Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཁྲེལ་དགོད་ཅིའི་ཕྱིར་མི་ཤོར།

Posted on 2015-09-102015-09-10 By ཁ་བརྡ 9 Comments on ང་ཁྲེལ་དགོད་ཅིའི་ཕྱིར་མི་ཤོར།

འཇམ་གཅེས།

 
དེ་རིང་གླེང་འདོད་པ་ནི་རིང་མིན་སླེབ་ལ་ཉེ་བའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་དང་འབྲེལ་བའི་བསམ་ཚུལ་འགའ་ཞིག་ཡིན། འོས་བསྡུ་ཆེན་མོ་འདི་གཉིས་ནི་མང་གཙོའི་རྒྱ་ཁབ་ཅིག་གི་ཁྱབ་འབངས་སུ་གཏོགས་པའི་མི་སེར་ཞིག་ལ་མཚོན་ན་བདག་དབང་བླ་ན་མེད་པ་ཞིག་ཡིན་པ་ནི་སྨྲོས་མེད་ཁར། དེ་དང་ལྷན་དུ་འགན་ཁུར་གྱི་བསམ་བློ་ནི་དེ་ལས་ཀྱང་གལ་ཆེ་བ་ཡིན།
ལྷག་པར་དུའང་བོད་མི་རིགས་ལ་མཚོན་ན། ཆེས་གཉེན་འཕྲང་ཅན་གྱི་དུས་སྐབས་འདི་ལྟ་བུའི་སྐབས་སུ་མང་ཚོགས་རང་ངོས་ནས་གོང་གསལ་འོས་བསྡུ་གཉིས་ལ་བཟང་སྤྱོད་དང་དྲང་བདེན་གྱི་ལམ་ནས་འགན་ཁུར་དགོས་པའི་དུས་ཤིག་ཡིན་མོད། ཆེས་ཡིད་མུག་དགོས་པ་ཞིག་ལ། རང་དོན་ཁོག་བཅངས་དང་སྤྱི་དོན་ཁ་འཁྱེར། ཆོལ་ཁ་དང་ཆོས་ལུགས་ཀྱི་སྐྲན་ནད་ཅན་མི་ཉུང་བ་ཞིག་གིས་བཙན་བྱོལ་བའི་ཁོར་ཡུག་གང་འཚམ་བཙན་བཟུང་བྱས་ཡོད་པར་བརྟེན། དེ་ལྟ་བུའི་བསམ་བློ་ཡོད་མཁན་ནི་ཧ་ཅང་དཀོན་པ་མ་ཟད། ད་དུང་དགྲ་དགའ་གཉེན་སྡུག་གི་འཐབ་རྩོད་དྲག་པོ་ཞིག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མགོ་གཞུག་ཡོངས་རྫོགས་ཟིན་མེད་དམ་སྙམ་པའི་ཚོར་སྣང་སྐྱུར་མོ་ཞིག་ཀྱང་རང་ཤུགས་ཀྱིས་སླེབས་ཀྱིན་འདུག

སྤྱིར་བཏང་བཙན་བྱོལ་བའི་སྤྱི་ཚོགས་འདིའི་ནང་དུ་རང་བཙན་ཁ་འཁྱེར་བ་དང་། དབུ་ལམ་ཁ་འཁྱེར་བའི་མི་ལྡོམ་ཚོས་སྐད་ཅོར་ནི་ལོ་མང་སྔོན་ནས་ད་ལྟའི་བར་དུ་རྒྱུན་ཆད་མ་མྱོང་བ་ལྟ་བུ་ཞིག་ཡིན་མོད། བདག་ལ་མཚོན་ན་དེ་དག་ལ་ཧ་ལས་ལས་ནམ་ཡང་བྱས་མྱོང་མེད། ཡིན་ཡང་དེང་སྐབས་ལེགས་ཉེས་དབྱེ་འབྱེད་ནུས་པའི་བློ་གྲོས་ཀྱི་མིག་ཟུང་མི་ལྡན་ཁར། རང་ཚུགས་རང་གིས་འཛིན་པར་སྙིང་སྟོབས་དང་ཆོད་སེམས་གང་ཡང་མེད་པའི་བྱབ་ཆུང་བ་མང་དག་ཅིག་ནི་སྐབས་འཚོལ་རིང་ལུགས་པ་ཚོས་འུར་གང་དུ་རྒྱག་ན་དེར་འདུར་རྐྱང་བྱས་རྗེས་སུ། ད་དུང་ཧ་ལས་ལས་དང་ཧོན་འཐོར་འཐོར་གྱི་སྒོ་ནས་ཕྱོགས་གང་སར་འུར་ཟིང་སློང་ཐབས་བྱེད་ཀྱིན་འདུག་སྟབས། འདི་དག་ལ་ལེ་ལན་རྔ་དང་དབྱུག་གུའི་དཔེ་ལྟར་དྲང་སྲོང་རྒན་པོའི་སྤྱན་སྔར་ནས་ཞུས་ཀྱང་མགོ་བོ་བར་གྱི་སྣང་བའི་དབྱིངས་སུ་དགྱེ་ནུས་པའི་གདེང་སྤོབས་དང་བཅས་སྟེ་བསྟན་སྲིད་སྤྱིའི་རྩ་དོན་དུ་དམིགས་ཏེ་མཐོང་བ་ལས་བྱུང་བའི་ཚོར་སྣང་དང་བསམ་ཚུལ་ངོ་མ་དག་ཅུང་ཟད་བརྗོད་ན་འདི་ལྟར་ཏེ།

དང་པོ་སྤྱི་འཐུས་ནི་གྲོས་ཚོགས་ལམ་ལུགས་ཀྱི་སྲིད་གཞུང་ཞིག་ལ་མཚོན་ན། བླང་དོར་ལམ་སྟོན་གྱི་སྣེ་འཁྲིད་མཁན་དང་རྒྱབ་སྐྱོར་མཁན་གྱི་དཔུང་སྡེ་ནུས་མཐུ་ཅན་གཅིག་པུ་དེ་ཡིན་དགོས་སྟབས། ཤེས་འབྱོན་དང་ལྷག་བསམ། དྲང་ཚུགས་དང་བཟང་སྤྱོད་ལྡན་པའི་སྒོ་ནས་སྲིད་གཞུང་ལ་ལམ་སྟོན་དང་བཀོད་འདོམས་ཐུབ་མཁན་ཞིག་ངེས་པར་དུ་དགོས། དེ་ལྟ་བུའི་སྐྱེ་བོ་དེ་དག་ལ་མཚོན་ན། རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་གནས་ཚད་དམ་གོ་རྟོགས་ཡོད་མཁན་ཞིག་དགོས་པ་མ་ཟད་། གཞིས་བྱེས་གཉིས་ཀྱི་གནས་ཡུལ་སོ་སོའི་ཁོར་ཡུག་དང་གནས་སྟངས། ཡུལ་ཁྲིམས་སོགས་ཀྱི་གནས་སྟངས་ཀྱང་ངེས་པར་དུ་ཤེས་དགོས་མོད། དེང་སྐབས་སྤྱི་འཐུས་ཀྱི་འོས་ཆོས་ལ་གཞིག་སྐབས་ཡ་མཚན་དགོས་པ་དང་། སེམས་ཤུགས་ཆགས་དགོས་པའི་སྣང་ཚུལ་མང་པོ་ཞིག་ཡོང་བཞིན་པ་ནི། དཔེར་ན། ངས་ཞལ་འདོན་སྐྱོར་ཤེས་ཚུལ་དང་། སྤྱི་ཚོགས་ག་གེ་མོའི་ནང་དུ་ལས་རིགས་ཙག་ཙིག་གཉེར་རབས། ཐ་ན་ཕྱུགས་རྫི་དང་། དཀོན་གཉེར། མ་བྱན་བྱས་ཚུལ་གྱི་མཛད་རྣམ་དག་ཀྱང་འོས་ཆོས་སུ་གཤམས་ཡོང་བའི་སྐབས་འདིར་ང་ཁྲེལ་དགོད་ཅིའི་ཕྱིར་མི་ཤོར།

གཉིས་པ་སྲིད་སྐྱོང་གི་འོས་མི་དག་ལ་མཚོན་ན་ཡང་། འདས་མ་ད་གསུམ་གྱི་གནས་སྟངས་གང་གི་ཐད་ནས་ཕུགས་རྒྱང་རིང་པོའི་སྒོ་ནས་བསམ་བློ་འཁོར་ནུས་མཁན་ཞིག་དགོས་པ་ནི་ཞུ་ལ་དགོས། ད་དུང་གང་ཟག་རང་ཉིད་ཀྱི་སྟོབས་ཤུགས་འབྱུང་ཁུངས་ངོ་མ་དེ་ནི་མི་མང་ཡིན་སྟབས། ངེས་པར་མི་མང་གི་མངོན་འདོད་དང་མཐུན་པའི་སྲིད་ཇུས་ཤིག་མིག་སྟོན་དགོས་པ་ལས། དཔེར་ན་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ནང་བཞིན་ཁ་བདེ་ལྕེ་བདེའི་ལམ་ནས་མི་མང་གི་སེམས་ཁམས་དང་། སྤྱི་ཚོགས་ཀྱི་གནས་བབ། རྩ་ཁྲིམས་ཀྱི་དགོངས་དོན་སོགས་དང་ཡོངས་སུ་འགལ་བའི་ཁར། ད་དུང་སེམས་ཚོར་ཁོ་ནའི་སྒོ་ནས་སྨྲ་ར་གཡས་བྱིལ་གཡོན་བྱིལ་གྱི་ཐོག་ནས་ངར་ངར་རྒོད་རྒོད་ཀྱིས་རང་དབང་གི་སྤྱི་ཚོགས་ཤིག་གི་ནང་ནས་སོ་ཁ་རྡིབ་པའི་གྲི་ཆག་ཞིག་ཡར་གཡུགས་མར་གཡུགས་ག་ཚོད་བྱས་ཀྱང་། ལུང་པ་སྟོང་པའི་ནང་ནས་དགྲ་འདུལ་གཉེན་སྐྱོང་གི་གློག་བརྙན་འཁྲབ་སྟོན་པའི་ཚུགས་ཀ་ཞིག་ལས་མཁས་མཛངས་དང་སྙིང་ཁམས་ཅན་གྱི་བྱེད་སྟངས་ཤིག་ནམ་ཡང་ཡིན་མི་སྲིད།

མཚམས་འདི་ནས་གསལ་བཤད་དགོས་པ་ཞིག་ལ། སྤྱིར་བཏང་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་ལངས་པ་ནི་མང་གཙོའི་ཁེ་དབང་དང་ཐོབ་ཐང་ཡིན་སྟབས་སུས་ཀྱང་དགག་བྱ་མེད། ཡིན་ནའང་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་ལངས་རྒྱུའི་དྲིལ་བསྒྲགས་མགོ་མ་བཙུགས་པའི་གོང་ནས་དུས་རྒྱུན་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མོས་པ་མེད་མཁན་དང་། མི་རིགས་ཀྱི་རྩ་དོན་ལ་སེམས་ཁུར་གང་ཡང་མེད་པ་ཙམ་དུ་མ་ཟད་ལོ་རེའི་གསུམ་པའི་ཚེས་བཅུའི་དུས་དྲན་ལ་ཡང་མཉམ་ཞུགས་མི་འདོད་པའི་སྐྱེ་བོ་དག་གིས་ཀླུ་མཁར་བྱམས་ལ་དཔའ་རྒོད་དང་། མཁས་དབང་སོགས་ཀྱི་མཆོད་བསྟོད་འབུལ་མགོ་བརྩམས་སོང་བ་མ་ཟད་། དུས་དེ་ནས་བཟུང་ཁོང་ཚོས་ཁ་ནས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དབང་མ་ཎི་བགྲང་བགྲང་ཡང་བྱས་སོང་།

ཅིའི་ཕྱིར་དུས་རབས་ཕྱེད་ལྷག་ཙམ་གྱི་བྱུང་རབས་ནང་དུ་བྱུང་མ་མྱོང་པའི་ལ་རྒྱ་དང་སེམས་ཤུགས་འཕར་མ་དེ་འདྲ་ཞིག་ལྷ་ཡི་དངོས་གྲུབ་དང་བདུད་ཀྱི་ཆོ་འཕྲུལ། ཡང་ན་བཙན་བྱོལ་སྒྲིག་འཛུགས་ལ་རིང་ནས་སྙིང་དུ་བཅངས་བཞིན་པའི་མནར་སེམས་དེ་བཞིན་བེད་སྤྱོད་ཀྱི་གོ་སྐབས་ཤིག་མཐོང་བ་ཡིན་ནམ།
ལྷག་པར་དུ་དེང་སྐབས་གློ་སྙིང་བྲང་གསུམ་ཡོངས་རྫོགས་དགྲ་བོ་དམར་པོའི་སྲིད་གཞུང་ལ་བཅངས་མཁན་གྱི་དོལ་ཚོགས་མི་སྣས་ཀྱང་སྐྱལ་ཁྲལ་ལག་དངུལ་བཙན་བྱོལ་སྒྲིག་འཛུགས་ལ་སྤྲད་རྗེས་ཀླུ་བྱམས་ལ་རྒྱབ་སྐྱོར་དགོས་ལུགས་ཀྱི་གཏམ་བཤད་སྤེལ་མགོ་བཙུགས་ཡོད་ཚུལ་སྐད་འཕྲིན་དྲྭ་ལམ་དག་ནས་བགྲོ་གླེང་འགྲོ་བཞིན་པ་ཐོས་ཚེ་ངས་ཀླུ་བྱམས་དང་འབྲེལ་བའི་དཔྱད་གླེང་དགོས་དོན་ཡང་དེ་ལྟར་ཡིན།

མདོར་བསྡུས་ནས་ཞུས་ན། ཀླུ་མཁར་བྱམས་དཀར་ནག་གང་ཡིན་མི་ཤེས་མོད་རྒྱབ་སྐྱོར་བྱེད་མཁན་དང་། ཀླུ་བྱམས་ཀྱིས་བསྒྲགས་གཏམ་སོགས་དཔྱད་ཞིབ་མཐིལ་ཕྱིན་པ་ཞིག་དགོས་པ་ནི་དགོས་མེད་ཀྱི་བྱ་བ་ཞིག་གཏན་ནས་མིན་པར་འདོད། དེ་བཞིན་སྲིད་སྐྱོང་གི་ནུས་ཤུགས་འབྱུང་ཁུངས་ངོ་མ་དེ་ནི་མི་མང་གི་རྒྱབ་སྐྱོར་ཡིན་སྟབས་དོན་དངོས་ཐོག་ཀླུ་བྱམས་ཀྱིས་༸གོང་ས་མཆོག་ལ་ཟུར་ཟའི་རྩོམ་ཡིག་དང་གཏམ་བཤད་དག་གིས་མི་མང་གི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོས་ཟིན་པ་དེས་ཀླུ་བྱམས་ཀྱི་དབང་རླུང་ཡོངས་རྫོགས་རྒུད་པར་བྱས་ཡོད།
མ་གཞི་ནས་གོང་གསལ་གནད་དོན་དེ་དག་ཀླུ་བྱམས་རང་ཉིད་ཀྱིས་ཀྱང་གསལ་པོ་ཤེས་ཀྱིན་ཡོད་ལ། ལྷག་པར་དུའང་མི་མང་གི་རྒྱབ་སྐྱོར་ལམ་ནས་སྲིད་སྐྱོང་དུ་ལངས་མི་ཐུབ་པ་དེ་ཡང་ཀླུ་བྱམས་ཀྱིས་གསལ་པོ་ཤེས་ཀྱིན་ཡོད། འོན་ཀྱང་ད་དུང་ཨུ་ཚུགས་རྒྱག་དགོས་པའི་དོན་ཆེན་གཞན་ཞིག་ཡོད་དམ། ཡང་ན་མིང་ཙམ་གྱི་དོན་དུ་ཡིན་མིན་སོགས་ནི་དེང་སྐབས་དྲྭ་ལམ་དག་ལ་འགྲོ་བཞིན་པའི་བགྲོ་གླེང་འདི་དག་ཁ་སྣོན་གྱི་ཚུལ་དུ་བཀོད་པ་ཡིན།

མཐའ་དོན་བསྟན་སྲིད་དང་མི་རིགས་ལ་དོན་དམ་པའི་ལྷག་བསམ་དང་ཤ་ཚ་ཡོད་ན། ང་དང་ང་ཡི་ལུང་ཚན་གྱི་ཆོས་ལུགས་དང་ཆོལ་ཁའི་ཞེན་ལྟ་ཡོངས་རྫོགས་གད་བདར་གཙང་དག་ཅིག་གནང་བའི་རྗེས་སུ་སྲིད་སྤྱིའི་འོས་བསྡུར་ཞུགས་རོགས་ཞུ་རྒྱུ་དང་། དེ་བཞིན་དགྲ་གཉེན་གཉིས་ཀའི་དྲྭ་འབུ་དག་གིས་ཀུན་སྤྱོད་ལ་དུས་ཀུན་ཏུ་ཡིད་གཟབ་དགོས་གལ་ཆེ།

བསམ་ཚུལ།

Post navigation

Previous Post: ང་ཚྭ་བཙོང་མཁན་དང་སྲིད་སྐྱོང་འོས་མི་གཞན་ཚོ་སྒོག་པ་བཙོང་མཁན་རེད།
Next Post: སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལགས་ཀྱི་གཏམ་བཤད།

Comments (9) on “ང་ཁྲེལ་དགོད་ཅིའི་ཕྱིར་མི་ཤོར།”

  1. བློ་གྲོས་རབ་བརྟན says:
    2015-09-10 at 11:43 am

    གཟུ་བོར་གནས་ཤིང་དྲང་བདེན་ཤ་ཚའི་སྐད་ཆ་རླབས་ཆེན་ཞིག་རེད། མངོན་པར་བསྟོད་དོ།

  2. ཡ་མ་ཚེ་རིང says:
    2015-09-10 at 12:08 pm

    འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པའི་མི་བུ་དྲང་ཚུགས་ཅན་ཞིག་འདུག ཡི་རངས་བྱེད། ཁྱོད་དང་ཁྱོད་འདྲ་བ་མང་ཞིག་བྱུང་ན་ང་ཚོའི་སྤྱི་ཚོགས་འདི་ལ་རེ་བ་ཅུང་ཡོད་པ་འདྲ།

  3. འཇམ་གཅེས། says:
    2015-09-10 at 3:01 pm

    དྲང་བདེན་དང་བཟང་སྤྱོད་ཀྱི་དབུལ་བའི་དུས་ཚོད་འདིའི་ནང་དུ་བདེན་གཏམ་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ།

  4. ཞོལ་གཡག་འབྲོང་རྒྱུད། says:
    2015-09-10 at 4:02 pm

    ཟམ་གདོང་བླར་རྒན་གྱི་སྒོ་ཁྱི་ངུ་ཟུག་ག་ཚོད་བརྒྱབ་ཀྱང་རང་སྡུག་རང་གིས་ཉོ་རྒྱུ་མ་གཏོགས་ཡོད་པ་མ་རེད། ཀླུ་བྱམས་སྲིད་སྐྱོང་ལངས་པར་བཟློག་ཐབས་ཁོ་རང་ཡོད་པ་མ་རེད།

  5. ལྷ།བྱ་འཕུར་མ། says:
    2015-09-10 at 4:06 pm

    འཇམ་གཅེས་ངལ་བའི་རྒྱུ་རེད། དེང་སང་བཙན་བྱོལ་སྤྱི་ཚོགས་ནང་གི་མང་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་དང་གནས་བབ་གང་ཞིག་ཡིན་མིན་འཆར་བདེ་བོ་དང་འབྲི་བདེ་བོ་ཞིག་གཏན་མིན། ལྷག་པར་དུ་བཙན་བྱོལ་ནང་དུའང་ཇག་དཔོན་མའོ་ཙེ་ཏུང་གི་བྱེད་སྟངས་དེ་གཙང་ཕྱག་ཆེན་པོ་བཞི་བྱེད་དགོས་ཀྱི་འདུག

  6. ཞོལ་གཡག་འབྲོང་རྒྱུད། says:
    2015-09-10 at 4:07 pm

    དད་པ་ལོག་སྤྱོད་པ་འདི་ཚོའི་ཁ་ནས་དྲང་བདེན་དང་བཟང་སྤྱོད་ཟེར་བ་ཞི་ཐོན་པ་ནི་ཡ་མཚན་སྐྱེ་གཞི་རེད། ནམ་ཞར་ཞར་ཁོ་ཚོས་༧རྒྱལ་བ་རིན་པོ་ཆེ་འཐབ་འཕྱིས་བྱས་བྱས་ཉིད་ཀྱིས་ད་ནི་རྫོགས་གྲབས་ཡོད་པ་ཡོད། མ་གཞི་ཁོ་ཚོས་༧རྒྱལ་བ་རིན་པོ་ཆེ་འཐབ་འཕྱིས་མ་བྱས་ན་ཁོ་ཚོའི་འཚོ་གོས་འཁྱོངས་ནི་མ་རེད།

  7. ལྷ།བྱ་འཕུར་མ། says:
    2015-09-10 at 4:44 pm

    ཨ་མཚན། ཕྱེད་ཀ་མི་སྐད་བརྒྱབ་དང་ཕྱེད་ཀ་འདྲེ་སྐད་རེད།

  8. འཇམ་གཅེས། says:
    2015-09-11 at 12:30 am

    བདེན་གཏམ་བཤད་ན་སྤྱི་ཚོགས་དྲྭ་འབུ་དག་ནི་ངས་ནམ་ཡང་མི་གྲལ་དུ་འཇོག་མྱོང་མེད་ལ། མ་འོངས་པ་ལའང་དེ་དེ་བཞིན་ཡིན། སྐབས་རེ་ངུ་སྐད་མང་པོ་རྒྱག་ཡོང་དུས་སྙིང་འདྲ་ཏོག་ཙམ་རྗེ་ཡོང་གི་འདུག་

  9. ལུང་རྟོགས། says:
    2015-09-11 at 7:33 am

    བདེན་གཏམ་གནམ་ལྕགས་ཐོག་རྒོད་འདྲ་ཞིག་གིས་ཆབ་སྲིད་ལོག་སྤྱོད་པ་ཚོའི་མགོ་བོ་འཇོམ་ཡོད་ཀི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme