Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་འོས་བསྡུ་ཐོག་མ་དང་སྲིད་སྐྱོང་འཚོལ་སྟངས།

Posted on 2015-09-072015-09-08 By ཁ་བརྡ 4 Comments on སྲིད་སྐྱོང་འོས་བསྡུ་ཐོག་མ་དང་སྲིད་སྐྱོང་འཚོལ་སྟངས།

Man_leaning_on_big_red_question_mark——-གངས་སྐྱེས།

 
ཡོང་ལ་ཉེ་བའི་སྲིད་སྐྱོང་འོས་བསྡུ་ནི། བོད་ཀྱི་ལོ་རྒྱུས་ནང་སྲིད་སྐྱོང་གི་འོས་བསྡུ་ཐོག་མ་དེ་ཆགས་ཡོད། ཐེངས་སྔ་མར་བཀའ་བློན་ཁྲི་པར་འོས་བསྡུས་པ་ལས་སྲིད་སྐྱོང་གི་འོས་བསྡུས་ཡོད་པ་མ་རེད། བཀའ་བློན་ཁྲི་པ་དང་སྲིད་སྐྱོང་གཉིས་ནི་མིང་མ་འདྲ་བ་གཉིས་དང་། དོན་དག་ཀྱང་མ་འདྲ་བ་གཉིས་ཆགས་ཡོད། དེར་བརྟེན། ལོ་ཤས་གོང་བཀའ་བློན་ཁྲི་པ་ནས་སྲིད་སྐྱོང་ལ་མིང་བསྒྱུར་བྱེད་སྐབས་སྤྱི་འཐུས་བཞུགས་མོལ་ཚོགས་འདུ་སོགས་ཀྱི་སྐབས་ལ་མཁྲེགས་བཟུང་གི་གླེང་སློང་ཡོང་དོན་ཡང་འདི་རེད། ད་རེས་ཀྱི་འོས་བསྡུ་ནི་མིང་དོན་གཉིས་ཀ་ནས་སྲིད་སྐྱོང་རང་ལ་འོས་བསྡུ་བྱེད་པ་ཞིག་ཆགས་ཡོད།
མཚམས་འདི་ནས་བོད་ཀྱི་ལོ་རྒྱུས་ནང་ལ་སྲིད་སྐྱོང་འོས་འདེམས་ཀྱི་ལེའུ་གསར་པ་ཞིག་འབྲི་གི་ཡོད། ད་ལོའི་འོས་འདེམས་ནས་མགོ་ཚུགས་ཏེ། ལོ་རྒྱུས་ཀྱི་གླེགས་བམ་ནང་ལ་སྲིད་སྐྱོང་འོས་འདེམས་ཀྱི་གསེར་ཡིག་ཐོག་མ་དེ་ཕབ་ཀྱི་ཡོད་པ་རེད།

ད་ལྟ་སྲིད་སྐྱོང་འོས་འདེམས་ཀྱི་འཁྲུག་ཆ་ཇེ་དོད་དུ་འགྲོ་གི་ཡོད། མང་ཚོགས་ཁྲོད་འོས་མིར་བཞེངས་མཁན་ཚོའི་བྱས་རྗེས་དང་ཉམས་མྱོང་། འཇོན་ཐང་། ཤེས་ཡོན་གོ་རྟོགས། ཆབ་སྲིད་གོ་རྟོགས་སོགས་བཙལ་བཞིན་ཡོད། རྙེད་པའི་རེ་བའང་བྱེད་ཀྱིན་ཡོད། ངོས་འཛིན་གསལ་པོ་ཆགས་པའི་རྗེས་ལ། རང་རང་གི་འོས་ཤོག་མངགས་པའི་གྲ་སྒྲིག་བྱེད་ཀྱིན་ཡོད། ང་རང་ཐེ་བའི་བློ་བཟང་སེང་གེ་ལགས་འཚོལ་མཁན་ཚོར་མཚོན་ན། ཁོང་གིས་ལོ་ལྔ་ལ་ཕྱག་ལས་གནང་བའི་དུས་ཚོད་དེ་བསྔོགས་ཀྱིན་ཡོད། ཧ་ཅང་རྙེད་སླ་བ་དང་། མཐོང་སླ་བ། ཕྱོགས་སྡོམ་བྱེད་སླ་ཤོས་ནི་བློ་བཟང་སེང་གེ་ལགས་ཆགས་ཡོད།

འོས་མི་རྣམས་ཀྱི་ནང་ནས་མང་ཚོགས་ལ་འོས་ཤོག་གི་འབོད་སྐུལ་དང་ཁྱབ་བསྒྲགས་མ་བྱས་ནའང་འགྲིག་པ་ཞིག་ཡོད་པ་དེ་ཡང་བློ་བཟང་སེང་གེ་ལགས་ཆགས་ཡོད། ཨ་ཅང་ཅང་། བཀའ་བློན་ཁྲི་པ་དང་སྲིད་སྐྱོང་གི་མིང་གཉིས་ཀའི་ཐོག་ནས་ལས་ཀ་བྱས་མྱོང་ཡོད་པའི་ཆ་ནས། མང་ཚོགས་ཀྱི་མིག་མདུན་ལ་ལོ་ལྔ་ལ་ཉེ་བའི་རིང་མངོན་པ་བྱུང་ཡོད། མང་ཚོགས་ཀྱི་རྣ་ལམ་ལ་ལོ་ལྔ་ལ་ཉེ་བར་གྲག་ཡོད། བཙན་བྱོལ་ནང་ལ་མཚོན་ན། བློ་བཟང་སེང་གེ་ཞེས་ལབ་ན། གོ་མ་མྱོང་མཁན་དང་མཐོང་མ་མྱོང་མཁན་མེད་པའི་ཚད་ན་ཡོད། འདི་ནི་འོས་ཤོག་སློང་བའི་གཏམ་བཤད་དང་། ཁྱབ་བསྒྲགས་ཤིག་དང་བསྡུར་ཐབས་མེད་པའི་གནས་སྟངས་་བརྟན་ཤོས་ཤིག་ཡིན། མང་ཚོགས་ཀྱི་ངོས་ནས་བློ་བཟང་སེང་གེ་ལགས་འཚོལ་མི་དགོས་པར་ངོས་འཛིན་གསལ་པོ་ཡོད་པ་དང་། བློ་བཟང་སེང་གེ་ལགས་ཀྱི་ངོས་ནས་ཀྱང་མང་ཚོགས་ལ་རང་ཉིད་གཞི་ནས་ངོ་སྤྲོད་མི་དགོས་པའི་གནད་ཀ་ནི་འདི་རེེད། འདིའི་ཆ་ནས། ཚོད་དཔག་བྱེད་མཁན་ཕལ་ཆེ་བས་སྲིད་སྐྱོང་འོས་འགྲན་འདིའི་མཐའ་མའི་རྒྱལ་ཁ་ནི་བློ་བཟང་སེང་གེར་ཐོབ་ངེས་པར་ཡིད་ཆེས་བྱེད་ཀྱིན་ཡོད། ཁོང་ལ་འོས་འགྲན་གྱི་རྒྱལ་ཁ་ཐོབ་རྒྱུའི་རྒྱུ་མཚན་གཞན་པ་ཞིག་ཡོད་པ་ནི། མདོ་སྟོད་ལ་མི་གྲངས་མང་བ་འདི་འོས་ཤོག་གི་འབྱུང་ཁུངས་བརྟན་ཤོས་དེ་ཡིན།

ཡིན་ནའང་། ད་ལྟ་ཚོད་དཔག་འདིའི་ཚོས་གཞི་འགྱུར་མགོ་ཚུགས་སོང་། དེ་ནི་ལོ་གཉིས་ཀྱི་གོང་ནས་སྲིད་སྐྱོང་གིས་ལས་དོན་གཙོ་བོ་དེ་འོས་བསྡུའི་ཆེད་དུ་གསར་འགྱུར་བརྒྱུད་ལམ་ནས་རང་ཉིད་འབུར་ཐོན་ཡོང་ཐབས་ལ་འབད་བརྩོན་བྱེད་མགོ་ཚུགས་སོང་ཞེས་གྟོས་ཚོགས་ཀྱི་ནང་ནས་དོགས་གླེང་བྱས་ཡོད་པ་དང་། གཞུང་འབྲེལ་གྱི་ངོ་བོ་ནས་སྲིད་སྐྱོང་གི་བརྙན་དེབ་བཟོ་བའི་འཆར་འགོད་བྱས་པར་ཡང་གྲོས་ཚོགས་ནས་འོས་བསྡུའི་ཆེད་ཡིན་པར་ངོས་འཛིན་གྱིས་དགག་བྱ་བྱས་པ། འོས་བསྡུའི་ཆེད་དུ་གོང་ས་མཆོག་བེད་སྤྱོད་བྱ་བདེར་དམིགས་ནས་དུས་འཁོར་དབང་ཆེན་ཞུས་པ་ལའང་གྲོས་ཚོགས་འཐུས་མིས་གྲོས་ཚོགས་ནང་ནས་དོགས་སློང་བྱས་པ་སོགས་ད་ལྟ་བསྐྱར་དུ་གླེང་ཤུགས་ཆེ་རུ་འགྲོ་བཞིན་པ་རེད། འདི་ཚང་མ་ཚོས་གཞི་འགྱུར་བྱེད་ཀྱི་རྒྱུ་རྐྱེན་རེད།

འོས་བསྡུ་ཟིན་ལ་ཉེ་བ་དང་སྟབས་བསྟུན། མཐོ་རིམ་མི་སྣའི་ཁྲོད་གླེང་སློང་ཤུགས་ཆེ་བ་བྱུང་བ་རིམ་པས་གཞི་རིམ་མང་ཚོགས་ཁྲོད་དུའང་གླེང་ཤུགས་ཆེ་བའི་སྐབས་རེད། ཡིན་ནའང་ཉིན་ཤས་སྔོན་ལ་དུས་དབང་ཕྱིར་འགྱངས་བྱས་པ་གསལ་བསྒྲགས་བྱས་ཡོད་པ་དེས། འོས་བསྡུའི་ཁྱབ་བསྒྲགས་དང་ཤུགས་རྐྱེན་སླེབས་པར་དམིགས་ཏེ་དུས་དབང་ཞུས་ནས་འོས་ཤོག་ཐོབ་ཆེད་བེད་སྤྱོད་ལོག་པ་བྱ་འཆར་བྱས་པའི་གླེང་སྟངས་དེ་ཆེ་རུ་སོང་ཡོད། གླེང་སྟངས་འདི་དག་གི་ཕྱི་ནང་ལ་བལྟས་པ་ཡིན་ན། བློ་བཟང་སེང་གེ་ལགས་ལ་མཚོན་ན་རང་ཉིད་ལ་གདེང་ཚོད་མེད་པ་དང་། རང་ཉིད་ལ་རང་ཉིད་ཡིད་ཆེས་མེད་པའི་རྣམ་པ་མངོན་ཡོང་གི་ཡོད། འདི་ནི་ཚོད་དཔག་བྱེད་མཁན་ཚོས་འགྱུར་བཞིན་པར་མཐོང་བཞིན་པའི་ཚོས་གཞི་དེ་རེད།

གླེང་སྟངས་འདི་དག་ཚང་མར་རྒྱུ་མཚན་ཚད་ལྡན་ཡོད་མེད་བཤད་དཀའ་བ་ཞིག་ཆགས་ཡོད། བློ་བཟང་སེང་གེ་ལགས་ལ་མཚོན་ན། ལོ་ལྔ་ཟིན་ལ་ཉེ་བའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཁ་ལོ་བ་བྱས་པའི་ཆ་ནས། ད་ལྟའི་འོས་མི་རྣམས་ཀྱི་ནང་ནས་མང་ཚོགས་ལ་ཧ་ཅང་རྒྱུས་ཡོད་ཤོས་དེ་ཆགས་ཡོད་པར་བརྟེན། ད་ཆ་མི་རྒྱུས་མེད་ཅིག་གི་རྣམ་པ་ནས་འོས་ཤོག་སློང་སྟངས་ཀྱི་འགུལ་བསྐྱོད་འདི་དག་གིས། རྒྱུས་ཡོད་ཤོས་དེ་རྒྱུས་མེད་པ་ལྟ་བུ་ཆགས་མགོ་ཚུགས་སོང་། གསལ་ཤོས་དེ་མི་གསལ་བ་ཆགས་མགོ་ཚུགས་སོང་ཟེར་མཁན་ཇེ་མང་དུ་ཕྱིན་སོང་།

 

བསམ་ཚུལ།

Post navigation

Previous Post: ལས་དབང་གཅིག་པ།
Next Post: ལོ་ན་རྒན་པའི་གམ་དུ་བཅར་བ།

Comments (4) on “སྲིད་སྐྱོང་འོས་བསྡུ་ཐོག་མ་དང་སྲིད་སྐྱོང་འཚོལ་སྟངས།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-07 at 11:25 pm

    ཚད་ལས་བརྒལ་བའི་བསམ་དྲན་ལས་རྒྱུ་མང་ན་མཇུག་འབྲས་ག་རེ་ཡོང་ཀི་འདུག་གམ། དེང་སང་མི་ཚང་མ་གཉིད་ལས་སད་ཀི་འདུག་ཨ་་་་་་་

  2. རི་འདབས་པ། says:
    2015-09-08 at 6:04 pm

    ཐེངས་འདིའི་འོས་བསྡུ་ནང་ད་ལྟའི་སྲིད་སྐྱོང་རང་འཇག་ཐོབ་རྒྱུ་ཡིན་པ་ནི་ཕལ་ཆེར་ངེས་ཡོད། རྒྱུ་མཚན་ནི་དུས་དེང་སང་མི་ཚོ་ལ་དགོས་རྒྱུ་དེ་འདྲ་ཆགས་པོ་དང་སྙན་སྙན་གཏང་གཏང་བཤད་མཁན་ཞིག་དགོས་སྟབས་དེ་དག་ཆ་ཚང་ཁོང་ལ་ཚང་ཡོད་ལ། མ་ཟད་ཁོང་གི་བྱེད་ལུགས་བྱེད་སྟངས་དེས་དེང་གི་ན་གཞོན་ཕོ་མོ་འདྲ་ཆགས་པོ་འདོད་མཁན་ཡོངས་རྫོགས་ཁུག་ཡོད། ཕྱོགས་གཞན་ཞིག་ནས་གྲྭ་ས་གྲྭ་ཚང་ཆེ་ཁག་མང་ཆེ་བ་ཁོང་གི་རྒྱབ་རྩར་ངེས་ཡོད་པས་དེ་ནི་བཙན་བྱོལ་ནང་གི་འོས་ཤོག་རྒྱ་ཆ་སུམ་ཅུ་ཟིན་ཡོད།
    ད་ལྟའི་སྤྱི་ཚོགས་ཀྱི་འགྲོ་ལུགས་ལ་གཞིར་བཟུང་ན་མ་འོངས་བོད་ཀྱི་སྲིད་སྐྱོང་གི་ཁ་ཕྱོགས་ཀྱང་གསལ་པོ་ཆགས་ཡོང་བཞིན་ཡོད་ལ་དེ་ནི་ཆོལ་ཁའི་དབང་བསྒྱུར་འོག་གནས་རྒྱུའི་གཉེན་ཁ་ཡོད།

  3. ལྷ་སའི་བུ་ says:
    2015-09-13 at 1:05 am

    ཆོལ་ཁའམ་ལུང་ཚན་ཕྱོགས་རིས་ཀྱི་སྐད་ཆ་བཤད་མཁན་ཞིག་ཡིན་ན་བོད་མིའི་རྩ་དོན་འཐབ་རྩོད་པའི་གྲས་ལ་ནམ་ཡང་ངོས་འཛིན་བྱེད་ཐབས་མེད། དེ་ནི་བོད་མིའི་གཅིག་བསྒྲིལ་གྱི་ནུས་ཤུགས་གཏོར་བཤིགས་གཏོང་རྒྱུའི་ལག་ཆ་གནོད་ཚབས་ཆེ་ཤོས་ཤིག་ཡིན་པ་དང་། དེ་བཞིན་སྤྱི་ཚོགས་མདའ་འཁྲུགས་ཕུ་འཁྲུགས་བཟོ་ཆེད་གཞི་མེད་དཀྲུགས་ཤིང་རྒྱབ་མཁན་ལའང་བལྟ་སྟངས་གཅིག་པ་ཡིན།

  4. ལྷ་སའི་བུ་ says:
    2015-09-13 at 9:50 am

    ནོརབཅོས། མདའ་འཁྲུགས་ཕུ་འཁྲུགས་བཟོ་གཞིའི་རྩོམ་ཡིག་སྤེལ་མཁན་དང་། མཆན་འགོད་པ་ཚོར་ཡང་བལྟ་སྟངས་གཅིག་པ་ཡིན། དགོངས་དག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme