Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་རེས་སྐྱབས་བཅོལ་ཞུ་ས་ནོར་ཡོད་དམ།

Posted on 2008-10-27 By དགེ་རབ་ 2 Comments on རང་རེས་སྐྱབས་བཅོལ་ཞུ་ས་ནོར་ཡོད་དམ།

སྤོབས་པ་མཐའ་ཡས།
ལྷོ་ཤར་ཨེ་ཤེ་ཡའི་དབུས་རྒྱུད་དུ་ལོ་རྒྱུས་རིང་ཞིང་གནས་བསྟན་སྡེ་བའི་ལུགས་ཀྱི་ཐུབ་པའི་བསྟན་པ་རིན་པོ་ཆེ་གཙོ་བོར་གྱུར་པའི་རིག་གཞུང་ངོ་མཚར་ཅན་གྱིས་ཕྱུག་པའི་ཡུལ་གྲུ་ཁེམ་བྷོ་ཌི་ཡ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པར་ཁེ་མེར་དམར་ཤོག་པའི་གདུག་རྩུབ་ཅན་གྱི་གསར་བརྗེའི་ལས་འགུལ་དང་། ཝིད་ནམ་ལྷོ་བྱང་གི་དམག་འཁྲུགས་ལས་ཨ་མེ་རི་ཁས་མཁའ་ཐོག་གི་རྒོལ་རྡུང་དྲག་པོས་དམིགས་འབེན་ཡིན་མིན་གྱི་ཡུལ་མི་བགྲང་ལས་འདས་པ་དམར་གསོད་བཏང་བ་སོགས་ཀྱི་ལོ་རྒྱུས་ཐོས་ན་སྐྱི་གཡའ་བ་མང་པོ་ཞིག་བྱུང་ཡོད། ཡུལ་དེའི་རྒྱལ་པོ་ཤ་ཧ་ནུག་ལ་མཚོན་ན་མི་ཚེ་གང་བོར་ཁེམ་བྷོ་ཌི་ཡའི་ཆབ་སྲིད་ཀྱི་ལས་རིམ་ལ་ཞུགས་ཤིང་སྡུག་སར་ལྷུང་ནས་སྲོག་ཐོག་གི་ཉེས་ཆད་ཁྱབ་བསྒྲགས་ཡན་ཆད་བྱས་མྱོང་ཡང་༡༩༩༠ ནང་ནས་སླར་ཡང་ས་སྐྱོང་ཆོས་རྒྱལ་ཆེན་པོའི་ཁྲི་འཕངས་ལ་དབང་འབྱོར་ཐུབ་པ་བྱུང་བ་སོགས་དར་རྒུད་ཀྱི་གཏམ་རྒྱུད་རིང་མོས་ཡིད་དབང་འགུགས་པ་མང་དུ་མཆིས་སོ།
སྐབས་བབ་འདིར་ངས་འདི་བོད་ཀྱིས་སྐྱབས་བཅོལ་ཞུ་ཡུལ་ནོར་བའི་རྒྱུ་མཚན་ཞིག་དང་སྦྱར་ནས་འཆད་འདོད། དེ་ཡང་ཁེམ་བྷོ་ཌི་ཡའི་ཁི་མིར་དམར་ཤོག་པའི་རྒྱབ་སྐྱོར་ལྟེ་བ་དེ་རྒྱ་ནག་གུང་ཁྲན་གཞུང་ཡིན་ཞིང་རྒྱ་མི་གུང་ཁྲན་གྱིས་ཁོང་ཚོར་དམག་གི་ཉེར་མཁོ་མཁོ་སྤྲོད་དང་བཀོད་འདོམས་ལྟེ་བའི་འགན་འཁུར་གྱི་ཡོད། རྒྱལ་པོ་ཤི་ཧ་ནུག་གིས་ཁི་མིར་དམར་ཤོག་པའི་དྲག་ཤུགས་ལ་ཁ་གཏད་གཅོག་མི་ཐུབ་པ་ཤེས་ནས་ཐོག་མར་ཁོང་ཤར་རྒྱག་གིས་ཧྥ་རན་སིར་སྐྱབས་བཅོལ་དུ་བསྐྱོད། ཧྥ་རན་སིས་ལོ་ཧ་ཅང་མང་པོར་ཁེམ་བྷོ་ཌི་ཡ་དབང་བསྒྱུར་བྱས་མྱོང་བ་དང་དམག་ཆེན་གཉིས་པའི་རྗེས་སུ་ཁེམ་བྷོ་ཌི་ཡ་རང་བཙན་བྱུང་སྐབས་སུ་རྒྱལ་པོ་ཤི་ཧ་ནུག་འདི་ཡང་ཧྥ་རན་སིས་བསྐོ་བཞག་བྱས་པ་རེད། དེར་བརྟེན་ཧྥ་རན་སི་ནི་ནུབ་ཕྱོགས་ཀྱི་སྟོབས་ཅན་རྒྱལ་ཁབ་ཅིག་ཡིན་པ་ཙམ་དུ་མ་ཟད་དམིགས་བསལ་གྱི་འབྲེལ་བ་ཞིག་ཀྱང་ཡོད་སྟབས་ཁོང་ཧྥ་རན་སིར་སྐྱབས་བཅོལ་དུ་འགྲོ་བ་དེ་ཧ་ཅང་འོས་ཤིང་འཚམས་པ་ལྟ་བུ་ཡིན། སྤྱིར་བཏང་འབྲེལ་བ་ཟབ་མིན་ཙམ་ནས་བསམ་ན་ཧྥ་རན་སི་དང་རྒྱལ་པོ་ཤི་ཧ་ནུག་གི་འབྲེལ་བ་དེ་བོད་དང་རྒྱ་གར་གྱི་འབྲེལ་བ་ལས་བརྒྱ་འགྱུར་གྱི་འབྲེལ་ལམ་ཟབ་པ་ཡོད།
ཡིན་ན་ཡང་ལོ་ཤས་རྗེས་ཁེམ་བྷོ་ཌི་ཡའི་ཡུལ་གྲུ་ཡོངས་རྫོགས་ཕོལ་པོ་ཊིས་སྣེ་ཁྲིད་པའི་ཁི་མེར་དམར་ཤོག་པས་དབང་བསྒྱུར་བྱས་རྗེས་ཁེམ་བྷོ་ཌི་ཡའི་རྒྱལ་པོ་ཤི་ཧ་ནུག་མཆོག་པེ་ཅིང་ལ་སྐྱབས་བཅོལ་དུ་ཕེབས་ནས་དེར་ཡུན་རིང་དུ་རྒྱུན་བཞུགས་གནང་། རྒྱལ་པོ་རང་ལ་གྱེན་ལོག་ཁ་གཏད་བྱེད་མཁན་གྱི་ཁི་མེར་དམར་ཤོག་པའི་བཀོད་འདོམས་རོགས་སྐྱོར་བ་རྒྱ་དམར་གུང་ཁྲན་ཡིན་བཞིན་དུ་རྒྱལ་པོ་ཁོང་པེ་ཅིང་ལ་སྐྱབས་བཅོལ་དུ་ཕེབས་ཟེར་བ་དེ་བློ་ཡུལ་དུ་མི་ཤོང་བ་ཞིག་རེད། དོན་དངོས་སུ་རྒྱལ་པོ་མཆོག་གིས་པེ་ཅིང་ལ་སྐྱབས་བཅོལ་ཞུས་པ་དེ་ནི་ཆབ་སྲིད་ཀྱི་མཁྱེན་རླབས་དང་གཟིགས་རྒྱ་ཧ་ཅང་ཆེན་པོའི་མཛད་པ་ཞིག་ཡིན་པ་ད་ལྟ་གཞི་ནས་ཤེས་པ་རེད།
དེ་ཡང་གལ་སྲིད་རྒྱལ་པོ་ཤི་ཧ་ནུག་མཆོག་ཧྥ་རན་སི་ལྟ་བུར་སྐྱབས་བཅོལ་དུ་བཞུགས་ཡོད་ན་ཁོང་དང་ཁོང་གི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཐག་གཏན་ཆད་དུ་འགྲོ་རྒྱུ་ཡིན་པ་དང་། ཧྥ་རན་སི་གཙོས་པའི་ནུབ་ཕྱོགས་དམངས་གཙོའི་གཞུང་གི་བཀོད་འདོམས་ལ་ཁི་མེར་དམར་ཤོག་པས་མི་ཉན་པ་སྨྲོས་མེད་ཡིན་སྟབས་རྒྱལ་ཁབ་དེ་ཚོས་རྒྱལ་པོ་རང་གི་སྲོག་སྐྱོབ་ཐུབ་ན་ཡང་རང་གི་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་མི་ཐུབ་པ་མཐོང་ནས་རྒྱལ་པོ་འདིས་ཁེ་ཉེན་ཆེ་བའི་སྐྱབས་བཅོལ་ས་དེ་པེ་ཅིང་གདམས་པ་རེད།
རྒྱལ་པོ་ཁོང་གི་གཟིགས་སྣང་ལ་ཁི་མེར་དམར་ཤོག་ཚོགས་པ་ནི་པེ་ཅིང་གུང་ཁྲན་གཞུང་གིས་ཐག་སྣེ་ན་ཐོགསཔའི་འགུལ་གཟུགས་ཅིག་ཡིན་སྟབས་རྒྱ་ནག་དམར་ཤོག་པའི་དཔུང་པ་རུ་འཛིན་མ་ཐུབ་ན་གཞན་སུས་ཀྱང་འགུལ་སྐྱོད་དེ་མཚམས་འཇོག་མི་ཐུབ་པ་མཁྱེན་པ་རེད། པེ་ཅིང་གི་ངོས་ནས་མར་ཁེ་སིའི་རིང་ལུགས་ཁ་ཏོན་བྱེད་ཀྱི་ཡོད་རུང་ལག་ལེན་ངོ་མར་ཐུག་སྐབས་ཁེམ་བྷོ་ཌི་ཡའི་ཆབ་སྲིད་ལ་ཇུས་གཏོགས་བྱེད་དགོས་ན་ཁི་མིར་དམར་ཤོག་ཚོགས་པ་དང་རྒྱལ་པོ་ཤི་ཧ་ནུག་གཉིས་པོའི་ལྗིད་ཚད་གང་མཐོ་ལྟ་རྒྱུའི་བེད་སྤྱོད་ཀྱི་ཆེད་དུ་རྒྱལ་པོ་ལ་སྐྱབས་བཅོལ་གྱི་གནས་སྟངས་གང་ལེགས་སྤྲད། རྒྱལ་པོ་རང་གི་རེ་འདོད་བཞིན་རྒྱབ་སྐྱོར་གང་ལེགས་གནང་མཐར་ཁི་མིར་དམར་ཤོག་པ་ལྟག་ཆུ་ཆད་པའི་རྫིངས་བུ་བཞིན་དུ་གྱུར་ནས་མཐར་མི་དམངས་ཀྱི་འདེམས་ཤོག་བརྒྱུད་ནས་རྒྱལ་པོ་ཤི་ཧ་ནུག་མཆོག་མི་འཇིགས་སེང་གེའི་ཁྲི་ལ་དབང་བསྒྱུར་ནས་འཚོ་ཞིང་གཞེས་པ་འདི་རེད།
སྐབས་དེའི་ཁེམ་བྷོ་ཌི་ཡའི་དཀའ་རྙོགས་དང་བོད་ཀྱི་དཀའ་རྙོགས་གཉིས་ཐལ་མོ་སྦྱར་བ་བཞིན་སྦྱར་ན་མི་མཚུངས་ས་མང་པོ་ཡོད་པ་སྨྲོས་མེད་ཡིན་ཡང་གནད་དོན་ངོ་མ་དེ་རང་རེས་རྒྱ་གར་ལ་སྐྱབས་བཅོལ་ཞུས་པ་དང་རྒྱལ་པོ་ཤི་ཧ་ནུག་གིས་པེ་ཅིང་ལ་སྐྱབས་བཅོལ་ཞུས་པ་དེ་གཉིས་བསྡུར་སྐབས་རང་རེ་ལ་རང་སྲོག་ཐར་ཙམ་གྱི་རེ་བ་ལས་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་སེམས་ཀྱི་ནང་ལ་འཁོར་ཐུབ་མེད་པ་གསལ་པོ་རེད། རང་རེས་དབུ་ཁྲིད་མི་དྲགས་ཚང་མས་རྒྱ་གར་ལས་གཞན་པའི་སྐྱབས་གནས་ཤིག་ཡོད་པར་ངོས་ཟིན་མ་མྱོང་ལ་སྒེར་གྱི་འཇོན་ཐང་ངོམ་མཁན་ཁ་ཤས་ཤིག་ཐའེ་ཝན་དང་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཏུ་བསྐྱོད་པ་ཙམ་རེད།
དོན་དངོས་སུ་ཁྱེད་ཚོས་བསམ་བློ་ཞིག་ཐོངས་དང་། རང་རེས་སྐྱབས་བཅོལ་ཞུ་ཡུལ་ཚོས་རྒྱ་ནག་གི་ཁ་ནང་དུ་ཚུད་ཚར་བའི་བོད་དེ་ཚུར་ལེན་པའི་ངལ་བ་དང་དུ་ལེན་གྱི་རེད་དམ། རྒྱ་གར་དང་རྒྱ་ནག་གཉིས་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་སྟེང་ནས་འགལ་ཟླར་གྱུར་ཡོད་ཐོག་ས་མཚམས་རྩོད་རྙོགས་གཙོ་བོར་གྱུར་པའི་དགྲ་ཟླའི་རང་བཞིན་དུ་གནས་ཡོད་ལ་ཐའེ་ཝན་ནི་དེ་ལས་ཀྱང་གཅིག་ཁོངས་སུ་གཅིག་འདུས་མིན་གྱི་རྩོད་རྙོགས་ལངས་བཞིན་ཡོད། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་དམངས་གཙོའི་ཡུལ་གྲུ་གཞན་ཚོ་ཡང་དེ་ནང་བཞིན་རྒྱ་ནག་བྱ་རོག་འུག་པའི་གནས་སྟངས་སུ་གྱུར་ཡོད། དེར་བརྟེན་རང་རེའི་སྐྱབས་བཅོལ་ཞུ་ཡུལ་ཚོས་རྒྱ་ནག་གི་ཁ་ནང་ནས་བོད་དེ་ཚུར་ལེན་དགོས་ན་དམག་འཐབ་མ་ཡིན་པའི་ཐབས་ལམ་གཞན་ཞིག་ལུས་མེད། གཅིག་བྱས་ན་རང་རེས་དབུ་ཁྲིད་ཚོས་རྒྱ་གར་དང་ཨ་མེ་རི་ཁ་ལྟ་བུའི་སྟོབས་ཅན་རྒྱལ་ཁབ་ཅིག་ང་ཚོའི་རྒྱབ་རྩར་ལངས་ནས་དངོས་སུ་རྒྱ་ནག་ལ་དམག་འཁྲུགས་བྱས་ནས་ང་ཚོའི་དགོས་འདུན་བསྒྲུབ་པའི་རེ་བ་སྟོང་པ་ཞིག་བཅངས་པ་ཡིན་སྲིད།

རྩོམ་རིག

Post navigation

Previous Post: ཆ་རྐྱེན་ཅི་ཡང་མེད་པར་བོད་ལ་ལོག་འགྲོ་རྒྱུའི་གྲོས་ཐག་གཅོད་རོགས།
Next Post: “དགེ་འདུན་དཀོན་མཆོག་ཡག་པོ་མི་འདུག”

Comments (2) on “རང་རེས་སྐྱབས་བཅོལ་ཞུ་ས་ནོར་ཡོད་དམ།”

  1. Che sang says:
    2008-10-27 at 6:38 pm

    all dearest . sorry that i write English . but i try to join your guys Khada .
    but its really impossibles .
    maybe take some time .

  2. ཀླུ་སྨྱོན། says:
    2008-10-29 at 9:56 pm

    ཕྱོགས་གང་མང་ཞིག་ནས་བསམ་བློ་བཏང་ཚེ་གོང་ས་མཆོག་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་པ་འདི་གཅིག་པོའི་དགོངས་བཞེད་ཀྱང་དེ་དུས་སུ་གདམས་ཀ་མེད་པ་ཞིག་ཡིན་སྲིད་ཀྱང་། ཕུགས་རྒྱང་རིང་པོའི་བོད་དོན་འཐབ་རྩོད་ཀྱི་ཕྱོགས་ནས་ལྟ་དུས་འགྲན་ཟླ་མེད་པའི་སྟེས་དབང་གི་གདམས་ཀ་ཞིག་ཏུ་མཐོང་གི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme