Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་ཡ་དྲུག་གི་ལས་དབང་།

Posted on 2015-09-042015-09-04 By ཁ་བརྡ 2 Comments on ས་ཡ་དྲུག་གི་ལས་དབང་།

གཡུ་སྒང་དགེ་འདུན་གྱིས།

 

དམར་ཕྱོགས་ཁྲིམས་ཀྱི་རལ་གྲིའི་རྣོ་ཁ་ལས་ངན་བོད་པའི་གཉའ་རུ་གཏད།།
ཡིད་གཏད་མེད་པའི་རྫུན་གཏམ་གད་སྙིགས་རྨོངས་འཐོམ་བོད་པའི་ཀླད་པར་བླུགས།།
ཏང་ལ་བློ་དཀར་གཞུང་དྲང་དགོས་པའི་མངར་མོའི་རྔན་པའི་ཟུར་ཙམ་བསྟན།།
ཅོལ་ཆུང་ཤ་ཁྲག་རུས་གསུམ་དོར་ནས་རང་རིགས་རང་གི་གཤེད་མར་སྡང་།།

ཡ་ངའི་འཚོ་བའི་བརྒྱུད་རིམ་ཞིག་ན་ལྷ་སྒྲུང་བྱེ་བ་ཁྲི་འབུམ་ཞིག །
མེད་མུག་དུས་ཀྱི་ཧྲག་བར་ཞིག་ན་ཡི་དྭགས་ཉེ་ཚེའི་འཚོ་བ་འབུམ།།
རེ་ཤི་རེ་གསོན་དམྱལ་བའི་བརྒྱུད་རིམ་ཡོད་ཚད་ཁ་བའི་ལྗོངས་སུ་རྒྱུ།།
འཛམ་གླིང་སྐྱེ་འགྲོའི་རྣ་མིག་གབ་ནས་ངག་མེད་ལྐུགས་པའི་ཚུལ་དུ་གནས།།

དྲིན་ཆེན་ནེ་རུས་བོད་འདི་རྒྱ་ཡི་ཆ་ཤས་ཡིན་པའི་ངོས་ལེན་བྱས།།
མགོན་མེད་དཔུང་མེད་བོད་མི་ཁེར་རྐྱང་རྒྱ་འོག་ཚུད་པའི་གཏམ་རྒྱུད་དུ།།
བརྩེ་ལྡན་ཕ་ལོ་དགྲ་རུ་འཛིན་ཞིང་གདུག་ཅན་གཤེན་མ་མགོན་དུ་བཀུར།།
གོ་ལྡོག་དུས་ཀྱི་ཡོ་ལང་ཞིག་གིས་བོད་ཡུལ་ཤ་ཉོག་རུས་ཉོག་བཏང་།།

མི་ལོ་དྲུག་ཅུར་འཚོ་བ་སྐྱུར་མོས་བོད་པའི་ཕོ་བར་རྨ་ངན་བསྐྱེད།།
ཕོ་ནད་དྲག་པོའི་ཟུག་གཟེར་ལངས་ཀྱང་འཛམ་གླིང་མི་ཡིས་ལྟད་མོ་བལྟས།།
ཤི་གསོན་སོ་ཁའི་ལམ་ཕྲན་འདི་ནས་འཛམ་གླིང་མཉམ་འབྲེལ་ལྷ་རྗེ་བཙལ།།
ལྷ་མིན་ལྷ་རྗེ་འདྲེ་རུ་བརྫུས་ཏེ་གོས་སྔོན་སྲིན་པོའི་གདོན་དང་བསྡོངས།།
གཉོམ་ཆུང་སྤྲང་པོའི་དྲང་བདེན་གཏམ་ལ་སླུ་བྲལ་གཡོ་སྒྱུའི་ཟློས་གར་ཟེར།།
སྟོབས་ཆེན་དཔུང་གིས་བཙན་གནོན་བྱས་ཀྱང་བདེན་པའི་རྒྱལ་ཁ་ཁྱེད་ཡིན་སྐད།།
རྒྱུ་འབྲས་མེད་པའི་གོ་ལའི་སྟེང་ན་ལས་ངན་ས་ཡ་དྲུག་པོའི་ལས།།
ཨ་མདོའི་བུ་ཡི་ཕྲག་ཏུ་བཟུང་ནས་མི་ལོ་རེ་གྲངས་ཁད་ཀྱིས་ཡལ།།

ཕ་རྒྱུད་བྱང་ཆུབ་སྤྲེའུའི་རྒྱུད་ལ་མ་རྒྱུད་བྲག་སྲིན་སྒྲོལ་མའི་རྒྱུད།།
ངག་ཐོག་ལྷ་ཡི་གཏམ་རྒྱུད་རིང་ཡང་གཞན་ཡིད་འཕྲོག་པའི་སྙན་ཆ་སྟོངས།།
འོན་ཀྱང་ཤཱཀྱའི་ཐུགས་སྲས་གྱུར་པའི་ཨ་མདོའི་བྱ་བྲལ་གྲྭ་རྐྱང་ཞིག །
འཛམ་གླིང་སྐྱེ་རྒུས་གཙུག་ཏུ་བཀུར་པའི་ཞི་བདེའི་དེད་དཔོན་གྱུར་དེ་མཚར།།

གཡུ་སྒང་དགེ་འདུན་གྱིས། ༢༠༡༥ ཟླ་ ༠༩ ཚེས་ ༠༤ ཉིན།

སྙན་ངག

Post navigation

Previous Post: ༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་ཡོད་ན་དབུ་མའི་ལམ་ལ་ཡང་དག་ཏུ་མཐོང་དགོས་རེད་དམ།
Next Post: བརྡ་འཕྲིན་གྱེས་ཕྱག་རིང་མོ།

Comments (2) on “ས་ཡ་དྲུག་གི་ལས་དབང་།”

  1. དགེ་ལེགས་བྱང་ཆུབ says:
    2015-09-04 at 11:22 pm

    བརྩེ་ལྡན་ཕ་ལོ་དགྲ་རུ་འཛིན་སྟངས་གང་ཡིན་ནམ།།

  2. གཡུ་སྒང་དགེ་འདུན། says:
    2015-09-04 at 11:53 pm

    རིག་གནས་གསར་བརྗེའི་སྐབས་སུ་བུས་ཕ་ལ་འཐབ་རྩོད་བྱས་པ་དག་ངོས་ཟིན་དགོས་པ་ཞིག་རེད་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme