Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་བདུན་ཕྲག་དུས་སྟོན།

Posted on 2010-04-032010-04-03 By གཡང་འབུམ་རྒྱལ་ 6 Comments on ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་བདུན་ཕྲག་དུས་སྟོན།

 

བོད་ཀྱི་དུས་བབ་ནས་བཏུས།

བོད་ཀྱི་བདུན་ཕྲག་དུས་སྟོན་ཞེས་པ་དེ་ཉིན་ ༦ རིང་ཨ་རིའི་ཨ་ཊི་ལན་ཊ་གྲོང་ཁྱེར་ཉེ་འདབས་ཀྱི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་འཚོགས་ཡོད་པ་རེད།

ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༢ ནས་ ༢༧ བར་ཨ་རིའི་ཨ་ཊི་ལན་ཊ་གྲོང་ཁྱེར་ཉེ་འདབས་ཀྱི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་བདུན་ཕྲག་ཐེངས་བཅུ་བའི་དུས་སྟོན་དེ་གོ་སྒྲིག་ཞུས་འདུག་ཅིང་། དུས་སྟོན་ཀྱི་ཉིན་དྲུག་རིང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་རྣམ་གཉིས་ཀྱིས་༼སྤྱི་ནོར་ ༧ གོང་ས་བཅུ་བཞི་བ་མཆོག་གི་དགོངས་གཞི་དེ་འགན་ཁུར་གསུམ་༽གྱི་སྐོར་ངོ་སྤྲོད་གསུང་བཤད། འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པས་དཀྱིལ་འཁོར་བཞེངས་སྟོན་དང་གར་འཆམ་འཁྲབ་སྟོན། ནོར་བུ་གླིང་གའི་ལྷ་བྲིས་པས་ཐང་ག་འབྲི་སྟོན་ངོ་སྤྲོད།  བོད་རང་དབང་སློབ་ཕྲུག་ཚོགས་པས་བོད་སྐོར་གློག་བརྙན་སྟོན་འབུལ། དགེ་འདུན་པ་དང་སྒོམ་སྒྲུབ་ཉམས་ལེན་པས་བློ་སྦྱོང་སྒོམ་སྒྲུབ་སྐོར་ངོ་སྤྲོད། ཉིག་ཡོག་གྲོང་ཁྱེར་དུ་ཡོད་པའི་རུ་སྤན་འགྲེམ་སྟོན་ཁང་གི་ལས་བྱེད་ཀྱིས་ ༼༧ གོང་ས་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་༽བརྙན་པར་ལམ་ནས་ངོ་སྤྲོད་གཏམ་བཤད།  ཨེ་མོ་རི་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་ཚན་རིག་ལས་རིམ་གྱི་དགེ་རྒན་རྣམ་པས་ཚན་རིག་ལས་རིམ་སྐོར་ངོ་སྤྲོད་དང་བོད་ཀྱི་དགོན་སྡེ་ཁག་ལ་ཚན་རིག་སློབ་ཁྲིད་བྱེད་པའི་དཀའ་ངལ་དང་དགེ་ཕན་སྐོར་ལ་བགྲོ་གླེང་། ཚན་རིག་དང་ནང་ཆོས་མཉམ་འབྲེལ་ཐོག་ཤེས་ཡོན་སྤེལ་ཐབས།  ཀོ་ལུམ་སྦི་ཡ་སློབ་གྲྭ་ཆེན་མོའི་ནང་ཆོས་མཁས་པ་རོ་སྦིར་ ཐུར་རྨན་གྱིས་༼ཏཱ་ལའི་བླ་མ་སྔར་ལས་གནད་འགག་ཆེ་༽ཞེས་པའི་བརྗོད་གཞི་ཐོག་གཏམ་བཤད།  ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་གྱིས་༼དཀྱིལ་འཁོར་གྱི་མཚོན་རྟགས་༽ཞེས་པའི་བརྗོད་གཞི་ཐོག་གཏམ་བཤད་བཅས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་ལས་རིམ་མང་པོ་སྤེལ་འདུག་པར།  དུས་སྟོན་འདིར་ཨེ་མོ་རི་དང་བློ་གསལ་གླིང་དགོན་པའི་དགེ་སློབ་ལས་བྱེད་གཙོས་པའི་ས་དེ་གའི་ཡུལ་མི་སྟོང་ཕྲག་མང་པོ་ཆེད་བཅར་མཉམ་ཞུགས་བྱས་ཡོད།

yangbum-1941

yangbum-1981བློ་གསལ་གླིང་དགེ་འདུན་པས་སྨོན་ལམ་གསུང་བའམ་དཀྱིལ་འཁོར་བཞེངས་བཞིན་པ།

ཨེ་མོ་རི་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་ལས་རིམ་གྱི་ཆ་ཤས་ཤིག་ནི་དེང་དུས་ཚན་རིག་གི་ཐ་སྙད་རྣམས་བོད་སྐད་དུ་ཕབ་སྒྱུར་བྱ་རྒྱུ་དེ་ཡིན་སྟབས། ལས་རིམ་དེ་དོན་ཕན་ལྡན་པ་ཞིག་ཡོང་ཆེད་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་བོད་ཀྱི་ཚན་རིག་ཡིག་སྒྱུར་བྱ་བའི་བགྲོ་གླེང་ཚོགས་འདུ་ཞིག་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་གོ་སྒྲིག་ཞུ་བཞིན་ཡོད་པ་དང་།  ཐེངས་གཉིས་པའི་རྒྱལ་སྤྱིའི་བོད་ཀྱི་ལོ་ཙྰའི་བགྲོ་གླེང་ཚོགས་འདུ་དེ་དུས་སྟོན་འདི་དང་བསྟུན་ཏེ་གོ་སྒྲིག་བྱས་འདུག་པར།  རྒྱ་གར་དང་ཨ་རིའི་མཐོ་སློབ་ཁག་གི་བོད་ཀྱི་རིག་གཞུང་དོན་གཉེར་པ།  ཨེ་མོ་རིའི་དགེ་རྒན་དང་ཚན་རིག་དོན་གཉེར་པ་མང་པོ་ཞིག་གིས་ཉིན་བཞིའི་རིང་སོ་སོའི་བསམ་ཚུལ་དང་ཉམས་མྱོང་། ཡིག་སྒྱུར་བྱེད་ཐབས་ཀྱི་དཀའ་གནད། ཚན་རིག་གི་ཐ་སྙད་ཉིས་བརྒྱ་ལྷག་གི་སྟེང་བགྲོ་གླེང་ལྷུག་པོ་བྱས་ཡོད།yangbum-197བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་གསུང་བཤད་གནང་བཞིན་པ།
ཕྱི་ལོ་ ༢༠༠༧ ལོར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ནོར་ ༧ གོང་ས་བཅུ་བཞི་བ་མཆོག་ལ་Presidential Distinguished Professor མཚན་ཐོབ་ཕུལ་ཞིང་།  ༧ གོང་ས་མཆོག་ནང་ཆོས་ཚན་རིག་དང་འབྲེལ་བའི་མཛད་རིམ་མང་པོ་ཞིག་གི་ཆེད་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༧ ནས་ ༡༩ བར་སླར་ཡང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་སྒྱུར་གནང་གཏན་འཁེལ་འདུག །
academics_16༧ གོང་ས་མཆོག་དང་ཨེ་མོ་རིའི་དགེ་བཤེས་བློ་བཟང་བསྟན་འཛིན་སོགས།

 གནས་ཚུལ་མཁོ་གཏོང་བ་གཡང་འབུམ་རྒྱལ།

གསར་འགྱུར།

Post navigation

Previous Post: བྱིས་སྒྲུང་བསྡུ་ལེན།
Next Post: རང་དབང་།

Comments (6) on “ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་བདུན་ཕྲག་དུས་སྟོན།”

  1. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-04-03 at 11:20 am

    ལས་དོན་འདིའི་གོ་སྒྲིག་པ་དང་ལས་སྣེ་པ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།

  2. ཀརྨ་རྡོ་རྗེ་ says:
    2010-04-03 at 4:24 pm

    དགེ་བཤེས་བློ་བཟང་བསྟན་འཛིན་སྦུ་གྲོ་ལགས། ༧སྐུ་འདུན་གྱི་ཕྱག་གཡོན་ཕྱོགས་ཀྱི་བུད་མེད་མིག་ཤེལ་ཅན་དེ་སུ་རེད།

  3. རྨེ་རུ། says:
    2010-04-04 at 7:42 am

    ཨི་མོ་རིའི་མཐོ་སློབ་ཀྱིས་བོད་དོན་དང་འབྲེལ་པའི་ལས་འགུལ་འདེ་འདྲ་སྤེལ་བར་ཐུགས་རྗེ་ཆེ་གྲངས་མེད་དང་ལས་འགུལ་འདི་ལ་མཉམ་ཞུགས་གནང་ཡོང་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ།

  4. བསམ་འཕེལ། says:
    2010-04-04 at 9:22 am

    ཀརྨ་རྡོ་རྗེ་ལགས། ཨ་ཅག་དེའི་མཚན་ལ་ཧོ་ལི། སེ་མེཊ་ཀོ་ཟེར། ཁོང་ཨེ་མོ་རི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་བ་དྲག་ཅན་ཞིག་རེད། ཁོང་གི་མཚན་དང་ཕྱག་ལས་དབྱིན་ཡིག་ཏུ་འདི་ལྟར་ཡིན།
    Holli A. Semetko, Professor, Vice Provost for International Affairs and Director of The Claus M. Halle Institute for Global Learning
    སྐུ་དཔར་དེ་བཞིན་ ༢༠༠༧ ཕྱི་ཟླ་ ༡ ནང་༧གོང་ས་མཆོག་གིས་ཨེ་མོ་རི་གཙུག་ལག་སློབ་གྲྭའི་གཙོ་འཛིན་ཁྱད་འཕགས་ཀྱི་སློབ་དགེ་ཆེན་མོ་གནང་རྒྱུར་ཞལ་བཞེས་གནང་སྐབས་བསྒྲོན་པ་ཞིག་རེད་འདུག ད་དུང་ཡང་གནས་ཚུལ་མང་བ་མཁྱེན་འདོད་ན་འདིར་གཟིགས་རོགས། http://www.tibet.emory.edu/academics/index.html

  5. ཀརྨ་རྡོ་རྗེ་ says:
    2010-04-04 at 5:07 pm

    བསམ་འཕེལ་ལགས་ཀྱི། ངོ་སྤྲོད་ལ། ཐུགས་རྗེ་ཆེ།

  6. yangbum says:
    2010-04-06 at 1:21 pm

    བསམ་འཕེལ་ལགས་ནས་ངོ་སྤྲོད་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme