས་གཅེས་གཅེས་གཞན་གྱིས་མི་གཅེས། ཧ་ལམ་སོལ་བ་ཞིག་གི་གཟུགས་ལ་གྱུར་ནས་ཀྱང་ཁྱེད་གཉིས་ལ་ལྡིང་སྐོར་བརྒྱབ་ཡོད། འོན་ཏེ། ཨ་མས་མཐོང་བ་ནི་འཛམ་བུའི་གླིང་ཡིན། ས་ཡ་དྲུག་ཡིན། མཚོ་རླབས་བཞིན་འཕྱུར་ཡོང་བའི་ཧན་མི་རིགས་ཡིན། ཟོང་འཕེན་བཞིན་འདེད་ཀྱིན་པའི་ཁོག་རྩིས་ནག་པོ་ཡིན། ད་དུང་གོ་མེད་ཚོར་མེད་དུ་ལུས་པའི་ང་ཚོའང་ཡིན།
ཨ་མ་དང་ཨ་མའི་རིགས་ནི་ང་ཚོ་ཐུན་མོང་གི་ཚབ་ཏུ་བཞེངས་པའི་ཧ་ཅང་ཛ་དྲག་གི་བརྡ་ཐོ་དམར་པོ་ཞིག དེས་ན་ཁྱེད་གཉིས་ཀྱིས་སྤོབས་སེམས་བསྐྱེད་ལ་དཀའ་ངལ་སྟོབས་ཤུགས་སུ་སྒྱུར་པར་གྱིས།

མཐར་དོན། ད་ནི་ཁྱེད་གཉིས་ཀྱང་མི་ཆུང་བས་རང་ཉིད་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པ་སེམས་ལ་བཟུང་ནས། དུས་ཚོད་ཆུ་ཟོས་སུ་མི་གཏོང་བར་གཙོ་བོ་རང་འཁྲིའི་བསླབ་པ་སློབ་གཉེར་ལ་གང་ཐུབ་བརྩོན་པ་གནང་རྒྱུ་ལས་ལྷག་པའི་ཨ་མའི་རེ་བ་བསྐང་རྒྱུ་དང་དྲིན་ལན་འཇལ་རྒྱུ་གཞར་ཡང་མེད་ལ། དེ་ལས་ལྷག་པའི་གངས་ཅན་པའི་སྤྱི་དོན་གཉིས་པ་ཞིག་ཀྱང་མེད་པ་ཐུགས་མངའ་མཛོད།

ཅེས་ཆུང་ནས་འདྲིས་ཤིང་གཅེས་པའི་སྤུན་ཆུང་གཉིས་ལ་ཕུ་བོ་འཇམ་དབྱངས་སྦྱིན་པས་འཕགས་ཡུལ་ལྷོ་ཕྱོགས་དཔལ་ལྡན་འབྲས་དཀར་སྤུངས་པ་དང་ཁ་ཐག་མི་རིང་ཞིང་། ར་སྐོར་དུ་ངང་ལག་དང་ཎ་རེས་ཡཱའི་སྡོང་བོ་མོད་སའི་དབེན་གནས་ཞིག་ནས་བོད་རྒྱལ་ལོ༢༡༤༢/༨/༤དང་། ཕྱི་ལོ༢༠༡༥/༩/༡༧ ཉིན་སེམས་ཚོར་གྱིས་བཏེགས་ཏེ་སྤྲིངས་པ་
དགེའོ།། །།

འཕྲིན་ཡིག

Post navigation

Previous Post: སྐམ་གྱོང་ཁོ་མི་ག་འདྲ་ཞིག་ཏུ་འགྱུར་ཡོང་།
Next Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་བཞི་བ།

Comments (3) on “དཔའ་མོ་བཀྲ་ཤིས་སྐྱིད་ཀྱི་བུ་ཆུང་བ་གཉིས་ལ་སྤྲིངས་པའི་འཕྲིན་ཡིག”

  1. ཁུ་བྱུག says:
    2015-09-18 at 9:30 am

    དྲག་ཏུ་འཕར་བཞིན་པའི་སྙིང་དམར་བོའི་དབུས་ནས་ཟུག་གཟེར་ལངས་ཤིང་། འདྲེན་བྱེད་ཟུང་ལས་དབང་མེད་ཆུ་ཐིགས་བབས་སོང་། གོ་ལའི་ཁྱོན་དུ་སེམས་ལྡན་ཡོད་ཚད་པོས་རང་གི་ཨ་མར་མ་གཅེས་ཤིང་། བུ་ཕྲུག་གིས་ཨ་མ་བྲལ་ཕོད་པ་ཞིག་གང་ན་ཡོད། ངོ་མ། བདག་ཅག་གི་ལས་ངན་པོ་འདི་དུས་ནམ་ཞིག་ཏུ་ཟློག་གམ།
    ལོ་ལྔ། བཅུ། ཡང་ན་དུས་གཏན་དུ། འོན་ཀྱང་བདག་ཅག་ལ་གོད་ཆགས་དང་རྐྱེན་ངན་བློ་ཡུལ་ལ་གཤོང་དཀའ་ཞིང་བཟོད་དཀའ་བ་ཇི་སྙེད་ཅིག་བྱུང་དང་འབྱུང་གིན་གདའ་ནའང་། ཁྱད་ནོར་བྱམས་སྙིང་རྗེ་དང་། བཟོད་པ་སོགས་ཀྱིས་གཞོམ་པ་ནི། མཉམ་མེད་བུ་རམ་ཤིང་བས་བདག་ཅག་ལ་སྩལ་བའི་ལེགས་སྐྱེས་བླ་མེད་དུ་ཁུམས།

  2. རྒྱང་མིག says:
    2015-09-18 at 11:13 am

    ཀློག་གིན་ཀློག་ཀིན་སེམས་པ་ཧ་ཅང་སྐྱོ་སོང་། མ་མེད་བྱིས་པ་ཚོའི་སྡུག་བསྔལ་ནི་ཇི་འདྲའི་བཟོད་པར་དཀའ་བ་ཞིག་ཡིན་ཨང་། གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ལས་གཞན་གྱི་བྱ་ཐབས་ཅི་ཡང་མི་འདུག

  3. Rinchen Dhondup says:
    2015-09-19 at 1:49 am

    དཔའ་མོ་བཀྲ་ཤིས་སྐྱིད་ལགས་ཀྱི་བུ་ཕྲུག་ཚོ་ནི་ང་ཚོ་བོད་མི་ས་ཡ་དྲུག་གི་བུ་ཕྲུག་ཀྱང་ཡིན། མ་ཡུམ་ཁོང་གིས་སྐུ་ལུས་དམར་པོ་མེ་རུ་བསྒྲོན་པའང་རང་ཅག་ཁ་བ་ཅན་པའི་བདེན་དོན་ཞིག་གི་ཆེད་ཡིན། ཁོང་ཚོའི་མི་ཚེའི་མདུན་ལམ་དང་ཤེས་ཡོན་སླ྄ོབ་སྦྱོང་སོགས་ཀྱི་ཐད་ང་ཚོ་བོད་མི་ཚོས་ཕན་ཐོགས་ངེས་པར་དུ་སྒྲུབ་དགོས་པ་ང་ཚོ་ཚང་མའི་འགན་འཁྲི་ཡིན་ནོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme