Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་འདུ་ཐེངས་༤ པ་དང་འབྲེལ་ནས་གསལ་བཤད་ཅུང་ཙམ་ཞུས་པ།

Posted on 2015-09-152015-09-15 By ཁ་བརྡ 10 Comments on རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་འདུ་ཐེངས་༤ པ་དང་འབྲེལ་ནས་གསལ་བཤད་ཅུང་ཙམ་ཞུས་པ།

གཅན བཟོད་རྒྱམ།

 
སྤྱིར་བཏང་དེང་སང་དྲ་ངོས་སུ་མང་པོ་ཡོང་གི་མེད། ཡོང་ནའང་རྩོམ་བྱང་དང་རྩོམ་མཁན་ལ་ལྟ་ཙམ་བྱེད་པ་ལས་རྩོམ་ཡིག་དག་ཞིབ་ཀློག་གི་དུས་ཚོད་སྐྱེལ་གི་མེད། དེ་རིང་འདིར་ཐེངས་བཞི་བའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་འདུར་ཟུར་ཞུགས་མཁན་ཞིག་གིས་བསམ་ཚུལ་བྲིས་འདུག ཞིབ་ཏུ་བཀླགས་པ་ཡིན། མཆན་བུ་ཚོར་ཡང་བལྟས་པ་ཡིན།
སྤྱིར་བསམ་ཚུལ་སུས་ཀྱང་བཤད་ཆོག་གི་རེད། གོང་བཀོད་བསམ་ཚུལ་འདི་ཡང་ལར་ཞེན་གྱིས་འགོ་མཇུག་ཀུན་ལ་ཁྱབ་པ་ཞིག་བྲིས་འདུག འོན་ཀྱང་བོད་རིག་པ་ཟེར་བ་འདི་བོད་མི་རིགས་གཅིག་པུས་སྤྱོང་དགོས་པའི་རིག་པ་ཞིག་མ་རེད། མི་རིགས་དང་རྒྱལ་ཁབ་ལ་ཁྱད་པར་ཡོད་པ་མ་རེད། སུས་སྦྱངས་ནའང་ཆོག་གི་རེད། དེ་གཅིག་ཡིན།

ད་ཚོགས་འདུ་གཙོ་སྐྱོང་བ་དང་སློབ་སྟོན་པའི་ནང་དུ་བོད་མི་ཡོད་མེད་སྐོར་དེ་རེད། ཚོགས་པ་འདིས་ཚོགས་གཙོ་བོད་པ་རེད། སློབ་སྟོན་པའི་ནང་དུ་བོད་པ་གཅིག་འདུག དེ་ཁེ་ན་སྒྲ་ནས་རེད། ད་ལོ་ཕེབས་མི་འདུག (ཚོགས་པའི་སྒྲིག་གཞི་ལྟར་ན་སློབ་སྟོན་པ་རྒྱལ་ཁབ་རེ་ནས་མི་གཉིས་ལས་མ་མང་བ་ཟེར། སློབ་སྟོན་ཚོགས་མི་སུ་རུང་བ་ཞིག་ཚོགས་ཐེངས་དང་ལས་རིམ་ཚོགས་འདུ་གཉིས་ཀའི་ནང་ངོ་བཅར་མ་ཐུབ་པ་མ་ཚད། དེའི་རྒྱུ་མཚན་གསལ་བོ་ཞིག་སྤྱི་ཁྱབ་དྲུང་ཆེར་སྙན་སེང་མ་བྱུང་ཚེ། ལས་རིམ་ཚོགས་འདུ་དེ་གའི་ནང་ཚོགས་མི་དེའི་ཚབ་སློབ་སྟོན་ཚོགས་མི་གཞན་ཞིག་འཕྲལ་ཏུ་འདེབས་སྒྲིག་གནང་དགོས་པ་ཡིན།) ཞེས་འཁོད་ཡོད། དེ་བས་ཁེ་ན་སྒྲ་ནས་ཡོན་པའི་བོད་མི་དེའི་ཚབ་ཏུ་གཞན་ཞིག་བསྐོས་དགོས་བྱུང་བ་རེད།

ཚོགས་མིའི་གྲས་ནས་སློབ་སྟོན་ཚོགས་མི་སྔར་ཡོད་བདུན་གྱི་ཁ་སྣོན་དུ་གསུམ་བདམས་པའི་ཁོངས་སུ་བོད་མི་གཅིག་ལ་འོས་ཤོག་༨ ཐོབ་འདུག གཞན་གསུམ་ནི་༡༢། ༡༡། ༩ བཅས་རེད། དེ་བས་གཞན་གསུམ་དེ་སློབ་སྟོན་ཚོགས་དགུ་དགོས་པའི་ཁ་སྣོན་དང་། དེའི་ནང་ནས་གཅིག་དྲུང་ཆེ་ལོ་དུས་རྫོགས་ཉེ་གྱི་ཚབ་ཏུ་བསྐོས་པ་རེད།
ཡང་ཚོགས་མིས་འོས་འཕེན་སྐབས་སུ་བོད་པ་དེ་ལ་འོས་༨ ཐོབ་པ་དེ་ངས་བསམ་ན་དགའ་སྤྲོ་སྐྱེས་དགོས་པ་ཞིག་རེད། གང་ཡིན་ཟེར་ན། བོད་པ་གཅིག་དེ་ནི་ད་ལོ་མ་གཏོགས་རྒྱལ་སྤྱི་བོད་རིག་པའི་ཚོགས་ཆེན་དང་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་འདུ་གང་ལའང་ཞུགས་མ་མྱོང་བའི་གསར་ཞུགས་པ་རེད། དེའི་ཆ་ནས་གསར་ཞུགས་པ་ཞིག་ལ་འོས་ཤོག་༨ ཐོབ་པ་དེ་དགོས་པ་སྤོབས་པ་སྐྱེས་དགོས་པའི་གནས་ཞིག་རེད་བསམས་ཡོད།

དེ་ནས་བསམ་ཚུལ་མང་པོ་ཞིག་ལ། མགོ་སེར་ཚོས་བོད་རིག་པའི་ཐོབ་ཐང་དང་གོ་སྐབས་ཚང་མ་འཕྲོག་པ་དང། བོད་པ་ཚོ་འོག་ནས་ཡར་འཁོར་ནས་འདུག་མཁན་དང་མགོ་སེར་ཚོ་གོང་ནས་མར་དབང་སྒྱུར་དང་བཀའ་གཏོང་མཁན་ཡིན་མིན་མང་པོ་ཞིག་བཤད་ཀྱིན་འདུག དེར་ངས་བསམ་ན། བོད་པ་ཚོའི་ནང་དུ་མགོ་སེར་ཚོ་ལྟ་བུའི་ཚོགས་འདུ་བཀོད་སྒྲིག་ཞུ་ཐུབ་མཁན་ཞིག་འདུག་གམ། གང་དུ་བཀོད་སྒྲིག་བྱེད་ཀྱི་ཡིན་ནམ། སུས་བྱེད་ཐུབ་བམ། ངས་བསམ་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་པའི་བོད་པའི་སློབ་ཆེན་པ་དང་ཉམས་ཞིབ་པ་ཞིག་གིས་ཚོགས་འདུ་འདི་ལྟ་བུ་བཀོད་སྒྲིག་ཞུ་རྒྱུ་དཀའ་མོ་རེད་འདོད། དེ་ཡང་ཚོགས་ཡུལ་དང་ཚོགས་དངུལ། ཐར་གཏུགས་ན་འཛིན་སྐྱོང་ཡང་དཀའ་རྒྱུ་རེད་སྙམ།

དེ་ནས་སྐབས་༡༤ པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ནོར་ཝེ་ལ་འཚོགས་འཆར་དེར་དོགས་པ་སྐྱེ་མཁན་དང་། ཚོགས་གཙོ་ཚེ་རིང་ཤཱཀྱ་ལགས་ཀྱིས་༢༠༡༠ ལོར་ཚོང་ཆེན་བརྒྱབས་རབས། སྐབས་༤ པའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་བཀོད་སྒྲིག་གནང་མཁན་Xaver ལགས་ཀྱིས་ཀྱང་ཚོང་ཆེན་བརྒྱབས་རབས་ཟེར། སྐད་ཆ་འདི་ཚོ་དངོས་གནས་ཁུངས་ཐུབ་ཅིག་བཤད་རྒྱུ་མེད་ན་ཚོད་ཚོད་ལ་བཤད་ན་དཀྲུགས་ཤིང་གི་གཞིར་འགྱུར་རྒྱུ་ལས། གཞན་ཕན་ལས་གཞོན་ཅི་ཙམ་ཆེ་བ་འདིར་ཡོང་ནས་ཡི་གེ་འབྲི་མཁན་ཚང་མས་མཁྱེན་གསལ་རེད། དེ་བས་འདིའི་ཕྱོགས་ཚང་མས་དགོངས་པ་ཆེ་ཙམ་བཞེས་རྒྱུ་ལས་དྲ་ངོས་སུ་མིང་རྫུས་ནས་གང་བྱུང་བཤད་པ་ནི་ཡག་རྟགས་མ་རེད་འདོད།

དེ་ནས་ན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་མཁན་དག་གི་སྐོར་རེད། འདིའི་ཐད་ནས་ང་ལྟ་བུར་བསམ་ཚུལ་རེ་ཡོད་མོད། ཁྱེད་ཅག་ལའང་དགོངས་ཚུལ་ཡོད་པ་དངོས་ཡོད་རེད། བོད་རིག་པ་ཟེར་བ་འདི་ལ་སྒྲ་བཤད་འདི་རེད་ཟེར་བ་ཞིག་ངས་འཇོག་མི་ཤེས་མོད། འོན་ཀྱང་རྒྱལ་སྤྱི་བོད་རིག་པའི་ཚོགས་ཆེན་ཐེངས་མང་པོའི་དཔྱད་རྩོམ་དཔར་སྐྲུན་བྱས་པའི་དཔེ་དེབ་མང་པོར་མཇལ་མྱོང་།
ཚོགས་ཞུགས་ཀྱང་ཐེངས་གཉིས་བྱས་པའི་ཉམས་མྱོང་ཙམ་ནི། བོད་རིག་པ་ཟེར་དུས་བོད་ཀྱི་ལྟ་ཟ་སྟངས་དང་གོས་གྱོན་སྟངས། རོགས་བཙལ་སྟངས་དང་གཉེན་སྒྲིག་ཚུལ། འདེད་གཏོང་དང་གླུ་ལེན་ཚུལ། ཇག་རྒྱག་སྟངས་དང་མན་སྐྱེལ་ལ་སོགས་པ་ོད་མི་རིགས་འདི་ལ་ཡོད་དོ་ཅོག་ཡིན་ནོ་ཅོག དང་། དེ་ནས་རྒྱལ་རབས་ལོ་རྒྱུས་དང་ཆོས་གོ་ཆོ་སོགས་ཅི་ཞིག་བརྗོད་གཞིར་བཟུང་ནས་གཏམ་བཤད་པ་དང་རྩོམ་འབྲི་སོགས་བྱས་པ་ཞིག་ཡིན་པས་ཆ་ནས། མི་ཁྱོད་ཚོགས་འདུ་འདིར་ཞུགས་ཆོག་དང་། མི་འདི་ཚོགས་འདུ་འདིར་ཞུགས་མི་ཆོག་གི་སྐད་ཆ་དང་དབྱེ་མཚམས་ཞིག་ཨེ་ཡོད་ན་བསམ་མོད། ཐག་རིང་པོ་ཞིག་ནས་མི་འདི་འོས་དང་མི་འདི་མི་འོས་ཀྱི་སྐད་རྒྱག་པ་ལས། གོང་དུ་ཞུས་པ་བཞིན་བརྗོད་གཞི་ལ་ཚད་དང་མཚམས་པའི་རྩོམ་ཡིག་དང་གཏམ་བཤད་རེ་གྲ་སྒྲིག་བྱས་ཏེ་ཞུགས་འདུར་ཕེབས་དང་། མགོ་སེར་ཚོས་ཁྱེད་ཚོའི་ལམ་ཁ་འགོག་ཐུབ་ཀི་མ་རེད་ལ། སློབ་སྦྱོང་དམན་པ་དང་རྣམ་དཔྱོད་འཆལ་དག་ཀྱང་ཚོགས་འདུ་འདི་ལྟ་བུར་ཞུགས་པའི་སྐབས་ཡོང་གི་མ་རེད།
ད་དུང་ཚོགས་འདུ་ཁ་ལ་འཁྱེར་ནས་རྒྱལ་ཁབ་གཞན་ཏུ་ཐར་ཐབས་དང་བྱོལ་ཐབས་ལ་བརྩོན་བཞིན་པའི་མི་དེ་དག་གི་གོ་སྐབས་ཀྱང་ཡོང་གི་མ་རེད་ལ། དེ་དག་གི་བྱས་པ་དང་ལམ་ནག་པོ་དེས་འབྱུང་འགྱུར་གྱི་ཚོགས་བཅར་པ་ཚོའི་འགྲོ་ལམ་ཡངས་པོ་དེ་དེ་དོག་ཏུ་གཏོང་ཐུབ་ཀི་མ་རེད།

གལ་སྲིད་རང་རིགས་ལ་ཤ་ཚ་བའི་གཏམ་ཞིག་ཞུ་འདོད་ན། ཚོགས་འདུར་འགྲོ་གི་ཡིན་ཟེར་ནས་ཚོགས་འདུའི་ཆ་ཤས་ནས་མགྲོན་ཤོག་དང་ཐོངས་མཆན་རེག་ཐབས་བྱས་ཏེ་རྒྱལ་ཁབ་སོ་སོར་སྐྱབས་བཅོལ་ཞུས་དང་ཞུ་བཞིན་པའི་གནས་ཚུལ་འདི་འདྲས་མི་རང་གཞན་ཀུན་ལ་གནོད་པ་ཁོ་ན་བྱུང་དང་འབྱུང་བཞིན་པས་ན། ཤ་ཚ་བའི་གཏམ་རེ་བཤད་འདོད་ན་འདི་འདྲའི་སྐོར་ནས་གསལ་བཤད་རེ་དང་བསམ་ཚུལ་རེ་གསུང་ན་ཡག་པོ་འདུག་སྙམ།

དེ་བས། ངས་འདིར་ཞུ་འདོད་པའི་སྙིང་པོ་ནི། མགོ་སེར་གྱིས་འཕྲོག་སོང་དང་དབང་སྒྱུར་སོང་། ང་ཚོར་ཅང་རེག་མ་སོང་དང་ཐོབ་མ་སོང་གི་སྡུག་སྐད་དེ་མི་འདོན་པར། རང་རང་ས་ནས་ཅི་ནུས་གང་ལྕོག་རེ་གནང་རོགས་ཞུ་རྒྱུ་དང་། གོང་བཀོད་རྒྱལ་སྤྱིའི་བོད་རིག་པའི་ཚོགས་པ་ཆེ་ཆུང་འདི་གཉིས་ཀྱིས་དཔྱད་གཏམ་དཔར་སྐྲུན་གནང་ཟིན་པའི་དཔེ་དེབ་བཅུ་ཕྲག་མང་པོ་ཡོད་པ་དེ་ཚོར་ཡང་སྤྱན་རེ་གཡོ་བའི་རེ་བ་སྙིང་ནས་ཞུ། དེ་ནི་རང་ལ་དགོས་པའི་ཤེས་བྱ་ཡོན་ཏན་རེ་འབྱོར་བའི་རྒྱུ་ཁོ་ན་ཡིན་པ་ལས། གཞན་ལ་ཁ་རྐྱང་རྐྱང་གཏོང་བ་དེས་ནི་རང་དང་གཞན་ཀུན་གནོད་པ་ཁོ་ན་ལས་ཅི་ཡང་མི་འབྱུང་ལ་མཁྱེན་པར་མཛོད་ཅིག
ཐུགས་རྗེ་ཆེ་ཞུ།

༢༠༡༥། ༠༩།༡༤ ཉིན་ལྡི་ལི་ནས།

རྩོམ་རིག

Post navigation

Previous Post: ཀླུ་མཁར་བྱམས་ནི།
Next Post: གཉན་པོས་ལྷ་ས་རྩོམ་རིག་མེ་ལོང་གི་རྩོམ་སྒྲིག་པའི་དྲི་བར་ལན་བཏབ་པ།

Comments (10) on “རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་འདུ་ཐེངས་༤ པ་དང་འབྲེལ་ནས་གསལ་བཤད་ཅུང་ཙམ་ཞུས་པ།”

  1. ཀརྨ་བློ་གསལ་ says:
    2015-09-15 at 1:25 am

    དགོངས་ཚུལ་ཚད་ལྡན་རེད། བོད་པ་ཡིག་ངོ་ཆོད་ཙམ་ཡོད་མཁན་ཀུན་ལ་ཕན་ངེས།

  2. BONPO says:
    2015-09-15 at 10:08 pm

    དགོངས་འཆར་ཡག་པོ་གསུངས་འདུག་ལེགས་གསོལ་ཡོད། མ་འོངས་པར་བོད་པས་ཚན་རིག་ཡག་ཙམ་སྦྱངས་ནས་མི་གཞན་ཚོ་དང་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་ན་དགེ་མཚན་ཆེ། བོད་མི་འདི་ཚོ་མི་འཇོན་ཞིག་རྩ་བ་ཉིད་ནས་མ་རེད། སེམས་ཤུགས་བསྐྱེད་ཅིག ། སྐད་ཆ་བདེན་པ་དང་དྲང་པོ་ཡིད་ཆེས་བྱེད་སའི་ཁུངས་དེ་ཕྱི་གླིང་པ་ཚོའི་ཁ་ལ་རེ་བ་རྐྱང་རྐྱང་བརྒྱབ་ནས་སྡོད་མི་དགོས་པར། བོད་པ་རང་གི་ངོས་ནས་སྐད་ཆ་བདེན་པ་དང་དྲང་པོར་ཡིད་ཆེས་འཕེར་བར་ཤོད་པའི་དུས་བཟང་ཞིག་མྱུར་དུ་ཚེས་པའི་རེ་བ་ཆེའོ། །

  3. མངོན་སུམ་སྨྲ་བ། says:
    2015-09-15 at 11:29 pm

    བཟོད་རྒྱམ་སོགས་སོང་ནས་དབྱིན་ཇི་ཚོའི་མདུན་ན་མཛུབ་གུ་ཁ་ནང་ལ་སྐོར་ནས་འདུག་ཟེར་ནས་ཐེངས་འགར་གོ་སོང་ལ་དེ་བདེན་པ་རེད་འདོད།

  4. ལྷ་སྡེ་གནམ་ལོ་ཡག says:
    2015-09-16 at 1:28 am

    གཅན་བཟོད་པ་ལགས་མི་འདི་རེད་ཅེས་ངོས་འཛིན་ས་ཡོད་མཁན་ཞིག་ལ་གཟུགས་མེད་ཅིག་གིས་འདི་ལྟར་ཚོར་བའི་སྐད་ཆ་ལབ་ན་འོས་ཤིང་འཚམས་པ་ཞིག་གཏན་ནས་མ་རེད། མངོན་སུམ་སྨྲ་བ་ཟེར་མཁན་འདི་བོད་རིག་པ་ཟེར་ན་ག་རེ་ཡིན་མིན་ཤེས་མཁན་ཕར་ཞོག ཐ་ན་ཐོས་པ་བརྒྱུད་ནས་སྒོམ་པ་དང་། དེ་ནས་རྟོགས་པར་མངའ་བརྙེད་དགོས་པའང་ཤེས་ཀྱི་མི་འདུག

  5. རེབ་སྐྱེས་ཐོས་བསམ། says:
    2015-09-16 at 1:36 am

    གཅན་གཟོད་རྒྱམ་ལགས་ནས་བདེན་གཏམ་གྱི་དགོངས་འཆར་གསུང་བ་ལ་ཐུགས་རྗེ་ཆེ། དྲ་འབུ་ཚོས་བློ་གཟུར་བོ་གནས་ཏེ་བླང་དོར་གྱི་དགེ་སྐྱོན་བཤད་པ་ལས་ཁུང་མེད་ལུགས་མེད་ཀྱིས་ཕ་རོལ་བ་ལ་སྐྱོན་རྐྱང་རྐྱང་བཤད་པ་དང་། སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་ཁྲིམས་ཀྱི་འགན་མི་ལེན་པ་ཁོང་ཚོའི་གཤིས་ཀ་རེད།

  6. གནམ says:
    2015-09-16 at 7:40 am

    ཏག་ཏག་རེད། དྲ་འབུ་ཀླད་མེད་ཚོ་ལ། བཀོད་པ་ལམ་སྟོན་འདི་འདྲ་མེད་ན། དྲིན་བྱས་དྲིན་དུ་མི་སེམས་མཁན་རྐྱང་རྐྱང་རེད།

  7. མིག་ཆུ། says:
    2015-09-16 at 3:44 pm

    ངས་འགན་འཛིན་ལྷན་ཚོགས་སམ་ཚོགས་པ་གཙོ་སྐྱོང་གནང་མཁན་ཚང་མ་བོད་པ་དགོས་ཀྱི་འདུག་ལབ་ཀྱི་མེད།ཚོགས་གཙོ་བོད་པ་ཡིན་པའང་ཤེས་ཡོད།བོད་པ་གཅིག་དང་གཞན་ཚང་མ་ཕྱི་གླིང་བ་ཡིན་ན།་གྲོས་གཞི་ཐག་གཅོད་ལ་སོགས་པའི་སྐབས་སུ་ཚོགས་གཙོ་ཡིན་ཡང་མི་གཅིག་ལ་ནུས་ཤུགས་ག་ཚོད་ཡོད་མེད་ཧ་གོ་གསལ་རེད།་་དེ་བས་བོད་པ་དང་ཕྱི་གླིང་བའི་གྲངས་ཚད་གང་ལ་གང་འཚམ་གྱི་སྙོམས་སྒྲིག་ཡོད་པ་ཞིག་བྱུང་དགོས་ཀྱི་འདུག་ཟེར་གྱི་ཡོད།
    དེ་ནས་བོད་པའི་སྐོར་ཕྱི་གླིང་བས་སྦྱངས་ཆོག་གི་མེད་ཡང་ལབ་གི་མེད།དེ་ལ་དགའ་བསུ་ཞུ་འོས་པ་རེད།ཡིན་ཡང་ངའི་མདོ་དོན་མདོར་བསྡུས་ན།བོད་པས་ཤེས་ཡོན་པ་ཚོས་རྒྱལ་སྤྱིའི་བོད་རིག་པའི་སྡེ་ཚན་ཁག་གི་ཁོངས་ནས་ས་ཟིན་དགོས་ཀྱི་འདུག་ཟེར་བ་དེ་ཡིན། མཐའ་དོན་བོད་པས་བསྐོངས་ཐུབ་གི་རེད་པས་ཟེར་བའི་དྲི་བ་དེ་རེད།དེ་ལ་སྡོམ་ཚིག་རྒྱག་རྒྱུ་སྔ་དྲགས་པ་རེད་ལ།གཉིས་ནས་ངས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཆ་ཚང་བོད་པ་དགོས་ཀྱི་འདུག་ཅེས་པའི་བསམ་ཚུལ་ཡང་བཏོན་མེད་པས།རྩོམ་ཡིག་ལ་ཞིབ་ཏུ་ཀློག་པར་འཚལ།

  8. བློ་བཟང་། says:
    2015-09-20 at 2:45 pm

    xxཧམ་བཤད་་་་་་་
    བོད་པ་ཚོའི་ནང་དུ་མགོ་སེར་ཚོ་ལྟ་བུའི་ཚོགས་འདུ་བཀོད་སྒྲིག་ཞུ་ཐུབ་མཁན་ཞིག་འདུག་གམ། གང་དུ་བཀོད་སྒྲིག་བྱེད་ཀྱི་ཡིན་ནམ། སུས་བྱེད་ཐུབ་བམ། ངས་བསམ་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་པའི་བོད་པའི་སློབ་ཆེན་པ་དང་ཉམས་ཞིབ་པ་ཞིག་གིས་ཚོགས་འདུ་འདི་ལྟ་བུ་བཀོད་སྒྲིག་ཞུ་རྒྱུ་དཀའ་མོ་རེད་འདོད། དེ་ཡང་ཚོགས་ཡུལ་དང་ཚོགས་དངུལ། ཐར་གཏུགས་ན་འཛིན་སྐྱོང་ཡང་དཀའ་རྒྱུ་རེད་སྙམ།

  9. བློ་བཟང་། says:
    2015-09-20 at 2:50 pm

    ཐེངས་༡༢པའི་བོད་རིག་པའི་ཚོགས་ཆེན་གོ་སྒྲིག་བྱས་མཁན་མཁས་པ་ཚེ་རིང་ཤཀྱ་བོད་པ་མིན་ན་ཅི་རེད།

    སྐབས་ལྔ་པའི་སྤྱི་ཁྱབ་ཚོགས་གཙོ་མཁར་རྨེའུ་བསམ་གཏན་བོད་པ་མིན་ན་ཅི་རེད།

    བོད་རིག་པ་གཞོན་ནུའི་ཚོགས་གཙོ་བོད་པ་མིན་ནམ་མགོ་སེར་ཚོའི་རྐུབ་ལྡག་སྤྲེལ་ལད་འཁྲབ་པས་ཁྱོད་པ་ད་ལན་ཁེ་བཟང་རེག་སོང་བ་ཡིན་ནམ།

    ད་རུང་བོད་པ་སྐྱབས་བཅོལ་དུ་འགྲོ་སོང་བ་སོགས་སྦོམ་བཤད་སྔ་དྲག་སོང་བ་མིན་འགྲོ། བསྟན་མོ་བལྟ་རྒྱུ་ཡིན་ད་་་་་་་་

  10. གཅན བཟོད་རྒྱམ། says:
    2015-09-20 at 3:27 pm

    བློ་བཟང་ལགས། བདེན་པ་རེད། ཚེ་རིང་ཤཱཀྱ་དང་མཁར་རྨེའུ་བསམ་གཏན། ནམ་མཁའི་ནོར་བུ་དང་ཁང་དཀར་ཚུལ་ཁྲིམས་སོགས་བོད་པ་རེད་ལ། ཁོང་ཅག་གིས་ཚོགས་འདུ་བཀོད་སྒྲིག་དང་ནམ་མཁའི་ནོར་བུ་ལྟ་བུས་ནམ་རྒྱུན་ཚོགས་དངུལ་ཐད་ལ་རོགས་རམ་གནང་གིན་ཡོད་པ་གོ་མྱོང་།

    ཚེ་རིང་ཤཱཀྱ་དང་སྐལ་བཟང་ནོར་བུ་གཉིས་ཀ་རྒྱལ་སྤྱིའི་བོད་རིག་པའོ་ཚོགས་ཆེན་དང་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་གཙོ་ཡིན་པའང་ཤེས་ཡོད།
    འོན་ཀྱང་། ངས་བཤད་འདོད་པ་དེ་མ་རེད། རྩོམ་ཡིག་ནང་གི་དུམ་བུ་ཞིག་ལ་དགག་བཞག་བྱས་མ་བྱས་མི་འདུག ཧྲིལ་གྱིས་བལྟས་ནས་དོན་དངོས་དང་ཕན་ཐོག་ཡོད་པ། དཀྲུགས་ཤིང་གི་གཞིར་མི་འགྲོ་བ་ཞིག་བཤད་ན་ལེགས་སོ་ཞུ།

    གཞན་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་བོད་རིག་པའི་མཁས་པ་མང་པོའི་དབར་དུ་མ་མཐུན་པའི་གླེང་གཞི་བཟོས་ན་ཕན་མི་ཐོག་གི དེ་ཟེར་གི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme