Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གོ་རྒྱུ་ཨེ་འདུག་བལྟ་རོགས་གྱིས།

Posted on 2015-08-292015-08-29 By ཁ་བརྡ 6 Comments on གོ་རྒྱུ་ཨེ་འདུག་བལྟ་རོགས་གྱིས།

རྫ་སྐྱེས་མྱུ་གུ། ༼ཨ་རི།༽

 
ཟླ་ཤས་གོང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་གླེང་སློང་ཆེས་ཆེར་བྱུང་བ་ནི་སྲིད་སྐྱོང་གི་སྐོར་དེ་རེད། སྤྱིའི་ཆ་ནས་ཞུས་ན་གནད་དོན་དེ་ལ་དོ་སྣང་དང་སེམས་ཁུར་བྱེད་མཁན་ཇི་ཙམ་མང་ན་དེའི་ཚོད་ཀྱིས་དགའ་འོས་ཤིག་ལོས་ཡིན་ཏེ། སྟབས་མ་ལེགས་པ་ཞིག་ལ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ཇི་བཞིན་དགག་ཡིག་དང་དམའ་འབོད་ཡི་གེ ཕྱོགས་ཁག་དང་ལུང་ཚན། ཆོས་རྒྱུད་དང་ཆོལ་ཁ། རང་བཙན་དང་དབུ་མའི་ཕྱོགས་རིས་ཕྱེ་ནས་ཚིག་རྩུབ་ཀྱི་མདའ་མོ་གཅིག་ལས་གཅིག་གི་རྣོ་བ་རྐྱང་རྐྱང་ནང་ཁུལ་དུ་འཕེན་རེས་བྱེད་བཞིན་པ་འདི་རེད།

དེ་ཡང་དེའི་རྒྱབ་ལྗོངས་སུ་གསལ་ལ་མ་གསལ་བའི་གནད་དོན་སྣ་ཚོགས་ཤིག་སྤུངས་འདུག་པ་ནི། བློ་བཟང་སེང་གེ་ཡིས་ལྐོག་ཟ་བྱས་རབས་དང་། མི་ལོ་ལྔ་ལ་ཉེ་བ་དེ་ཆུད་ཟོས་སུ་ཕྱིན་པ། ཁོ་རང་གི་བསམ་ཚུལ་ལས་མི་མང་གི་རེ་འདུན་དང་ལན་བྱས་མེད་ཚུལ་སོགས་མདོར་ན་བརྗོད་མི་ཚར་བའི་གཏམ་འཆལ་སྣ་ཚོགས་ཤིག་སྤེལ་བཞིན་འདུག་ལ། དེ་མཚུངས་སུ་སྤེན་པ་ཚེ་རིང་ནི་སྤྱི་ཚོགས་ཤིག་གི་དཀྲུགས་ཤིང་མཁན་དང་རང་བཙན་དང་དབུ་མའི་དབར་འགལ་ཟླ་ཡོང་གཞིའི་གཏེ་བོ་ཡིན་ཚུལ་དང་། ད་དུང་ཁོང་གིས་བོད་དང་བོད་མིའི་བདེ་སྡུག་ལ་བསམ་གཞིག་མེད་པར། ཁོ་རང་དང་ཁོང་གི་ཨ་ཕྲུག་འགའ་ཤས་ཀྱི་ཁེ་ཕན་ཁོ་ན་ལ་འབོད་བཞིན་ཡོད་རབས་གླེང་བཞིན་པ་རེད།

དེ་མིན་ད་དུང་ཀླུ་མཁར་བྱམས་ནི་དད་ལོག་དང་འཇོན་ཐང་མེད་པའི་མི་རྒྱག་གི་ཁ་དང་རྟ་རྒྱག་གི་ཞང་རེད་ཅེས་དང་། ཁོང་ཕྱི་རྒྱལ་གྱི་སྐད་ལ་རང་སྐྱ་འཕེར་བ་ཞིག་མེད་ཁར་བོད་མི་ནང་ཁུལ་དུ་གཏམ་བཤད་སྐབས་སུ་ཡང་སྐད་སྒྱུར་དགོས་སྐོར་སྒྲོགས་བཞིན་འདུག
མདོར་བསྡུས་ནས་ཞུས་ན་འདི་དག་ཐམས་ཅད་པོ་ཟ་དང་ཟུར་ནས་སྤྱི་ཚོགས་དྲྭ་རྒྱ་ཁག་ཏུ་ཁུངས་ལུངས་མེད་པའི་ངང་སྤེལ་བཞིན་པ་འདིར་ཧོབ་སྟེ་བལྟས་ན་ནུས་མེད་ཅིག་དང་ཡིད་རྟོན་ཆ་འཇོག་བྱེད་ས་ཞིག་མིན་པ་ལྟ་བུ་མཐོང་རྒྱུ་རེད་མོད། བློ་རྣལ་དུ་ཕབ་ཏེ་བསམ་གཞིག་ཞིབ་ཀྱིས་བྱེད་ཡོང་དུས་སྐད་ཆ་འདིའི་རིགས་ཀྱིས་བོད་མིའི་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་འདུག

༡༽ དང་པོ་དེར་མི་ལོ་ཧྲིལ་བོ་བརྒྱད་ཅུའི་རིང་སྐུལ་ངལ་འཛེམ་མེད་ཀྱིས་བོད་དང་བོད་མའི་སླད་ཐུགས་དགོངས་བཞེས་མཁན། དེ་སྔོན་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆོལ་ཁ་དང་ཆོས་རྒྱུད་དབར་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ཐད་ཕྱག་ལས་གནང་མཁན། བོད་དང་བོད་མིའི་ངོ་བོ། ༧སྐྱབས་མགོན་ཁོང་ཉིད་དང་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པའི་ཐུགས་དགོངས་ཕམ་བྱེད་ཅིག་ཏུ་འབོད་བཞིན་ཡོད་པ་རེད་ལ།

༢༽ གཉིས་པ་དེར་བོད་མིའི་གོང་བུ་གཅིག་སྒྲིལ་གྱི་ནུས་པ་འཐོར་ཞིག་ཏུ་འགྲོ་ཡ་དང་། མི་མང་བྱིངས་ཀྱི་བསམ་བློ་ལ་རང་བཞིན་གྱིས་ཞེན་ཁོག་གི་བག་ཆགས་འབྱར་ཆེད་བསྒྲགས་བཞིན་པ་དང་།

༣༽ གསུམ་པ་དེར་བོད་དང་བོད་མའི་སྲིད་སྐྱོང་གི་འོས་མི་ཀུན་ནུས་མེད་དང་བྱབ་ཆུང་། སློབ་སྦྱོང་གི་ཆུ་ཚད་ཞན་པ་དང་ཕྱོགས་ཞེན་ཁོ་ན་ལས་བོད་སྤྱི་ཡི་དབུ་ཁྲིད་རུ་མི་ཡོང་བ་མ་ཟད། ཚོགས་པ་ཆུང་ཆུང་ཞིག་གི་འགོ་ཁྲིད་ཀྱང་མི་ལོ་བ་དང་། ཐ་ན་མི་ཁོ་རང་རང་ཉིད་རང་ཚུགས་ཐུབ་པ་ཞིག་ཨེ་ཡོད་དམ་སྙམ་པའི་བསམ་བློ་སྐྱེ་རུ་བཅུག་པ་དག་རེད།

འདི་དག་ཐམས་ཅད་པོ་སུ་ལ་དགོས་པ་རེད། འདི་དག་ཐམས་ཅད་པོ་ཡོང་བ་ལ་སུས་འབོད་ཀྱིན་འདུག གལ་ཏེ་གནད་དོན་མ་རུང་བ་འདི་དག་གིས་འུ་ཅག་ལ་ཕན་གྱི་འདུག་གམ་གནོད་ཀྱི་འདུག འདི་འདྲ་བའི་ལབ་གླེང་མཁན་མང་ཆེས་དྲྭ་ཐོག་ཏུ་མིང་ཅི་འདྲ་ཞིག་བཏགས་འདུག དཔར་གང་འདྲ་ཞིག་བཞག་འདུག སུའི་རེ་འདོད་སྐོང་བཞིན་པར་སྐུ་ཉིད་ཀྱིས་བསམ་བློ་བཏང་ཨེ་མྱོང་། གལ་སྲིད་དེ་འདྲ་བའི་བསམ་བློ་བཏང་མ་མྱོང་ཚེ། ལྷོད་ལྷོད་ཀྱིས་བསམ་བློ་ཞིག་ཐོངས་དང་། གནད་དོན་འདི་དག་སྒྲོག་མཁན་དག་ཌ་མ་རུ་མགོ་ཅན་དག་དག་ཡིན་པར་རྟོགས་ཐུབ།

སྔོན་མ་ནས་ཌ་མརུ་མགོ་ཅན་མང་པོ་འུ་ཚོའི་སྤྱི་ཚོགས་འདི་ལྷིང་འཇགས་མི་ཡོང་བར་དཀྲུག་ཕྱིར་བཀྲམས་ཡོད་པ་གསལ་བོ་ཡིན་པས། བོད་དང་བོད་མིར་ཞེན་པ་ཡོད་མཁན་ཀུན་གྱིས་གཟབ་འོས་སོ། །

བསམ་ཚུལ།

Post navigation

Previous Post: གངས་ཅན་བོད་པའི་སྲིད་སྐྱོང་འདི་འདྲ་དགོས།།
Next Post: ང་རང་ཕ་བོང་ཞིག་ཡིན་ན་བསམ་བྱུང་།

Comments (6) on “གོ་རྒྱུ་ཨེ་འདུག་བལྟ་རོགས་གྱིས།”

  1. མེ་ཏོག་བཀྲ says:
    2015-08-30 at 12:22 am

    གོང་གི་བསམ་ཚུལ་དེ་ལྷག་བསམ་གྱིས་དབེན་པ་མི་སྣང་ཡང་། བོད་མི་ཞིག་ཡིན་ཕྱིན་བོད་མིའི་སྲིད་སྐྱོང་ཇི་འདྲ་ཞིག་དགོས་པ་ལ་དོ་སྣང་གནང་དགོས། གལ་ཏེ་སྲིད་སྐྱོང་གི་འོས་མི་གང་ཞིག་ལ་ནག་ཉེས་ཁུངས་སྐྱེལ་ར་ཕེར་ཞིག་ཡོད་ཚེ་ངེས་པར་དུ་འཐེར་འདོན་གནང་དགོས་པའང་མང་གཙོའི་སྲོལ་ཞིག་ཡིན་པ་དང་། དེ་ལས་འོས་མིའི་སྤུས་ཚད་རྟོགས་ཐུབ་ཅིང་། ང་ཚོར་དགོས་པའི་འགོ་ཁྲིད་སྐྱོན་ཅན་མ་ཡིན་པ་ཞིག་ཀྱང་རྙེད་ཐུབ།

    འོན་ཀྱང་། བོད་མི་ཚོས་ཧ་ཅང་གི་གལ་ཆེན་དུ་བརྩི་དགོས་པ་ནི། འོས་མི་དེ་ཉིད་ལ་བོད་མིའི་ལ་ཞེན་ཡོད་པ་ཞིག་དགོས་ཤིང་། ༸གོང་ས་མཆོག་གི་བཀའ་དགོངས་སྙིང་ཁོང་ནས་དང་ལེན་གནང་མཁན་ཞིག་ཀྱང་ཡིན་དགོས། གངས་ཅན་བོད་མི་རིགས་གསོན་འཇིག་གི་མཚམས་འདིར་ང་ཚོར་ཡོད་པའི་རེ་བ་གཅིག་པུ་ནི་༸གོང་ས་མཆོག་ཁོང་རྐྱང་ཡིན་པ་བོད་མི་ཙམ་མ་ཡིན་པར་རྒྱ་དམར་ནས་ཀྱང་ཁས་ལེན་བྱེད་བཞིན་ཡོད་པའི་དུས་འདིར། ༸ཁོང་ལ་མཚན་སྨད་ཞུ་མཁན་གྱི་གང་ཟག་ཅིག་སྲིད་སྐྱོང་གི་འོས་མིར་བཞེངས་པ་ཡིན་ན། སྲིད་སྐྱོང་གི་རྐུབ་སྟེགས་འཐོབ་པའི་རེ་བ་ཟུར་ཙམ་ཡང་མ་མཆིས་ཀྱང་ང་ཚོའི་ལས་ངན་གྱི་འཕྲུལ་གྱིས་གལ་ཏེ་སྲིད་སྐྱོང་དུ་ཆགས་པ་ཡིན་ན། བོད་མིའི་བདེན་དོན་ས་ཕྱོགས་གང་འདྲ་ཞིག་ཏུ་འགྲོ་རྒྱུ་ཡིན་པའང་ང་ཚོས་རྟོགས་ཐུབ། འོན་ཀྱང་གང་ཟག་དེ་རིགས་ལ་རང་ཉིད་ཀྱི་མང་གཙོའི་ཁེ་དབང་དུ་སྒེར་གྱི་བསམ་ཚུལ་གཅིག་མཚུངས་མ་ཡིན་པ་ཞིག་ཡོད་ཆོག་པ་ལ་བསྙོན་འཛུགས་གང་ཡང་མེད་དོ།།

  2. ཅོ་རི་ཉི་མ། says:
    2015-08-30 at 7:14 am

    ནོར་བཅོས་་་་
    # 2 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
    August 30th, 2015 at 7:11 AM
    གླུ་ཨ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རེད
    གླུ་ཐལ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་རེད།
    སྐྱིད་ན་ཇ་ཆང་མཚར་གླུ་རེད།
    སྡུག་ན་རང་སེམས་གསོ་གླུ་རེད།
    དེ་ནས་ཉོན་དང་བོད་མི་ཚོ།

    བོད་ཆེན་པོའི་རྒྱལ་ཁབ་བསམ་མཁན་ཚོས།
    བོད་རང་བཙན་ཕྱོགས་ནས་གླུ་ཞིག་ལེན།
    ཕོ་རྒྱལ་བཙོང་ཕྱོགས་ལ་ཚིག་ཞིག་འཕེན།
    འདི་སྲོང་བཙན་སྒམ་པོའི་འགྱུར་ཁུག་རེད།།

    ལམ་དབུ་མའི་བྲན་གཡོག་བྱེད་མཁན་ཚོས།
    དགྲ་དམར་པོར་བསྟོད་པའི་གླུ་ཞིག་ལེན།
    ནང་ཕུ་ནུ་རྡུངས་བའི་གར་ཞིག་འཁྲབ།
    འདི་ཁྲོ་ཐུང་རྒྱལ་པོའི་འགྱུར་ཁུག་རེད།།

    ལ་ལུང་ཚན་གཙུག་ཏུ་བཀུར་མཁན་ཚོས།
    སྒེར་ལུང་ཆུང་ཕྱོགས་ནས་གླུ་ཞིག་ལེན།
    ཕོ་སོ་སོའི་ཕྱོགས་སུ་འོས་ཤིག་འཕེན།
    འདི་ལུང་ཞེན་ཅན་ཚོའི་འགྱུར་ཁུག་རེད།།

    ཆོས་ཕྱོགས་རིས་ཅན་གྱི་ཆོས་པ་ཚོས།
    ནང་ཆོས་རྒྱུད་ཕྱོགས་ནས་གླུ་ཞིག་ལེན།
    ཕྱིའི་མུ་སྟེགས་ཕྱོགས་ལ་དགག་ཞིག་བརྒྱབ།
    འདི་ཕྱོགས་རིས་ཅན་ཚོའི་འགྱུར་ཁུག་རེད།།

    མི་རེ་རེའི་སེམས་ན་རེ་འདུན་རེ།
    ཁ་རེ་རེའི་ནང་ནས་གླུ་དབྱངས་རེ།
    ཕྱོགས་གང་ནས་ཀྱང་རང་དབང་དེ།
    འདི་དམངས་གཙོའི་ཡུལ་གྱི་འགྱུར་ཁུག་རེད།

    གླུ་ག་ནས་ལེན་ཀྱང་ཁྲིསམ་མཐུན་ཞིག
    བྲོ་གང་དུ་འཁྲབ་ཀྱང་ལུགས་མཐུན་ཞིག
    ཁྲིམས་ལུགས་མཐུན་ཉེན་ཅན་བརྩི་བ་དེ།
    འདི་སྒེར་གཅོད་དཔོན་གྱི་འགྱུར་ཁུག་རེད།།

    གླུ་གོ་ན་རྣ་བའི་དཀྱིལ་ལ་ཞོག
    མ་གོ་གླུ་ལ་ཡང་འགྲེལ་མེད།་་་་་་་་་ཧཧཧཧ

  3. ཅོ་རི་ཉི་མ། says:
    2015-08-30 at 7:25 am

    མི་རེ་རེའི་སེམས་ན་རེ་འདུན་རེ།
    ཁ་རེ་རེའི་ནང་ནས་གླུ་དབྱངས་རེ།
    ཕྱོགས་གང་ནས་ལེན་ཀྱང་རང་དབང་དེ།
    འདི་དམངས་གཙོའི་ཡུལ་གྱི་འགྱུར་ཁུག་རེད།་་་་་ཅེས་བཅོས

  4. ཅོ་རི་ཉི་མ། says:
    2015-08-30 at 7:36 am

    ང་ཚོས་སྲུང་དགོས་ཀྱི་ཁྲིམས་ཡིན་པ་ལས་རྐུ་མ་ཇག་པ་ཚོའི་སེམས་མིན། ལྐོག་ས་རུལ་སུངས་དང་ རྒྱལ་བཙོང་བ་འཁོར་དང་བཅས་པའི་སེམས་ལ་རྨ་ཁ་བཟོ་ཡོང་བསམས་ནས་སྨྲ་བརྗོད་རང་དབང་ལ་སྒོ་ལྕགས་རྒྱབ་དགོས་དོན་མེད།
    ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོས་ཉམ་ཆུང་བོད་མི་དམངས་ཀྱི་སེམས་ལ་རྨ་ཁ་བཟོས་པ་ཉུང་ཉུང་མིན།
    དྲོད་ཉི་མ་ཤར་ཡང་མ་ཞི་ལེ།
    སྙིང་གངས་དཀའི་དཀྱིལ་འཁྱག་པ་ཡིན།
    སྨན་ཨ་རུ་ཟོས་ཀྱང་མ་ཕན་ལེ།
    ངེད་རྒྱལ་གཅེས་སེམས་ཀྱི་རྨ་ཁ་ཡིན།

  5. གནམ་ says:
    2015-08-30 at 7:46 am

    འདི་འདྲ་ཞིག་རེད།

    བཙན་བྱོལ་བའི་འཚོ་ཐབས་སྲ་བརྟན་དང་རྒྱལ་སྤྱིའི་གར་སྟེག་ནས་ཁ་ཕོ་ཙམ་རེ་བཤད་པས་ཚིམས་པ་བྱུང་ན། སེང་གེ་ལ་འོས་ཐོབ།
    བཙན་བྱོལ་བའི་སྤྱི་རྒྱུ་སྒེར་བདག་ལ་འཐུམ་ནས་ཅི་ཡིན་འདི་ཡིན་མེད་པའི་བཙན་བྱོལ་ཤི་མ་གསོན་ཞིག་དགོས་ན། སྤེན་ཚེ་ལ་འོས་ཐོབ།
    བཙན་བྱོལ་བའི་དབུ་ལམ་ལ་བཀའ་ལོག་དང་དོལ་འདྲེ་ཡི་མགོ་བོས་སྤྱི་ཚོགས་དཀྲུགས་དགོས་ན། ཀླུ་བྱམས་ལ་འོས་ཐོབ།

    ཁ་སང་དེ་རིང་གི་རྙེད་པ་འདི་ཡིན། ད་རུང་ཞུ་རྒྱུ་ཞིག་ཡོད། དེ་ནི།
    བོད་རང་བཙན་འམ་ལམ་དབུ་མ་ནི་དགྲ་ནག་ཚང་གི་གནམ་ངོའི་དྭངས་འཐུབ་ལྟར་ཐོབ་རྒྱུ་ཞིག་ལས། ང་ཚོ་ལ་དེ་ལེན་སྤྱད་ཀྱི་རྒྱུ་ཤུགས་ཁབ་རྩེ་ཙམ་ཡང་མི་འདུག་གོ།

    ལོ་རྒྱུས་ཀྱི་རི་མོ་དང་ཚེ་སྲོག་གི་འགྲོ་སྒོ་ནི་བདེན་པ་བདེན་རྐྱང་ཡིན་པས། ལོ་ངོ་སྟོང་ཚོ་འགའ་ཤས་ཀྱི་ཕ་རོལ་ན། བོད་ལ་སྐྱིད་པའི་ཉི་མ་རེ་ཡོད་ན་ནི་མི་ཤེས་སོ། བོད་རྒྱལ་ལོ།

  6. བློ་བཟང་བསྟན་འཛིན། says:
    2015-09-01 at 11:45 pm

    ཧ་ཅང་གི་བློ་ཕམ་དགོས་ཡ་གཞན་ཞིག་ལ། ངོ་དེབ་དྲྭ་བ་དང་སྐད་འཕྲིན་སོགས་སུ་མི་ལ་ལས་ཁོས་སྲིད་སྐྱོང་འོས་ག་གེ་མོ་ཞིག་ལ་སྐྱོན་བརྗོས་བྱས་པས། ཚེ་སྲོག་ལ་སྡིངས་ར་བཏང་སོང་ཞེས་དང་། ཕར་ཕར་ཁ་ཆག་འདུག་མར་མར་སྣ་རལ་འདུག་ཅེས་བོད་དང་བོད་མིའི་འདས་མ་ད་གསུམ་ལ་ཕན་པ་ལས་གནོད་་ཆེ་བའི་སྡུག་བཤད་མཁན་རྐྱང་ཡིན་ལྟ་བུ་ཚོར་བྱུང་།
    དྲང་པོར་ཞུས་ན་སྲིད་སྐྱོང་འོས་མིར་ཁུངས་ལུངས་མེད་པའི་སྐྱོན་འཚོལ་བ་ནི་ངོ་མ་མ་རུང་བ་ཞིག་རེད། རྒྱུ་མཚན་དང་དཔང་རྟགས་གསལ་བོ་ཡོད་ན་ངོ་མ་ཁག་མེད། དེ་མིན་ཞེན་ཁོག་ཁོ་ནའི་དབང་གིས་འདྲ་མིན་ཞིག་ལབ་བསྡད་ན་ཅི་ཕན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme