Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལ་རྒྱབ་ཁབ་ཅིག་ཡོད་མྱོང་བ་རེད་ལོ།

Posted on 2015-09-042015-09-04 By ཁ་བརྡ 37 Comments on བོད་ལ་རྒྱབ་ཁབ་ཅིག་ཡོད་མྱོང་བ་རེད་ལོ།

unnamed-1——–གསལ་ལེ་རྒྱལ།

 
འཇར་མན་གྱི་STOL ཞེས་པའི་གསར་ཁང་གི་གསར་འགོད་པ་ཞིག་གིས་སྲིད་སྐྱོང་བློ་བཟང་སེང་གེར་”རྒྱལ་ཁབ་མེད་པའི་སྲིད་སྐྱོང་གི་ཚོར་བ་ཅི་འདྲ་འདུག”་དྲིས་པའི་ལན་དུ། བློ་སེང་གིས་”ང་ཚོ་བོད་པ་ཚོར་ནམ་ཡང་རྒྱལ་ཁབ་ཅིག་ཡོད་མ་མྱོང་”ཟེར། དེའི་དྲ་ཐག་འདི་རེད།
https://www.facebook.com/100008199041428/videos/1630656373884315/

ཁྱོད་ཀྱི་བོད་དེ་གང་རེད། ཁྱོད་ཀྱི་བོད་པ་དེ་སུ་ཡིན། “Tibetans, we never had a country” བློ་སེང་གི་ཨ་ཕ་ཨ་མ་གང་གི་ཡིན།
“ང་ཚོ་བོད་པ་”ཞེས་པའི་བོད་པ་དེ་དག་སུ་སུ་ཡིན། གཞིས་ཆགས་ཀྱི་བུ་གུ་ཚོར་ཟེར་གྱིན་ཡོད་དམ། ཁྱོད་རང་བོད་ཀྱི་སྲིད་སྐྱོང་ཡིན་ནམ། གཞིས་ཆགས་ཀྱི་བུ་གུ་ཚོའི་སྲིད་སྐྱོང་ཡིན།

ང་དགུ་ལོའི་རྗེས་སུ་རྒྱ་གར་ནས་སྐྱེས་པའི་གཞིས་ཆགས་ཀྱི་བུ་གུ་ཚོར་རྒྱལ་ཁབ་ཅིག་ཡོད་མ་མྱོང་བ་བདེན་པ་རེད། “ང་ཚོ་བོད་པ”་ཞེས་པ་དེ་ང་དགུ་ལོའི་རྗེས་སུ་རྒྱ་གར་ནས་སྐྱེས་པའི་བུ་གུ་ཁྱོད་ཚོར་གོ་བ་ཡིན་ན་ཏག་ཏག་བདེན་པ་རེད།

དེ་མིན་ང་ཚོ་སྟེ། བོད་མདོ་དབུས་ཁམས་གསུམ་གྱི་བོད་པ་ཚོར་རྒྱལ་ཁབ་ཅིག་ཡོད་མྱོང་བ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་མང་བོར་གཉའ་སྒའང་བསྟད་མྱོང་། གོ་ཐོས་ཙམ་ཡང་མེད་དམ། ཧ་ཧྥར་སློབ་ཆེན་ནས་ཁྱོད་ཀྱིས་ཅི་ཞིག་སྦྱངས་པ་ཡིན། དབྱིན་སྐད་ཅ་དག་ཅིག་ལས་ཅི་ཡང་མི་ཤེས་སམ།

ཁྱོད་ཀྱིས་གཉའ་ཁྲི་བཙན་པོ་མ་གོ་ན་མ་གོ། ཁྱོད་ཀྱིས་སྲོང་བཙན་སྒམ་པོ་མ་ཤེས་ན་མ་ཤེས། ཁྱོད་ཀྱིས་༧རྒྱལ་དབང་ལྔ་བ་ཆེན་མོའང་མི་ཤེས་སམ།

ཁྱོད་ཀྱི་ལག་ན་ཡོད་པའི་ཐམ་ཀ་དེ་༧ཁོའི་རེད། དེ་རྒྱབ་ཁབ་ཅིག་གི་རྒྱལ་ཐམ་རེད། དེ་ཁྱོད་ལ་རྒྱལ་ཁབ་ཅིག་ཡོད་མྱོང་བའི་རྟགས་རེད་ཡ།

ཁྱོད་ཀྱིས་རི་བོ་ཧི་མ་ལ་ཡའི་ཕ་རོལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ད་སྐབས་རྒྱ་ནག་གིས་བཟུང་ཡོད་པའི་སྐད་ཆ་ཞིག་གོ་ཨེ་མྱོང་། འོ་དེ་རེད་ཡ། དེ་རེད། བོད་པ་ཚོར་ཡོད་མྱོང་བའི་རྒྱལ་ཁབ་དེ་དེ་རེད། “སུམ་ཉིས་ས་ཡི་དཀྱིལ་འཁོར་བདག་དུ་བཟུང་”ཞེས་པའི་རྒྱལ་ཁབ་དེ་རེད་ཡ། ངའི་མེས་པོའི་ན་ཐང་མ་རྫོད།

༠༤/༠༩/༢༠༡༥ ལ་ཕ་རེ་སི་ནས།

བསམ་ཚུལ།

Post navigation

Previous Post: སྣང་བའི་ཁམས།
Next Post: ནམ་ཡང་བརྗེད་ཐབས་མེད་པའི་ཕ་ཡུལ།

Comments (37) on “བོད་ལ་རྒྱབ་ཁབ་ཅིག་ཡོད་མྱོང་བ་རེད་ལོ།”

  1. ཅོ་རི་ཉི་མ། says:
    2015-09-04 at 2:04 pm

    སྤེན་པ་ཚེ་རིང་ལ་འོས་འཐོབ་སོང་ན་ཀྲུང་གོའི་བོད་ཟེར་བ་ཞིག་མ་གཏོགས་བོད་རྒྱལ་ཁབ་ཟེར་བ་ཤིག་ནམ་ཡང་བྱུང་མེད་ཟེར་འོང་གི་རེད། སྐར་ལྔའི་དར་དམར་གྱི་ཐོག་གི་སྐར་ཆུང་བཞི་ཡོད་པའི་ནང་ནས་གཅིག་ཀྲུང་གོའི་བོད་རེད་ཟེར་བཞིན་གདའ།

    ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་ལོ་རྒྱུས་ཀྱི་རྡོ་རིང་ལ་བརྩི་བཀུར་ཡོད་མཁན་དགོས་ན་རྒྱལ་གཅེས་པ་ཀླུ་མཁར་བྱམས་ལས་ལྷག་གཅིག་འོས་མི་ལྔ་ཡི་ནང་དུ་སུ་མེད་ངེས་རེད་དོ།

  2. སྲོང་བཙན། says:
    2015-09-04 at 2:06 pm

    མང་པོ་ཞིག་གི་སྐད་ཆ་འདིའི་གོ་བ་འདི་འདྲ་ཞིག་ལེན་གྱི་འདུག ་་་ང་ཚོ་ལ་རྒྱལ་ཁབ་ཅིག་ནམ་ཡང་བྱུང་མྱོང་མེད།་་་་འགྲེལ་་་་ང་ཚོ་བཙན་བྱོལ་དུ་སྐྱེས་པའི་མི་རབས་གསར་པོ་ཚོ་ལ་རྒྱལ་ཁབ་ཅིག་ནམ་ཡང་བྱུང་མྱོང་མེད་དེ་རང་ཉིད་སྐྱེས་དུས་ནས་བཙན་བྱོལ་བ་ཆགས་ཏེ་རྒྱལ་ཁབ་ཤོར་ཟིན་པ་གྱུར་འདུག་པ་དེའོ།
    གལ་ཏེ་དེ་འདྲ་མིན་པར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་དུ་བོད་དེ་ཉིད་རྒྱལ་ཁབ་ཅིག་ནམ་ཡང་ཆགས་མྱོང་མེད་ཅེས་བཤད་ན་ངས་ཁོ་ལ་དགག་བཞག་ཚ་ནན་རྒྱག་གི་ཡིན།
    ཉེ་ཆར་རྒྱབ་ཤ་དཀར་པའི་ལན་འདེབས་སྐབས་<
    དེ་རིང་ལན་འདེབས་འདིའི་ནང་བོད་སྔོན་མ་ནས་རྒྱ་ནག་གི་ཆ་ཤས་མིན་པ་ཁུངས་སྐྱེལ་ར་སྤྲོད་དང་། སྐུའི་ཡང་སྲིད་རྩད་གཅོད་༧གོང་ས་མཆོག་སྐུ་ཉིད་ལ་མ་གཏོགས། རྒྱ་ནག་གཞུང་ལ་འགན་དབང་བདག་དབང་སྤུ་ཙམ་ཡོད་པ་མ་རེད་ཞུ་རྒྱུ་དང་སྦྲགས།
    http://tibettimes.net/
    འདི་འདྲ་ཞིག་བཤད་ནས་ཉིན་འགའ་ལས་སོང་མེད་ན་གང་གི་སྐད་ཆ་དེ་ཇི་ལྟར་འགྲེལ་དགོས་མིན་གསལ་པོ་ཡིན། འོན་ཀྱང་ཁྱེད་ཅག་གིས་ཁོ་ལ་དོགས་འདྲི་དང་དགག་བཞག་གང་བྱེད་ཀྱང་དབུ་ཁྲིད་ལ་འགན་ཁུར་གྱི་བསམ་བློ་ཡིན་པས་ངས་གུས་བརྩི་ཞུ་བ་ལས་གཞན་མེད་དོ།།

  3. ཅོ་རི་ཉི་མ། says:
    2015-09-04 at 2:28 pm

    ནོར་བཅོས།
    #1 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
    September 4th, 2015 at 2:04 pm
    སྤེན་པ་ཚེ་རིང་ལ་འོས་འཐོབ་སོང་ན་ཀྲུང་གོའི་བོད་ཟེར་བ་ཞིག་མ་གཏོགས་བོད་རྒྱལ་ཁབ་ཟེར་བ་ཤིག་ནམ་ཡང་བྱུང་མྱོང་མེད་ཟེར་འོང་གི་རེད། སྐར་ལྔའི་དར་དམར་གྱི་ཐོག་གི་སྐར་ཆུང་བཞི་ཡོད་པའི་ནང་ནས་གཅིག་ཀྲུང་གོའི་བོད་རེད་ཟེར་བཞིན་གདའ།

    ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་ལོ་རྒྱུས་ཀྱི་རྡོ་རིང་ལ་བརྩི་བཀུར་ཡོད་མཁན་དགོས་ན་རྒྱལ་གཅེས་པ་ཀླུ་མཁར་བྱམས་ལས་ལྷག་གཅིག་འོས་མི་ལྔ་ཡི་ནང་དུ་སུ་ཡང་མེད་ངེས་རེད་དོ།

  4. པདྨ་ says:
    2015-09-04 at 2:51 pm

    གསལ་ལེ་རྒྱལ་དབྱིན་མོ་རྐུབ་ལ་རྒྱུགས་ནས་ད་དུང་དབྱིན་ཡིག་ཡག་པོ་ཤེས་ཀྱི་ཡོད་ས་མ་རེད། དེང་སྐབས་གཞི་མེད་སྐྱོན་འཛུགས་ཀྱི་འཆལ་གཏམ་གཅིག་འཇུག་གཉིས་མཐུད་ཀྱིས་སྤེལ། དེ་ལ་ཅོ་རི་ཉི་མ་ཟེར་བ་ཀླད་མེད་ང་ཡིན་ཟེར་བ་རྣམས་ཀྱིས་ལོག་འགྲེལ་བྱས།

    སོ་སོ་ལ་འོས་གཅིག་ཡོད་རེད། དེ་སོ་སོའི་རྣམ་དཔྱོད་སྤྱད་ནས་འོས་དེ་འཕྲོ་བརླག་མ་གཏོང་བར་འཕེན། ཁྱེད་ལ་དེ་ལྟ་བུའི་རྣམ་དཔྱོད་ཅིག་མེད་ཚེ། ངའི་འོས་སྦྱོར་བྱེད་ཆོག ཅོ་རི་ཉི་མ་ལགས།

  5. ༼ནས་རྩམ་དཀར་མོ།༽ says:
    2015-09-04 at 3:15 pm

    སྲོང་བཙན་ཁྱོད་རང་རང་ཉིད་ཀྱིས་སྐད་ཆ་ཅི་ཞིག་བཤད་དགོན་མིན་དང་གནས་ཚུལ་ག་འདྲ་ཞིག་ཉན་དགོས་མིན་དང་ད་ལྟའི་སྐབས་བོད་དེ་གནས་སྟངས་ཛ་དྲག་འོག་ཏུ་གནས་པ་དེ་ལ་དཔག་པའི་སྲིད་སྐྱོང་སུ་བླུགས་དགོས་མིན་མི་ཤེས་པས་མི་གཞན་གྱི་སྐད་ཆ་ལ་དགོངས་པ་འགྲེལ་རྒྱུ་ཉི་མ་ནུབ་ནས་ཤར་བའི་རྟགས་རེད་་་དེ་ལས་སོ་སོ་ལམ་ལོག་པ་དང་གཞན་དབང་དུ་སོང་ནས་བཀའ་དྲིན་ཅན་གྱི་བོད་མི་དེ་ཚོ་ལ་ངན་སྨྲས་བྱེད་རྒྱུ་དེ་ཉུང་ཙམ་ཨེ་ཐུབ་དང་་་ཁྱོད་རང་ད་དུང་རབ་བྱུང་ཡིན་ན་དགེ་རྩ་ཕྲན་བུ་རེང་བསགས་ཨེ་ཐུབ་བལྟ་ན་རྗེས་སུ་ཤི་སོས་བདེ་ལེ་རེད་་་་ཨ་རོགས་དེ་མིན་ན་གྲྭ་ཆས་དེ་མར་ཕུད་ཤོག་ཨོ་རེད་མི་རེད་ཁྱོད་ཀྱི་བལྟོས་ཡ་་

  6. ཆུ་ཐིགས་སྔོན་མོ says:
    2015-09-04 at 3:17 pm

    དབྱིན་ཡིག་གི་དོན་གསལ་བོ་མ་གོ་ན་གཞན་ལ་དྲིས་་་་ངོ་དེབ་སོགས་སུའང་གསལ་བོ་མ་རྟོགས་པར་སྐད་ཆ་འདྲ་མིན་བཤད་ཀྱིན་འདུག་་་་ཡག་པོ་ཞིག་ཉོན་དང་་་ང་ཚོར་རྒྱལ་ཁབ་ཅིག་ཡོད་མྱོང་མེད་ཟེར་བ་རེད་དམ་་་་་ཧཧཧ

  7. ཅོ་རི་ཉི་མ། says:
    2015-09-04 at 3:33 pm

    ཅོ་རི་ཀླད་མེད་རེད་མདོག་མདོག སྲོང་བཙན་ལོག་ལམ་འགྲོ་གི་ཡོད་མདོག་མདོག་་་་ཧཧཧཧཧ་་་ཁྱོད་ཚོ་སུ་ཡིན་པ། ཁྱོད་ཚོ་མཁས་དབང་སུ་ཟེར་གྱི་ཡིན་ནམ། སྙིང་རྗེ་་་ཨ ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བའི་སྐྱག་ཁུ་ལྡག་མཁན་ཁྱོད་ཚོ་ལ་མིའི་རིན་ཐང་དང་རྣམ་དཔྱོད་ཀྱི་ཐ་སྙད་སྦྱར་ས་ཅང་མེད་པ་དེ་ཤེས་པར་བྱོས་ཨ། འགྲོ་བ་མིའི་རིགས་ཀྱི་གད་རྙིགས་ཡིན་པར་ཤེས་པ་བྱོས་ཨ།་་་་ཧཧ

  8. ཅོ་རི་ཉི་མ། says:
    2015-09-04 at 4:07 pm

    མདོ་དོན་་སྐར་ལྔའི་དར་དམར་གྱི་ཐོག་གི་སྐར་ཆུང་གཅིག་བོད་མཚོན་ཆེད་དུ་ཡིན་ཟེར་ནས་སྤེན་ཚེས་བཤད་ཀྱི་འདུག བོད་ཀྱིས་ངོས་ནས་བོད་འདི་སྐར་ལྔའི་དར་དམར་གྱི་ནང་གི་སྐར་ཆུང་ཞིག་ཡིན་པར་ཁས་ལེན་ག་དུས་བྱས་པ་རེད་དམ། ཁས་ལེན་བྱས་མཁན་སུ་རེད། ལོ་རྒྱུས་ག་འདྲ་རེད། དེ་དག་གསལ་བཤད་དགོས་ཀྱི་ཡོད།

  9. གནམ་ལྷ་སྐྱབས། says:
    2015-09-04 at 4:36 pm

    སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་གཉིས་ཀིའི་སྐད་ཆ་དེ་ཚོ་ད་ཐེངས་ཀྱི་འགད་རྫས་ཤིག་ཏུ་གྱུར་འདུག ཧ་ཧ་ཧ སྲིད་བློ་སེང་གི་སྐད་ཆ་དེར་གོ་བ་ཇི་ལྟར་ལེན་མིན་ཁྱོད་ཚོར་ཐུག Tibetans, we never had a country. གང་ལྟར་ཡིག་འབྲུ་དེ་ཚོ་མིག་ལམ་དུ་བཤམས་ཡོད་པ་འདི་རེེད། ཚིག་འབྲུ་རེ་རེའི་སྒྲ་དག་གསལ་གྱིས་བརྗོད་འདུག་པ་དེ་རེད། ད་དུང་དེ་ལས་ཀྱང་གོ་བ་གཞན་ཞིག་ལེན་ཨེ་ཐུབ་ཀྱིས་འབད་མཁན་ཚོས་ཤུགས་རྒྱོབས་ཨ། ཧ་ཧ ངས་བསམ་ན་གོ་བ་གཞན་ཞིག་ཡོད་རབས་བཤད་པ་ལས་སྲིད་སྐྱོང་ལགས་ཀྱི་བཤད་འདོད་པའི་དྲི་ལན་དེ་འདི་མ་རེད། བོད་ས་རྒྱ་ལག་ལ་ཤོར་རྗེས་ང་ཚོ་བོད་ལ་གཅིག་གྱུར་གྱི་རྒྱལ་ཁབ་ཞིག་བྱུང་མེད་པ་རེད། འདི་ལྟར་བཤད་འདོད་པ་རེད་ཟེར་ན་དགའ་སྙམ། སྲིད་སྐྱོང་གི་སྐད་ཆ་དེ་གླེང་སྐབས་འོས་འཕེན་ཕྱོགས་ཀྱི་འཐེན་འཁྱེར་གྱི་སྐད་ཆ་གང་བྱུང་བཤད་ཀྱིན་པ་འདི་ཡིད་སྐྱོ་དགོས་པ་ཞིག་མ་རེད་དམ། མ་གཞི་འོས་འཕེན་སྐབས་ས་གང་དང་རྒྱ་ཁབ་གང་ཡིན་ཡང་ཕྱོགས་འཛིན་ཆགས་སྡང་ཡོད་ཡོད་པ་རེད། འོན་ཀྱང་འུ་ཚོ་སུ་རེད། གནས་སྟངས་ག་འདྲ་རེད། གཞན་དང་བསྡུར་ན་འུ་ཚོའི་ཆོལ་ཁའི་ཆགས་སྡང་དེ་ཧ་ཅང་གི་ཐབས་སྐྱོ་བོ་ཞིག་རེད། གཅིག་གྱུར་གྱི་བསམ་བློ་ཁྱོན་ནས་མི་འདུག ད་དུང་བོད་ཟེར་ནས་ཁ་ལ་འཁྱེར་གིན་འདུག རང་ཉིད་ཀྱིས་རང་ཉིད་ལ་ཁ་ནང་དུ་སྐོར་ནས་སོམས་དང་། སྙིང་བོ་འདུག་གམ། མི་དེ་ཚོས་བོད་ཟེར་བ་ལས་རང་རང་ཕྱོགས་གཏོགས་ཀྱི་ཆོལ་ཁ་ཟེར་ནས་ཕྱི་གསལ་ནང་གསལ་བྱས་ན་ཡག་ས་རེད། ཁྱོད་ཚོའི་ཞེ་སྡང་དེ་དུག་སྦྲུལ་བཞིན་ལྐོག་ཏུ་སྤས་ནས་ཅི་བྱེད། ཁྱོད་ཚོ་ཆོལ་ཁའི་ལ་རྒྱ་དང་ངར་རྒྱལ་ཡོད་པའི་མི་སྣ་རླབས་ཆེན་རེ་ཡིན་པ་མིན་ནམ།

  10. བཙན་པོ། says:
    2015-09-04 at 4:38 pm

    སྲོང་བཙན་དང་ཅོ་རི་གཉིས་ཀྱིས་དབྱིན་ཡིག་ཤེས་ཀྱི་ཡོད་དམ། ཡོད་ན་འདི་ལ་འགྲེལ་ཞིག་རྒྱོབས། གསར་འགོད་པ་དང་བློ་སེང་གིས་གང་བཤད་པ་དེ་འདི་རེད།
    Interviewer: What is it like being a prime minister without a country?

    Lobsang Sangay: Well! i can’t say for sure, because Tibetans we never had a country, so till you experience what it is to be like to have a country then you can say what it is like to be without a country.

  11. ཅོ་རི་ཉི་མ། says:
    2015-09-04 at 4:52 pm

    because Tibetans be never had a Country.་་བཤད་འདུག be དང་ we གཉིས་ནོར་འདུག མ་ཤེས་ཤེས་མདོག་མ་བྱས་ཨ བཙན་པོ། ཁ་བཙུམ་དང་མཛེས་ཀྱི་རེད།

  12. ཐོས་པ་དགའ། says:
    2015-09-04 at 5:08 pm

    བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་ཡིན་ནས་གསུངས་སྟངས་དེ་ནོར་བ་རེད། གལ་ཏེ་བོད་མིའི་སྒྲིག་འཛུགས་སྐྱབས་བཅོལ་འབུམ་ཕྱེད་ཀྱི་སྲིད་སྐྱོང་ན་མ་ནོར་ཙམ་རེད། གང་ལྟར་ཆབ་སྲིད་དང་ཁྲིམས་ལུགས་མཁས་པ་ཡིན་ཟེར་མཁན་ཞིག་གིས་སྐད་ཆ་ལྡང་ངེ་ལྡིང་ངེ་དེ་འདྲ་བཤད་པ་ཡིན་ན་རྒྱ་གཞུང་གི་ལག་ཆ་བྱས་ནས་གང་ལྟར་ང་ཚོ་བོད་ཚར་པ་རེད།

  13. ཐོས་པ་དགའ། says:
    2015-09-04 at 5:15 pm

    དག་བཅོས།

    བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་ཡིན་བསམ་ནས་བོད་མི་ས་ཡ་དྲུག་གི་མཚོན་བྱེད་ཀྱི་གཞུང་དེས་འགོ་ཁྲིད་ཡིན་བསམ་ནས་གསུངས་ཀྱི་ཡོད་ན། དེ་ནོར་བ་རེད།

    གལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་གཙོ་བོ་སྐྱབས་བཅོལ་འབུམ་ཕྱེད་ཀྱི་སྲིད་སྐྱོང་ཡིན་བསམ་ནས་གསུངས་ཡོད་ན། འགྲིག་པ་རེད།

  14. ལྷ།བྱ་འཕུར་མ། says:
    2015-09-04 at 5:47 pm

    སྲིད་སྐྱོང་མཆོག་ཞལ་ནོར་བྱུང་ན་དྲིལ་བསྒྲགས་ལས་ཁུངས་ཀྱིས་ནོར་བཅོས་བྱེད་ཀྱི་རེད། ཨ་བཙན་པོ་Tibetans be never had a country ཟེར་འདུག ཧ་ཧ་ཧ། སྲིད་སྐྱོང་ར་ནི་བཟི་མི་འདུག

  15. བཙན་པོ། says:
    2015-09-04 at 6:02 pm

    ཅོ་རི་ཟེར་བའི་མི་འདི་ཚོས་མངོན་སུམ་ལ་བསྣོགས་རྒྱག་གི གལ་ཏེ་ཁྱོད་ཀྱིས་ཤེས་ཀྱི་ཡོད་ན་འགྲེལ་ཞིག་རྒྱོབས་དང་། ཅི་གང་མི་ཤེས་ན་ཁྱོད་རང་ཁ་བཙུམ་ན་རན་པོ་འདུག མི་ཤེས་ན་ངོ་ཚ་དགོས་པ་མ་རེད། སྐད་ཆ་གཡོལ་ཐབས་མ་བྱེད། དཀོན་མཆོག་གསུམ། མི་འདི་ཚོས་མངོན་སུམ་་མདུན་ལ་བཞག་ནས་ཤོབ་བཤད་ཀི་བསྣོགས་རྒྱག་གི ད་ལྟོས་དང་འདི་ཚོ་ལ་ཆ་འཇོག་ཨེ་འདུག སང་གནངས་ཤིག་ལ་ཁྱོད་ཀྱིས་ཉིན་མ་དེར་ཨམ་ཅོག་བདེ་བོ་རང་མེད་ཟེར་སྲིད།

  16. གླག says:
    2015-09-04 at 6:12 pm

    སྤྱིར་ཕྲན་ཆུང་ལྟ་བུར་མཚོན་ན། སྲིད་སྐྱོང་ལ་ལང་མཁན་ཚང་མར་རང་རང་གི་བཟང་ཆ་རེ་དང་ཞན་ཆ་རེ་ཡོད་སྲིད་ལ། གལ་སྲིད་བཟང་རྐྱང་རྐྱང་ལས་ངན་གྱི་དྲི་མ་ཙམ་ཡང་མ་གོས་པའི་མི་ཞིག་བོད་ཕར་ཞོག་ དགའ་སྐྱོ་ཆགས་སྡང་གི་དབང་དུ་གྱུར་པའི་གང་ཟག་གི་ཁྲོད་དུ་རྙེད་དཀའ་རྒྱུ་རེད་སྙམ།
    གོང་དུ་མཆན་བུ་བ་ཞིག་གིས་གསུངས་པ་ནང་བཞིན་ང་ཚོའི་ཆོལ་ཁའི་འཐེན་འཁྱེར་དེས་ཅི་ཞིག་ཕན་གྱིན་འདུག་གམ། གལ་སྲིད་སྲིད་སྐྱོང་ལ་ཆོལ་ཁ་གང་རུང་བ་ཞིག་གི་མི་ཞིག་ཐོབ་པའི་སྲིད་སྐྱོང་བ་དེས་ཆོལ་ཁ་དེར་ཅི་ཞིག་ཕན་གྱིན་འདུག ཕན་སྟངས་གང་འདྲ་ཞིག་རེད། ངོ་མ་ལ་ལ་ཞིག་གི་ཀུན་སྤྱོད་དང་རྣམ་འགྱུར་གྱི་མངོན་སྟངས་དེ་སེམས་སྐྱོ་ནི་ཞིག་རེད།
    ད་ལྟའི་ང་ཚོའི་བོད་ཀྱི་ལས་ཐོག་སྲིད་སྐྱོང་བ་ལགས་ཀྱིས་གསུངས་པ་དེ་སྐད་བརྡ་ལས་ཁོར་ཡུག་སྐད་བརྡ་རིག་པའི་འགྲོས་རིམ་གྱིས་འགྲེལ་དགོས་པ་ཞིག་རེད་མ་གཏོགས། ང་ཚོའི་བོད་ལ་སྔོན་མ་ནས་བཟུང་རྒྱལ་ཁབ་ཅིག་མེད་ཅེས་པའི་བརྡ་དོན་མིན་པ་གསལ་བཞིན་དུ་འགྲེལ་ལོག་འདི་ལྟར་རྒྱག་དགོས་དོན་མི་འདུག་སྙམ། འགྲེལ་ལོག་འདི་འདྲའི་ལས་དེ་ང་ཚོ་སྒང་བ་བོད་པ་ཚང་གིས་རྩོམ་རྒྱུ་ཞིག་མིན་པར། ད་ལྟའི་ཙི་ནའི་གཞུང་ཕྱོགས་ཀྱིས་ཐུགས་འགན་ཡོངས་སུ་རྫོགས་པ་བཞེས་ཡོད་པས། བློ་འཚབ་ཁྱོན་ནས་གནང་དོན་མེད་པར་ལྷོད་དུ་འབབ་རོགས་གནོངས་ཞེས་ཞུ་འདོད་བྱུང་། དེ་ལས་མཁས་ཉམས་འདོན་མཁན་ཁ་ཤས་ཀྱིས་ཡིག་ཆ་གུང་བསྒྲིགས་མདོག་གིས་ཆོལ་གསུམ་པོ་ལོ་རྒྱུས་ཀྱི་སྟེང་དུ་གཅིག་གྱུར་གྱི་རྒྱལ་ཁབ་ཞིག་མིན་ཚུལ་སྒྲུབ་ཁུལ་བྱེད་ཀྱིན་པ་དག་ལ་མཚོན་ན་གནས་ཚུལ་གཞན་ཞིག་རེད་མ་གཏོགས།
    གོང་དུ་གསལ་ལེ་རྒྱལ་ལགས་ཀྱིས་སྤེལ་བའི་ཚིག་དུམ་དེ་དཀྲོག་གཏམ་ངོ་མ་ཞིག་རེད། དཀྲོག་གཏམ་ཞེས་པའི་མིང་བརྡ་དེའི་བརྗོད་གཞིར་ཚིག་དུམ་དེ་རང་ཉིད་འགྲོ་བཞིན་ཡོད། ཚིག་དུམ་དེ་ཁ་སང་ནས་སྔོན་ཐོན་པ་སྐོར་ཞིག་གིས་ཧུར་ཐག་གིས་སྤུར་བཞིན་འདུག་གསལ་ལེ་རྒྱལ་ལགས་མི་དྲང་མོ་ཞིག་ཡིན་ལ་ཚོར་བའི་དབང་དུ་འགྲོ་ཁ་སླ་མོ་ཅན་ཞིག་ཀྱང་ཡིན། ང་རང་ནམ་རྒྱུན་ཁའི་སྒྱུ་རྩལ་རྩོམ་རིགས་ལ་གདེང་འཇོག་ཆེན་པོ་བྱེད་མཁན་ཞིག་ཡིན་པ་མ་ཟད། ཁོའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཀྱང་ཡིན་སྟབས། སྒེར་ལམ་བརྒྱུད་ནས་དག་སེལ་བྱ་ངེས་ཡིན།

  17. དགེ་ལེགས་བྱང་ཆུབ says:
    2015-09-04 at 11:17 pm

    འོ་ཡ་་་ད་ཡིན་ཏག་ཏག་རེད་་་་་སྲིད་སྐྱོང་གིས་ད་ལྟ་རྒྱལ་ཁབ་བཙོང་པ་མ་ཟད་་་་་་ང་ཚོ་བོད་ལ་རྒྱལ་ཁབ་ཡོད་མྱོང་མ་རེད་ལབ་ཡ་དེ་་་་་ཁོ་ཤེས་པ་རང་བཞིན་དུ་མི་གནས་པའི་རྟགས་མཚན་གསལ་པོ་རེད།།

  18. ཤི་འདྲེ། says:
    2015-09-05 at 12:32 am

    སྲིད་སྐྱོང་ལ་རྒྱ་རིགས་ཞིག་གིས་ཁང་རིན་སྤྲད་ཡའི་གླེང་སློང་དེ་བདེན་ངེས་འདུག ཁང་རིན་དུ་སྐད་ཆ་དེ་བཤད་པ་འདྲ། ད་དུང་སྟབས་ཉེས་ན་ཁོས་སྔོན་མ་ནས་བོད་རྒྱ་ཁོང་རེད་ཟེར་ནས་མིང་རྟགས་རྒྱབ་ཡོང་ཧཧཧ། ད་བོད་པ་ཚང་གི་ལས་དབང་ཟད་པ་འདྲ།

  19. མྱི་རྐྱང་སྨྱོན་པ says:
    2015-09-05 at 1:29 am

    ངོ་མ་ཁོང་གི་སྐད་ཆ་དག་གོང་བསྒྲིགས་ནས་གསན་ན་གོ་རྒྱུ་ཞིག་ཡོད་ན་མ་གཏོགས། ཐད་ཀར་ཉན་པ་ཡིན་ན་བོད་པར་རྒྱལ་ཁབ་ཅིག་ཡོད་མ་མྱོང་ཞེས་པ་ལས་གོ་ཐབས་ཤིག་ཡེ་ནས་མེད་པ་འདྲ། གོང་དུ་ཇོ་རུ་ཉི་མ་ལགས་ཀྱིས་དག་འབུད་ཀྱི་ཟོལ་དུ་be དང་we གཉིས་པོ་གོ་ནོར་ཐེབས་པ་ཡིན་ལུགས་ཤིག་བྲིས་འདུག་མོད། Tibetans be never had country ཞེས་པའི་འགྲོ་སྟངས་ཤིག་དབྱིན་ཡིག་ནང་ཡོད་དམ། གལ་སྲིད་ངེས་པར་དུ་be ཡིན་དགོས་པའི་དབང་དུ་བྱས་ན་ been ཞེས་བརྗོད་པ་ལས་འོས་མེད་པ་འདྲ་མོད། འོལ་ཚོད་ཀྱིས་བཤད་མི་སྤོབས། ཡིན་ནའང་། སྲིད་སྐྱོང་གིས་བརྗོད་འདོད་པ་ནི་ཕལ་ཆེར་སྲིད་སྐྱོང་ཞེས་པའི་ཐ་སྙད་དམ་སྲིད་སྐྱོང་ཡོད་པའི་སྐབས་ནས་དབུ་འཛུགས་གནང་གིན་མེད་འགྲོ། སྔོན་ཆད་སྲིད་སྐྱོང་ཞེས་པའི་ལམ་ལུགས་འདི་མེད་པའི་ཆ་ནས་བཤད་པ་མིན་འགྲོ་སྙམ། དེ་མིན་we. beཙམ་གྱིས་འགྲེལ་དཀའ་ཚོད་རེད་སྙམ།

  20. སད་མི says:
    2015-09-05 at 1:42 am

    སྲིད་སྐྱོང་གིས་བོད་མིར་རྒྱལ་ཁབ་ཅིག་ཡོད་མ་མྱོང་ཟེར་བ་དེ་༡༩༥༩ལོ་ཚུན་རྒྱ་གར་སོགས་སྐྱབས་བཅོལ་ནང་སྐྱེས་པའི་བོད་ཕྲུག་ཚོ་ལ་རྒྱལ་ཁབ་ཅིག་ནམ་ཡང་ཡོད་མྱོང་མེད་ཟེར་བ་དེ་ཡིན་པ་འདྲ། འདི་གོ་རྒྱུ་འདུག ཤི་འདྲེ་ཟེར་བ་དེས་ངའི་སྨྱུག་མིང་སྤྱད་འདུག་པས་ཟབ་འཚལ།

  21. གསལ་ལེ་རྒྱལ། says:
    2015-09-05 at 2:02 am

    http://www.stol.it/Media/Videos/Intern/Lobsang-Sangay-Ministerpraesident-der-tibetischen-Exilregierung
    དཀྲོག་གཏམ་རེད་འདོད་ན་དྲ་ཐག་འདི་ནས་རང་རང་གིས་ཉོན། ལྟོས། ད་དུང་ཡིད་མི་ཆེས་ན་ང་ལ་ཐབས་ཤེས་མེད།

  22. དཔལ་དོན། says:
    2015-09-05 at 2:11 am

    Lobsang Sangay: Well! i can’t say for sure, because Tibetans we never had a country, so till you experience what it is to be like to have a country then you can say what it is like to be without a country.

    ལན། རེད། དེ་ཏག་ཏག་ཅིག་བཤད་ཁག་པོ་རེད། གང་ཡིན་ཟེར་ན། བོད་པ་ང་ཚོར་མཚོན་ན་རྦད་དེ་རྒྱལ་ཁབ་ཅིག་ཡོད་མྱོང་ཡོད་པ་མ་རེད། ནམ་ཞིག་རང་ཉིད་ལ་རྒྱབ་ཁབ་ཅིག་ཡོད་པར་གྱུར་ནས་རྒྱལ་ཁབ་ཡོད་པའི་མྱོང་བ་དེ་དངོས་སུ་མྱོང་ཐུབ་པ་ཡིན་ན་དུས་དེར་ད་གཟོད་རྒྱལ་ཁབ་མེད་པའི་ཚོར་བ་གང་འདྲ་ཡིན་བཤད་ཐུབ་རྒྱུ་རེད།

  23. རྡོ་སེངྒེ། says:
    2015-09-05 at 2:45 am

    དེང་གི་འགོ་ཁྲིད་འདི་ཚོས་ག་རེ་འདྲ་གནང་གི་ཡོད་མེད་མི་ཤེས་ཀི་་་་་་་་་་་

  24. དམར་ཁ་ཚ། says:
    2015-09-05 at 4:18 am

    ཆུ་ཐིགས་སྔོན་མོ། དབྱིན་ཇི་ཚིག་གྲུབ་ཐུང་ཐུང་འདི་མི་ཤེས་མཁན་ལ་ངས་འགྲེལ་བཤད་བྱས་ཆོག། never དགག་སྒྲ had འདས་ཚིག
    འདས་ཚིག་འདིས་དུས་འདས་བའི་སྐོར་བཤད་ཀྱི་ཡོད། never ནི་བོད་ཡིག་ནང་གཏན་ནས་མེད།
    had བོད་ཡིག་ནང་བྱུང་བ། ཡོད་པ། བཟས་པ་སོཊ་སོ།

  25. གསལ་ལེ་རྒྱལ། says:
    2015-09-05 at 4:54 am

    Be never had ཧ་ཧ་ཧ། ད་སློབ་ཁྲིད་བྱེད་ཁོམ་མེད། དགོངས་དག ཁྱི་ཟུག་མཁན་ཚང་མའི་མགོ་ལ་རྒྱག་ཁོམ་ཡང་མེད། ད་རང་མགོ་རང་གིས་གཡོགས།

  26. བེ་རེ་གདོང་ནག says:
    2015-09-05 at 4:56 am

    དྲྭ་འབུ་ཟེར་བ་ཚང་མ་ཆགས་སྡང་གི་སྨྱོན་པ་རྐྱང་རྐྱང་རེད་འདུག ཁྱོད་ཚོ་དངོས་གནས་མཐུན་སྒྲིལ་ལ་རྩ་བ་ནས་མི་དགའ་བ་ཅི་ཡིན་ན། ཁ་གདངས་ཚད་ཆེད་ངག་མཐུན་ལམ་གཏོར་བཤིག་གི་བཤད་ཆ་མ་གཏོགས་མཐུན་ལམ་གྱི་སྐད་ཆ་བཤད་མཁན་གཅིག་ཀྱང་མེད་པ་ཅི་ཡིན་ན། ཨ་ཙི་ཨ་ཙི།

  27. རིན་ཆེན says:
    2015-09-05 at 5:09 am

    འདིར་མཆན་འབྲི་བ་༼གླག༽ཟེར་བ་འདི་ངོ་མ་མི་རྣམ་དཔྱོད་ཅན་ཞིག་ཡིན་པ་མ་ཟད།དངོས་ཤུགས་གཉིས་ཀ་མཐོང་མཁན་ཞིག་རེད།ཁོས་ཆོལ་ཁའི་འཐེན་ཁྱེར་གྱིས་ཆོལ་ཁ་གང་གི་མི་ལ་ཐོབ་ཀྱང་ཆོལ་ཁ་དེ་དམིགས་བསལ་གྱི་ཕན་ཅི་ཞིག་ཐོག་གི་རེད་གསུངས་པ་འདི་ངོ་མ་ཚང་མས་ཡིད་ལ་འཛིན་དགོས་པ་ཞིག་རེད་འདོད་སོང་།ངོ་མབཀའ་དྲིན་ཆེ་ཞུ་གི་ཡིན།

  28. བཙན་པོ། says:
    2015-09-05 at 8:28 am

    ཅོ་རི་ལ་ལན་ཨེ་ཡོད། མེད་ན་སྐྱག་ཁ་ཚུམས། ང་ཁྱོད་ཀྱི་འགྲེལ་ལ་སྒུག་ཡོད།

  29. བཙན་པོ། says:
    2015-09-05 at 8:31 am

    ང་ཚོས་འདིར་བོད་ལ་རྒྱལ་ཁབ་ཅིག་ཡོད་མྱོང་ཡོད་དང་མེད་བཤད་ཀྱི་ཡོད་མ་གཏོགས་གསལ་ལེ་རྒྱལ་གྱིས་ཅི་ཞིག་ལྡག་གི་ཡོད་མེད་བཤད་ཀྱི་མེད།

  30. ཚ་སྒང་ཕོ་ཉ། says:
    2015-09-05 at 11:23 am

    ང་ཚོ་བོད་འདི་གནའ་ནས་ཡི་གེ་ཡར་བཅད་མར་བཏུབ་བྱེད་རྒྱུ་ཧ་ཅང་དགའ་མཁན་ཞིག་རེད། སྔ་མོ་ཡིན་ན་སོ་སོའི་བླ་མ་དེ་སྟོན་པས་ལུང་བསྟན་ཡོད་རབས་བཤད་ནས་སོ་སོའི་དགོས་མཁོའི་ཆེད་བཀའ་བསྟན་ཀྱང་ལྷད་མ་བྱས་པའི་ལོ་རྒྱུས་ཡོད། དེང་སྐབས་ཀྱང་རང་རང་སོ་སོ་ལ་དགོས་མཁོ་ཅི་ཞིག་བསྐང་ཆེད་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱི་སྐད་ཆ་བཤད་པའི་བརྙན་ཐུང་དང་དུམ་བུ་དུམ་བུ་བྱས་ནས་ཡར་བཅད་མར་བཏུབ་ཀྱིས་་་་་འདི་རྫབ་ཆེན་ཞིག་བཤད་སོང་རབས་དང་འདིས་ངན་པ་སྡུག་མོ་ཞིག་གླེང་སོང་རབས་ཀྱིས་འུར་གཡམ་གནམ་ས་ཁེངས་པ་བྱེད་བཞིན་འདུག། འུར་གཏམ་རྐྱང་རྐྱང་བཤད་ནས་དྲྭ་ཐོག་ལ་མི་ཚེ་སྐྱལ་སྡོད་མཁན་ཁྱོད་ཚོ་ལ་དཀའ་ལས་ཀྱང་ཁག་ཡ་མི་འདུག་པས། སྤྱི་ཚོགས་དང་བོད་སྤྱི་ལ་བསམ་བློ་གཏོང་མ་ཤེས་ན་ཡང་རང་གི་དུས་ཚོད་དང་རང་གི་གཟུགས་པོ་ལ་གཅེས་སྤྲས་བྱོས། ཁྱེད་ཚོ་རྒྱ་ནག་གིས་ལས་ཀ་འདྲ་ཞིག་སྤྲད་ནས་དེ་སྒྲུབ་དགོས་བཞིན་ཡོད་པ་ཞིག་ཡིན་ན་མ་གཏོགས་ད་མཚམས་བཞག་ནས་བོད་པའི་སྤྱི་ཚོགས་ཆུང་ཆུང་འདི་ལྷོད་ལྷོད་ཅུང་བཞག་ན་ཨེ་འགྲིག། འདི་འདྲ་ལས་ངན་པ་འགའ་འདུག། ཤ་ཚ་་་་ཨ་ཡོ་་་་་་་་ཨ་ཁ་ཁ་་་

  31. མངོན་སུམ་སྨྲ་བ། says:
    2015-09-05 at 2:21 pm

    སྲིད་སྐྱོང་མཆོག་གི་སྐད་ཆ་འདི་ལ་ནང་འགལ་ཅི་ཡང་མི་འདུག་པ་མ་ཟད་བཅར་འདྲི་དེ་ཆ་ཚང་ཉོན་དང་ལན་གསལ་ཐག་ཆོད་ཞིག་བརྒྱབ་འདུག དབྱིན་ཡིག་ཤེས་ལ་མི་ཤེས་བ་འདི་ཚོར་ན་ཚ་དང་དཀའ་ངལ་གཉིས་ཀ་ཆེན་པོ་འདུག

  32. ལྷ།བྱ་འཕུར་མ། says:
    2015-09-05 at 2:53 pm

    མངོན་སུམ་སྨྲ་བ་ལགས་སྲིད་སྐྱོང་ལགས་ཀྱིས་ང་ཚོ་བོད་ནམ་ཡང་རྒྱལ་ཁབ་ཅིག་བྱུང་མེད་ཟེར་གྱི་འདུག་གམ། རྒྱལ་ཁབ་ཅིག་ཡོད་ཟེར་གྱི་ཡོད་ན་ཁོང་གིས་བཤད་པའི་སྐད་ཆ་ནང་འགལ་རེད་འདུག

  33. བློ་བཟང་། says:
    2015-09-05 at 4:01 pm

    དྲ་གྲོགས་ཚོ། བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་ཟེར་ནས་བོད་མི་ནང་ཁུལ་ལ་དཀྲུག་ཤིང་མ་གནང་རོག ང་ཚོའི་སོ་སོའི་དགའ་ས་ལ་སྟོད་ར་དང་མི་དགའ་ས་ལ་སྨད་ར་བྱས་ནས་བོད་མི་ནང་ཁུལ་འཁྲུག་ན་རྒྱ་མི་འདོད་པ་འགྲུབ་པ་རེད། སྲིད་སྐྱོང་སུ་ལང་བ་ཡིན་ན་ཡག་སྡུག་གང་བྱུང་ཡང་བོད་སྤྱི་ལ་རེད་མ་ཏོག སྲིད་སྐྱོང་ཐོབ་མཁན་དང་དེ་ལ་རྒྱབ་སྐྱོར་ཞུ་མཁན་ཁེ་སང་རེག་པ་དང་མ་ཐོབ་མཁན་དང་དེ་ལ་རྒྱབ་སྐྱོརཞུ་མཁན་ལ་གྱོང་རག་འགྲོ་ཡ་ཡོད་པ་མ་རེད། ཁེ་སང་ཡོད་ན་གྱོང་རག་ན་བོད་སྐྱི་ལ་རེད། དྲ་གྲོགས་ཚོ་བསམ་བློ་ཏང་རོག ཡི་གེ་དག་ཆ་མེད།

  34. སྐལ་ཚེ། says:
    2015-09-05 at 10:34 pm

    ལྐུགས་རྩོད་མ་རྒྱག བཀའ་ཟུར་ཟམ་གདོང་རིན་པོ་ཆེས་སྔར་ནས་བོད་ནི་ལོ་རྒྱུས་ཐོག་ཏུ་རང་བཙན་རྒྱལ་ཁབ་མ་རེད་གསུང་ཟིན། ད་ལྟ་ང་ཚོར་རྒྱལ་ཁབ་ཡོད་ན་གོང་ས་མཆོག་གཙོས་པའི་བོད་མི་མང་པོ་ཞིག་གཞན་ཡུལ་དུ་འཁྱམ་དགོས་དོན་མེད་

  35. ཁང་གསར་རྡོ་རྗེ་ says:
    2015-09-06 at 6:55 am

    བློ་སེང་གིས་སྐད་ཆ་འདི་བཤད་ནས་དུས་ཡུན་རིང་པོ་སོང་ཚར་བ་རེད། སྐབས་ཐོག་དེར་གནད་དོན་འདི་གླེང་མཁན་ང་དང་འཇམ་ནོར་མ་གཏོགས་མང་པོ་བྱུང་མ་སོང་། ད་ལྟ་འོས་བསྡུར་ཉེ་དུས་ཡང་བསྐྱར་གླེང་ཡོང་བ་འདི། ཤ་ཟ་འདོད་མ་རེད། གྲི་གཅོག་འདོད་རེད།

  36. གནམ་ལྷ་སྐྱབས། says:
    2015-09-06 at 9:25 am

    ཧ་ཧ་ཧ་་་་་ང་ནི་་བགད་མོ་བགད་ནས་ཕོ་བ་འང་ན་གི་འདུག གོང་དུ་མཆན་བུ་བ་ཞིག་གིས་we ཚབ་དུ་ be བཞག་འདུག་པ་དེ་རེད། དུས་གསུམ་གྱི་ཁྱད་པར་ཙམ་ཡང་མ་ཤེས་རུང་ད་དུང་ཨུ་ཚུགས་གནང་གིན་འདུག་པ་དེས་ག་རེ་མཚོན་པ་རེད། མ་ཤེས་ཀྱང་མི་ཤེས་ཟེར་བའི་དྲང་ཚུགས་དང་བློ་སྤོབས་ཙམ་ཡང་མེད་པས། སྒ་ཆག་གཞན་ཞིག་ནས་འདུད་ཡོང་བ་རེད། ནོར་བ་དེ་ནོར་ཟིན་པའི་ངོས་ལེན་ཞིག་ཡོད་ན་ཨེ་ཆོག ཁ་དྲོ་བཀྲིས། རང་ཉིད་དམ་རང་ཉིད་ཆེས་དགའ་སའི་མི་དེ་ནོར་སོང་བ་དེ་ངོས་ལེན་བྱས་ན་གྱོང་གུད་གང་ཡང་ཡོད་མ་རེད། སེམས་ཁྲལ་ཐེབས་པ་བྱས་ནས་ཅི་བྱེད།

  37. གངས་རི་རྒྱང་མཐོང says:
    2015-09-06 at 4:58 pm

    རྒྱང་ནས་རྒྱང་མཐོང་ནང་གསལ་ལེར་ཤར་པ་ནི་Tibetans we never had a country ཟེར་བ་དེ་རེད། ཚིག་འདི་དབྱིན་ཡིག་ཟླ་གཉིས་མ་གཏོགས་སྦྱངས་མ་མྱོང་མཁན་ཞིག་ཡིན་ན་ཡང་འགྲེལ་མི་ཐུབ་ཞིག་མ་རེད་བསམ། འདི་ལྟར་༼ང་ཚོ་བོད་པ་ཚོ་ལ་རྩ་བ་ནས་རྒྱལ་ཁབ་མེད་པས༽ཞེའོ། -མཆན་སྐབས་འདིར་ང་ཚོ་བོད་པ་ཚོས་རང་གིས་རང་དབང་གི་ལོངས་སྤྱོད་པའི་རྒྱལ་ཁབ་ལ་གོ-
    གལ་དེ་ང་རི་མོ་བ་ཞིག་ཡིན་ན་༧གོང་ས་མཆོག་རྒྱལ་ཚུབ་དུ་དཀྱིལ་ལ་བཞུགས་བློ་སྤེན་གཉིས་གཡས་གཡོན་ན་བློན་པོ་ཆེན་པོ་གཉིས་ཀྱི་ཚུབ་ཏུ་རི་མོ་ཡག་པོ་ཞིག་འབྲི་ས་རེད། ད་དུང་རི་བདག་རྒྱལ་པོ་སང་གེ་ལ་དཔེ་བླང་ན-དཀྱིལ་ལ་གངས་སེང་དཀར་མོ་ཞིག་གཡས་ན་འབྲོང་ཞི་གཡོན་ན་སྟག་ཞིག་ཉེ་འཁྲས་སུ་ཀླུ་མཁར་བྱམས་ཡིན་ཟློག་ཟློག་དོམ་ཕྲ་ཞིག་ཀྱང་འབྲི་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme