Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་མཁར་བྱམས་ལ་འོས་ཐོབ་ཀྱི་མ་རེད་སྙམ།

Posted on 2015-09-102015-09-10 By ཁ་བརྡ 26 Comments on ཀླུ་མཁར་བྱམས་ལ་འོས་ཐོབ་ཀྱི་མ་རེད་སྙམ།

སྐར་ཁྲི་བཙན།

 
གུས་པར་ཀླུ་མཁར་བྱམས་ལ་འོས་ཤོག་གི་རྒྱལ་ཁ་ཐོབ་པའི་གདེང་ཚོད་མེད་ལ། ད་ལྟ་སྐབས་བཅུ་དྲུག་པའི་སྲིད་སྐྱོང་ལ་བཞེང་བཞིན་པའི་འོས་མི་གཞན་ཚང་མ་མཉམ་གཅིག་ཏུ་སྡེབ་པ་ན། སྐད་ཆའི་དྲང་བདེན་དང་། ཆབ་སྲིད་ཀྱི་གོ་རྟོགས། བོད་སྤྱི་བར་སེམས་གཏིང་ནས་འགན་ཁུར་བ་སོགས་མདོར་ན་ཀླུ་མཁར་བྱམས་ཀྱི་གཏམ་བཤད་ཀྱི་ཕྱེད་ཀའི་དོ་ཟླ་མི་ཡོང་བའི་ཡིད་ཆེས་ཀྱང་བརྟན་པོ་ཡོད། ཀླུ་མཁར་བྱམས་ལ་མེད་པ་ནི་གོང་ལ་སྤྲེལ་ལད་དང་དམངས་ལ་མགོ་སྐོར་བཏང་བའི་ཉམས་མྱོང་མི་འདུག་སྙམ།

ཀླུ་མཁར་བྱམས་ལ་མེད་པ་ནི་མ་འོངས་ལུང་བསྟན་གྱི་ཚུལ་དུ་བོད་སྤྱི་བའི་ལས་དོན་ལ་བླ་ན་མེད་པ་ཅིག་བྱ་མདོག་གིས་མི་མང་གི་བློ་འགུག་པའི་ནུས་པ་མེད་པར་འདོད།
ཀླུ་མཁར་བྱམས་ལ་མེད་པ་ནི་༧གོང་ས་མཆོག་གི་མཚན་བེད་སྤྱོད་ཀྱིས་དཀར་པོ་བཟོ་འདོད་ན་དཀར་པོ་དང་ནག་པོ་བཟོ་བསམ་ན་ནག་པོ་བཟོ་མཁས་པའི་གོམས་གཤིས་མི་འདུག་སེམས།

མདོར་ན་ཀླུ་མཁར་བྱམས་ལ་མེད་པ་ནི་ཁ་ནས་ཞེ་ས་རྐྱང་རྐྱང་དང་ཁོག་ན་ངན་དགུའི་མུན་པ་འཐིབ་མེད་པར་འདོད། ཀླུ་མཁར་བྱམས་ལ་འོས་ཤོག་གི་རྒྱལ་ཁ་མ་ཐོབ་ཀྱང་ཁོང་གི་ཚད་མཐོ་བའི་རྣམ་དཔྱོད་དང་སྤོབས་པ་ནམ་ཡང་ཉམས་ཀྱི་མ་རེད་འདོད། གང་ཡིན་ཟེར་ན། གྲངས་ཀ་ཉུང་ཡང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་བུ་དག་ནི་གནས་ལུགས་དང་དྲང་བདེན་གྱི་ལམ་ལ་བསྙེག་མཁན་ཤ་སྟག་རེད་ལ་བཙན་བྱོལ་ནང་གི་སྙུག་འཛིན་པ་རྩེ་ཏོག་གི་སྡེ་ཡིན་པས།
བྲན་གཡོག་གཤིས་ཀ་ལ་མོས་པ་མེད་པའི་ཀླུ་མཁར་བ། དད་པ་ལོག་སྤྱོད་ཀྱི་ལུགས་སྲོལ་མེད་པའི་ཀླུ་མཁར་བ། དམར་པོའི་ངན་གཤིས་ལ་རྒྱུས་མངའ་ཡོད་པའི་ཀླུ་མཁར་བ། བོད་ཀྱི་ལོ་རྒྱུས་ལ་བྱང་ཆ་ལྡན་པའི་ཀླུ་མཁར་བ། དགྲ་བོའི་ཁ་གཏད་ལ་འཆར་གཞི་ཟབ་པའི་ཀླུ་མཁར་བ། དམངས་གཙོའི་སློང་ཕོར་མཁའ་རུ་འདེགས་པའི་མི་མང་གིས་ཁྱེད་མཐོང་མི་སྲིད། ང་ཚོ་ལ་ད་དུང་དམངས་གཙོའི་སློང་ཕོར་ཙམ་ལས་མེད་པས་སོ།

བསམ་ཚུལ།

Post navigation

Previous Post: སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ལ་བཅར་འདྲི།
Next Post: ཟླ་བ་ཆོས་གྲགས་ཀྱི་སྙན་ངག

Comments (26) on “ཀླུ་མཁར་བྱམས་ལ་འོས་ཐོབ་ཀྱི་མ་རེད་སྙམ།”

  1. རྟ་བདུན་དབང་བོ says:
    2015-09-11 at 12:38 am

    ད་ཐེངས་ཀླུ་མཁར་བྱམས་སྲིད་སྐྱོང་ལ་མ་ཐོབ་ན་ལེགས། གལ་ཏེ་ཐོབ་ན་མཇུག་སྐྱོང་རྒྱུ་དཀའ་ལས་རེད། སྤོབས་པ་གཅིག་པོས་སྲིད་སྐྱོང་གི་འགན་འཁུར་ཐུབ་ཀྱི་མ་རེད། སྲིད་སྐྱོང་ནི་ཐབས་ཤེས་གཉིས་འཛོམས་ལྡན་པའི་མི་ཞིག་ངེས་པར་དུ་ཡིན་དགོས། ད་དུང་ཀླུ་མཁར་མཆོག་ལོ་ཆུང་ཡིན་སྟབས་འོས་འདེམས་རྗེས་མའི་སྐབས་སུ་ལེགས། །

  2. ཀརྨ་བློ་གསལ་ says:
    2015-09-11 at 1:27 am

    སེམས་ཁུར་གནང་དགོས་ཡོག་མ་རེད། ཁོང་ནི་སྐུ་མདུན་ནས་འཚོལ་བཞིན་པའི་མི་དྲག་ག་དེ་རེད་ཟེར།

  3. ཅོ་རི་ཉི་མ། says:
    2015-09-11 at 3:05 am

    སྐར་ཁྲི་བཙན་ལགས། བཀྲ་ཤིས་བདེ་ལེགས། ཁྱོད་ནི་ཨ་མདོ་བ་ལ་སྐྱེས་ཕོ་རབ་ཀྱི་མཚན་ཉིད་ཚང་ཡོད་པའི་མི་ཞིག་ཡོད་པ་དེ་རེད་བསམས་ཀྱི་ཡོད། དེ་རིང་འདིར་བསླེབས་པར་དགའ་པོ་བྱུང་།

  4. ཞོལ་གཡག་འབྲོང་རྒྱུད། says:
    2015-09-11 at 4:02 am

    དེ་དེ་བཞིན་ནོ། ད་ལྟའི་གནས་སྐབས་མི་ངན་གྱིས་བསྟན་པ་བསྐྱངས་བསྡད་ཡོད་ཙང་དྲང་པོ་ཐར་སའི་ལམ་ཁ་མེད།

  5. བསོད་ནམས་སྒྲོལ་དཀར། says:
    2015-09-11 at 4:52 am

    སྲིད་སྐྱོང་ཀླུ་མཁར་བྱམས་ལ་སེམས་སྟེང་ནས་རྒྱབ་སྐྱོར་ཡོད། ད་ཐེངས་ཁོར་སྲིད་སྐྱོང་གི་རྐུབ་སྟེགས་མ་ཐོབ་ན། ང་རང་ངོས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པའི་ཚོགས་པ་དེར་ཡིད་ཆེས་མེད་ལ། རེ་བའང་མེད། དེ་བས་རང་བཙན་ལག་དེབ་བཅའ་དངུལ་ཡང་སྤྲད་འདོད་མེད།
    ང་ཚོར་༧གོང་ས་མཆོག་གི་མཚན་བེད་སྤྱོད་གཏོང་མཁན་གྱི་བློ་བཟང་སེང་གེ་ལྟ་བུའི་མི་ངན་ལྐོག་ཟ་རུལ་སུངས་བྱེད་མཁན་ཞིག་དགོས་དོན་མེད། དེ་མིན་ཚང་མས་ཤེས་དགོས་པ་ཞིག་ལ།
    རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་པ་ཚོ། བོད་རང་བཙན་གྱི་ཆེད་དུ་འཇིག་རྟེན་འདི་དང་ཁ་བྲལ་ཚང་མས་གསལ་པོ་ཤེས་དགོས།

  6. བསྟན་རྣམ། says:
    2015-09-11 at 7:17 am

    ཀླུ་མཁར་བྱམས་ལ་སྲིད་སྐྱོང་ཐོབ་རྒྱུ་མིན་པ་དེ་སུས་བལྟས་ཀྱང་ཤེས་གི་ཡོད་རེད། རྒྱབ་སྐྱོར་ཡིན་ཟེར་མཁན་ཚོས་ཀྱང་ཤེས་གི་ཡོད་རེད། སྲིད་སྐྱོང་སུ་ལ་ཐོབ་ཀྱི་ཡོད་མེད་མ་ཤེས་མཁན་གྱི་སྲིད་དོན་དབྱེ་ཞིབ་བྱེད་མཁན་འདི་དག་དགོད་རེ་བྲོ། སྲིད་སྐྱོང་གི་རྐུབ་རྟགས་ཚ་བོ་དེ་ནི་སྤེན་ཚེ་དང་བཀྲ་དབང་སོགས་སུ་གཅིག་གིས་ཀྱང་མ་རེད། སྲིད་སྐྱོང་བློ་སེང་གི་རེད། སྲིད་སྐྱོང་བློ་སེང་ལྷོ་ཕྱོགས་གཞིས་ཆགས་ཁག་ལ་ཕྱིན་པ་ལས་གསལ་པོར་ཤེས་གི་རེད། སྲིད་སྐྱོང་བློ་སེང་གི་ལངས་ཕྱོགས་དེ་དབུ་ལམ་ཡིན་པར་བརྗོད་པས་ངེད་གཉིས་ལངས་ཕྱོགས་ཐད་ཤིན་ཏུ་མཐུན་ཡང་། བློ་སེང་འདི་བ་ཚང་ལ་བློ་གཏད་ཆོག་པ་ཞིག་མི་འདུག ཁོང་གིས་ཆཱིག་སྒྲིལ། རང་ཁ་རང་གསོ། གསར་གཏོད་ཟེར་ནས་སླེབས་ཀྱང་ལས་ཀ་བྱས་པ་དེ་ཚོར་ལྟ་དུས་ཡ་མཚན་དེ་འདྲ་འདུག སྤེན་ཚེ་དང་བཀྲ་དབང་གཉིས་ལ་བློ་སེང་ལས་ལྷག་པའི་འཇོན་ཐང་དང་བྱེད་རྒྱུ་གང་ཡང་མེད་པ་མ་ཟད། བློ་སེང་ལས་ཀྱང་སྐྱོ་བ་ཡོད་རེད་དྲན། གང་ལྟར་ཡང་འདེམས་རྒྱུ་གཞན་མེད་དུས་ལྟ་བ་ཙམ་མཐུན་པ་དེའང་གལ་ཆེན་ཡིན་པས། ངས་སྲིད་སྐྱོང་བློ་སེང་ལ་ཡང་བསྐྱར་བླུགས་གི་ཡིན། ཡིན་ནའང་རེ་བ་ཆེན་པོ་ནམ་ཡང་རྒྱག་གི་མིན།

  7. ལུང་རྟོགས། says:
    2015-09-11 at 7:48 am

    བུད་མེད་ཀྱི་སྐད་ཆ་ནི་བུད་མེད་ཀྱི་སྐད་ཆ་རང་རེད། གང་ཟག་བྱེ་བྲག་པ་ཞིག་ལ་དགའ་མི་དགའི་རྒྱུ་མཚན་གྱིས་གཞུང་ལ་ཡིད་ཆེས་མེད་བཅའ་དངུལ་ཡང་སྤྲད་ཀྱི་མིན་ཟེར་ན་བྱབ་ཆུང་གི་སྐད་ཆ་རེད། རྒྱལ་ཞེན་ལྷག་བསམ་ཅན་གྱི་བོད་རང་དབང་གི་ཆེད་དུ་མེར་བསྲེགས་གནང་མཁན་ཚོའི་ཆེད་དུ་བྱེད་སྟངས་སྒྲུབ་སྟངས་འདི་ཨེ་རེད། མ་གཞི་ཁྱོད་ཚོས་དབུ་ཁྲིད་ལ་རྒྱབ་སྐྱོར་བྱེད་སྟངས་ནི་སྒེར་གྱི་དགའ་མིན་དགའ་དོག་ཙམ་ལས། བོད་སྤྱི་པའི་དོན་དུ་མིན་པ་སྐད་ཆ་འདི་ཚོའི་སྟེང་ནས་གསལ་པོ་མཐོང་ཡོང་གི་འདུག

  8. པདྨ་ says:
    2015-09-11 at 9:55 am

    དངོས་གནས་ཀླུ་མཁར་འབྱམས་ལགས་ད་རེས་སྲིད་སྐྱོང་གི་འོས་མིར་བཞེངས་པ་ལ་དགའ་བསུ་ཡོད། ལྷག་པར་དུ་ལྟ་གྲུབ་མི་གཅིག་པའི་འོས་མི་ཞིག་ཐོན་པ་ནི་མང་གཙོའི་ཁེ་དབང་གི་གཟི་བརྗིད་རེད། འོན་ཀྱང་ཉེ་ལམ་ནས་ཀླུ་མཁར་འབྱམས་ལགས་ཀྱི་བཅར་འདྲི་ཁག་བྱེད་པའི་ནང་དུ་མང་ཚོགས་དཀྱུས་མའི་རྒྱབ་སྐྱོར་ལས་འོས་འགའ་ཞིག་འཐོབ་པའི་ངན་སེམས་བཅངས་ནས་། ༸གོང་ས་མཆོག་ལ་དད་པ་ཡོད་ལུགས་དང་སྔོན་མའི་སྤྱི་ཚོགས་ནང་དུ་ཁྱབ་གདལ་དུ་སོང་བའི་ཁོང་གི་ཉེས་ཁག་རྣམས་རྫུས་མ་ཡིན་ལུགས་སོགས་བཤད་དང་ཤོད་བཞིན་པ་ནི་ཡ་མཚན་ཞིག་ཏུ་སྣང། སྔོན་མ་འོས་མི་དགོས་པའི་སྐབས་སུ་ཧ་ལམ་ཞེ་པོ་བྱེད་ཐུབ་ཀྱི་ཡོད་མདོག་མདོག་གི་རྣམ་འགྱུར་འདྲ་མིན་ཞིག་བསྟན་ཡོད་ནའང་། ད་སྐབས་ཉམ་ཆུང་བྱི་ལ་ལྟ་བུར་འགྱུར་འདུག

    སོལ་བ་ཇི་ཙམ་འཁྲུས་ཀྱང་གསེར་དུ་འགྱུར་ཐབས་མེད་པ་བཞིན་དུ། མང་ཚོགས་ལ་བསྐྱར་བཤད་ཡང་བཤད་གསལ་བཤད་ཇི་ཙམ་བྱེད་ཀྱང་ཁྱེད་ནི་ནག་པོ་ལས་དཀར་པོ་འགྱུར་ཐབས་མེད་པ་རེད།

  9. གནམ says:
    2015-09-11 at 10:02 am

    (བྲན་གཡོག་གཤིས་ཀ་ལ་མོས་པ་མེད་པའི་ཀླུ་མཁར་བ།)
    སྟོད་མི་ཤེས་ནི་ཞིག་གིས་སྟོད་པ་ལས། སྨད་མི་ཤེས་ནི་ཞིག་གིས་སྨད་ན་དགའ་ཟེར་བ་དེ་འདི་འདྲ་ཟེར་ནི་རེད།

    བྲན་དང་གཡོག་བྱེད་པའི་གཤིས་ཀ་ལ་མི་མོས་ན། སྟག་དང་གཟུག་བྱས་ནས་ང་ཚོ་རྫིག་རྫིག་བྱེད་རྒྱུའི་གཤིས་ཀ་ཡོད་ནི་ཨེ་རེད། ཧ་ཧ་ཧ། ད་གཡུག་ཤོག།

  10. ཅོ་རི་ཉི་མ། says:
    2015-09-11 at 10:44 am

    གུན་ཁྲན་ཏང་གི་དཔོན་རིགས་སྟག་འདྲ་གཟིག་འདྲ་དེ་ཚོས་རྫིག་རྫིག་བྱེད་འོང་དུས་ཞི་མི་ལྟར་ཆགས་འགྲོ་གི་རེད་པྭ། གྲོས་མོལ་བྱེད་འདོད་ཡོད། བྲན་གཡོག་ངས་བྱེད་ཆོག ཏང་ཁྲིམས་ངས་ཁུར་ཆོག དམར་ཁྲིམས་ངས་སྲུང་ཆོག་ཟེར་མཁན་ཁྱོད་ཚོ་ལ་བྲན་གཡོག་གི་གོམས་གཤིས་ཆགས་ཚར་བ་རེད།

    རང་ཉིད་བྲན་གཡོག་ཡིན་པར་ངོ་ཤེས་ཀྱི་མ་རེད། བྲན་གཡོག་གྱི་གནས་བབ་ཤིག་རག་ན་གཟི་བརྗིད་ཡིན་བསམས་ཀྱི་ཡོད་རེད། ཀླུ་བྱམས་ཀྱིས་བྲན་གཤིས་ལ་ངོ་རྒོལ་བྱས་ནས་བོད་མི་ནང་ཁུལ་དུ་སྟག་སེང་ནང་བཞིན་རྫིག་རྫིག་བྱེད་ཀྱི་ཡིན་ཟེར་གྱི་ཡོད་མ་རེད། དེ་ཁྱོད་རང་གི་རྣམ་རྟོག་རེད།

    དམངས་གཙོའི་ཁྲིམས་དང་སྒྲིག་གཞིའི་འོག་ཏུ་འདྲ་མཉམ་གྱི་འཚོ་བ་དང་འདྲ་མཉམ་གྱི་ཐོབ་ཐང་ལ་ལོངས་སྤྱོད་དགོས་རེད་ཟེར་གྱི་ཡོད་རེད། རང་གི་ཁེ་ཕན་ཆེད་དུ་དད་པ་བེད་སྤྱོད་བཏང་ནས་གཞན་གྱི་ཐོང་ཐང་ལ་རྡོག་རོལ་དང་། གཞན་གྱི་སེམས་ཁམས་ལ་དབང་སྒྱུར་བྱས་ནས་བྲན་གཡོག་བཀོལ་ན་འགྲིག་གི་ཡོད་མ་རེད་ཟེར་བཞིན་གདའ།

  11. ཅོ་རི་ཉི་མ། says:
    2015-09-11 at 10:58 am

    རླིག་འབྲས་བཏོན་ཟིན་པའི་ཉུག་རུམ་པ་ཚོས་ཀྱང་གོང་མའི་ཕོ་བྲང་ནང་གི་རང་ཉིད་ཀྱི་བྲན་གཡོག་གྱི་མི་ཚེ་དེར་ངོ་ཤེས་ཀྱི་མེད་པ་རེད། དེ་ལས་ལྡོག་ཏེ་ཉུག་རུམ་པ་བྱས་ཀྱི་བྱུང་བ་གཟི་བརྗིད་ཡིན་བསམས་ཀྱི་ཡོད་པ་རེད། འདི་ཕྱི་གཉིས་ཀྱི་དོན་ཆེན་ཡིན་བསམས་ཀྱི་ཡོད་པ་རེད།

    སྔོན་མར་དབྱིན་ཇུས་བ་ཚོས་རྒྱ་ནག་གོང་མ་ལ་ཉུག་རུམ་པ་ཚོ་བྲན་གཡོག་བཀོལ་བ་འདི་ཡག་པོ་མ་རེད། བཅིངས་གྲོལ་གཏོང་དགོས་རེད་ཅེས་བཤད་པ་རེད། དེར་དུས་ཉུག་རུམ་པ་ཚོ་དབྱིན་ཇུས་བའི་ཐོག་ཏུ་ངར་ནས་ཁྱོད་ཚོ་ལ་ཇུས་གཏོགས་མེད། ང་ཚོས་གོང་མའི་ཕོ་བྲང་ནང་དུ་ཞབས་ཞུ་བྱེད་ཀྱི་གོ་སྐབས་བྱུང་བ་ནི་ཁྱིམ་ཚང་གི་གཟི་བརྗིད་ཡིན། ང་ཚོའི་མི་ཚེའི་འདི་ཕྱི་གཉིས་ཀྱི་དོན་ཆེན་ཡིན་ཟེར་ནས་དབྱིན་ཇུས་ཚོའི་ཐོག་ཏུ་ངར་ངར་རྫིག་རྫིག་བྱས་ནས་བཤད་པ་རེད།

    ཅིའི་ཕྱིར་དུ་རླིག་འབྲས་ལེན་ཟིན་པའི་ཉུག་རུམ་པ་ཚོས་དེ་ལྟར་བཤད་ཀྱི་ཡོད་རེད་ཞེ་ན། ཉུག་རུམ་པ་ཚོས་རང་ཉིད་བྲན་གཡོག་ཡིན་པར་རང་གིས་ངོ་ཤེས་ཀྱི་མེད་པས་ཡིན་པར་རེད། བོད་མི་ཚོས་ནང་དུ་ཡང་རང་ཉིད་བྲན་གཡོག་ཡིན་པར་རང་ཉིད་ཀྱིས་ངོ་མི་ཤེས་མཁན་མང་པོ་ཡོད་ངེས་རེད་གདའ།

  12. ཅོ་རི་ཉི་མ། says:
    2015-09-11 at 11:01 am

    ཉུག་རུམ་པའི་གཏམ་འདི་ཡོང་ཁུངས་མཁས་དབང་ལྷ་སྡེ་གནམ་ལོ་ཡག་རེད། ཁོང་གིས་ཁ་བརྡའི་ཐོག་ཏུ་བཤད་མྱངས་ཡོད།

  13. ལྷ།བྱ་འཕུར་མ། says:
    2015-09-11 at 1:48 pm

    ངས་མ་འོངས་པར་རང་གི་ལག་དེབ་དཔྱ་ཁྲལ་གྱི་དངུལ་ཏཱ་ལའི་བླ་མའི་ཐབས་རྩ་ལ་འབུལ་ངེས་ཡིན།

  14. ལྷ།བྱ་འཕུར་མ། says:
    2015-09-11 at 2:10 pm

    ཁ་བརྡ་ལགས། ངས་གློག་ཀླད་བརྒྱུད་ནས་ཁ་བརྡ་ནང་མཆན་འཇོག་མི་ཐུབ་པ་དང་ཁ་པར་བརྒྱུད་ནས་ཁ་བརྡ་ནང་མཆན་འཇོག་ཐུབ་པ་གཉིས་ག་རེ་ཡིན་ནམ། ངའི་གློག་ཀླད་ཀྱི་སྐྱོན་རེད་ཡང་ན་ཁ་བརྡས་བཀག་འགོག་འདྲ་གནང་ཡོད་མེད་གསལ་བཤད་གནང་རོགས་ཡོང་བ་ཞུ།

  15. བདེན་པའི་ཕོ་ཉ་ says:
    2015-09-12 at 12:18 am

    ཀླུ་མཁར་བྱམས་ལ་སྲིད་སྐྱོང་ཐོབ་པའིརེ་བ་མེད་རེད་སྲིད་སྐྱོང་ནི་བློ་སེང་ལ་ཐོབ་གི་རེད་གང་ལག་ཞུས་ན་ཁོ་པ་ནི་གཞིས་ཆགས་ཁག་དང་དགོན་ཁག་རྣམས་ལ་གཞུང་གྲོན་བཏང་ནས་བསྐོར་བསྐྱོད་བྱས་ནས་མི་མང་ལ་མགོ་འཁོར་བཏང་བ་ནས་ཤེས་ཐུབ་

  16. གཡུ་བྲག says:
    2015-09-12 at 2:06 am

    ཁར་ཉིན་བློ་སེང་མོན་སྒོ་ལ་སླེབས་དུས་ང་དེར་ཡོད། སྤྱིར་བཏང་ད་ཐེངས་ཁོ་ཡོང་བ་གཞུང་དོན་ཡིན་ཡང་ཟ་དང་ཟུར་ནས་སྐབས་རྗེས་མའི་ སྲིད་སྐྱོང་གི་འོས་ཤོག་ཆེད་ཁྱབ་སྒྲག་བྱེད་བཞིན་འདུག

  17. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-12 at 2:08 am

    དེང་སྐབས་ཀླུ་མཁའ་ལ་རྐུབ་ལྕག་ཐོབ་མིན་གལ་ཆེ་མ་རེད། བོད་མིའི་ལས་དབང་ལ་རྫོགས་ཚིག་བཀོད་འགྲོ་ཀི་ཡོད་རེད། མངོན་གསལ་མེད་པའི་ནད་པ་ཡུན་རིང་མལ་ནང་ལྷག་ཡོད་པ་དེར་སྨན་བཅོས་ཡང་དག་ཅིག་བཟོ་མ་ཐུབ་ནས་ལྷག་ཡོད། སྨན་པ་ཡག་པོ་དང་སྨན་སྤུས་དག་ཡོད་རེད་ཀྱང་ནད་པ་བདག་པོ་ནང་མི་ལ་ནད་པ་དྲག་བསྐྱེད་ཀྱི་བསམ་བློ་ཡོད་མ་རེད། ནད་པ་དེར་ནད་ཟུག་དྲག་པོ་མ་རྒྱག་ཚེ་མིག་སྔར་བདེ་ཙམ་གྱིས་ཕྱི་མའི་ལམ་དུ་བརྫངས་ཀྱི་ཡོད། དེ་འདྲ་ཡིན་དུས་ནད་པའི་ནང་མི་ལ་དངོས་ཤུགས་བརྒྱུད་གསུམ་ནས་བཤད་ཀྱང་གསན་ཀི་ཡོད་མ་རེད། དེར་བརྟེན་ནད་པས་གནས་ཚུལ་ཆ་ཚང་ཤེས་དུས་སེམས་ལ་ག་རེ་དྲན་གྱི་རེད་དམ།

  18. ལྷ།བྱ་འཕུར་མ། says:
    2015-09-12 at 9:32 am

    གང་ལྟར་ཁ་བརྡ་ཚང་གིས་མཆན་འབྲི་པའི་རང་དབང་མི་སྤྲོད་ཀི

  19. ལྷ།བྱ་འཕུར་མ། says:
    2015-09-12 at 9:33 am

    ཡ་མཚན། ཡང་མཆན་གཏོང་ཐུབ་ཀི

  20. ལྷ།བྱ་འཕུར་མ། says:
    2015-09-12 at 9:33 am

    ཡ་མཚན། ཡང་མཆན་བུད་ད། གང་ནས་མ་འགྲིག་ནི་མརེད།

  21. བེ་རེ་གདོང་ནག says:
    2015-09-12 at 10:21 am

    ལས་མེད་ཅོལ་ཆུང་ཚོས་ནམ་རྒྱུན་ནས་རང་བཙན་བློས་བཏང་ཚུལ་བཤད་ནས་༧གོང་ས་མཆོག་དང་བོད་གཞུང་གི་ཆེ་མཐོའི་མི་སྣ་ལ་མི་དགའ་བས་ཀླུ་བྱམས་ཀྱིས་བཤད་བཞིན་པའི་བྲན་གཡོག་དང་དད་པ་ལོག་སྤྱོད་ལ་ངོ་རྒོལ་ཟེར་བ་སྤེན་ཚེ་སོགས་ལ་ཟུར་ཟ་རེད་བསམ་སྟེ་ཁོ་ཚོའི་བསམ་ཐོག་ལ་རྟ་རྒྱུགས་ཏེ་ཀླུ་བྱམས་རྫིག་རབས་རྒྱན་རབས། རང་ཚུགས་ཆེ་ལུགས་བཤད་དེ་རྒྱབ་སྐྱོར་ཡོད་མདོག་གིས་ཀླུ་བྱམས་ལ་ཕུད་རྒྱབ་སྟེ་ལྒང་བུགས་འདྲ་བཟོས་ཀྱང་ཀླུ་བྱམས་་ཀྱིས་ཀྱང་ཅོལ་ཆུང་ཁག་ཅིག་གི་རྒྱབ་སྐྱོར་གྱིས་ཅི་ཡང་མི་ཡོང་བ་ཧ་གོ་ནས་ཁོ་པ་ཡང་དད་པ་ཡོད་མདོག་དང་༧ གོང་ས་མཆོག་ལ་ཟུར་ཟ་བྱས་མེད་རབས་བཤད་མགོ་ཚུགས་ཏེ་ཅོལ་ཆུང་ཚོ་གནམ་ལ་བཀྱག་སྟེ་ས་ལ་བརྡབ་ཡ་གཏན་འཁེལ་རེད་འདུག བལྟད་མོ་་ཀྲ་མོ་འགི།

  22. གཅན་ནག་པ། says:
    2015-09-12 at 8:35 pm

    སྲིད་སྐྱོངས་སུ་ཐོབ་མི་ཐོབ་མི་མང་གི་ལག་ཏུ་ཡོད། འོན་ཀྱང་མི་མང་མགོ་བསྐོར་བཏང་ནས་སྲིད་སྐྱོང་རེག་ཐབས་བྱེད་པ་ནི་ཤིན་ཏུ་ནས་མི་འོས་པ་ཡིན་པ་མཁྱེན་དགོས།

  23. བེ་རེ་གདོང་ནག says:
    2015-09-12 at 11:40 pm

    མི་མང་མགོ་བསྐོར་བཏང་ནས་སྲིད་སྐྱོང་རེག་མི་སྲིད། མི་མང་ལྐུག་པ་དེ་འདྲ་མིན། གལ་ཏེ་མགོ་བསྐོར་བཏང་ནས་རེག་ན་ལུག་རྫི་སྟོབས་རྒྱས་མ་གཏོགས་འོས་མི་བཞི་ཆས་རེག་ངེས་ཡིན། འོན་ཀྱང་རྒྱལ་ཁ་ནི་བློ་སེང་ལ་ཐུབ་ངེས་ཡིན་པ་ལོང་པས་བལྟས་ཀྱང་ཁམས་གསུམ་ཟེར་བ་ལྟར་རེད། བློ་སེང་འུད་སྒྲ་ཆེ་ཙམ་ཡོད་ཀྱང་མགོ་བསྐོར་་གྱིས་ཐོབ་སོང་ཟེར་བ་ནི་གླེང་ཕྱོགས་གཞན་མ་རྙེད་པར་ཕྱོགས་རིས་ཀྱི་སྐད་ཆ་ཐབས་ཆག་ཞིག་ངེས་རེད།

  24. ལུང་རྟོགས། says:
    2015-09-13 at 11:20 am

    དམངས་གཙོའི་སྤཉཡི་ཚོགས་ནང་སྲིད་འཛིན་ལང་མཁན་སུ་ཡིན་ཡང་ངས་འཇོན་ངས་བྱེད་ཀྱི་ཡིན་ཟེར་ནས་ལང་མཁན་ལས་ངས་ཅི་ཡང་མི་འཇོན་མ་ཤེས་ཟེར་ནས་ལང་མཁན་སུ་ཡང་མེད། ཁྱོད་ཚོས་མ་ཤེས་ན་ཨ་རིའི་སྲིད་འཛིན་འོས་མི་ཚོའི་གཏམ་བཤད་ལ་ཉོན། དེ་མིན་སྲིད་སྐྱོང་ལ་སྐྱོན་འཛུག་སྣ་ཚོགས་ཤིག་བྱེད་བཞིན་པ་ནི་གཞི་རྩ་མེད་པའི་སྐྱོན་འཛུག་རྐྱང་རེད། དེ་སྔོན་སྲིད་སྐྱོང་ལ་སྐྱོན་མ་བཙུགས་པ་སྣ་གཅིག་བྱུང་མ་སོང་། སྲིད་སྐྱོང་ལ་པ་སི་སེར་པོ་ཡོད་མ་རེད། སྲིད་སྐྱོང་གིས་ལྐོག་ཟ་བྱས་པ་རེད། སྲིད་སྐྱོང་གི་སྐྱེས་དམན་རྒྱ་མོའམ་འབྲུག་མོ་རེད། སྲིད་སྐྱོང་ལ་འབུམ་རམ་པའི་ལག་ཁྱེར་ཡོད་མ་རེད། སྲིད་སྐྱོང་གི་ལག་ཁྱེར་རྫུན་མ་རེད། སྲིད་སྐྱོང་ལ་ཧ་ཝ་ཌི་སླ྄ོབ་གྲྭ་ནང་ལས་ཀ་ཡོད་མ་རེད། སྲིད་སྐྱོང་གི་ཨ་ཁུ་དང་ཨ་ཞང་དོལ་རྒྱལ་སྟེན་མཁན་རེད། ལྟོས་དང་འདི་ཚོ་ཚང་མ་བོད་པ་ཚོས་རང་གི་སྲིད་སྐྱོང་ལ་བཙུག་པའི་སྐྱོན་འཛུག་རེད། འོན་ཀྱང་འདི་དག་ལས་ཁུང་ལུང་ཡོད་པ་དང་བདེན་པ་དག་ཐེར་ཐུབ་པ་གཅིག་ཀྱང་བྱུང་མེད། བོད་པ་ཚང་གི་བྱེད་སྟངས་ཅ་སྟངས་འདི་འདྲ་རེད། ད་ཁྱོད་ཚོའི་སྐད་ཆ་ལ་རྩ་ཚང་མཁན་སུས་ཡིད་ཆེས་བྱེད།

  25. ལུང་རྟོགས། says:
    2015-09-13 at 11:21 am

    དམངས་གཙོའི་སྤྱི་ཚོགས་ནང་ཞེས་བཅོས།

  26. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2015-09-13 at 7:17 pm

    ད་ལྟའི་ཆར་མི་དམངས་ལ་སེམས་འགུལ་ཐེབས་སུ་བཅུག་པའི་མི་བུ་གཅིག་རང་ཡོད། དེ་ནི་ཀླུ་བྱམས་ཡིན་པ་རྩོད་མེད་རེད། སྤེན་ཚེ་དང་བཀྲ་དབང་གཉིས་ལ་ནི་འཆར་སྒོའམ་སྲིད་ཇུས་གསར་པ་གང་ཡང་མི་འདུག བློ་སེང་གིས་ད་ཐེངས་གང་ཞིག་བཤད་མིན་བལྟ་རྒྱུ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme