Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོས་མི་རེ་འགའི་བྱ་བ་རྫབ་ཆེན་འདི་ཚོ།

Posted on 2015-09-032015-09-03 By ཁ་བརྡ 3 Comments on འོས་མི་རེ་འགའི་བྱ་བ་རྫབ་ཆེན་འདི་ཚོ།

ཐུབ་བསྟན་འོད་ལྡན།

 
བོད་མི་སྐྱབས་བཅོལ་བ་གཞན་ཡུལ་དུ་གྱར་ནས་ལོ་དྲུག་ཅུར་ཉེ་བ་འགྲོ་བཞིན་པའི་དེ་རིང་མིའི་ལུང་པར་རང་གི་འགོ་ཁྲིད་འོས་འདེམས་ལ་བྲེལ་བཞིན་ཡོད། བོད་མིའི་བརྒྱ་ཆ་མང་ཤོས་རང་ཡུལ་དུ་རྒྱ་དམར་གྱི་བཙན་གནོན་འོག་མནར་གཅོད་མྱོང་བཞིན་ཡོད་པ་རེད། འོན་ཀྱང་བོད་ཀྱི་ལུགས་གཉིས་མངའ་བདག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་གཞུང་ས་ལྷན་རྒྱས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་འབྱོང་བྱུང་བའི་དྲིན་ལས་ང་ཚོའི་འཐབ་རྩོད་ཀྱི་སྒྲིག་འཛུགས་འདི་བཞིན་གཞན་ཡུལ་དུ་མི་ལོ་དྲུག་ཅུར་ཉེ་བའི་རིང་ས་བརྟན་ཕུགས་འཕེར་གྱིས་གནས་ཐུབ་པ་བྱུང་ཡོད་པ་རེད། སྐྱབས་བཅོལ་བའི་དུས་ཡུན་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རབས་དང་མཐུན་པའི་ལེགས་བཅོས་ཁ་བསྒྱུར་མང་དག་ཅིག་གནང་བ་དང། མཐར་གང་ཉིད་ཀྱི་ལོ་རྒྱུས་རང་བཞིན་གྱི་སྐུ་དབང་ཡོངས་རྫོགས་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་མ་འོངས་པའི་རེ་བཅོལ་ཞུ་ཡུལ་དུ་གྱུར་པའི་མི་རབས་གསར་པ་ཚོའི་ཕྱག་ཏུ་གསོལ་སྩལ་གནང་ཡོད་པ་རེད།

སྲིད་དབང་རྩིས་སྤྲོད་ཀྱི་བརྒྱུད་རིམ་ཁྲོད་འོས་བསྡུའི་ལས་རིམ་ལ་མང་ཚོགས་ནས་དོ་སྣང་ཧ་ཅང་ཆེན་པོ་བྱས་པའི་གོ་སྐབས་དམ་འཛིན་གྱིས་བཀའ་སྤྱིའི་འོས་མི་དང་བླངས་པ་མང་དག་གཅིག་ཐོན་པ་དང་སྟབས་མཚུངས་སུ་བཙན་བྱོལ་བོད་མིའི་སྲིད་སྤྱིའི་འོས་བསྡུ་དེ་ཡང་རང་ཡུལ་རང་ལག་ཏུ་ཡོད་འདྲའི་སྣང་བ་སྐྱིད་པའི་སྲིད་དོན་དབང་ཆའི་འཐབ་རྩོད་དུ་ཁ་བསྒྱུར་བྱས་སོང་སྙམ།
མང་ཚོགས་ནང་མང་གཙོའི་ཁེ་དབང་སློབ་གསོ་ཚད་མཐོ་པོ་ཡོད་པའི་རྒྱལ་ཁབ་ནང་གཞུང་སྲིད་དབང་འཛིན་འཕོ་འགྱུར་གྱི་བརྒྱུད་རིམ་ནང་ཁ་གཏད་ཕྱོགས་ཁག་དང་ཁྱོད་ཤི་ང་སོན་གྱི་འཐབ་རྩོད་རྣོ་ངར་ལྡན་པ་བྱེད་ཀྱི་ཡོད་ཀྱང་། སྲིད་དོན་དབང་ཆའི་རྒྱལ་ཕམ་ལ་དང་ལེན་དང་གུས་ཞབས་བྱེད་དགོས་པ་དེ་མ་བརྗེད་པ་བྱེད་ཀྱི་ཡོད་པ་རེད། སང་ཉིན་ནས་མང་ཚོགས་ཀྱིས་གཞུང་འཛིན་གསར་པའི་དབུ་ཁྲིད་ལ་དང་ལེན་བྱེད་པ་དང་། གཞུང་འཛིན་པས་ཕམ་ཁ་ཤོར་པའི་རང་གི་ཁ་གཏད་ལ་གུས་ཞབས་བྱེད་པའི་སྲོལ་བཟང་ཡོད་པ་རེད།

བོད་ཀྱི་ཁ་དཔེར། ཐེའུ་རང་ལ་དབང་བྱུང་ན། གོལ་ཁ་ཐལ་འཚུབ་ཀྱིས་ཁེངས། ཞེས་པ་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྲིད་དབང་དམངས་ལ་དབང་བའི་ཉིན་དེ་ནས་བཟུང་འོས་བསྡུའི་ལས་རིམ་ཁྲོད་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱས་པ་ཙམ་དུ་མ་ཟད། འཐབ་རྩོད་ཀྱི་ཞེ་ཁོན་དེ་དག་གཞུང་འཛིན་ལས་རིམ་ནང་མཉམ་འཁྱེར་བྱས་ཏེ་རང་གི་རྒྱབ་སྐྱོར་བར་གཞུང་མཛོད་ནས་རྒྱུ་དངོས་སོགས་གང་དགོས་ཀྱིས་རོགས་རམ་བྱེད་པ་དང་། ཁ་གཏད་པ་སྐྱེ་བོ་སྒེར་ཡན་ལ་འཁོན་འཛིན་སེམས་བཅངས་ཀྱིས་ཐུབ་ཚོད་བྱེད་པ་སོགས་ཡ་རབས་བཟང་སྤྱོད་ཀྱི་དྲི་ཙམ་ཡང་མེད་པའི་སྣང་བརྙན་གསལ་བསྐྲུན་བྱས་ཏེ་༸རྒྱལ་བའི་ཐུགས་རེ་ཆུད་ཟོས་བཏང་བའི་མཇུག་འབྲས་ལ་བསམ་ན། མཁས་དབང་ཟམ་གདོང་རིན་པོ་ཆེས། ༸གོང་ས་ཆེནཔོས་སྐུ་དབང་མི་མང་ལ་སྩལ་བ་དེ་ང་ཚོས་བེད་ལོག་ཏུ་སྤྱད་ན་དེའི་མཇུག་འབྲས་ཇི་ཐོན་ཚོད་ཐིག་དཀའ་བ་ཞིག་ཡིན་པ་གསུངས་པ་བཞིན་ཕ་བཟང་པོའི་དངུལ་ཁུག་དེ་བུ་ངན་པས་ཇ་ཁུག་བྱས་པའི་དཔེ་ལྟར་འགྱུར་ཉེན་ཤིན་ཏུ་ཆེ།

འདི་ལོའི་སྲིད་སྤྱིའི་འོས་བསྡུའི་ལས་དོན་འགོ་འཛུགས་ལ་ཉེ་བ་དང་ཆབས་ཅིག་དང་བླངས་འོས་མི་སྔར་ལས་མང་བ་ཐོན་བཞིན་པ་འདི་སྲིད་དོན་ཕྱི་ཚུལ་རྣམ་པའི་ཐོག་ནས་དགའ་འོས་སུ་མཆིས་ཀྱང་ཞིབ་དཔྱད་བསམ་གཞིགས་བྱེད་སྐབས་འཇིགས་སྣང་ཡང་སྐྱེ་འོང་བ་ཞིག་ཏུ་མཐོང་། སྤྱི་འཐུས་འོས་མིའི་འཁྲབ་སྟོན་ལ་མང་ཚོགས་ངོས་ནས་དོ་འཁུར་དེ་ཙམ་མི་བྱེད་པ་ནི་ཕལ་ཆེར་འཐུས་མིའི་སྣང་བརྙན་མང་ཚོགས་ཀྱི་སེམས་སུ་གསལ་པོ་ཡིན་པས་ཉོབ་སྣང་བྱུང་བ་མིན་ནམ་སྙམ།
གལ་སྲིད་འོས་མི་རེ་འགའི་བྱེད་བབས་ཀྱིས་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་དོ་འཁུར་མ་བྱས་པར་བཞག་ན་དེ་ནི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་ཐབས་ཤེས་ཡག་པོ་ཞིག་ག་ལ་ཡིན། ད་ལྟའི་ཆར་འཁྲུག་ཆ་དོད་ཤོས་ནི་སྲིད་སྐྱོང་གི་འོས་མི་དང་འབྲེལ་བའི་རྣམ་པ་དེ་རེད། སྲིད་སྐྱོང་འོས་མིར་ཁྱོན་བསྡོམས་མི་གྲངས་ལྔ་བྱུང་བ་ནི་སྐབས་སྔོན་མ་ལས་ཉུང་བ་ཡོད་ཀྱང་འགྲན་རྩོད་ཀྱི་འཁྲུག་ཆ་དང་གཏིང་རིམ་ནི་སྔ་ལོ་ལས་བྱང་ཆ་དོད་དུ་ཕྱིན་ཡོད་པ་ཧ་ལས་དགོས་པ་ལྟ་བུ་ཡོད་པ་གསལ་པོ་རེད།

སྲིད་སྐྱོང་འོས་མི་དང་རྒྱབ་སྐྱོར་བ་སོ་སོས་ཕན་ཚུན་སྐྱོན་བརྗོད་བྱེད་རེས་བྱེད་པ་དང་། སྤྱི་ཚོགས་དྲ་བ་སོགས་སུ་ཁ་རྩོད་ཤུགས་ཆེན་བྱེད་པ་དེ་མི་མང་གི་མིག་ལ་གཟན་པོ་ཡོད་སྲིད་ཀྱང་དེ་ཚོ་གནས་ཚུལ་ལམ་འཐབ་རྩོད་ཧ་ཅང་ཆུང་ཆུང་དེ་འདྲ་རེད། དེ་ལས་ཀྱང་གཏིང་རིང་བ་དང་ཚབས་ཆེ་བ་ནི་དད་པ་ལོག་སྤྱོད་བྱེད་རྩིས་བྱས་པ་དེ་རེད། དུས་འཁོར་དབང་ཆེན་ཐོག་མར་ཞུས་པ་མི་མང་གི་ཆེད་དུ་ཡིན་པ་དང་། མཐའ་མ་དུས་འགྱངས་༸རྒྱལ་བ་རིན་པོ་ཆེའི་ཆེད་དུ་ཡིན་པ་སོགས་སྦྱོར་དངོས་རྗེས་གསུམ་ཚང་མ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཏང་བ་དང་། བལ་ཡུལ་ས་ཡོམ་གོད་ཆག་ཁྲོད་རང་རིགས་ཀྱི་ས་ཁང་ཟོག་གསུམ་ལ་གྱོང་གུད་བྱུང་བའི་མིང་ཐོག་ནས་ཕྱི་རྒྱལ་རོགས་ཚོགས་ཁག་ནས་རོགས་རམ་ཕོན་ཆེ་བྱུང་ཡང་། ད་བར་མང་ཚོགས་ནས་རོགས་རམ་དགོས་པའི་རེ་ཞུ་ག་ཚོད་བྱས་ཀྱང་བགོས་འགྲེམས་མ་བྱས་པར་གསང་ཉར་བྱས་ཏེ་འོས་བསྡུ་བསླེབ་ཉེའི་མཚམས་སུ་སྤྲོད་རྒྱུའི་ཇུས་ངན་བཤམས་པ། ཚོགས་པ་སྐྱིད་སྡུག་མང་ཆེ་བར་རོགས་དངུལ་གྱི་མིང་ཐོག་ནས་ལྐོག་དངུལ་སྤྲོད་པ་དང་ཚོགས་པ་འགའ་ཤས་ལ་མ་སྤྲད་པས་ཁོང་ཚོར་སྤྲད་འདུག་ང་ཚོར་སྤྲད་མ་བྱུང་ཞེས་སྐད་ཆ་མང་པོ་བྱུང་དང་འབྱུང་བཞིན་པ་སོགས་ནི་འཇིགས་སྣང་སྐྱེ་གཞིའི་གནས་སུ་ཁུམས།

འདི་ལྟར་བྱས་དང་བྱེད་བཞིན་གྱི་ལས་ཀ་རྫབ་ཆེན་དེ་ཚོར་བསམ་ཚེ་མི་རིགས་ཤིག་གི་འཆི་གསོན་ཉག་ཕྲའི་དུས་འདི་འདྲར་རང་ཁེ་དབང་རྩོད་འབའ་ཞིག་དོན་དུ་གཉེར་ནའང་མང་ཚོགས་ནས་ད་དུང་གོ་ཤེས་མེད་པར་བཞུགས་བདེ་ཨེ་ཡོད་སྙམ་པས་ཚང་མས་དགོངས་དཔྱད་ཞུ།།

བསམ་ཚུལ།

Post navigation

Previous Post: དབུས་འོས་བསྡུ་ལས་ཁང་ནས་སྤེལ་བའི་གསར་འགོད་གསལ་བསྒྲགས།
Next Post: ད་ནི་གཉིད་ལ་རན་སོང་།

Comments (3) on “འོས་མི་རེ་འགའི་བྱ་བ་རྫབ་ཆེན་འདི་ཚོ།”

  1. བཀྲ་ཤིས། says:
    2015-09-03 at 12:47 pm

    ད་དངོས་གནས་གནས་ཚུལ་ཚབས་ཆེན་དེ་འདྲ་ཐོན་གྱི་འདུག བལ་ཡུལ་གོད་ཆག་རོགས་དངུལ་ད་བར་མ་སྤྲད་པར་ཉར་ཡོད་ན། སེམས་པ་སྐྱོ་དགོས་པ་ཞིག་རེད་འདུག མི་གཅིག་གི་འོས་ཤོག་དོན་དུ་དེ་འདྲ་བྱས་ན་ཐབས་སྡུག་རེད། བལ་ཡུལ་མི་མང་ཚོས་བཀའ་ཤག་མདུན་ངོ་ལོག་རྒྱག་དགོས་རེད།

  2. ཁྲི་དར་མ། says:
    2015-09-03 at 1:05 pm

    བཀའ་ཤག་གིས་ཡར་ཞུས་ནས་ཕྱིར་འགྱངས་གནང་མེད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ངོ་བློ་བཟང་སྦྱིན་པར་མི་མང་པོ་བཅར་ནས་ནན་འདྲི་ཞུས་སྟབས་སྲིད་སྐྱོང་གི་གསུངས་པ་དེ་བདེན་པ་མ་རེད་ཅེས་གསུངས་འདུག ད་ལྟོས་དང། བདེན་པ་ཟེར་བ་དེ་རྒྱལ་རྟགས་ངོས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བྲིས་པ་མ་རེད་དམ། ད་དུང་བལ་ཡུལ་གྱི་པེད་ཤག་ངོ་ནས་ངོ་ཚ་བོ་རེད། བོད་ཀྱི་རྩ་དོན་སྒེར་གྱི་གཏམ་གྲགས་ལ་མ་བརྗེ་རོགས། སྐུ་མཁྱེན།

  3. ལྷ།བྱ་འཕུར་མ། says:
    2015-09-03 at 1:29 pm

    དེ་རིང་ཡང་ཨ་མཚན་ཅན་གྱི་སྲིད་སྒྲུང་ཞིག་གོ་སོང་། བདེན་པ་ཨེ་ཡིན་ནམ།
    བཙན་བྱོལ་སྤྱི་ཚོགས་ནང་གི་དུས་བབ་གསར་ཁང་མ་གཏོགས་འདི་རིགས་གསར་ཁང་དང་རླུང་འཕྲིན་ཁང་གཞན་དག་གིས་ཁ་ཡ་བྱེད་ཀྱི་མེད། ད་ནི་དུས་བབ་གསར་ཁང་གིས་གསར་འགོད་པ་ཞིག་བལ་ཡུལ་དུ་ཆེད་མངགས་བྱས་ཏེ་རོགས་དངུལ་འབོར་ཆེན་གང་ལ་སྤྲོད་དགོས་པ། ག་ཚོད་སྤྲད་ཡོད་པ། སྤྲོད་མ་ཐུབ་པའི་རྒྱུ་མཚན་སོགས་ཀྱི་གནས་ཚུལ་གང་ཡིན་མི་མང་ལ་གསལ་བོ་བཟོ་དགོས་པ་གལ་ཆེན་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme