Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རི་བོ་ར་ཤཱི་མོར་རྒྱལ་ཡོངས་དྲན་རྟེན།

Posted on 2015-09-122015-09-12 By ཁ་བརྡ No Comments on རི་བོ་ར་ཤཱི་མོར་རྒྱལ་ཡོངས་དྲན་རྟེན།

unnamed———ཐེ་བོ་སངས་རྒྱས།

 
ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ན་ངོ་མཚར་བའི་མིའི་རིགས་ཀྱི་འཛུགས་སྐྲུན་ཞིག་ལས། རི་བོ་ར་ཤཱི་མོར་རྒྱལ་ཡོངས་དྲན་རྟེན་Mount Rushmore National Memorial, ཞེས་རླུང་ལྟར་གྲགས་པ་དེ། ཨ་རིའི་རྐོས་རིས་མཁས་ཅན་སྐུ་ཞབས་གྷུ་ཊི་རྫོན་བྷོར་ཀི་ལིམ་Gutzon Borglum,དང་། ཁོང་གི་བུ་ལིན་ཁོ་ལན་བྷོར་ཀི་ལིམ་Lincoln Borglum,གཉིས་ཀྱིས། ཕེན་ནིང་ཐྲོན་རྫོང་ཁོངས་ལྷོ་ཌ་ཁོ་ཐྲ་South Dakota, Pennington County, ན་རི་བོ་ར་ཤཱི་མོར་བྱ་བ་མཐོ་ཚད་ལ་ཧྥེ་ཁྲི་60 feet,བརྒལ་བའི་འཛེང་རྡོའི་བྲག་ངོས་སུ། དུས་རབས་གོང་མ་དག་ལས་ཨ་རིའི་སྲིད་འཛིན་བྱས་རྗེས་ཆེ་ཤོས་བཞི་སྟེ། རྗོར་ཇེ་ཝ་ཤིང་ཐྲོན་དང་། George Washington(1732-1799) ཐོ་མན་སི་རྗེ་ཧྥེར་སོན་Thomas Jefferson(1743-1826) ཐེའོ་ཌོར་རཱོ་སེ་ཝེལ་ཐྲི་Theodore Roosevelt(1858-1919) ཨ་བྷར་ཧམ་ལིན་ཁོ་ལན་Abraham Lincoln(1809-1865) རྣམས་ཀྱི་ངོ་གཟུགས་ཆ་ཚད་དང་ལྡན་པ། གསོན་ཉམས་དོད་ལ་འདྲ་བའི་ཚད་དུ་བརྩི་བ་དེ་ཕྱི་ལོ་1927.ནས་1941.བར་འབུར་རྐོས་བརྒྱབ། དྲན་རྟེན་དེ་ཡི་སའི་རྒྱ་ཁྱོན་ནི་བསྡོམས་པའི་ཨེ་ཀར་1,278.45 acres.ཡོད་ལ། མཐོ་ཚད་རྒྱ་མཚོའི་ངོས་ནས་ཧྥེ་ཁྲི་5,725 feet,སར་ཡོད།

ལྷོ་ཌ་ཁོ་ཐྲ་ཡི་ལོ་རྒྱུས་སྨྲ་བ་ཌཱོ་ནེ་རཱོ་བྷིན་སོན་Doane Robinson, ནི་འདྲ་འབག་དེ་འདྲ་རྐོས་རྒྱག་པའི་བསམ་བློ་ཐོག་མར་འཁོར་མཁན་ཡིན་པར་བཤད། དང་པོ་ཁོའི་སེམས་ལ་ལྷོ་ཌ་ཁོ་ཐྲའི་ཡུལ་གྱི་ཁབ་རིའམ་རི་བོ་ནག་པོ་Needles(Black Hills) unnamed ཞེས་འབོད་པའི་རི་ཚོམ་ཕྲ་ཞིང་གཟེངས་རྣོ་བ་དེ་དག་ངོས་སུ། ཨ་རིའི་ནུབ་ཕྱོགས་པའི་དཔའ་བོ་ལེ་ཝི་སི་དང་ཁི་ལར་ཁི་དང་Lewis and Clark. རེ་ཌི་ཁུ་ལའོ་ཌི་Red Cloud, བྷ་ཧྥུ་ལོ་བྷིལ་ཁོ་ཌེ་Buffalo Bill Cody, ལྟ་བུའི་གདོང་འབག་རེ་བཞེངས་པར་འདོད་ཀྱང་། གྷུ་ཊི་རྫོན་གྱིས་བརྐོ་སའི་རི་དེར་མོས་མཐུན་མ་བྱས་པར་རི་བོ་ར་ཤཱི་མོར་བདམས།

མི་སྣ་ཡང་རྒྱལ་ཡོངས་རང་བཞིན་ཅན་ཏེ། སྲིད་འཛིན་བཞི་པོ་བདམས་སྒྲིག་གིས་དེ་དག་གི་འདྲ་འབག་རེ་བརྐོ་རྒྱུ་ཐག་བཅད། རྒྱུ་མཚན་ནི། ཁབ་རིའི་འཛེང་རྡོ་རྣམས་སྦོམ་ཚད་དང་རྒྱུ་སྤུས་མི་བཟང་བས་རེད། རི་བོ་ར་ཤཱི་མོར་ལ་གནས་འཆའ་བའི་ཨ་རིའི་གདོད་མའི་མི་རིགས་ཀྱི་ཤོག་ཁ་བཙན་ཡང་། རི་བོ་དེ་ཤར་ལྷོར་ཁ་ཕྱོགས་པས་ཉི་མ་ཡུན་རིང་ཕོག་པའི་དགེ་མཚན་ཡང་ཡོད་པར་བརྗོད།
མཐར་སྤྱི་མཐུན་སྲིད་གཞུང་གིས་བརྟན་པོའི་ངང་ཐེབས་རྩ་སྦྱར་བ་དང་། “རི་བོ་ར་ཤཱི་མོར་གྱི་རླབས་ཆེན་ཆབ་སྲིད་གཙོ་བཞུགས་” ཞེས་པ་དེའི་འགྲོ་གྲོན་ཆ་ཚང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཕེ་ཐྲེར་ནོར་བྷེག་Peter Norbeck,ལགས་ནས་སྤྲོ་སེམས་འཁོལ་བའི་སྒོས་སྦྱིན་བདག་བྱས། དྲན་རྟེན་དེ་ཕྱི་ལོ་ 1927.ལོར་བཟོ་སྐྲུན་གྱི་ལས་འགོ་བཙུགས་རྗེས་ཕྱི་ལོ་1934. ནས་1939. བར་སྲིད་འཛིན་རྣམས་ཀྱི་ངོ་གདོང་བརྐོས་གྲུབ།

ཕྱི་ལོ་1941.ལོའི་ཟླ་3. ནང་གྷུ་ཊི་རྫོན་བྷོར་ཀི་ལིམ་ཚེ་ལས་འདས་པ་དང་། ཁོའི་བུ་ལིན་ཁོ་ལན་བྷོར་ཀི་ལིམ་གྱིས་མུ་མཐུད་དུ་ལས་གཞི་དེའི་མཇུག་བསྐྱངས། ཡིན་ནའང་དང་ཐོག་སྲིད་འཛིན་བཞིའི་དབུ་ནས་རྐེད་པའི་བར་བརྐོ་རྒྱུ་ཁས་བླངས་པ་ནང་བཞིན་མཐའ་མ་འཁྱོལ། ཐེབས་རྩའི་མ་དངུལ་མ་འདང་བའི་སྟབས་ཀྱིས་ཕྱི་ལོ་ 1941.ལོའི་ཟླ་ 10.ཟླ་སྨད་དུ་ལས་མཚམས་བཞག རྩ་བའི་ཆ་ནས་གཞི་རྒྱ་ཆེ་བའི་རྟོག་འཆར་འཛུགས་སྐྲུན་དེ་ལེགས་གྲུབ་བྱུང་བ་རེད། རི་བོ་ར་ཤཱི་མོར་དེ་ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་མཚོན་རྟགས་སུ་གྱུར་པ་དང་། ལོ་ལྟར་ཡུལ་སྐོར་སྤྲོ་འཁྱམས་པ་མི་གྲངས་ས་ཡ་གཉིས་བརྒལ་བ་འདུ་བཞིན་ཡོད་པ་བཅས་སོ།།

ལོ་རྒྱུས།

Post navigation

Previous Post: སྤྱི་འཐུས་ཚོགས་གཙོ་མཆོག་སྲིད་སྐྱོང་ལ་བཞེངས་དགོས་དོན།
Next Post: བཅའ་སྒྲིག་དང་འགལ་ནས་སྲིད་སྤྱིའི་འོས་མིར་ལང་མཁན་ལ་ངོ་རྒོལ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme