Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་ཚན་པ་གཉིས།

Posted on 2015-08-302015-08-30 By ཁ་བརྡ No Comments on སྙན་ངག་ཚན་པ་གཉིས།

༼ངག་ལྡིབ་པ།༽

_______ སྨྱུག་མདའ།

 
རི་གཟར་རྦད་ཀྱིས་བཅད་དེ་མཆི་མ་དམར་ཐག་ཆོད།།
ཐ་སྙད་སླར་ཡང་བཙལ་ན་མུན་ནག་ང་རང་ཟེར།།
སྙིང་གཏམ་ཞུན་མའི་མངར་ཁ་ཅུང་ཟད་ཚ་བོ་རེད།།
སྐྲ་ལོ་རྟོག་བཟོ་བྱས་ཏེ་རྣམ་ཤེས་ཤ་ཡིས་སྦྲིད།།

དེ་རིང་ཉི་མ་འཐེན་ཞོར་ཁེར་མོ་ཡིན་པ་ཤེས།།
སྐབས་དེར་སྣང་བ་འཛུམ་བྱུང་འཇིག་རྟེན་ཆུང་ཆུང་གོ།
རླུང་གི་འབོད་པ་མཁོ་འང་མགོ་བོ་ག་ལེར་འགྱེལ།།
སྨོན་ལམ་ཐེངས་ཤིག་རྗེས་སུ་རྡོ་བའི་མལ་སྟན་དྲོས།།

འོད་ཟེར་འཇམ་པོ་ཞིག་ལ་དར་ཆ་མཐོ་རུ་འདེགས།།
ང་ལ་རྨ་བཤུལ་མ་འཇོག་ད་ཚོད་ཧ་ཅང་སྙི།།
རྩྭ་ལོ་ནེམ་པའི་ཐང་ལ་མགྲིན་པ་དཔར་བ་འོ།།
གཏམ་རྒྱུད་བརྐོས་མ་དེ་ལ་སེམས་ཀྱི་བག་ཆགས་འགོས།།

སྤྲིན་པ་བརྗེ་ཞོར་གྱེས་པ་ཡི་གེས་མཐེབ་གཞུང་སྒུལ།།
རྒྱང་ལ་འཐིམ་པ་ཤེས་མོད་སྙིང་ལ་གྲིབ་མ་ཆགས།།
རྨི་ལམ་དབྱངས་ལ་བརྒྱུས་ཏེ་ད་དུང་བཙལ་རྩིས་ཡོད།།
ཡིག་འབྲུ་འགའ་ཞིག་ཀློག་སྐབས་ཡིད་ངོས་མཚར་རེ་བྱུང་།།

ཚོར་བ་རྩིད་པ་ཡིན་ནམ་ཧུ་ཤུ་ཤུགས་ཀྱིས་འཐེན།།
དུས་ཚོད་ཡོར་ཙམ་བྱས་ཀྱང་སང་ཉིན་ཇེ་དལ་ཕྱིན།།
མི་རྣམས་ཅི་ལ་བྲེལ་བཞིན་ང་ནི་དྲན་པས་བཀྱིགས།།
ཆོས་ཉིད་རིག་པ་འདི་འང་ཅི་འདྲའི་ཞེ་གནག་ཅིག།

སྙན་ངག་དུམ་བུ་ཞིག་ལ་སྐྱོ་བ་བརྒྱ་ཕྲག་བཤད།།
གཞུང་ལུགས་སྐམ་པོའི་ངོས་ལ་མི་ཚེས་ད་ཚོད་ཟིན།།
འཚོ་བ་ཆུ་ལ་ལྡང་བའི་ཆོས་གོས་འཁྲུགས་སེ་འོ།།
ཟུག་ལངས་གན་ནས་འོང་པ་སུ་ལ་བཤད་བརྩིས་མེད།།

ས་སྲོད་འཁུར་བའི་ལྟད་མོ་མལ་ཁྲིའི་གྲུ་ག་འབྱར།།
མག་མོག་དེ་ཉིད་ཡིན་ནམ་ཉི་མ་ནུབ་ཁ་ཡིབ།།
སྤྲིན་པ་དམའ་སར་འཐིབས་པས་གཏམ་གྱི་ངོ་ཤ་བྲུག།
ལྷམ་རྩི་འོད་ལ་འཁྲུལ་པ་ཀུ་རེ་རྩེད་སྲོལ་ཞིག་གམ།།

 

 

༼རི་སུལ་ལ་ཅེར་བ།༽

 
གནམ་ས་དམར་པོ་རེད་ཚེར་མའི་ལྗོན་པ་བརྒྱངས།།
དམངས་ཀྱི་ཤེས་བཅུད་རྒུད་མེ་ཏོག་རྩེ་ཁ་གས།།
སྟོད་པའི་གྲོང་ཚོ་ནས་བྱང་ཁོག་ཆགས་པས་བཟི།།
མཆུ་ཏོས་རྨི་ལམ་བརྡར་བཟོ་ཚོང་མགོ་བོ་དུད།།

ངག་གི་ཇུས་འགོད་ལ་ཐོད་པ་ས་ལ་དཔར།།
ཡ་གིའི་མཆོད་སྟེགས་ནས་སྤྱན་ཆབ་ཤར་ཤར་བབས།།
ཁྱི་ཕག་ངང་གིས་འཕེན་རྐུབ་སྐྱགས་ཚ་ངད་ཕོག།
ཇ་ཕོར་གཡར་མ་འདི་ཟས་ཀྱི་ལྷག་མ་བཅུགས།།

རྒྱལ་སྤྱིའི་ཁྲོམ་ར་ན་གངས་རི་བྲིན་ཏེ་འོ།།
ལོ་རྒྱུས་གོད་ཆག་ལ་ལྷོད་ཤ་སུ་ཡིས་སྟེར།།
ལོ་འདིའི་ཆུ་ལོག་ལ་འུར་གྱི་སྨུག་འགོ་ལངས།།
རྨི་ལམ་ཐེད་པོ་ཞིག་རི་བོའི་སྐེད་ལ་བྱིབས།།

ཆབ་སྲིད་སུག་པ་འང་ངག་གིས་སྐྱོར་གྱིན་ན།།
ཡུགས་མའི་སྐྲ་ཉག་ཀྱང་ན་བཟའ་བསྡོམས་ཐག་རེད།།
ང་ཚོས་ད་དུང་ཡང་རུལ་མའི་གྱོད་ཁ་ནས།།
ཐ་སྙད་ལྗིད་པོ་རེར་རྣ་བུག་བསྐྱལ་ཏེ་འོང་།།

དབེན་པའི་མལ་ཁྲི་འང་མུན་པར་འདྲེས་སོང་ངོ་།།
གཟན་འོག་མདེའུ་དེ་གནའ་བོའི་གཏམ་རྒྱུད་མོད།།
དུས་ཀྱི་མདའ་རྩེ་ལ་ཤེས་རབ་མ་ཟུག་པས།།
ཕལ་གཤིས་སྐོར་བྲོ་ཞིག་མིག་ཁར་ཕབ་ལ་སྐྲག།

ད་ནི་ཅིས་ཀྱང་ནས་རྣམ་རིག་རྒོད་དགོས་འདུག།
ལྕག་སྒོ་སྐྱ་བོ་ན་ཙིར་སྒྲ་མང་ཙམ་གདའ།།
ལྷིང་འཇགས་རི་ཁྲོད་ཚོས་ཏིང་འཛིན་མ་སྒོམ་ན།།
ལམ་གྱི་བཞི་མདོ་འདིར་ཟེད་ཀ་ན་བུན་བཅས།།

དངོ་ཁ་རུམ་ལ་བསྡུས་ཁ་དོག་མདོག་ཅན་ཡིན།།
སྒོ་བྱང་མཐོ་པོའི་ངོས་སེམས་ཀྱིས་དྲན་གསོ་བྱོས།།
གདོང་གི་གྲིབ་ཡོར་ལ་དཀར་རྩི་ཡང་ཡང་བྱུགས།།
ཤཱཀྱའི་དབུ་འཕང་འདི་ང་ལ་རིན་ཐང་ཆེ།།

༢༠༡༥/༨/༢༧ ཉིན།

སྙན་ངག

Post navigation

Previous Post: གཉའ་གནོན་ལས་ཐར་བའི་ཀླུ་བྱམས།
Next Post: ༧རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བསྒྲགས་པའི་ཆུ་གླང་རྩ་ཚིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme