Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་འཚོས་པ་ཕྱི་སྨིན་ནང་སྨིན་རེད། བཀའ་གནང་ཚད་ལྗིད་ཁོག་རྐྱང་རྐྱང་རེད། ཤར་ཕྱོགས་ཁུག་རྟས་འོས་སྦྱོར།

Posted on 2015-09-062015-09-07 By ཁ་བརྡ 28 Comments on མགོ་འཚོས་པ་ཕྱི་སྨིན་ནང་སྨིན་རེད། བཀའ་གནང་ཚད་ལྗིད་ཁོག་རྐྱང་རྐྱང་རེད། ཤར་ཕྱོགས་ཁུག་རྟས་འོས་སྦྱོར།

གློག་བརྙན་།

Post navigation

Previous Post: བཙན་བྱོལ་བ་ཞིག་ཏུ་མི་སྐྱེ་བར་སྨོན།
Next Post: སྨུག་ཀློང་ཁྲོད་ཀྱི་སྲིད་སྤྱིའི་འོས་མི།

Comments (28) on “མགོ་འཚོས་པ་ཕྱི་སྨིན་ནང་སྨིན་རེད། བཀའ་གནང་ཚད་ལྗིད་ཁོག་རྐྱང་རྐྱང་རེད། ཤར་ཕྱོགས་ཁུག་རྟས་འོས་སྦྱོར།”

  1. རིན་ཆེན says:
    2015-09-07 at 1:50 am

    མི་ཉམས་མྱོང་ཅན་གྱིས་བཀའ་མོལ་གཞན་དང་མི་འདྲ་བ་ཞིག་རེད།ཕལ་ཆེར་ཁོ་ཐོབ་ཀྱི་རེད་འདོད།

  2. ཨ་མདོ་བ། says:
    2015-09-07 at 8:16 am

    (༡) སྤེན་པ་ཚེ་རིང་གིས་ནོར་ཝེ་རླུང་འཕྲིན་གྱི་བཅར་འདྲིའི་སྐབས་ ༧གོང་ས་མཆོག་གི་མཚན་བེད་སྤྱོད་ཀྱིས་༢༠༡༦ལོའི་སྲིད་སྐྱོང་འོས་མིར་འགྲན་རྩོད་བྱས་པ་འོས་བསྡུའི་རྩ་ཁྲིམས་དང་མཐུན་ནམ།

    (༢) ༧གོང་ས་མཆོག་གིས་ཕྱི་རྒྱལ་དུ་མཛད་འཕྲིན་སྐྱོང་སྐབས་དང་ཁོང་གི་རྗེས་མཇུག་ཕྱི་རྒྱལ་བ་རྣམས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་འཆར་ཡོད་པ་འདིས་མ་འོང་བར༧གོང་ས་མཆོག་གི་མཛད་འཕྲིན་ལ་གནོད་པ་ཅི་ཡོད་དམ།

    (༣) ཁོས་སྤྱི་འཐུས་ཀྱི་ཚོགས་གཙོ་མཚན་ཐོག་ནས་བོད་རང་བཙན་བརྗོད་མཁན་ཚོ་དགྲ་ཟླར་རྩིས་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འགུལ་ལ་བར་ཆད་ཆེན་པོ་བཟོས་པ། བོད་ཀྱི་འཐབ་རྩོད་ལ་ནུས་ཤུགས་རླབས་ཆེན་འདོན་མྱོང་བའི་ཚོགས་པ་འདི་གཉིས་ཀྱི་ནུས་པ་རྩ་གཏོར་གཏོང་ཐབས་སུ་ངན་ཇུས་བཏོན་པ་ཁས་ལེན་གནང་མ་ཕོད་པ་ཅི་རེད་དམ།

    (༤) ཁོང་ལ་སྔོན་མའི་འགྲོ་ལུགས་ཙམ་རྒྱུན་སྐྱོང་བྱ་འཆར་ཡོད་པ་ལས། དམིགས་བསལ་བོད་ཀྱི་དཀའ་ངལ་སེལ་བར་རྣམ་དཔྱོད་གསར་བ་དང་ཐབས་ཇུས་གསར་ཅི་གང་མེད་པར་བསམ་ཚུལ་ག་རེ་ཡོད།

  3. བཙན་པོ། says:
    2015-09-07 at 8:34 am

    ཨ་མདོ་བ་ཉོན་ཨཱ།
    ༡ ནོར་ལྦེ་རླུང་འཕྲིན་ཁང་གི་བཅར་འདྲིའི་ཁྲོད་ཀྱི་སྐད་ཆ་དེ་ལ་༧གོང་ས་མཆོག་གི་མཚན་བེད་སྤྱོད་བཏང་སོང་ཟེར་རྒྱུ་ཡིན་ན་ང་ཚོས་དམངས་གཙོ་ཟེར་བའི་ཐ་སྙད་འདི་དེ་བས་ཀྱང་གླེང་ཐབས་མེད།

    ༢ བེད་སྤྱོད་གཏོང་འཆར་ཡོད་པ་རེད་ཟེར་བ་འདི་མདོར་ན་ཁྱོད་ཀྱི་ཚོད་དཔག་ཙམ་པོ་རེད། སྐད་ཆ་འདི་ལྟ་བུ་སྲང་ལམ་ནས་བཤད་ན་འོས་པ་ལས་ཁྲིམས་ཁ་ན་གླེང་ས་མེད།

    ༣ ཚོགས་གཙོས་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཚོ་ལ་ཐོབ་ཐང་ཡོད་པ་རེད་དེ་དམངས་གཙོའི་སྒྲིག་གཞི་ཞིག་གི་སྤྱི་ཚོགས་ཀྱི་ཆོས་ཉིད་ཡིན་པ་ཡང་དང་བསྐྱར་ཏུ་གསུངས་སོང་ལྦཱ། དེ་བཞིན་འདི་ལ་ཡང་དང་བསྐྱར་ཏུ་འགྲེལ་ལོག་བྱེད་པ་ནི་རང་གི་དེ་ཉིད་ཕྱི་ལ་བསྟན་པ་རེད། དེ་ལས་ལྡོག་ཏེ་བོད་རང་བཙན་གྱི་སྐད་ཆ་ཁ་ལ་འཁྱེར་ནས་༧གོང་ས་མཆོག་ལ་གཞི་མེད་མཚན་སྨོད་བྱེད་མཁན་དག་ལ་སྤྱི་མཐུན་གྱི་སྐད་ཆ་མེད་གསུངས་སོང་ལྦཱ།

    ༤ ཚོགས་གཙོས་གང་གསུངས་པ་དེ་དངོས་ཡོད་དང་མཐུན་པ་མ་རེད་དམ། བློ་སེང་ནང་བཞིན་སྟོང་གཏམ་གྱིས་རྒྱ་ཆེའི་མི་མང་ལ་མགོ་སྐོར་གཏོང་བ་ལས་སྐད་ཆ་དྲང་མོ་གསུངས་ན་དགའ་བ་ལ་ཨང་། ཚོགས་གཙོ་དང་བློ་སེང་སུ་ཞིག་ལ་སྲིད་སྐྱོང་ཐོབ་པ་ཡིན་ན་གོམ་པ་རིམ་སྤོ་ཡི་སྒོ་ནས་རིག་པ་གསར་བ་འཆར་གཞི་གསར་བའི་ཕྱོགས་ལ་མདུན་བསྐྱོད་བྱ་དགོས་པ་ལས་སྲིད་སྐྱོང་ཐོབ་པ་དང་གནམ་ས་བླ་འོག་བརྗེ་མི་ཐུབ་པ་དོན་དངོས་རེད་པཱ།

  4. ཀརྨ་བློ་གསལ་ says:
    2015-09-07 at 8:35 am

    ཚོགས་གཙོ་ལགས་ལ་གསར་པ་རྐང་གཅིག་གསུང་ཡ་མི་འདུག ནོར་ཝེ་རླུང་འཕྲིན་ཁང་གིས་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་བཅར་འདྲིར་ཉོན་དང་། ག་འདྲའི་ཧང་སངས་ཡ་ཞིག་འདུག

  5. ཨ་མདོ་བ། says:
    2015-09-07 at 9:03 am

    བཙན་པོ་ལགས་ཀྱིས་བསམ་ཚུལ་གནང་བར་ཐུགས་རྗེ་ཆེ། ངས་བཤད་བཞིན་པ་འདི་ཁོའི་བརྙན་ཐུང་འདིར་བལྟས་རྗེས་བཤད་པ་ཡིན། ངས་བསམ་ཚུལ་ཡིན་ན་འོས་མི་ག་ཚོད་ལངས་ཐུབ་ན་དེ་ནི་དཀའ་ངལ་ཞིག་ལ་བརྩི་ཡི་མེད་ལ། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ཚོད་ཀྱིས་མང་གཙོའི་ཁྱད་ཆས་ཤིག་ཏུའང་རློམ་ཆོག་པ་རེད། སྔོན་དུ་བྲིས་པའི་དྲི་ཚིག་དག་ཁོའི་སྐད་ཆ་ལས་བྱུང་བའི་དོགས་འདྲི་རང་ཡིན། འདི་ནི་ངས་འོས་མི་རེ་རེ་ལ་འོས་འཕེན་མིན་གྱི་ཐག་གཅོད་བྱ་སྟངས་ཤིག་ཀྱང་ཡིན་ཟེར་ཆོག དེའི་སྟབས་ཀྱིས་ངས་འོས་མི་སུ་ན་རང་ཉིད་ཆབ་སྲིད་ལྟ་གྲུབ་དང་མི་རིགས་ལྟ་སྟངས། མ་འོངས་ལས་འཆར་བཅས་ཁ་གསལ་དགོས་གལ་ཆེན་རེད་འདོད། ཁྱེད་ཀྱིས་ཞིབ་ཏུ་ཉོན་དང་།

  6. ཨ་མདོ་བ། says:
    2015-09-07 at 9:11 am

    མདོར་བསྡུས་ནས་བཤད་ན་ཁོའི་སྐད་ཆ་འདི་ཕལ་ཆེར་བཙན་བྱོལ་བོད་ཀུན་པོའི་བློ་ངོར་བསྐྱོར་ཐུབ་པ་ཞིག་རེད། དམིགས་བསལ་འོས་མི་སྐད་ཆའི་ཁྱད་ཆོས་མེད་ཀ། རྒྱལ་བ་རིན་པོ་ཆེ་ཡིས་སྲིད་དབང་རྩིས་གནང་ཚར་ནའང་ད་དུང་རྒྱལ་བ་རིན་པོ་སྐད་ཆུའི་ནང་དྲུད་ཡོང་དགོས་པ་ག་རེད། ཆབ་སྲིད་པ་ཁོས་མི་གཞན་མཚན་སྙན་བེད་སྤྱོད་བཏང་སྟེ་འོས་ཤོག་རྔམ་སྟངས་ཤིག་མ་རེད་དམ། སྲིད་སྐྱོང་འོས་མི་ཚོས་འདི་ལ་བསམ་བློ་གཏོང་དགོས་ཀྱི་འདུག་བསམ།

  7. ཞོལ་གཡག་འབྲོང་རྒྱུད། says:
    2015-09-07 at 10:34 am

    སྐྱར་ཟློས་ཡང་ཟློས་ལ་ཕྱི་སྨིན་ནང་སྨིན་ལྗིད་ཁོག་རྐྱང་རྐྱང་ཞིག་ཨེ་འདུག། གདོང་ལྤགས་ནི་ལྗིད་ཏིག་ཏིག་ཅིག་ནི་ཡོད་བདེན་པ་རེད།

  8. བེ་རེ་གདོང་ནག says:
    2015-09-07 at 11:23 am

    ཨ་ཚོགས་ཀྱི་གཏམ་བཤད་ལ་ཧ་སང་། ལོ་ངོ་ལྔ་བཅུ་དྲུག་བཅུའི་རིང་བསགས་པའི་ཉམས་མྱོང་དང་རྒྱལ་སྤྱིའི་ཁོར་ཡུག རྒྱ་བོད་གཉིས་ཀྱི་ཆབ་སྲིད་ཀྱི་གནས་བབས་མང་་པོའི་ཐོག་ནས་ཕུགས་རྒྱངསརིང་པོའི་་ཆབ་སྲིད་གྱི་འདུན་ལམ་ཡག་དག་པའི་ཚོགས་གཙོའི་གཏམ་བཤད་གོ་མ་མྱོང་བ་ཞིག་མེད་པས་སྐྱར་ཟློས་རེད་ཟེར་མཁན་དེ་ཚོས་ང་ཀླད་སྟོང་ཡིན་ཟེར་གྱིན་ཡོད་རེད། མདོར་ན་རང་བཙན་འཐབ་རྩོད་བྱེད་ཀྱིན་ཡིན། ཆོས་ལུགས་ལ་དད་པ་བྱེད་ཀྱི་མིན་ཟེར་བ་དེར་ཁྱོད་ཧ་སང་རེད་པྭ། རྡ་སའི་རི་སྒང་ནི་རང་དབང་གི་ཁོར་ཡུག་ཡིན་པས་ཁྱོད་ཀྱི་ཁྲི་ཁྲི་འབུམ་འབུམ་ལབ་ན་ཆོག་ལེ་རེད། གླེན་ལྐུག སྙིང་རྗེ། གད་མོ་མ་སློང་། ཁ་དྲོ། གལ་ཏེ་ལྷག་བསམ་ཡིན་པའི་དབང་དུ་བཏང་ན་ཡང་ཕར་དེད་ན་ཁྱོད་ཚོའི་ཆབ་སྲིད་ཀྱི་ལྗིད་ཚད་དེ་ཙམ་རེད།

  9. རིག་ཡག ། says:
    2015-09-07 at 12:53 pm

    ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་ལ་སྐྱོན་བརྗོད་བགྲངས་གི་མི་ལོང་བ་ཞིག་བྱེད་ཞོར་ཚོགས་གཙོས་སྐྱོན་སྣ་གཅིག་ཡང་བཤད་མེད་པ་ནི་རྒྱུ་མཚན་ལྡན་པ་ཞིག་རེད་དམ། ཡང་ན་ཁོས་མཐོང་སྣང་ལ་ཚོགས་གཙོ་སྤེན་པ་ཚེ་རིང་ཡག་དྲགས་སོང་བ་རེད།

  10. ཞོལ་གཡག་འབྲོང་རྒྱུད། says:
    2015-09-07 at 2:26 pm

    ཨ་ལས། ལོ་ངོ་དྲུག་བཅུའི་རིང་ཅི་ཞིག་བསགས་ཡོད་པ་རེད་དམ། ལོ་ངོ་དྲུག་བཅུའི་རིང་གངས་སྐྱིད་ཀྱི་གསོལ་ཕོག་ཡག་ཐག་ཆོད་བཞེས་པའི་བཞེས་ལྷག་ཅིག་བསགས་ཡོད་ན་ཅི་ཐང་། རྒྱལ་སྤྱིའི་འཁོར་ཡུག་ནང་བོད་འདི་ཀྲུང་གོའི་ནང་སྲིད་ལ་བསྒྱུར་བའི་བྱས་ཉེས་དེ་བྱས་རྗེས་ཡིན་བསམ་ན་ནོར་བ་རེད། འདི་ནི་ལོ་རྒྱུས་ཀྱི་ནག་ཆེན་རེད་ཀོ། བོད་མིག་གི་མཐོང་མ་མྱོང་མཁན་ཞིག་རྒྱ་གུང་ཁྲན་དང་སྐར་མ་གཅིག་གཤིབ་མ་མྱོང་མཁན་ཞིག་གིས་རྒྱ་བོད་གཉིས་ཀྱི་གནས་སྟངས་གནས་བབས་དངོས་ཇི་ལྟར་ཤེས་པ་ཡིན་ནམ། ད་དུང་ཕུགས་རྒྱང་རིང་བའི་རྒྱ་བོད་ཀྱི་མདུན་ལམ། དགོད་སྤྱད་མ་རེད་པས། བྱས་ཙང་བྲན་གཡོག་གཤིས་ཀ་ཅན་མི་ཚོས་བོད་འདི་བྲན་གཡོག་འོག་ནས་ཐར་འཇུག་རྩིས་མེད་པ་རེད། རེད་ཡ། ལོ་ངོ་དྲུག་བཅུའི་རིང་ཁ་གདངས་ཚད་ཀྲུང་གོ་སྟོབས་ཆེ་རབས། རྒྱ་བོད་ཀྱི་མདུན་ལམ་ཡིན་རབས། ལམ་དབུ་མ་ཡག་རབས་རྒྱན་རབས། མེས་རྒྱལ་རྒྱལ་གྱི་པང་དུ་རང་སྲིད་རང་སྐྱོང་གི་དགེ་མཚན་ཆེ་རབས་དྲོ་སྐྱིད་ཀྱི་ཉི་མ་ཞིག་ཡོད་རབས། འདི་ཚོ་ཚང་མ་ལྷ་དང་བླ་མའི་བཀའ་ལུང་ཡོད་རབས་ཀྱིས་སྐྱར་ཟློས་ཡང་ཟློས་དེ་མ་རེད་ཨེ། ཁྱོད་ཚོའི་ཁ་ནས་བཤད་རྒྱུ་ངོ་མི་ཚ་ན་ཡང་ང་ཚོའི་རྣ་བས་ཉན་རྒྱུ་ངོ་ཚ་ཡི་འདུག་ག། མི་འདི་ཚོས་རང་སྐྱོང་ཞིག་བླངས་སོང་ན་ངའི་གཞོལ་གཡག་གི་མགོ་དེ་གངས་སྐྱིད་ཀྱི་སྒོ་ཐེམ་སྟེང་གཡུག་རྒྱུར་ཐེ་ཚོམས་མེད།

  11. ཞོལ་གཡག་འབྲོང་རྒྱུད། says:
    2015-09-07 at 2:53 pm

    རང་བཙན་འཐབ་རྩོད་བྱེད་ཀྱི་ཡིན་ཆོས་ལུགས་ལ་དད་པ་བྱེད་ཀྱི་མིན་ཟེར་བར་ང་ཧང་སངས་སོང་བདེན་པ་རེད།
    བོད་རྒྱལ་ཁབ་དང་བོད་མི་རིགས་འདི་བཀས་བཀོད་རྒྱུན་འཛིན་ལམ་ལུགས་དང་ཆོས་སྲིད་བཟུང་འབྲེལ་ལམ་ལུགས་འོག་ནས། མངའ་བདག་ཆེན་པོ་གསུམ་གྱིས་ཆོས་ཡོན་སྦྱིན་བདག་གི་ལག་པར་བཞག་པའི་
    མཇུག་འབྲས་འདི་ད་ལྟ་ང་ཚོས་མྱང་དང་མྱོང་བཞིན་པ་དེ་རེད། ད་དུང་འགྲེལ་བཤད་དགོས་ན་རྣ་བ་འོན་རབས་བར་བཤད་རྒྱུ་ཡོད་ད།

  12. བསོད་ནམས། says:
    2015-09-07 at 5:47 pm

    སྤྲང་ལམ་གྱི་བར་གྱི་སྐད་ཆ་རང་རེད་ཤག མཐུན་སྒྲིལ་གཏོར་མཁན་ཚོས་མཐུན་སྒྲིལ་བཤད་པ་ལ་ངོ་ཚ་ཡོད་པ་མ་རེད། བོད་ནང་གི་ཡིག་རྨོངས་པ་ཞིག་གི་བསམ་ཚུལ་འདྲ་མ་གཏོགས་མི་འདུག

  13. ཟླ་གསལ། says:
    2015-09-07 at 6:30 pm

    ཤར་ཁུག་འོས་སྦྱོར་ཨེ། ཤར་ཁུག་ཟེར་ན་སུ་རེད། འཁྱམ་པོ་ལས་མེད་ཅིག་ཡིན་པ། ངོ་སྦྱོར་ཨེ། སྤེན་ཚེར་དགའ་མཁན་ཚོ་ཡང་མེད་པ་བཟོ་འགྲོ

  14. ཟླ་གསལ། says:
    2015-09-07 at 6:30 pm

    ཀླུ་བྱམས་འདྲ་པོའི་གནས་ལུགས་བཤད་ཐུབ་ན་ཡག་པོ་རེད།

  15. བསྟན་རྣམ། says:
    2015-09-08 at 2:42 am

    ཁོང་སྲིད་སྐྱོང་ལ་སླེབས་པར་ཆ་བཞག་ན། ཁོང་གི་བློ་འདོན་པ་ནི་ལྷ་བཟང་ཚེ་རིང་དང་འཇམ་ནོར་གཉིས་འཇོག་རྒྱུ་དང་། བཀའ་དྲུང་དོན་གྲུབ་ལྷ་དར་དང་། ཆོས་རིག་བཀའ་བློན་སྨོན་ལམ་མཐར་ཕྱིན། ཤེས་རིག་བཀའ་བློན་གསེར་རྟ་ཚུལ་ཁྲིམས། ཕྱི་དྲིལ་བཀའ་བློན་བསྟན་འཛིན་བརྩོན་འགྲུས། དཔལ་འབྱོར་བཀའ་བློན་སྐུ་གཞོགས་བསྟན་པ་ཡར་འཕེལ། འཕྲོད་བསྟེན་བཀའ་བློན་ཀརྨ་ཆོས་འཕེལ། ནང་སྲིད་བཀའ་བློན་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་བཅས་རེད་ལོ། ད་ལྟ་རྒྱུ་འདུག་ག་་་་བཙན་བྱོལ་བོད་མིའི་རླུང་རྟ་ཡར་འགྲོ་རེད་་་་་ཧ་་་་་ཧ་་་་་་་་ཧ་་་་་་་

  16. བསྟན་རྣམ། says:
    2015-09-08 at 2:43 am

    ཀླུ་མཁར་བྱམས་སྲིད་སྐྱོང་ལ་སླེབས་པར་ཆ་བཞག་ན་་་་་ཞེས་པར་བཅོས་རོགས།

  17. བསྟན་རྣམ། says:
    2015-09-08 at 3:18 am

    འདི་ལ་གཟིགས་དང་འོས་མི་སུས་སྐད་ཆ་བདེན་པ་བཤད་གི་ཡོད་མེད་དང་སུས་འུར་རྒྱག་གི་ཡོད་མེད་གསལ་པོ་རེད།

  18. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-08 at 3:58 am

    བསྟན་རྣམ་གྱིས་ཀླུ་མཁའི་གསང་བ་ཚང་མ་ཤེས་འདུག་ག་་་་་་ད་ཡིན་ན་གཞན་སེམས་ཤེས་པའི་མངོན་ཤེས་རྒྱུད་ལ་མངའ་འདུག་་་་་་ཨོ་ཡེ་ཡེ་་་་་་ཡག་པོ་འདུག་་་་་་་་གུང་བྲན་ཏང་གིས་བོད་ཐོག་ལ་འཆར་གཞི་གང་འདྲ་ཅིག་འདུག་་་་་བསྟན་རྣམ་ལགས་ཅིག་གཟིགས་དང་་་་་་་་་་་་་

  19. ཅོ་རི་ཉི་མ། says:
    2015-09-08 at 4:54 am

    སྤེན་སྲིད་སྐྱོང་ལ་བསླེབས་ན་་་་ཡུང་གླིང་ཟླ་བ་ཚེ་རིང་དཔལ་འབྱོར་བཀའ་བློན་སྐོས་ངེས་ཡིན་གྱི་རེད་བ། ཧཧ

  20. བསྟན་རྣམ། says:
    2015-09-08 at 7:27 am

    བོད་རང་བཙན་ནི་ལོ་རྒྱུས་ཤིག་དང་ཐོབ་ཐང་ཞིག་ཡིན་ཡང་། བཙན་བྱོལ་སྤྱི་ཚོགས་ནང་གི་ན་གཞོན་རྣམས་ཀྱིས་རང་བཙན་ནི་ཆེས་རྨོངས་དད་བྱེད་སའི་གཉན་པོ་གསང་བ་ཞིག་ཏུ་གྱུར་ཡོད། ཁོང་ཚོ་ཡང་སྙིང་བོད་རང་བཙན་ལ་རྒྱུས་མངའ་ཅི་ཙམ་ཡོད་དམ། ཁོང་ཚོའི་རྨི་ལམ་ནང་གི་རང་བཙན་ནི་བོད་རྒྱལ་ཁབ་དེ་རྩ་ཐང་སྔོན་པོའི་ཐོག་ནས་རྟ་ཞོན་ནས་གླུ་བླངས་ཏེ་སྐྱིད་པོ་གཏོང་རྒྱུ་ཞིག་དང་། བོད་མི་མང་འབྲོག་པ་མདོག་ཉེས་ཚོའི་མདུན་ནས་ཁོང་ཚོ་ནི་དེང་རབས་པ་དང་མི་མང་ལ་ཚན་རིག་དང་མཐུན་པའི་ལམ་སྟོན་བྱེད་པོ། བོད་རྒྱལ་ཁབ་ཀྱི་མིང་ཐོག་ནས་རྒྱལ་ཁབ་གཞན་གྱི་དཔོན་རིགས་དང་མི་སྣ་གྲགས་ཆེན་ཚོའི་མཉམ་དུ་གཏམ་གླེང་བྱས་ཏེ་རང་ཉིད་ལ་མཐོང་དང་ཆ་འཇོག་ཡོང་བ་ཞིག་རེད། ང་བཙན་བྱོལ་ནང་སྐྱེས་པའི་ན་གཞོན་མང་པོ་ཐུག་སྟེ་གཞིས་ལུས་བོད་མི་སྐོར་ལ་སྐད་ཆ་བཤད་པ་ཡིན། ཁོང་ཚོ་མང་ཆེ་ཤོས་ཀྱིས་གཞིས་ལུས་བོད་མི་ཚོའི་ནང་སྤྱི་ཡོངས་རང་བཞིན་གྱི་ན་གཞོན་ཤེས་ཡོན་ཅན་མང་པོ་ཐོན་གི་ཡོད་ཚུལ་དང་། གཞིས་ལུས་མི་མང་གི་འཚོ་བའང་གང་འཚམ་ཡར་རྒྱས་ཡོང་གི་ཡོད་ཚུལ། མདོར་ན་གཞིས་ལུས་མི་མང་ལ་བཟང་ཕྱོགས་ཀྱི་ཆ་ཅི་ཡོད་བཤད་པ་ཡིན་ན་ཁོང་ཚོས་ཉན་འདོད་མི་བཤད་པར་མ་ཟད། གཞིས་ལུས་བོད་མིའི་ནང་དུ་ཁོ་རང་ལས་ལྷག་པ་ཞིག་ཡོད་པར་ནམ་ཡང་ཡིད་ཆེས་བྱེད་ཀྱི་མེད་པ་རེད། དེ་བཞིན་ཁོང་ཚོར་གཞིས་ལུས་བོད་མི་ཚོར་ཟ་རྒྱུ་འཐུང་རྒྱུ་མེད་ཚུལ་དང་། ཏིག་ལོག་གོན་རྒྱུ་མེད་ཚུལ། ཐ་ན་ཡི་གེ་འབྲི་ཀློག་ཕར་ཞོག་དཔེ་ཆའི་མགོ་རྔ་བཟློགས་ནས་ལྟ་ཚུལ། སྐྱག་པ་གཅིན་པ་གཏོང་མི་ཤེས་ཚུལ། དེང་རབས་ཀྱི་འཕྲུལ་ཆས་རིག་མཐོང་ཚེ་ཡ་མཚན་ཚུལ། ལོ་ཉི་ཤུར་བུད་ནའང་སྣབས་དང་མཆིལ་མའང་བདག་པོ་རྒྱག་མི་ཐུབ་ཚུལ་སོགས་བཤད་ན་ཁོང་ཚོ་རྦད་དེ་སྣང་བ་ཕྱིན་ཏེ་སེམས་ལ་རྗེས་མ་བོད་ལ་རང་བཙན་རེག་ན་ངས་ཁོང་ཚོར་ལམ་སྟོན་ཅི་ལྟར་བྱེད་ཚུལ་དང་། ཤེས་ཡོན་ཅི་ལྟར་སྤྲོད་ཚུལ། ཡར་རྒྱས་ཅི་ལྟར་གཏོང་ཚུལ་སོགས་འདྲི་མི་དགོས་བར་བཤད་ཡོང་གི་རེད། འདིས་ག་རེ་སྟོན་གྱི་ཡོད་དམ་ཟེར་ན། ཁོང་ཚོས་ནམ་ཡང་རང་ཉིད་ནི་གཞིས་ལུས་མི་མང་གི་འགོ་ཁྲིད་མཁན་དེང་རབས་སྔོན་ཐོན་ཅན་ཞིག་ཡིན་བསམ་བསྡད་ཡོད་རེད།

  21. བསྟན་རྣམ། says:
    2015-09-08 at 7:33 am

    བོད་རང་བཙན་ནི་ལོ་རྒྱུས་ཤིག་དང་ཐོབ་ཐང་ཞིག་ཡིན་ཡང་། བཙན་བྱོལ་སྤྱི་ཚོགས་ནང་གི་ན་གཞོན་རྣམས་ཀྱིས་རང་བཙན་ནི་ཆེས་རྨོངས་དད་བྱེད་སའི་གཉན་པོ་གསང་བ་ཞིག་ཏུ་གྱུར་ཡོད། ཁོང་ཚོ་ཡང་སྙིང་བོད་རང་བཙན་ལ་རྒྱུས་མངའ་ཅི་ཙམ་ཡོད་དམ། ཁོང་ཚོའི་རྨི་ལམ་ནང་གི་རང་བཙན་ནི་བོད་རྒྱལ་ཁབ་དེ་རྩ་ཐང་སྔོན་པོའི་ཐོག་ནས་རྟ་ཞོན་ནས་གླུ་བླངས་ཏེ་སྐྱིད་པོ་གཏོང་རྒྱུ་ཞིག་དང་། བོད་མི་མང་འབྲོག་པ་མདོག་ཉེས་ཚོའི་མདུན་ནས་ཁོང་ཚོ་ནི་དེང་རབས་པ་དང་མི་མང་ལ་ཚན་རིག་དང་མཐུན་པའི་ལམ་སྟོན་བྱེད་པོ། བོད་རྒྱལ་ཁབ་ཀྱི་མིང་ཐོག་ནས་རྒྱལ་ཁབ་གཞན་གྱི་དཔོན་རིགས་དང་མི་སྣ་གྲགས་ཆེན་ཚོའི་མཉམ་དུ་གཏམ་གླེང་བྱས་ཏེ་རང་ཉིད་ལ་མཐོང་དང་ཆ་འཇོག་ཡོང་བ་ཞིག་རེད། ང་བཙན་བྱོལ་ནང་སྐྱེས་པའི་ན་གཞོན་མང་པོ་ཐུག་སྟེ་གཞིས་ལུས་བོད་མི་སྐོར་ལ་སྐད་ཆ་བཤད་པ་ཡིན། ཁོང་ཚོ་མང་ཆེ་ཤོས་ཀྱིས་གཞིས་ལུས་བོད་མི་ཚོའི་ནང་སྤྱི་ཡོངས་རང་བཞིན་གྱི་ན་གཞོན་ཤེས་ཡོན་ཅན་མང་པོ་ཐོན་གི་ཡོད་ཚུལ་དང་། གཞིས་ལུས་མི་མང་གི་འཚོ་བའང་གང་འཚམ་ཡར་རྒྱས་ཡོང་གི་ཡོད་ཚུལ། མདོར་ན་གཞིས་ལུས་མི་མང་ལ་བཟང་ཕྱོགས་ཀྱི་ཆ་ཅི་ཡོད་བཤད་པ་ཡིན་ན་ཁོང་ཚོས་ཉན་འདོད་མི་བཤད་པར་མ་ཟད། གཞིས་ལུས་བོད་མིའི་ནང་དུ་ཁོ་རང་ལས་ལྷག་པ་ཞིག་ཡོད་པར་ནམ་ཡང་ཡིད་ཆེས་བྱེད་ཀྱི་མེད་པ་རེད། དེ་བཞིན་ཁོང་ཚོར་གཞིས་ལུས་བོད་མི་ཚོར་ཟ་རྒྱུ་འཐུང་རྒྱུ་མེད་ཚུལ་དང་། ཏིག་ལོག་གོན་རྒྱུ་མེད་ཚུལ། ཐ་ན་ཡི་གེ་འབྲི་ཀློག་ཕར་ཞོག་དཔེ་ཆའི་མགོ་རྔ་བཟློགས་ནས་ལྟ་ཚུལ། སྐྱག་པ་གཅིན་པ་གཏོང་མི་ཤེས་ཚུལ། དེང་རབས་ཀྱི་འཕྲུལ་ཆས་རིག་མཐོང་ཚེ་ཡ་མཚན་ཚུལ། ལོ་ཉི་ཤུར་བུད་ནའང་སྣབས་དང་མཆིལ་མའང་བདག་པོ་རྒྱག་མི་ཐུབ་ཚུལ་སོགས་བཤད་ན་ཁོང་ཚོ་རྦད་དེ་སྣང་བ་ཕྱིན་ཏེ་སེམས་ལ་རྗེས་མ་བོད་ལ་རང་བཙན་རེག་ན་ངས་ཁོང་ཚོར་ལམ་སྟོན་ཅི་ལྟར་བྱེད་ཚུལ་དང་། ཤེས་ཡོན་ཅི་ལྟར་སྤྲོད་ཚུལ། ཡར་རྒྱས་ཅི་ལྟར་གཏོང་ཚུལ་སོགས་འདྲི་མི་དགོས་བར་བཤད་ཡོང་གི་རེད། འདིས་ག་རེ་སྟོན་གྱི་ཡོད་དམ་ཟེར་ན། ཁོང་ཚོས་ནམ་ཡང་རང་ཉིད་ནི་གཞིས་ལུས་མི་མང་གི་འགོ་ཁྲིད་མཁན་དེང་རབས་སྔོན་ཐོན་ཅན་ཞིག་ཡིན་བསམ་བསྡད་ཡོད་རེད། གང་ལྟར་གཞིས་ལུས་མི་མང་ལ་རྒྱ་མི་དང་བཙན་བྱོལ་གྱི་མི་ཚོའི་དབར་ལ་ལྟ་སྟངས་གཅིག་པ་ཞིག་ཡོད་པ་ནི་མཐོང་ཆུང་རེད། ད་སྐབས་སྐུ་ཞབས་ཀླུ་མཁར་བྱམས་ནི་མི་འདི་ཚོའི་གྲས་ཀྱིས་རྒྱབ་སྐྱོར་བྱེད་ས་དང་ལག་ཆ་ཞིག་ཆགས་ཡོད། བོད་པའི་སྤྱང་ཀི་དང་རྒྱ་མིའི་སྤྱང་ཀི་གཉིས་ཀ་སྤྱང་ཀི་རེད། བོད་མི་མང་ལ་རྒྱ་བོད་གཉིས་ཀའི་སྤྱང་ཀི་དགོས་དོན་མེད། དེ་ལས་༧རྒྱལ་བ་རིན་པོ་ཆེའི་ལམ་སྟོན་ལ་ཕྱིན་ན་བོད་མི་མང་ལ་ཁེ་གྱོང་གང་ཡང་རེག་གི་མ་རེད་ལ། ཆིག་སྒྲིལ་ཡང་ཡོང་གི་རེད།

  22. ཅོ་རི་ཉི་མ། says:
    2015-09-08 at 7:59 am

    བསྟན་རྣམ་ཟེར་བ་འདིའི་སྐད་ཆ་བྱབ་ཆུང་འདི་ལ་གཅིག་ལྟོས་དང་། བོད་གཞིས་བྱེས་གཉིས་ཀྱི་བར་དུ་དཀྲུགས་གཏམ་འདྲ་ཞིག་བཤད་མདོག་མདོག་་་་ཧཧཧ

  23. ཅོ་རི་ཉི་མ། says:
    2015-09-08 at 8:10 am

    གོང་ས་ཏྭ་ལའི་བླ་མས་བོད་མི་དམངས་ལ་དམངས་གཙོ་མར་གནང་བ་དེ་ཕྱིར་བསྡུ་འགྲོ་མཁན་ཡོད། རྒྱལ་བ་རིན་པོ་ཆེན་བཀའ་ཡི་འོག་ཏུ་ཤར་སྐྱོད་བྱེད་དགོས་ཟེར་མཁན་དེ་དག་གིས་དམངས་གཙོ་ཕྱིར་བསྡུ་བྱེད་བཞིན་ཡོད། མི་དམངས་ཀྱི་ལག་ནས་དབང་ཆ་ཕྱིར་བསྡུ་བྱེད་བཞིན་ཡོད། དེར་ཤེས་དགོས། ཉམ་ཆུང་བོད་མི་ཚོའི་རེ་འདོད་ལྟར་འགྲོ་དབང་མེད་ལ་བཤད་དབང་མེད་པ་ཡང་བཟོ་ཡི་ཡོད། དེ་དག་ནི་སྒེར་གཅོད་པ་ཨང་དང་པོའི་བྱས་སྟངས་རེད།

    འཐབ་རྩོད་པ་ཞིག་ངོས་ནས་བྱས་ན་དེ་དག་གི་མདུན་དུ་དུས་ནམ་ཡང་མགོ་བོ་སྒུག་མི་ཉན་ལ་པུས་མོ་འཛུགས་མི་ཉན། སྒེར་གཅོད་པའི་མདུན་དུ་པུས་མོ་བཙུགས་ཚར་དུས་འཐབ་རྩོད་བྱེད་ཐུབ་པའི་རེ་བ་བྲལ་ཟིན་པ་ཡིན།

  24. ཞོལ་གཡག་འབྲོང་རྒྱུད། says:
    2015-09-08 at 8:45 am

    བོད་རང་བཙན་ལོ་རྒྱུས་ཞིག་དང་ཐོབ་ཐང་ཞིག་ཡིན་ན་བོད་མི་རིགས་ལ་ལོ་རྒྱུས་དང་ཐོབ་ཐང་རྩོད་པའི་རང་དབང་ཞིག་ཡོད་པ་རེད་མེད་པ་རེད། བོད་ཀྱི་ལོ་རྒྱུས་རང་བཞིན་དང་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་རང་བཙན་བརྩད་ན་ཆེས་རྨོངས་དད་བྱེད་སའི་གསང་བ་ལྐོགས་གྱུར་ཞིག་ཇི་ལྟར་ཆགས་པ་རེད། འོ་ན་ཀྲུང་གོའི་རྩ་ཁྲིམས་འོག་གི་གཟུགས་མེད་གྲིབ་བཟོ་བླ་ལྷའི་ལུང་བསྟན་དེ་ཆེས་རྨོངས་དད་མ་ཡིན་པའི་རྒྱུ་མཚན་ཞིག་བཤོད་དང་། ཁྱོད་ཚོ་ཀྲུང་གོ་གུང་ཁྲན་ཏང་ལ་ཆ་རྒྱུས་ཡ་རྒྱུས་ཇི་ཙམ་ཡོད་དམ། ཁྱོད་ཚོའི་རྨི་ལམ་ནང་གི་རང་སྐྱོང་ནི་གནམ་ས་བླ་འོག་ལྟ་བུའི་ཡར་རྒྱས་དང་། འཕུར་མཆོངས་ལྟ་བུའི་འགྱུར་ལྡོག་འོག་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཀྱི་ཉི་མའི་འོད་ཟེར་འོག། ཁྱོད་ཚོ་ནི་བློ་གཅིག་སེམས་གཅིག་གི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བླ་མེད་ཀྱིས་ཧུར་བརྩོན་ཅན་གྱི་གུང་ཁྲན་ཏང་ཡོན་ཞིག་བྱས་ཏེས། ཏང་གི་འཆར་གཞི་དང་ཐབས་ལམ། ལག་བསྟར་རང་བཞིན་ལྡན་པའི་བོད་དང་བོད་མི་རིགས་ལ་འཛིན་པའི་དྲག་གནོན་དང་། བཙོན་འཇུག་རྡུང་རྡེག་ཚ་ནན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་པོའི་ལག་ཆར་གྱུར་ཏེས་ཟ་རྒྱུ་དང་འཐུང་རྒྱུ་ཞིག་རེག་ན་ད་གཟོད་ཁྱོད་ཚོའི་རྨི་ལམ་སྐྱིད་པོ་དེ་ཡོངས་སུ་འགྲུབ་རྒྱུ་རེད་པཱ།
    དེས་ན་ཁྱོད་ཀྱིས་བཙན་བྱོལ་གྱི་ན་གཞོན་རྟོགས་སད་པ། རྨོངས་དད་ཀྱི་གཉིད་ལས་བསད་ཟིན་པའི་དེང་དུས་ཀྱི་ཤེས་ཡོན་ཅན། འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་ན་གཞོན་ཤེས་ཡོན་ཅན་དང་དཔུང་པ་མཉམ་གཤིབ་བྱས་ཏེས་བསྐྱོད་ཐུབ་མཁན་དང་མཉམ་དུ་གླེང་མོལ་བྱེད་པའི་སྤོབས་པ་དང་ནུས་པ་མེད་ཙང་། ཁྱོད་བཙན་བྱོལ་གྱི་ཉལ་ཐག་བཏུང་ཏེས་སློང་མོ་བ་དང་སྐད་ཆ་བཤད་པའི་འབྲས་བུ་འདི་རེད་པཱ། རྒྱུ་མཚན་བཙན་བྱོལ་གྱི་ཤེས་ཡོན་ཅན་དང་གླེང་མོལ་བྱས་པ་ཡིན་ན་ཁྱོད་ཀྱི་རང་མདོག་ཐང་ལ་བུད་དེས་ཁ་ཡ་མི་བྱེད་པ་ནི་དངོས་ཡོད་རེད། དེ་མིན་ན་ཨ་ཚོགས་ལྟ་བུ་བོད་ནང་ཚར་ལོངས་བྱུང་ཏེས་རྒྱ་གུང་ཁྲན་ལ་ཆ་རྒྱུས་ཡ་རྒྱུས་ཡོད་མཁན། གུང་ཁྲན་གྱི་སྲིད་ཇུས་རང་གི་ལུས་སྟེང་དུ་མྱང་མྱོང་མཁན་ཞིག། བོད་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཞེན་གྱི་མེ་དཔུང་སེམས་སུ་འབར། མི་རིགས་འདི་རང་གི་རྐང་པའི་སྟེང་ལངས་ཐུབ་པའི་ཡིད་ཆེས་ཡོད་མཁན་ཞིག། བོད་མི་རིགས་འདི་དད་པ་ལོག་སྤྱོད་པའི་འོག་བྲན་གཡོག་གི་གཤིས་ཀ་ནམ་ཡང་འཇགས་འཇུག་འདོད་མེད་མཁན་ཞིག་གི་རྒྱབ་སྐྱོར། བཙན་བྱོལ་གྱི་ཤེས་ཡོན་ཅན་དང་རྟོགས་སད་པ་ཡིན་པ་མ་གཏོག་སྲང་ལམ་གྱི་ཉལ་ཐག་བཏུང་མཁན་མིན་པ་ས་རིས་ཐང་གསལ་རེད། མ་གཞི་དད་པ་ལོག་སྤྱོད་པ་འདི་ཚོར་རྨོངས་དད་ཀྱི་སྒྲིབ་ཡོར་དེས་གནས་ལུགས་བདེན་པ་དམར་བརྗེན་དུ་བསྟན་ཡང་མི་མཐོང་བ་དང་མཐོང་འདོད་མེད་་པ་ནི་ཁོ་ཚོའི་རང་གཤིས་སུ་གྲུབ་ཡོད་པ་རེད། དོན་དངོས་བོད་མི་རིགས་ཀྱི་སྤྱང་ཀི་ནི་འདི་ཚོ་རེད། ཁ་ཚོས་གནའ་སྔ་མོ་ནས་དད་པ་ལོག་སྤྱོད་ཀྱི་ལམ་ལུགས་འོག། བོད་མི་རིགས་ལ་ཕན་པའི་ལས་ཀ་སྣ་གཅིག་བྱེད་མྱོང་མེད་པ་མ་ཟད། བོད་མི་རིགས་ནི་ཁོ་ཚོའི་ཁྲལ་དང་འུ་ལག་འཇལ་མཁན་གྱི་བྲན་གཡོག་ལ་བཀོལ་སྤྱོད་བྱས་པ་རེད། ཁོ་ཚོས་དཀོར་རྫས་དང་ལོག་འཚོ་ལ་རྔམས་ཏེས་བོད་དང་བོད་མི་རིགས་འདི་དཀོར་བདག་གི་ལག་པར་བཞག་ཟིན་པ་རེད་ལ། ད་དུང་དཀོར་བདག་བརྩལ་དང་འཚོལ་བཞིན་པ་མ་ཟད་བོད་མི་རིགས་འདི་བྲན་གཡོག་གི་གཤིས་ཀའི་འོག་ནས་ལངས་རྒྱུ་མེད་པ་བཟོས་ཟིན་པ་རེད། བྱས་ཙང་བྲན་གཡོག་གཤིས་ཀ་ད་དུང་དོར་མི་ཤེས་པའི་རྒྱུ་མཚན་འདིར་འཐུག་ཡོད་པ་རེད་དོ།

  25. འབྲོང་བུ་སོག་ཚ། says:
    2015-09-08 at 2:46 pm

    བསྟན་རྣམ་ཟེར་བའི་མི་ངན་དེས་བཤད་སྟངས་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཡིན་ན། བོད་རྒྱ་འོག་ནས་ནམ་ཡང་ཐར་ཐབས་མེད་པ་ཞིག་རེད། དེའི་རྒྱ་ནག་དང་བོད་སུ་ལ་ཕན་ཐོགས་ཆེ་ཡག་པོ་ཞིག་གཟིགས་ནས་རང་ལ་དབང་བའི་འོས་ཤོག་དེ་འཕེན་ས་མ་ནོར་བར་གྱིས།

  26. འབྲོང་བུ་སོག་ཚ། says:
    2015-09-08 at 2:51 pm

    དེང་སང་གི་དབུ་མའི་ལམ་ཕལ་ཆེ་བ་ནི་གཟུགས་པོ་བོད་མི་དང་། སེམས་ཀྲུང་གོ་རེད་འདུག་གོ

  27. གངས་ཅན་། says:
    2015-09-09 at 10:06 pm

    དབུ་ལམ་གྱིས་བོད་མིར་མགོ་སྐོར་བཏང་གཏོང་ཉིད་ཀྱིས་ང་ནི་ཡིད་ཐང་ཆད་སོང་། དབུ་ལམ་པས་ཡར་བཤད་མར་བཤད་བཟོ་ནས་དགོས་རྒྱུ་མ་ནི་བླ་དཔོན་འཁོར་གཡོག་འགའ་རྒྱ་ལ་ལོག་ས་མ་རག་ནས་གླེང་གི་ཡོད་པའི་བཟོ་འདྲ་ཞིག་མཐོང་ཡོང་གི་འདུག། བོད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་རྣམས་བོད་ཀྱི་བླ་དཔོན་རེ་འགའ་ཙམ་གྱིས་ཐག་གཅོད་བྱེད་ཆོག་པའི་དབང་ཚོད་མེད་ལ་བཙན་བྱོལ་བའི་མི་འབུམ་གཅིག་ལྷག་ཙམ་ཞིག་གིས་ཀྱང་ཐག་གཅོད་བཟོ་མི་ཆོག། བོད་རང་བཙན་ནི་བོད་མི་ཡོངས་ཀྱི་ཐོབ་ཐང་ཡིན། བོད་རང་བཙན་བཤད་ན་གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་མི་དཔོན་ཚོ་མཉེས་ཀྱི་མེད་པ་ཡིན་ན་ཁྱེད་ཚོ་དགོངས་པ་མ་འཚང་རོགས། ང་ནི་ཁྱེད་ཚོ་དང་ཁ་ཕྱོགས་ལམ་ཕྱོགས་ལོ་ཀ་ཡིན་པས་ངེད་རང་བཙན་འདོད་མཁན་ཚོར་ཁྱེད་རྣམ་པས་ཚོད་འཛིན་མ་བཟོ་རོགས།

  28. ལྷ།བྱ་འཕུར་མ། says:
    2015-09-10 at 4:27 pm

    ཁམས་བཟང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme