Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་ཞབས་འོད་ལགས་ལ་བྲིས་པའི་སེམས་འཕྲིན།

Posted on 2015-09-162015-09-16 By ཁ་བརྡ 6 Comments on སྐུ་ཞབས་འོད་ལགས་ལ་བྲིས་པའི་སེམས་འཕྲིན།

ཚེ་འབར།

 
དེ་རིང་ཁ་སང་དྲ་ལམ་ཁག་ན་སྐུ་ཞབས་འོད་ཟེར་བ་ཞིག་གིས་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་སྐོར་ལ་སྐད་ཆ་བཤད་པའི་བརྙན་ཐུང་ཞིག་ཁྱབ་ནས་འགྲོ་བཞིན་འདུག ཁོ་བོས་དེ་ལ་ཐེངས་གཅིག་བལྟས་ཙ་ན། དབང་མེད་དུ་ཁོང་དགོད་ཅིག་ཤོར་སོང་། ངོ་ཚ་ནས་འབར་ལ་ཁད་བྱས་སོང་། གཞན་གྱིས་ཆ་འཇོག་བྱས་པ་ནི་མིན། གཞན་གྱིས་བཙན་སྐུལ་བྱས་པའང་མིན། ཅིའི་ཕྱིར། འདི་ལྟ་བུའི་སྐད་ཆ་ཞིག་བཤད་པ་ཡིན་ནམ།

སྐུ་ཞབས་འོད་ལགས། སྐུ་ཉིད་ད་ལྟ་ར་ཤི་ཨར་(Russia) གནས་སྡོད་བྱས་ཡོད་པའི་བོད་ཀྱི་གསོ་བ་རིག་པར་དོ་སྣང་ཡོད་མཁན་ཞིག་རེད་ཅེས་པ་བདེན་ནམ། ད་དུང་རྩོམ་ཡིག་ཀྱང་གང་ཙམ་སྤེན་མཁན་ཞིག་རེད་ཟེར་བའང་བདེན་ནམ། ཨ་ཙི། བོད་ཀྱི་ཤེས་ཡོན་པར་ཁས་འཆེ་བའི་སྡེ་གྲལ་ན་རང་ངོ་རང་གིས་མི་ཟིན་པའི་མི་བུ་ཁྱོད་འདྲ་བ་ད་དུང་འབེལ་བོ་ཞིག་ཡོད་པ་ཡ་མཚན། ཁྱོད་ད་དུང་རྨོངས་གཉིད་ལས་སད་མེད་པས་ལོས་ཡིན། རང་ང་ཚོད་ཚོད་ལ་གློས་རྟགས་འདི་འདྲ་སྟོན་དོན་ཅི་ཡིན་ནམ།

སྐུ་ཞབས་འོད་ལགས། རང་ཉིད་ཀྱིས་ཆེད་ལས་ལ་ཧུར་གྱིས་བརྩོན་པ་བྱས་ཏེ་རང་གི་མདུན་ལམ་ལ་འོད་ཟེར་ཅུང་ཙམ་ཞིག་ཨེ་འཕྲོ་བལྟས་ན་མི་དགའམ། མི་ཤེས་ཤེས་མདོག་གིས་རང་མཚང་འདི་འདྲ་ཞིག་བསྟན་ནས་ཅི་བྱ།  རེད། ངས་ཀྱང་འདི་འདྲ་མ་ཞིག་བསམས་ཏེ། ཉིད་ཀྱིས་སྐད་ཆ་འདི་བཤད་དགོས་པའི་རྒྱུ་མཚན་ཡང་གཉིས་ཡོད་པ་འདྲ་སྟེ།

 

དང་པོ། སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་བཙན་རྒོལ་སྙིང་སྟོབས་དང་། བོད་རང་བཙན་གྱི་བསྒྲགས་གཏམ། གནས་ལུགས་ཀྱིས་ཕྱུག་པའི་ངར་སྐད་དེས། བོད་ཕྱི་ནང་གཉིས་སུ་གཡོ་འགུལ་ཐེངས་གཅིག་ཐེབས་པ་རེད། དེའི་ཆ་ནས། དོན་མེད་ཕྲག་དོག་གིས་སྨྱོས་ཏེ་བཟི་རྟགས་བསྟན་པ་མིན་ན་ཅི་ཤོད།
གཉིས་པ།  བརྙན་ཐུང་དེ་བརྒྱུད་ནས་སྨྱོ་རྟགས་ཐེངས་གཅིག་བསྟན་པ་ཡིན་ན། བརྡ་འཕྲིན་གྱི་སྐུད་ལམ་ནས་བོད་མི་འབེལ་བོ་ཞིག་གིས་རང་ཉིད་ངོ་ཤེས་པར་དམིགས་པ་ཡིན་ཆེ་སྟེ། སྔོན་མ་ཞིག་ལ། རེབ་གོང་གི་ཨ་ཁུ་ཞིག་གིས་རང་ཉིད་གཞན་གྱིས་ངོ་ཤེས་པའམ། སྐད་གྲགས་སུ་འགྲོ་བའི་སླད་དུ་སྲང་ལམ་ནས་དམར་རྗེན་ལ་རྒྱུགས་པ་རེད་ཟེར། བདེན་ན་དེ་དང་ཤིན་ཏུ་ཆ་འདྲ།

 

དྲང་མོར་བཤད་ན། ཨ་ཚོགས་ཀླུ་མཁར་བྱམས་ལ་ནོར་བ་དང་གོལ་བ་ཡོད་སྲིད། འོན་ཀྱང་མྱི་ཞིག་གིས་ཨ་ཚོགས་ལ་སྐྱོན་བརྗོད་ཡིན་ཐག་ཆོད་པ་ཞིག་ད་སྔ་མ་བྱུང་། དེའང་ཅི་ཁག་སྟེ། ཁོང་ནི་རྒྱལ་སྤྱིའི་རང་བཞིན་གྱི་ཆབ་སྲིད་པ་ཞིག་དང་། མེས་པོའི་གོང་མ་ཚོའི་རེ་བ་དང་རང་གི་འགན་འཁྲི་ཆུ་ལ་མི་བསྐུར་བའི་མི་བུ་སྒལ་ཚིགས་ཅན་ཞིག་ཡིན་པ་རེད།

 

བློ་ཕམ་སྐྱེ་འོས་པ་ཞིག་ལ། སྐུ་ཞབས་འོད་ལགས་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་མི་གཞིའི་སྟེང་ལ་བབས་ཏེ་རང་གི་དེ་ཉིད་བསྟན་འདུག ཨ་ཁ། སྐུ་ཞབས་འོད་ལགས། གོ་ལོ་ཐོས་ལོ་ཙམ་གྱིས་ཅི་ཞིག་ཕན་ནམ། ཨ་ཚོགས་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་བཞེངས་པ་རེད་མ་གཏོགས་བཀའ་བློན་ཁྲི་བ་ལ་ལངས་པ་མ་རེད་ལགས། བཀའ་བློན་ཁྲི་བ་ཞེས་པའི་ཁྱད་མིང་དེ་ཕྱིར་བསྡུ་བྱས་ཏེ་མི་ལོ་བཞི་ཙམ་འགོར་ཡོད་པ་དེ་ལའང་རྨོངས་ནས་ཡོད་དམ། ཀུ་རེ་རྩེས་པ་ཨེ་ཡིན།
ད་དུང་། ལུག་རྫི་ཞིག་སྤྱི་འཐུས་ལ་ལངས་པ་དེས་ཀླུ་མཁར་བྱམས་ལ་ཟུར་ཟ་བྱས་པ་རེད་ཟེར་ནས་བཤད་སོང་། དེ་ནི་སྲིད་སྐྱོང་འོས་མི་བཀྲིས་སྟོབས་རྒྱལ་གྱིས་ལོ་ངོ་བཅུ་དྲུག་ལ་ལུག་རྫི་བྱས་རབས་བཤད་པ་དེ་ཟེར་གྱིན་ཡོད་པ་འདྲ། ཁོང་སྲིད་སྐྱོང་འོས་མིར་ལངས་པ་ལས་སྤྱི་འཐུས་སུ་ལངས་པ་མ་རེད། ལུག་རྫི་ཟེར་བ་དམའ་འབབ་ཀྱི་ཁྱད་ཚིག་ཨེ་ཡིན། དེ་ནི་འོ་ཅག་གིས་བསམ་སྟངས་ཤིག་ལས་མ་འདས་པ་ཤེས་པར་གྱིས་ལ། རྒྱ་གར་གྱི་སྲིད་བློན་མཱོདཱེ་ལགས་མེ་འཁོར་འབབ་ཚིགས་ཀྱི་ཇ་བཙོང་མཁན་ཞིག་ཡིན་པ་རེད། ཧེ་ཧེ། “སྨྲ་བ་མང་བོ་གྱོད་ཀྱི་གཞི་མ་ཡིན་པས་ཁ་བཙུམ་ནས་སྡོད”ཅེས་པ་ཏག་ཏག་ཁྱོད་དང་ཁྱོད་ལྟ་བུ་ལ་གཟས་པ་འདྲ།

བསམ་ཚུལ།

Post navigation

Previous Post: ང་ཚོས་རང་ཉིད་ཀྱི་སེམས་ཚོར་ཕྱིར་སྟོན་མ་ཆོག་པ་གང་ཡིན་ནམ།
Next Post: མེ་འཁོར་ནང་གི་མགྱོགས་བྲིས།

Comments (6) on “སྐུ་ཞབས་འོད་ལགས་ལ་བྲིས་པའི་སེམས་འཕྲིན།”

  1. ཆོས་རྗེ་ཚང་། says:
    2015-09-16 at 8:48 am

    འདུག་མི་ཐུབ་པར་ཅིག་གིས་བཙན་འདེད་བྱས་པ་ལྟ་བུའི་སྐད་ཆ་བཤད་ན་དེའི་མགོ་ལ་དག་དག་ཐོ་བ་ལྟ་བུའི་གཏམ་འདི་མཛའ་ནས་འདུག སྨྱུག་འཛིན་པར་བཀའ་དྲིན་ཆེ།

  2. བསོད་ནམས། says:
    2015-09-16 at 9:04 am

    འོད་དང་སྐལ་རྡོར་ཟེར་བ་xxxxxདེ་ཚོ་ལྟ་བུའི་རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་ལ་ཅི་ལྟར་ཁ་གདང་ན་དེ་ལྟར་ཀླུ་མཁར་བྱམས་གཟི་བརྗིད་ཇེ་ཆེ་ཡིན་པ་གནས་ལུགས་ཀྱི་བདེན་པ་ར་འཕྲོད་ལེ་རེད།

  3. ལྷ་རིག་ཁམ་བུ། says:
    2015-09-16 at 12:01 pm

    ཚེ་འབར་ལགས་ཀྱིས་གསུངས་བ་ལ་མངོན་པར་བསྟོད་དོ ། འོད་ལགས་ཟེར་བ་འདིའི་ཀླད་རྩ་ཅིག་ཆད་ནས་འདི་ལྟར་བཤད་པ་མིན་ནམ་སྙམ

  4. གྲགས་བཟང says:
    2015-09-17 at 4:15 pm

    ཁྱེད་རྣམས་ཀྱི་བོད་མི་རིགས་ལ་ལྷག་བསམ་དང་ཤ་ཞེན་ཡོད་པ་ངས་ཡིད་ཆེས་ཡོད། །ཡིན་ན་ཡང་ང་ཚོས་བཟབ་ནན་དང་འགན་ཁུར་མ་བྱས་ན་ང་ཚོའི་བོད་སྒྲིགས་འཛུག་འདི་ཕམ་ཉེས་དང་མཐོར་ཞིག་ཏུ་འགྱུར་སྲིད། །རྒྱ་ནག་སོགས་སྲིད་དབང་རྒེར་འཛིན་པ་རྣམས་དཔལ་འབྱོར་དང་དབང་ཆ་ཚང་མ་སྲིད་གཞུང་ལ་ཡོད་རེད་དེར་ཉན་ཁ་དང་ཉམས་རྒུད་ཚང་མ་མགོ་ཁྲིད་དང་སྲིད་གཞུང་མི་བཟོས་ཀྱི་ཡོད་རེད། །དམངས་གཙོ་ལམ་ལུགས་འདིས་མི་དམངས་ཀྱི་བསམ་བློ་དང་ཀུན་སྤྱོད་ལ་འགན་མཁུར་མ་བྱས་ན་རྒྱལ་ཁབ་ཉེན་ཁ་དང་ཉམས་རྒུད་གཟོ་རྒྱུ་རེད། །དེར་བརྟན་དམངས་གཙོས་རྒྱལ་ཁབ་རྣམས་ཀྱི་རང་དབང་དང་འགན་མཁུར་ཞེས་རྩ་ཁྲིམས་ནང་བཀོད་ཡོད་པ་ཤེས་གསལ་ལྟར་རེད། །

    བོད་པ་ཚོར་བསམ་རྒྱལ་ཁབ་མེད་པའི་དམངས་གཙོ་དང་གཞན་བརྟན་གྱི་དམངས་གཙོ་རེད། །དེ་ཕྱིར་འགན་ཁུར་བྱེད་དགོས་པ་སྨོས་ཀྱི་དགོས། ངས་རང་བཙན་ཚོགས་པ་དང་རང་བཙན་ཅེས་བཤད་པ་དགོས་ངེས་ལ་ངོས་འཛིན་གྱི་ཡོད། །དེ་དག་བཤད་པས་ཕན་ཐོག་ལས་གནོད་པ་བོད་རང་དབང་ཐོབ་ཡོད་མ་རེད། ། ཀླུ་མཁར་བྱམས་པ་འདིས་གཏམ་བཤད་ངས་དྲ་ནང་ནས་མཐོང་བྱུང་ལ། །མི་ཁ་ཤས་ཀྱི་མི་ཤེས་ཡོན་ཅན་དང་འཇོན་ཐང་ཅན་ཡིན་པའི་ཚུལ་སྟོན་གྱི་གདུག། །དེ་ཚོ་མཐོང་དུས་རང་ཉིད་ཤེས་ཡོན་དང་མཐོང་རྒྱ་ཉམས་མྱོང་སོགས་མེད་པའི་ནང་ཉམས་ཕྱི་ལ་སྟོན་པ་ལས་མི་སྣང་། །

    ཁོ་རང་ནི་ལོ་རྒྱུས་དང་ཁྱབ་སྲིད་སོགས་ལ་མཐོང་ཐོས་ཅུང་ཟད་ཡོད་ལ་གང་ཡང་མཐར་མ་ཕྱིན་པའི་མི་ཞིག་རེད་ལ་རྒྱ་སྐད་ཡང་ཡག་པོ་རྒྱག་གི་མི་འདུག་ཁོ་རང་རྒྱ་སྐད་བཤད་པ་ཡང་ངས་མཐོང་བྱུང་དབྱིན་སྐད་ཡང་རྒྱག་ཤེས་ཀྱི་མི་འདུག། །ཁོ་རང་བཙན་ཁ་ལ་ཁྱེར་ནས་ཕྱོགས་མཐེན་དང་ཧམ་པ་གཏམ་བཤད་ཀྱི་འདུག། །ཁོ་རང་འཇོན་མདོག་ཤེས་མདོག་བཟོས་ནས་མི་དམངས་མགོ་བསྐོར་ན་ཕན་ཐོག་ག་རེ་ཡོད་རེད། །རྒྱ་ནག་ནི་དཔལ་འབྱོར་ཐོག་ནས་འཛམ་གླིང་ནང་ཨང་གཉིས་པ་རེད་དམག་གི་ཐོག་ནས་དམག་མང་ཤོས་དང་མཚོན་ཆ་འཛམ་གླིང་ནང་ཨང་གཉིས་པ་གསུམ་པ་ལ་སླེབས་ཡོད་རེད། །མི་དམངས་མང་ཤོས་ཀྱི་རྒྱལ་ཁབ་ཞིག་ལ་འབྲོག་པའི་གྱོད་རྒན་བཤད་བཤད་བྱས་ན་གནོད་པ་ལས་གང་ཡང་ཕན་ཐོག་ཡོད་མ་རེད། །དེ་ལས་དཔལ་འབྱོར་དང་རིག་གནས་མཐུན་སྒྲིལ་གོང་འཕེལ་སོགས་མང་པོ་མ་འདང་ས་མང་པོ་ཡོད་པ་རང་གིས་ཀྱང་བསྒྲུབ་ཐུབ་པ་རྣམས་ལ་འབད་བརྩོན་བྱས་ན་བཟང་བར་སྣང་།།

    སྤྱིར་ན་བོད་པ་ཚོར་རང་གི་བསྒྲུབ་ཐུབ་པ་རྣམས་མི་བསྒྲུབ་པར་མི་འགྲུབ་པ་རྣམས་བཤད་རྒྱུ་དེ་རང་གཤིས་ཡིན་པར་སྣང་། །དཔེར་ན་ཨ་རི་བོད་སྐད་རླུང་འཕྲིན་ལས་ཁང་ལ་མཚོན་ན་བོད་ཡིག་གསར་འགྱུར་ནང་མ་དག་མང་པོ་ཡོད་པ་དང་བརྗོད་ལུགས་སྟབས་མི་བདེ་བ་མང་པོ་མཐོང་རྒྱུ་འདུག། །ཐ་ན་བོད་ཡིག་འཕྲད་དང་མིང་ཚིགས་གང་ཡང་མ་ཡིན་གསལ་བཟོ་བྱས་ནས་འབྲི་ཀྱི་འདུག། །མ་ཟད་མགྲོན་པོ་འབོད་སྐབསུ་ཡང་བོད་ཀྱི་བླ་མ་ཁ་ཤས་དང་གླུ་བ་ཁ་ཤས་ལས་རྒྱ་རིགས་མཁས་དབང་དང་ཕྱི་རྒྱལ་གྱི་མཁས་སྐུ་མགྲོན་འབོད་ཞིག་མཐོ་མ་བྱུང་། །དེར་རྟེན་བོད་གཞུང་གི་ལས་བྱེད་དང་བོད་མི་རྣམས་ཀྱི་རྒྱ་ནག་གི་གནས་ཚུལ་ཡག་པོ་ཤེས་ཀྱི་མི་འདུག། །

    ང་རྒྱ་ནག་ཡོད་པའི་སྐབས་སུ་རྒྱ་ནག་གི་གནས་ཚུལ་ཡག་པོ་ཤེས་ཀྱི་མེད། །ཡིན་ན་ཡང་ཕྱི་ཕྱོགས་ཕྱིན་ནས་སྔོན་མི་ཤེས་རྒྱ་ནག་གི་གནས་ཚུལ་མང་པོ་ཤེས་བྱུང་། །རྒྱུ་རྐྱེན་ཨ་རི་རྒྱ་སྐད་རླུང་འཕྲིན་ནས་ཕྱི་ཕྱོགས་མཁས་པ་མང་པོ་དང་རྒྱ་ནག་ནང་གི་མཁས་པ་མང་པོས་བགྲོ་གླེང་མཐོང་བ་དང་། །མ་ཟད་ཁོ་ཚོས་མོ་ཙེ་ཏུང་གི་སྐབས་ཏིང་ཞོ་ཕན་གྱི་གནས་ཚུལ་དང་འབྲེལ་སོགས་རྒྱལ་ནང་ནས་བཤད་མི་ཆོག་པ་རྣམས་ཀྱི་ལོ་རྒྱུས་ཁུང་ལྡན་མི་སྣ་མང་པོར་དྲི་བ་བྱས་ནས་དེབ་དང་བརྙན་དཔར་མང་པོ་བཟོས་འདུག། །དེ་དག་རྟེན་ནས་རྒྱ་རིགས་མང་པོ་ལ་གོ་རྟོགས་གོང་འཕེལ་གཏོང་ཐུབ་ཀྱི་འདུག། །

    ཨ་རི་བོད་སྐད་རླུང་འཕྲིན་གྱི་དེ་ལྟ་བུ་ལས་དཀའ་གང་ཡང་བྱེད་ཀྱི་མི་འདུག། །དེ་དག་གི་ག་རེ་བྱས་ནས་མི་འབྱོན་པ་རེད། དེ་བཞིན་དུ་བོད་ནང་དུ་བོད་པ་དུ་ཁྲིམས་རྩོད་པ་མཐོང་རྒྱུ་མི་འདུག། །ཁྱབ་སྲིད་མ་ཡིན་པའི་གནད་དོན་མང་པོ་ཞིག་ཁྲིམས་ལ་གཏུག་བྱས་ནས་དཀའ་ངལ་སེལ་ཐོབ་རེད། །དེ་དག་གི་ཐོག་ལ་བོད་མི་སྒྲིགས་འཛུག་དང་ཚོགས་པ་ཁག་གི་དོག་སྣང་མེད་བྱེད་ག་རེ་ཡིན་པ་རེད། །ཁྲིམས་རྩོད་པ་མང་པོ་ཡོད་ན་རྒྱ་ཆེས་བོད་མི་དམངས་ཀྱི་ཉིན་རེ་བཞིན་འཕྲད་བཞིན་པའི་དཀའ་ངལ་མང་པོ་སེལ་ཐུབ་པའི་རེ་བ་ཡོད་རེད། །དེ་དག་གི་ཐོག་ནས་བགྲོ་གླེང་བྱས་ཡག་པོ་འདུག། །

  5. བདེན་པའི་ཕོ་ཉ་ says:
    2015-09-17 at 10:58 pm

    འོད་ལགས་ དངོས་བདེན་རེད་ཀླུ་བྱམས་སྲིད་སྐྱོང་ལ་ལང་པ་དེ་སྲིད་སྐྱོང་ཐོབ་པའི་རེ་བ་མེད་པ་དངོན་གསལ་རེད་། འོན་ཀྱང་བཙན་བྱོལ་སྒྲིག་འཛུགས་དང་དབུ་མའི་ལམ་ལ་དམའ་འབེབས་དང་ཁོ་པ་རང་ཉིད་མིང་མེད་པ་ནས་ཡོད་པ་ཞིག་བཟོ་རྒྱུའི་ཆེད་དུ་རེད་

  6. ལྷ་མོ། says:
    2015-09-18 at 12:09 pm

    སྨྱོན་པ་དེའི་སྨྱོན་བཤད་ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme