Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲོང་བཙན་གྱི་དཀྲོག་གཏམ་ལ་ངོས་ལེན་མེད།

Posted on 2015-08-292015-08-29 By ཁ་བརྡ 34 Comments on སྲོང་བཙན་གྱི་དཀྲོག་གཏམ་ལ་ངོས་ལེན་མེད།

གངས་བཙན་པོ།

 
སྐུ་ངོ་སྤེན་པ་ཚེ་རིང་མཆོག་ནས་གཏམ་བཤད་ནང་དུ་འདི་འདྲའི་སྐད་ཆ་ཞིག་དུས་ནམ་ཡང་བཤད་ཡོད་པ་མ་རེད། སྲོང་བཙན་གྱི་བསྙོན་འཛུགས་འདི་རེད། ༼ད་དུང་རྒྱུད་སྨད་གྲྭ་ཚང་ན་༸གོང་ས་མཆོག་ལ་ཁ་གཏོང་མཁན་རེ་འགའ་གཏམ་བཤད་དྲིལ་བསྒྲགས་ཡོང་མི་ཆོག་པ་བཟོས་འདུག  ཧ་ཅང་ཡག་པོ་རེད་ཅེས་བསྟོད་བསྔགས་དང་།༽ འདི་མཐོང་མ་ཐག་ང་རང་ཉིད་ཡིན་ན་ཡང་ཧ་ཅང་བློ་ཕམ་སྐྱེས་སོང་། ཁོང་གིས་གང་བཤད་ཡོད་རེད་ལབ་ན། རང་བཙན་གྱི་ལྟ་བ་ཤུགས་ཆེན་ཁུར་ནས་གོང་ས་མཆོག་ལ་འཕྱ་སྨོད་ཞུ་མཁན་དེ་འདྲའི་རིགས་ལ་མཉམ་དུ་མདུན་ཅོག་གཅིག་གི་སྟེང་ནས་འོས་བསྡུའི་སྐབས་སུ་འདུག་གི་མིན་ལབ་སོང་། དེ་ནི་ངོ་མ་ཁོང་གི་རང་དབང་རེད་བསམ་གྱིན་འདུག

སྲོང་བཙན་རང་ཉིད་ཕྱོགས་ཞེན་གྱིས་བཟི་དྲགས་པ་རེད། སྐུ་ངོ་ཁོང་གིས་ཧ་ཅང་གིས་མ་འོངས་པའི་ལས་འཆར་ཕྱོགས་དང་བཙན་བྱོལ་སྒྲིག་འཛུགས་ཐད་ལ་རྒྱུས་མངའ་ཡོད་པའི་སྟེང་ནས་གསུང་བཤད་ཡག་པོ་གནང་སོང་། མི་བདེན་ན་དེའི་སྐབས་སུ་སྒྲ་འཇུག་ངས་བྱས་ཡོད། ཁོང་གིས་ལག་ལེན་བསྟར་ཐུབ་པའི་སྟེང་ནས་བཤད་པ་ལས་ཁ་སྟོང་ནང་ནས་ཚིག་སྟོང་ཞིག་རྩ་བ་ཉིད་ནས་བཤད་མ་སོང་། དེ་ལ་བལྟས་ན་ཁོང་ལྗིད་ཚད་ཆེ་བ་དཔོག་ཐུབ་པ་མ་ཟད། གུ་ཡངས་སྒམ་དཀྱེལ་གྱི་བསམ་གཞིགས་ངོ་མ་ཆེན་པོ་འདུག་པ་ཕྱོགས་མང་པོ་ནས་རྟོགས་ཡོད།

སྲོང་བཙན་ཁོ་རང་སྐུ་ངོ་མཆོག་གི་གཏམ་བཤད་ཀྱང་ཉན་དུ་ཡོང་མེད་པ་མ་ཟད། ནམ་རྒྱུན་ཞེན་ཁོག་དང་ཕྱོགས་ཞེན་གྱིས་སྐད་ཆ་གླེང་ནས་མིང་སྐམ་ཞིག་དྲ་ཐོག་ན་དྲ་འབུ་བྱས་ནས་འཚོལ་བཞིན་ཡོད་པའི་བླ་རྒན་ཞིག་རེད། མི་བདེན་ན་ཁོ་རང་གི་ངོ་དེབ་དང་སྐད་འཕྲིན་སོགས་ཀྱི་རྒྱབ་ལ་གཟིགས་རོགས། བོད་དོན་ལ་ཕན་པའི་སྐད་ཆ་གླེང་མྱོང་ཡོད་པ་མ་རེད། དེ་མིན་ཁ་སྔོན་ཡང་སྐུ་ངོ་བློ་སེང་གི་ཁང་པའི་དངུལ་་ཐད་ནས་སྐད་ཆ་ཞིག་འགྲོ་བཞིན་པ་དེ་ཡང་རྒྱབ་ལྗོངས་ན་སྐུ་ངོ་བཀྲས་མཐོང་ཡོད་རབས་སོགས་ཀྱི་ཚོད་དཔག་གི་སྐད་ཆ་དོན་མེད་མང་པོ་ཞིག་དཀྲོག་མཁན་ཡང་ཁོ་རེད། དངོས་གནས་བཤད་ན་དྲ་འབུ་འདི་དག་གིས་སྨྲ་བརྗོད་རང་དབང་གི་ས་མཚམས་མ་ཤེས་པར་མིང་སྐམ་པོ་ཞིག་གི་ཆེད་དུ་སྤྱི་ཚོགས་ནང་རྙོག་དྲ་བཟོ་རྒྱུའི་ཆེད་ཁོ་ན་ཡིན་པར་སེམས།

དེ་བས་ཚང་མས་དྲ་འབུ་འདི་འདྲའི་སྐད་ཆ་དག་ལ་ཆ་འཇོག་མི་བྱེད་རྒྱུ་མ་ཟད། ལྷག་པར་དུ་ཆོལ་ཁ་དང་ཆོས་ལུགས་བར་ལ་རྙོག་དྲ་བཟོ་རྒྱུའི་དམིགས་ཡུལ་ངན་པ་འཛིན་མཁན་རིགས་དག་གི་སྐད་ཆ་ལ་ནམ་ཡང་མགོ་མི་འཁོར་རྒྱུ་གལ་ཆེ་བར་མཐོང་། ང་ཚོའི་དགྲ་ཕྱི་ན་ཡོད་པ་ལས་ནང་ན་མེད། སྤྱི་ཚོགས་ཀྱི་དོན་དམ་པའི་མཐུན་སྒྲིལ་བསམ་ན་རང་ཕྱོགས་གཞན་ཕྱོགས་གཙོ་བོར་མི་འཛིན་པར། བོད་སྤྱིའི་དོན་དུ་ནུས་ཤུགས་གཅིག་ཏུ་སྤུངས་དགོས་པ་ལས་་གཏོར་བརླག་བྱེད་མཁན་གྱི་དྲ་འབུ་དག་ལ་དོགས་ཟོན་བྱེད་དགོས་པ་མ་ཟད། དགོས་མེད་དང་ཕྱོགས་ཞེན་གྱི་སྐད་ཆ་ཉུང་དུ་བཏང་ན་ཧ་ཅང་བཟང་གི་བསམ།

དེ་མིན་སྐབས་འཚོལ་རང་ལུགས་པ་དྲ་འབུ་དག་གིས་སྨྲ་བརྗོད་རང་དབང་གི་ས་མཚམས་ལས་བརྒལ་ཏེ་རང་ཉིད་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་ཕ་རོལ་བའི་གང་ཟག་དེ་ནག་པོ་བཟོ་ཅི་ཐུབ་བྱེད་རྒྱུའི་ངན་ཤུགས་ཆེན་པོ་ཞིག་སྤྱི་ཚོགས་ནང་ལ་འདུག  དེ་ནི་ཧ་ཅང་ཤེས་ཡོན་མེད་པའི་མྱི་གཤིས་སྡུག་པོ་ཞིག་རེད། དེ་ནི་ང་ཚོ་ལ་བོད་ནས་བསྐུར་བའི་སྡོམ་ཚིག་ཅིག་ཡིན། ཚང་མས་བསམ་གཞིགས་ཡག་པོ་རེ་གཏོང་རོགས།

༢༠༡༥/༧/༢༨

བསམ་ཚུལ།

Post navigation

Previous Post: བཀྲ་ཤིས་སྐྱིད་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ།
Next Post: དཔའ་མོ་བཀྲ་ཤིས་སྐྱིད་ཀྱི་མེར་སྲེག་དང་ངོ་སྤྲོད།

Comments (34) on “སྲོང་བཙན་གྱི་དཀྲོག་གཏམ་ལ་ངོས་ལེན་མེད།”

  1. ཅོ་རི་ཉི་མ། says:
    2015-08-29 at 5:01 am

    ཨོ་ཧཧཧཧ་་་ཆང་བཟི་སྤེན་པའི་རྒྱབ་སྐྱོར་བ་འདི་ཡང་བཟི་ཚར་པར་འདྲ། རྒྱུད་སྨད་གྲྭ་ནང་དུ་རྒྱལ་གཅེས་པ་ཀླུ་བྱམས་གཏམ་བཤད་འགྲོ་མི་ཐུབ་ཐབས་བྱེད་བཞིན་འདུག་ཟེར་མཁན་་་སྲོང་བཙན་མ་རེད། དགེ་འདུན་བ་ཞིག་རེད།
    སྲོང་བཙན་གྱི་ཡིག་ནང་དུ་རྒྱུད་སྨད་ཀྱི་སྐོར་གང་ཡང་བྲིས་མེད།

    # 25 དགེ་འདུན།་ལགས་ཀྱིས་མཆན་བཏབ་པ།:
    August 28th, 2015 at 1:05 PM
    སྲོང་བཙན་ལགས་ཀྱིས་ད་དུང་གནད་དོན་གཅིག་ལྷག་འདུག། སྐད་ཆ་བཤད་བཞིན་བཤད་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཟེར་བ་ཡང་དེ་ཙམ་རེད་མང་ཆེ་བ་ཕྱི་རྒྱལ་བ་རྐྱང་རྐྱང་རེད། ཁོ་ཚོ་ང་ཚོ་ལ་རྒྱབ་སྐྱོར་བྱས་པ་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་ང་ཚོའི་ནང་ལ་འཛུལ་ནས་ལས་འགུལ་སྤེལ་ན་མི་འགྲིག་ཟེར། དེ་ལྟར་བཤད་བཞིན་དུ་ཡང་རྒྱུད་སྨད་གྲྭ་ཚང་གི་དགེ་སྐོས་ཀྱིས་རང་བཙན་རྩོད་མཁན་གཏམ་བཤད་བྱེད་བཅུག་རྒྱུ་མིན་ཟེར་བ་ལེགས་པོ་ཡིན་ལུགས་བཤད་སོང་། རྒྱུད་སྨད་དགེ་སྐོས་ནི་བོད་པ་མ་རེད། རྒྱུད་སྨད་དགེ་སྐོས་ལ་དྭག་བ་དེས་ཀྱང་ང་ཚོའི་ནང་ཁུལ་དབུ་མ་དང་རང་བཙན་གཉིས་ཀྱི་བར་ལ་འཛུལ་ན་དཀྲུགས་ན་འགྲིག་དང་མི་འགྲིག། ཨ་རི་ལ་གསུམ་བཅུ་དུས་དྲན་སྐབས་བྱུང་བའི་གནད་དོན་དག་རང་བཙན་རྩོད་མཁན་ཚོ་ལ་ཡོད་ལུགས་དང་། དབུ་མའི་ལམ་གྱི་ལྟ་བ་ཡོད་མཁན་ཚོས་ལས་འགུལ་སྤེལ་སྐབས་དེའི་ནང་ལ་འཛུལ་ནས་རང་བཙན་ལབ་ན་མི་འགྲིག་ཟེར། འོ་ན་དུས་དེ་གསུམ་བཅུ་དུས་དྲན་རེད་དམ་དབུ་མའི་ལམ་དུས་དྲན་རེད་དམ། གསུམ་བཅུ་དུས་དྲན་དེ་དབུ་མའི་ལམ་འདོད་མཁན་གཅིག་པུ་ལ་མ་གཏོགས་རང་བཙན་འདོད་མཁན་ལ་ཐོབ་ཐང་མེད་པ་ཅི་ཡིན་ནམ། ད་དུང་ཁོས་༧རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་དང་མཉམ་དུ་ཅོག་ཙེ་གཅིག་གི་སྟེང་ནས་སྐད་ཆ་མི་བཤད་ཟེར། དེས་ན་དགྲ་བོ་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་པའི་གོ་སྐབས་རྙེད་ན་ཅོག་ཙེ་གཅིག་གི་སྟེང་ནས་སྐད་ཆ་བཤད་དང་མི་བཤད། དྲི་བ་ཧ་ཅང་མང་པོ་ཞིག་འདུག་རྐྱང་། གཏམ་བཤད་སྐབས་ཤོག་བུའི་སྟེང་ནས་དྲི་བ་གཏོང་མཁན་མང་དྲན་ནས་གོ་སྐབས་གཏན་ནས་རྙེད་མ་སོང་། གཟབ་གཟབ་མ་བྱས་ན། ཞི་ཅིང་ཧྥིང་གིས་རང་གི་ལྟ་བ་དང་མི་མཐུན་མཁན་གྱི་མགོ་ཁྲིད་རྣམས་ལྐོག་ཟ་རུལ་སོང་གི་ཞྭ་མོ་ནག་པོ་རེ་གཡོག་ནས་རྩ་མེད་བཟོ་བཞིན་ཡོད་པ་ལྟར། རང་བཙན་འདོད་མཁན་ཚོ་ལ་༧གོང་ས་མཆོག་ལ་ཁ་གཏོང་མཁན་ཡིན་ལུགས་བཤད་ནས་ཞྭ་མོ་ནག་པོ་དེའི་འོག་ནས་རྩ་མེད་མི་བཟོ་བའི་ངེས་པ་གཏན་ནས་མི་འདུག། མདོར་ན་མི་འདི་སྲིད་སྐྱོང་ཐུབ་ན་བོད་མི་ནང་ཁུལ་ཁ་མཐོར་གཏོང་བ་ལ་ཐེ་ཚོམ་གཏན་ནས་མི་འདུག། ངོ་མ་ཞེད་སྣང་སྐྱེ་དགོས་པ་ཞིག་རེད་འདུག།

  2. བདེན་པའི་རྒྱབ་ལངས། says:
    2015-08-29 at 5:03 am

    དྲ་བདག་ལགས་ང་ཡར་ཐེངས་གཅིག་བཅུག་དང་།

  3. ཅོ་རི་ཉི་མ། says:
    2015-08-29 at 5:18 am

    xxxxx

    རྒྱུད་སྨད་གྲྭ་ཚང་གི་ནང་དུ་ཀླུ་བྱམས་གཏམ་བཤད་འགྲོ་བ་ལ་བཀག་འགོག་ཡོང་ཐབས་བྱས་ཡོད་མེད་རྗེས་སུ་ཤེས་འོང་གི་རེད། ཀླུ་བྱམས་གཏམ་བཤད་བྱེད་མཁན་ཡོང་མ་བཅུག་ན་འགན་སྤེན་ཚེས་ཁུར་དགོས། ཁྲིམས་འགལ་གྱི་བྱ་སྤྱོད་རེད། དམངས་གཙོའི་ལུགས་སྲོལ་དང་མི་མཐུན་པའི་བྱ་སྤྱོད་རེད།

    བཙན་བྱོལ་བོད་མིའི་སྲིད་སྐྱོང་གི་འོས་མིའི་མིང་ཐོག་ནས་སྤེན་ཚེས་ཀླུ་བྱམས་མཉམ་དུ་རྒྱ་ཆོག་གཅིག་གི་ཐོག་ཏུ་སྐད་ཆ་བཤད་མིན་ཟེར་ན་དེར་ཁྲིམས་འགལ་རེད་ད། དབྱེ་འབྱེད་རེད་ད། དད་པ་ཡོད་མེད་དང་། པགས་པ་དཀར་ནག ཚོགས་ཁུངས་གང་ཡིན་གྱི་ཐོག་ནས་དབྱེ་འབྱེད་བྱེད་མི་ཆོག་ཅེས་་་རྒྱལ་སྤྱིའི་འགྲོ་བ་མིའི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ནང་དུ་གསལ་པོ་བཀོད་ཡོད་པར་མ་ཤེས་སམ།

    སྤེན་ཚེའི་་དབྱེ་འབྱེད་བྱེད་སྟངས་འདི་འགལ་ཁྲིམས་རེད།

  4. ཁ་བརྡ་རྩོམ་སྒྲིག་པ་ says:
    2015-08-29 at 5:22 am

    སྐུ་ཞབས་བདེན་པའི་རྒྱབ་ལངས་ལགས། ཁ་བརྡའི་ངོས་ནས་ཁྱེད་རང་གི་མཆན་བཀག་ཡོད་པ་མ་རེད། ཁྱེད་རང་ནས་ཐུགས་སྣང་གནང་དགོས་པ་ཞིག་ལ་མཆན་སྤེལ་ཐེངས་རེར་མིང་གི་དག་ཆ་མ་འདྲ་བ་བྲིས་ཚེ་འདི་ནས་གསར་ཞུགས་གྲས་སུ་བརྩིས་ནས་དག་མཆན་ཐོབ་པར་སྒུག་དགོས་པ་རེད།

    གཞན་མཆན་སྤེལ་དུས་ཚིག་བེད་སྤྱོད་གཏོང་སྟངས་དང་། རང་ཉིད་ཀྱི་བསམ་ཚུལ་གོ་བརྡ་སྤྲོད་སྟངས་དེ་ཕན་ཚུན་ལ་བརྩི་བཀུར་ཡོད་པའི་ཐོག་ནས་སྤེལ་རྒྱུར་རེ་སྐུལ་ཞུ་བཞིན་ཡོད།

  5. གངས་བཙན་པོ says:
    2015-08-29 at 5:26 am

    ཅོ་རི་ཉི་མ་ཟེར་བ་འདིའི་དུས་ནམ་ཡང་བདེན་པ་མཐོང་ནི་མ་རེད། ཕྱོགས་ཞེན་དང་ཁྱོད་ཕམ་ང་རྒྱལ་གྱི་བསམ་བློ་གཅིག་མ་གཏོགས་ཡོད་ནི་མ་རེད། ད་ཁྱོད་ལ་རྩོད་པ་རྒྱག་འདོད་མེད། བཟི་གཏམ་མ་གཏོགས་ཡོད་པ་མ་རེད།
    རང་ངོ་མི་ཤེས་མཁན་ཁྱོད་མ་གཏོགས་ཡོད་པ་མ་རེད། ཧ་གོ་ཡོད།

  6. ཅོ་རི་ཉི་མ། says:
    2015-08-29 at 5:35 am

    ཕྱོགས་ཞེན་ཨེ་་་་ཅི་ཡིན་ནི་རེད། ཕྱོངས་ཞེན་ཟེར་ནི་ཅན་པོར་ཅོ་རིས་ཤེས་ནི་མ་རེད། འོས་མི་རྫུན་རྐྱལ། རྒྱབ་སྐྱོར་བ་རྫུན་རྐྱལ། རྫུན་ཐོག་ར་རྫུན་འཇོག་ས་མི་ཡོང་ཁུ་་ཨ། བརྡ་འཕྲིན་གྱི་རིག་གནས་ཅན་པོ་དགོན་པའི་ལྕགས་རིའི་ནང་ན་བསླེབས་ཡོད་ཁུ་མོ་་་་་་་་་་་་ཧཧ

  7. བདེན་པའི་རྒྱབ་ལངས། says:
    2015-08-29 at 5:40 am

    དྲ་གྲོགས་ཚོས་སེམས་ཚབ་མ་གནང་བཙན་བྱོལ་བོད་མིའི་སྒྲིག་ཀྱི་སྲིད་སྐྱོང་དུ་སུ་སླེབ་ཀྱང་རང་དང་ལྟ་གྲུབ་མི་མཐུན་མཁན་ཚོར་(རྒྱ་དམར་གྱི་སྲིད་བྱུས་བཞིན་)སྡང་ཟུག་དེ་འདྲ་བྱེད་མིད་སྲིད་པ་ཞིག བྱེད་པའི་ཉེན་ཁ་ཡོད་ལུགས་ཨུ་ཚུགས་ཀྱི་དྲ་རྒྱ་ཁག་ཏུ་འགྲེམ་སྤེལ་བྱེད་པ་ནི་རང་ཉིད་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རལ་བའི་ནང་སྡད་དྲགས་པའི་རྟགས་ཤིག་ཏུ་མངོན། ད་ལྟ་ང་ཚོ་བཙན་བྱོལ་ཚོ་རྒྱལ་བ་དོན་གྱི་བདག་སྐུ་དྲན་ལས་ཆེ་བས་ཆུང་བར་ཐུབ་ཚོད་གཏོང་ས་ཡོད་པ་མ་རེད་སེམས་ལྷོད་ལྷོད་བྱས་བཞུགས་ཨ། ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་དུ་འཁོད་ན་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འདི་བབས་ལྷིང་བརྟན་གསུམ་ཞིག་ཡོང་རྒྱུར་གདོན་མི་ཟ་ཞིག་རེད་དོ།

  8. ཅོ་རི་ཉི་མ། says:
    2015-08-29 at 5:40 am

    སྤེན་ཚེ་ཅན་པོས་ཀླུ་བྱམས་ལ་ཅོག་ཙེ་གཅིག་ཐོག་ར་སྐད་ཆ་མི་བཤད། ཁྱོས་ཅོ་རིའི་མཉམ་དུ་དྲ་ཐོག་ཏུ་སྐད་ཆ་མི་བཤད། ཅི་ཟེར་གྱི་ཡིན་ནི་ཅན་པོ་རེད། སུ་ཟིག་གི་འགྲོ་ལུགས་ཅན་པོ་རེད། གང་ཟིག་གི་བཟང་སྤྱོད་ཡིན་ནི་རེད།་་་་་ཧཧཧཧ སྐད་ཆ་ཅན་པོ་མ་བཤད་ན་ར་ཆོག་ཁུ ་་ཡཡ་་་ཞི་ལི་ཆ་ག

  9. ཅོ་རི་ཉི་མ། says:
    2015-08-29 at 5:45 am

    བ་ནི་མ་རེད་་་ཞི་ལི་ལོ་ལོ སྤེན་ཚེ་སྲིད་ཁྲིའི་ཐོག་ར་འཐོན་བཏང་ན་རྡ་ས་ཅན་པོ་ཚར་སོང་ནི་རེད། རྐུ་མ་ཅན་པོ་སྐྱིད་སོང་ནི་རེད། རྒྱལ་གཅེས་པ་ཅན་པོ་རྡུང་བཏང་ནི་རེད། དེ་མུ་ཅང་མེད་ཁུ་མོ

  10. བདེན་པའི་རྒྱབ་ལངས། says:
    2015-08-29 at 5:49 am

    ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།

  11. གངས་བཙན་པོ says:
    2015-08-29 at 5:56 am

    ཅོ་རི་འདྲ་བའི་མྱི་འདིའི་རིགས་དྲ་ཐོག་ཏུ་ཉལ་ནས་སྡང་ཟིག་ཕྱོགས་ཞེན་རྔམས་ཕྲག་གིས་ཁེངས་ག་དུས་ཡིན་ན་ཡང་བསྡད་ཡོད་རེད། དེ་བས་འདི་དག་རིགས་རྩོད་པ་རྒྱབ་ན་བོད་མི་སྤྱི་ལ་གནོད་ལ་ལས་དགེ་མཚན་ཆུ་ཐིགས་ཙམ་ཡང་མེད་པ་ཤེས་ཡོད། ལྷག་པར་ཕྱོགས་ཞེན་གྱི་ར་བཟི་དག་ལ་ཁ་རྩོད་བྱས་ནས་ཉི་མ་གཏོང་བའི་དུས་ཚོད་ཀྱང་མི་འདུག དྲ་གྲོགས་རེ་བ་ཡིན་ན་དགོས་མེད་ཀྱི་གཏམ་དང་ཕྱོགས་ཞེན་གྱི་སྨྱོན་རྟགས་མི་སྟོན་རྒྱུ་རེ་བ་ཡིན། དེ་ཙམ་་བྱོས།

  12. ཀརྨ་བློ་གསལ་ says:
    2015-08-29 at 6:03 am

    སྤེན་པ་ཚེ་རིང་གིས་གོང་སས་གནང་པའི་མང་གཙོར་རྡོག་རོལ་གཏོང་བཞིན་པ་མ་མཐོང་མདོག་མདོག་གི་བྱེད་སྤྱོད་འདིས་ག་རེ་སྟོན་གྱི་འདུག་ཅེ་ན། ཐ་ན་གོང་སའི་སྒང་ལ་སྤོས་ནས་་སྒེར་དོན་ཁོ་ན་ལས་བསམ་བཞིན་མེད་པ་གསལ་པོ་ར་འཕྲོད་པ་རེད། ད་དད་པ་ཅན་ཞིག་འདུག་གམ།

  13. ཅོ་རི་ཉི་མ། says:
    2015-08-29 at 6:07 am

    མྱི་ཐུབ་ནིས་ཚིག་དགོས་ནི་རེད། རྟ་ཐུབ་ནིས་སྒྲོག་དགོས་ནི་རེད། དེ་མུ་ཕྱོགས་ཞེན་རེ་ཕྱོགས་ཞེན་འདྲ་ཟིག་འབོད་ནི་ཅན་པོས་ཅང་བ་ནི་མ་རེད་་་ཡ་་་ཞི་ལི་ལོ་ལོ།

  14. བདེན་པའི་རྒྱབ་ལངས། says:
    2015-08-29 at 6:09 am

    བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་འགྲོ་བ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོ་སྐུར་གྱིས་ཁ་གཏོང་མཁན་དང་ལྷན་དུ་སྐད་ཆ་མི་ཤོད་ཅེས་པ་ནི། ནང་རུལ་བ་དང་རྒྱལ་ཚོང་བ་དེ་ཚོར་གོ་ན་འགྲིག རྒྱ་དམར་གྱིས་༸གོང་ས་མཆོག་ཁ་གཏོང་བ་ནི་ཡ་མཚན་རྒྱུ་གང་ཡང་མེད་པ་ཞིག་རེད། ཡ་མཚན་ནི་ནང་རུལ་བ་དེ་ཚོ་རེད། བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལ་ལོག་འཇལ་བྱེད་མཁན་དེ་ཚོ་རེད།

  15. སྲོང་བཙན། says:
    2015-08-29 at 6:39 am

    ཨ་མ་མ། འཛིན་གྲོགས་གངས་བཙན་པོ། ཁྱེད་ཀྱི་གདོང་ལ་ཁྲག་ཅིག་ཨེ་ཡོད་དམ། གཏམ་བཤད་ནས་ཉིན་ཁ་ཤས་ལས་སོང་མེད། དགེ་འདུན་སྟོང་ཕྲག་མདུན་དུ་བཤད་པ་རེད་ཨ་རོ། དགེ་འདུན་ཟེར་བའི་མཆན་འགོད་པ་དེས་ཅི་བཤད་འདུག མཆན་དེ་ལ་ལྟོས་དང་།
    ད་སྐབས་གྲྭ་དམངས་ཚོས་སེམས་ཁྲལ་བྱེད་ཅིག་བྱེད་བཞིན་འདུག་སྐུ་ངོས་རྒྱུད་སྨད་ལ་བསྟོད་བསྔགས་གནང་སྟངས་དེས་ལས་སྣེ་ཚོས་ཀླུ་མཁར་བྱམས་འདི་ཕྱོགས་སུ་ཡོང་མི་གཅུག་པའི་ཉེན་ཁ་འདུག་ཟེར་ནས་གླེང་བཞིན་འདུག ངས་ནི་ད་རེས་ཀླུ་མཁར་བྱམས་སེ་ར་གཏམ་བཤད་དུ་ཡོང་མ་གཅུག་ན་འགན་ཆ་ཚང་སྐུ་ངོ་ལ་ཡོད། ཇོ་རིན་པོ་ཡོད།

  16. སྲོང་བཙན། says:
    2015-08-29 at 7:02 am

    ད་དུང་དྲ་གྲོགས་ཚོས་གཅིག་ཉོན་ཨ། ད་ནངས་གངས་བཙན་པོས་གོང་གི་རྩོམ་ཡིག་དེ་ང་སྒེར་ལ་བཏང་ནས་ཁྱེས་གཏམ་རྙོག་མ་བཤད་ཟེར། ཁོའི་རྩོམ་ཡིག་ནང་དུ་སྐུ་ངོས་རྒྱུད་སྨད་ལ་བསྟོད་བསྔགས་བཏང་མ་སོང་ཟེར་ནས་ཧམ་པ་དཔེ་འདྲ་ཞིག་བཤད་འདུག ངས་ཁོ་ལ་གསལ་གཤད་བྱེད་དུས་ཉོག་གཏམ་ལ་ཉན་འདོད་མེད་བཤད་མ་ཡོང་ཟེར། དེ་ནས་སྐར་མ་ཁ་ཤས་སོང་བ་དང་སྐད་ངོ་ཆོད་པའི་ཨ་མདོ་བ་ཞིག་གིས་ཁ་པར་སླེབས་ནས་ཁྱེས་ཨ་མདོ་བ་མ་དཀྲུག་ཟེར། ངས་གང་ན་དཀྲུག་འདུག ཇི་ལྟར་དཀྲུག་འདུག ཁྱེས་རེ་རེ་བྱས་ནས་ལོབ་དང་ངས་ལན་རྒྱག་ཆོག་ལབ་ཡོད། ཁོས་མིས་ཟེར་གི་འདུག་ངས་མཐོང་མ་སོང་ཟེར་དུས་ངས་ཚ་འདྲི་འགའ་བཏང་བས་ཁ་པར་ཁྲོགས་སེ་བཞག་སོང་། ངའི་ཁ་པར་ཨ་གྲངས་དེ་གངས་བཙན་པོས་གཞན་ལ་སྤྲད་ནས་ང་ལ་འཇིགས་སྐུལ་བྱེད་གཅུག་གིས་འདུག ད་ངོ་མ་མི་འདི་ཚོས་ཅི་བྱེད་ཧ་གོ་ས་མ་རེད།

  17. ཁ་བའི་འདབ་མ། says:
    2015-08-29 at 7:11 am

    བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་འགྲོ་བ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོ་སྐུར་གྱིས་ཁ་གཏོང་མཁན་དང་ལྷན་དུ་སྐད་ཆ་མི་ཤོད་ཅེས་པ་ནི། ནང་རུལ་བ་དང་རྒྱལ་ཚོང་བ་དེ་ཚོར་གོ་ན་འགྲིག རྒྱ་དམར་གྱིས་༸གོང་ས་མཆོག་ཁ་གཏོང་བ་ནི་ཡ་མཚན་རྒྱུ་གང་ཡང་མེད་པ་ཞིག་རེད། ཡ་མཚན་ནི་ནང་རུལ་བ་དེ་ཚོ་རེད། བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལ་ལོག་འཇལ་བྱེད་མཁན་དེ་ཚོ་རེད།

  18. གངས་བཙན་པོ says:
    2015-08-29 at 7:34 am

    སྲོང་བཙན་ཨུ་ཐུག་ན་ཆོལ་ཁ་པར་ལ་ཉོག་དཀྲུགས་ཡ་ཡོད་ནི་མ་རེད། རང་གིས་གང་བཤད་པ་དག་རང་གི་འགན་ཁུར་དགོས་པ་ལས་གཞན་གྱི་མགོ་གཡུགས་ས་ཡོད་ནི་མ་རེད། ཚོགས་གཙོའི་འགན་དང་བཀྲིས་མཐོང་གི་འགན་ཆ་ཚང་རང་གིས་ཁུར་དགོས་ནི་རེད། གནའ་སྐྱེལ་ཨུ་ཐུག་གི་བྱ་སྐད་ཤོར་འགྲོ་ན་རང་ས་ནས་སྡོད་དང་གཞན་གྱི་ཉོག་དྲ་བཟོ་ནི་མ་རེད། རང་ངོ་མ་ཤེས་ནས་གང་ས་གང་ལ་རྒྱུག་ན་ད་བཟོད་མགོ་མང་པོ་ཡོང་རྒྱུ་ཁོ་ཐག་རེད།

  19. བཙན་པོ། says:
    2015-08-29 at 7:39 am

    མདོར་ན་ཅོ་རི་མི་xx་འདི་ཚོས་སེམས་ཤུགས་ཡོད་མདོག་རང་བཙན་རྩོད་མདོག་གིས་ཀླུ་བྱམས་ལག་པ་ཕྱི་ས་ཙམ་པོ་རེད།

  20. ཞོལ་གཡག་འབྲོང་རྒྱུད། says:
    2015-08-29 at 7:48 am

    ད་བྱེད་དུས་སྤེན་ཚེ་དག་ཐེར་བྱེད་མཁན་xxx། དད་པ་ལོག་སྤྱོད་པ་འདི་ཚོས་རྨོངས་དད་ཀྱིས་སྟ་རེ་འཕྱར་ནས་རང་དང་ལྟ་བ་མི་མཐུན་པ་ཐམས་ཅད་འབུར་བཅོམས་བྱེད་པའི་ལམ་ལུགས་འདི་འཚམས་འཇོག་མ་བྱས་ན། མཇུག་འབྲས་ལ་འགན་ལེན་བྱེད་དགོས་ངེས་རེད།

  21. ཅོ་རི་ཉི་མ། says:
    2015-08-29 at 8:00 am

    ཨ་མདོ་བའི་ནང་དཀྲུགས་ཀིན་འདུག་ཟེར་ནས་ཁ་དཔར་གཏོང་དགོས་ས་སྤེན་ཚེ་རེད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་སྤེན་ཚེས་ཨ་མདོའི་ནང་དུ་རྒྱ་ཅོག་གཅིག་གི་ཐོག་ཏུ་སྐད་ཆ་བཤད་མིན་ཟེར་གྱི་ཡོད་རེད། སྐད་ཆ་འདི་ཀླུ་བྱམས་གཅིག་པོ་ལ་མ་རེད། ཀླུ་བྱམས་ཀྱི་རྒྱབ་སྐྱོར་བ་ཨ་མདོའི་རྒྱལ་གཅེས་པ་ཡོངས་ལ་ཕོག་གི་རེད། ཨ་མདོ་བ་དུམ་བུ་ཁ་བྲལ་གཏོང་བཞིན་ཡོད་མཁན་སྤེན་ཚེ་རེད།

  22. གངས་བཙན་པོ says:
    2015-08-29 at 8:17 am

    ཅོ་རི་ཨ་མདོ་བའི་ནང་ཁུལ་བསམ་བཞིན་དུ་དཀྲུགས་འདོད་ཁྱེད་ཚོ་ཁ་ཤས་རེད། ཨ་མདོ་ཚོས་ཧ་གོ་ནི་རེད། ཙག་དྲ་འབར་མཁན་ཁྱེད་ཚོ་ཁ་ཤས་ཡིན་པ་ཧ་གོ་ནི་རེད། ཨ་མདོ་བ་ཚོ་དེ་འདྲ་འགྲོ་ནི་མ་རེད། ཁྱེད་ཚོས་འདོད་དོན་དུས་ནམ་ཡང་འགྲུབ་ཐུབ་ཀི་མ་རེད།

  23. གངས་སེང། says:
    2015-08-29 at 8:27 am

    སྤེན་པ་ཚེ་རིང་གིས། རང་བཙན་གྱི་ལྟ་བ་ཤུགས་ཆེན་ཁུར་ནས་གོང་ས་མཆོག་ལ་འཕྱ་སྨོད་ཞུ་མཁན་དེ་འདྲའི་རིགས་ལ་མཉམ་དུ་མདུན་ཅོག་གཅིག་གི་སྟེང་ནས་འོས་བསྡུའི་སྐབས་སུ་འདུག་གི་མིན་༽
    ཞེས་ལབ་ཡོད་པ་དང་ཡང་རྒྱ་མིར་འབྲེལ་མོལ་བྱེད་ཀྱི་ཡིན་ཟེར། ་་་་་་་་་་་་་་་་ད་ག་རེ་བཤད་ཀྱི་ཡོད་རེད། ཐ་མག་དང་ཨ་རག་བཏུང་བཏུང་ཉྀད་ཀྱིས་བཟི་ཐེབས་པ་འདྲ།

  24. ཅོ་རི་ཉི་མ། says:
    2015-08-29 at 8:45 am

    ཧ་ཧ་་་སྙིང་རྗེ། བཙན་བྱོལ་ནང་དུ་ཨ་མདོ་བ་བརྒྱ་ཆ་བརྒྱད་ཅུ་ཤེས་ཡོན་ཅན་རེད། བདུན་བཅུ་ཐམ་པ་དོ་སྣང་ཅན་རེད། དྲུག་བཅུ་ཐམ་པ་རྩོམ་བྲིས་པ་རེད། རྩྭ་བཀྲ་སྤར་ཆོག་ཆོག་ཞིག་ལ་ངོ་འཛིན་བྱས་པ་འདི་ཨ་མདོ་ལ་མཐོང་ཆུང་རེད། དངོས་ཐོགས་བདེན་འཚོལ་བྱེད་ཐུབ་མཁན་གྱི་ཨ་མདོ་མང་པོ་རེད། སྤེན་ཚེས་ཅི་བྱས་མིག་མདུན་དུ་ཡོད་རེད།

    xxxx

  25. ཀརྨ་བློ་གསལ་ says:
    2015-08-29 at 9:11 am

    ད་ཡིན་ན། སྐུ་ངོ་སྤེན་ཚེ་འདི་འཇིགས་བསྐུལ་གཏོང་མཁན་གྱི་མགོ་དཔོན་ཞིག་ཏུ་གྱུར་ཡོད་པ་ཁོང་གི་ཕྱག་གཡོག་ཚོའི་བྱེད་སྟངས་ལས་གསལ་ཡོང་གི་འདུག འདི་དག་རེ་རེ་བཞིན་དྲ་ཚིགས་ངོ་དེབ་སྐད་འཕྲིན་སོགས་ནང་སྤེལ་རོགས། གཏམ་བཤད་ཕོད་ས་ན། དཔྱད་པ་གཏོང་མ་ཆོག་པའི་གནས་ལུགས་ཤིག་ཡོག་མ་རེད།

  26. ས་སྒོ་བསམ་གཏན་སྒྲོལ་མ། says:
    2015-08-29 at 10:39 am

    སེ་ར་དགོན་པའི་ནང་་༧་གོང་ས་མཆོག་ལ་འཕྱ་སྨོད་བྱེད་མཁན་དང་འཕྱ་སྨོད་བྱེད་ལ་རྒྱབ་སྐྱོར་དང་དགའ་མོས་བྱེད་མཁན་ཡོད་ན་ཡག་པོ་མ་རེད། དོན་ལ་དོན་རྒྱལ་རེད་པ། རྒྱུད་སྨད་གྲྭ་ཚང་གི་དེ་བདེན་པ་ཡིན་ན་ཡག་པོ་རེད་པ། དམ་ཉམས་ཚོ་དང་མཉམ་དུ་ཆོས་དང་ཟང་ཟིང་གི་མི་བྱེད་རྒྱུའི་མནའ་སྐྱེལ་དམ་བཅའ་བྱས་ཡོད་རེད་པ།
    དེ་འདྲ་མིན་ན་ 
    རྗེས་མ་ནས་དགོན་པའི་སྦྱིན་བདག་དང་གསུང་ཆོས་གོ་བསྒྲིགས་བྱེད་མཁན་ཚོས་ཀྱང་བསམ་བློ་གཏོང་དགོས་ངེས་ཆགས་འདུག་གདའ། 

  27. ཞོལ་གཡག་འབྲོང་རྒྱུད། says:
    2015-08-29 at 2:09 pm

    རེད་རེད། ས་སྒོ་ཚང་ཨ་ཎི་དགོན་པའི་སྦྱིན་བདག་ཚོས་ཀྱང་བསམ་བློ་ཡག་པོ་ཞིག་གཏོང་རན་འདུག། ཨ་ཎི་འདི་ཚོ་ཡང་དགོས་པའི་ཐོས་བསམ་སྒོམ་གསུམ་སྣེ་གཅིག་མེད་ཀྱང་སྲིད་དོན་ལ་ཇུས་ཏོག་ཚ་བ་ལ་ནི་དཔེ་རེད། མ་གཞི་ལྷ་འདྲེའི་དམག་འཁྲུག་འདིའི་བྱེད་གཏེ་ཚང་མ་བླ་མ་གྲྭ་པ་རྐྱང་དུ་འདུག། འདི་ཚོས་ལྷ་འདྲེའི་འཐབ་རྩོད་གཙུག་ཏུ་འཛིན་ནས་མི་རིགས་འཐབ་རྩོད་རླུང་ལ་བསྐུར་བཞིན་པ་དེ་རེད། ང་ཚོ་བོད་མི་རིགས་ལ་མི་རིགས་འཐབ་རྩོད་མ་གཏོག་ལྷ་འདྲེའི་འཐབ་རྩོད་ནམ་ཡང་མི་དགོས། གོ་ཨེ་ཐལ།

  28. ལྷ།བྱ་འཕུར་མ། says:
    2015-08-29 at 4:02 pm

    མུ་མཐུད་ཡིན་ད།

  29. ལྷ་མོ། says:
    2015-08-29 at 6:01 pm

    སྐྱུགས་བྲོ་བའི་ལྷོ་ཕྱོགས་གདན་ས་ཁག་ན་ཆོས་མི་རྩོད་པར་སྲིད་མགོ་འཁོར་ནས་ཕྱོགས་རུས་དགྲ་དགའ་གཉེན་སྡུག་བྱས་མཁན་མང་། དོན་དག་ལ་ང་ཚོ་ཆོས་མེད་སྲིད་ཆགས་རྒྱུ་རེད། གནའ་སྐབས་ལ་གདན་སའི་གྲྭ་བས་ཆབ་སྲིད་ལ་ལག་པ་བརྐྱངས་ནས་གནས་བབ་འདི་ལ་ཟགས་རེད། ད་དུང་འདི་ཚོ་ཆབ་སྲིད་ལ་འདྲེ་ལག་བརྐྱང་བར་ནེམ་ནུར་ཐེ་ཚོམ་མི་འདུག

  30. བོད་ཁམས་སྡེ་ says:
    2015-08-29 at 6:07 pm

    གངས་བཙན་པོ་ལགས་ ཚོགས་གཙོ་མཆོག་ནས་ཉེ་ཆར་གསར་འགོད་ལྷན་ཚོགས་ཞིག་གི་སྐབས་སུ་ རང་བཙན་གྱི་ལྟ་བ་འཛིན་མཁན་ཚོ་ལ་ནམ་ཡང་རྒྱབ་སྐྱོར་བྱེད་ཐུབ་གྱི་མ་རེད་གསུང་སོང་ སྐད་ཆ་འདི་རྒྱ་རྒན་ཚོས་མི་ལོ་དྲུག་ཅུའི་རིང་ལ་གཤོད་བཞིན་པ་དེ་རེད་ ངས་ནི་བཀའ་མོལ་འདི་ཚོ་རྫབ་ཆེན་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་
    རྒྱུ་མཚན་ནི་ ༧རྒྱལ་བ་རིན་པོ་ཆེ་དང་བློ་བཟང་སེང་གེ་གཉིས་ནས་ཀྱང་ད་བར་བཀའ་མོལ་འདི་འདྲ་གསུང་བ་གོ་མྱོང་མེད་ ༧གོང་ས་མཆོགས་ནས་དུས་རྒྱུན་དུ་ནས་ རང་བཙན་རྩོད་ཆོག་གི་རེད་ རང་བཙན་ང་ཚོའི་ཐོབ་ཐང་རེད་ ཡིན་ན་འང་གྲུབ་འབྲས་མེད་ས་ཞིག་ལ་
    ང་ཚོས་དཀའ་ལས་རྒྱོབ་སྡོད་ན་ཆོ་སེ་འདུག་གས་ ཡིན་ན་འང་ང་ཚོ་མི་རེ་ངོ་རེ་ནས་བསམ་བློ་གཏོང་དགོས་ཀྱི་རེད་གསུང་གི་འདུག་པས་
    ད་མི་རེ་ལ་བསམ་བློ་རེ་ཡོད་དུས་ ལམ་འདི་གཉིས་གོང་དུ་ཞུག་རང་རང་སོ་སོས་ཐག་གཅོད་བྱེད་རྒྱུ་མ་རེད་དམ་ དེ་ལ་དད་པ་དང་དམ་ཚིག་བཀའ་དྲིན་ཟེ་བ་ཞིག་ལྷག་མི་འདུག་བསམ་།

  31. ཨ་རོ། says:
    2015-08-30 at 12:46 am

    ཁྲིམས་ལ་རྨོངས་པའི་གང་ཟག་དག་གིས་ཁྲིམས་གླེང་བ་དང་ལས་འབྲས་ལ་རྨོངས་པའི་གང་ཟག་གིས་ཐར་ལམ་གླེང་བ་གཉིས་གཅིག་རེད།

  32. རུ་ཤུལ་བུ་ says:
    2015-08-30 at 1:38 am

    ད་ཐེངས་ཕྱོགས་ཞེན་པ་མང་པོ་ཞིག་ལ་གོ་སྐབས་རག་འདུག བཟང་གི་མུ་མཐུད་དུ་ཡིན། ད་ཐེངས་ཨ་མདོ་ནང་དཀྲུག་ཡག་ཐག་ཆོད་ཅིག་བྱས་པ་དེས་སྐུ་ངོ་སྤེན་ཚེ་ནག་པོ་བཟོ་ཐུབ་ན་དོན་གྱི་དགོས་པ་འགྲུབ་རེད། གཏམ་དཔེར། “ཤ་ཞིམ་པོ་ཨ་ཕོ་སྤྱང་གིས་ཟོས།། ཁག་ངན་པ་ཨ་ཅེ་ཝ་མོ་དཀྲུ།།” ཟེར་བ་ལས་མ་འདས་སོ།

  33. བདེན་པའི་རྒྱབ་ལངས། says:
    2015-08-30 at 1:53 am

    དྲ་གྲོགས་ལྷན་རྒྱས་ཡོངས་ཀྱི་སྤྱན་ལམ་དུ་ཡིག་ཆུང་འདི་བྲིས་ཐལ།
    རྒྱ་ནག་གཞུང་གིས་ལས་དོན་བསྒྲུབ་མི་ཚང་མ་རང་གི་རྒྱལ་ཁབ་ཁོ་ནར་མི་སྡོད་པ་རྒྱལ་ཁབ་ཕྱི་ནང་གཉིས་དང་། ལྷག་པར་དུ་རྒྱལ་གར་འཕགས་པའི་ཡུལ་འདིར་ཤིན་ཏུ་མང་པོ་གཅིག་ཡོད་པ་གོར་མ་ཆགས། མི་ངན་དེ་དག་གིས་ལས་དོན་གཙོ་བོ་ནི་རང་དབང་ཡིན་པ་ཁ་རུ་འཁྱེར་ཏེ་རང་དབང་ལོངས་སྤྱོད་རྒྱུའི་རྭ་བ་ལས་བརྒལ་ཏེ་ཆོལ་ཁ་ཆོས་ལུགས་དང་བོད་མི་སྒེར་དབར་ཐུག་པ་ལྟར་དཀྲུགས་ཏེ་ཕྱི་ལ་གནས་བའི་བོད་མའི་བསྒྲིག་འཛུགས་དེ་མེད་པར་བཟོ་བྱེད་དེ་ཁོ་བ་ཚོས་དམིགས་ཡུལ་གཙོ་བོ་དང་། ཁོ་བ་ཚོར་དངུལ་གྱི་འབྱུང་ཁུངས་ཡང་འདི་ཡིན་པ་ཡང་བཤད་མ་དགོས་པ་ཞིག་ཡིན། དེ་འདྲའི་སྐབས་འཚོལ་བ་དག་ནི་སྐབས་འགར་སེར་མོ་བའི་ཁོངས་སུ་བསྡད་དེ་སྐྱ་སེར་དབར་དཀྲུགས་པ་དང་། སྐབས་འགར་སྲིད་སྐྱོང་དང་ཆེ་མཐོའི་མི་དབར་དཀྲུགས་པ། དེ་དག་སྐབས་འགར་སྟོན་པའི་རྗེས་འཇུག་གཅིག་ཡིན་མདོག་བྱེད་བཞིན་ཡོད་ཀྱང་སྟོན་བཀའ་ལ་ནམ་ཡང་མི་རྩི་བས་གོས་དམར་གྱོན་ནས་གྲྭ་བའི་གཟུགས་བརྙན་ཙམ་ཡིན། གལ་སྲིད་སྟོན་པའི་རྗེས་འཇུག་གཅིག་ཡིན་ཚེ་དབྱར་གནས་སྐབས་དགེ་འདུན་ཕན་ཚུན་ལྟུང་བ་གླེང་སྟེགས་ཙམ་ཡང་བྱེད་མི་ཆོག་པའི་བཅས་པ་མཛད་ཡོད་པས་ཁོ་བ་ཚོས་དེ་ལས་ལྡོག་སྟེ་སྤྱི་ཚོགས་དཀྲུགས་པའི་ལས་ལ་གཞོལ་བཞིན་པར་རྟེན་སྟོན་པའི་རྗེས་འཇུག་གཅིག་ག་ལ་ཡིན། སྐབས་འགར་གྲྭ་བ་ཉམ་ཆུང་ཡིན་པའི་ཟོལ་གྱི་གྲྭ་རྐྱང་ས་ནས་གསང་བ་ལྐོག་ཉན་བྱེད་པ། དེང་གི་ཆར་སྲིད་སྐྱོངས་འོས་ལང་རྒྱུའི་དུས་ཚོད་དེ་གོ་སྐབས་དམ་འཛིན་ཐོག་སྲིད་སྐྱོངས་དང་འོས་ལང་གཞན་གྱི་དབར་དང་འོས་ལང་པ་དག་དང་རང་བཙན་རྩོད་པ་དག་གི་དབར་ཕུ་དཀྲུགས་མདའ་དཀྲུགས་བཏང་དང་གཏོང་བཞིན་པའི་ལས་དོན་འདི་རེད་འདུག ཁ་སྔོན་ནས་སྲིད་སྐྱོངས་དང་བཀའ་ཟུར་བཀྲས་མཐོང་དང་རྒྱལ་རི་རིན་པོ་ཆེའི་དབར་དཀྲུགས་ཡིག་གཅིག་གིས་སྤྱི་ཚོགས་གང་འཚམ་ཞིག་འཁྲུགས་པར་བརྟེན་ཁོ་པ་ཚོས་དམིགས་ཡུལ་ཡང་གང་འཚམ་བསྒྲུབས་ཐུབ་པ་བྱུང་ཡོད་ེངས། ཡང་དེང་སང་ཉེ་ཆར་སྤྱི་འཐུས་ཚོགས་གཙོ་མཆོག་སེར་རར་ཕྱོགས་བསྐྱོད་གནང་བའི་སྐབས་དང་བསྟུན་ཡང་ཚོགས་གཙོ་དང་རང་བཙན་རྩོད་ལེན་པའི་དབར་དཀྲུགས་ཡིག་གཅིག་སྤེལ་འདུག དེར་རྟེན་སྤྱི་ཚོགས་ནང་མི་མང་གིས་གྲྭ་བཙུན་ལ་ལྟ་སྟངས་མི་དགའ་བ་དང་གླེང་སློང་མང་དག་གཅིག་ཡོང་གི་ཡོད།། འདི་འདྲའི་གྲྭ་བཙུན་དང་མི་མང་དབར་འགལ་ཟླ་ཆགས་རྒྱུ་དེ་ནི་སྐབས་འཚོལ་བ་དེ་དག་གིས་དགོས་ངེས་ཀྱི་དངོས་པོ་རིན་གོང་ཆེ་བའི་ཚོང་ཟོག་ཡིན་སྟབས། ཚོང་འབྲེལ་དེ་ཡང་དེང་སང་གི་སྟོབས་ཆེན་རྒྱལ་ཁབ་ཡིན་པ་རྒྱ་ནག་ཡིན་པས་ད་བར་ཁེ་བབས་མི་ཉུང་བ་ཞིག་བྱུང་ཡོད་པ་བཤད་ག་ལ་དགོས། རྒྱུ་མཚན་དེ་དག་ལ་རྟེན་བོད་མི་མང་དང་བཙན་བྱོལ་གཞུང་ལ་ཤ་ཞེན་ཡོད་པའི་མི་དག་གིས་མི་ངན་རྒྱ་དམར་གྱི་ལས་དོན་པ་དེ་དག་ལ་ཉིན་མཚན་ཀུན་ཏུ་དྭོགས་ཟོན་གནང་གལ་ཆེ་ཞེས་བསྐུལ་བཅགས་ཞུ་བཞིན་ཡོད།།

  34. ཅོ་རི་ཉི་མ། says:
    2015-08-30 at 8:10 am

    རྫུན་རྐུ་མའི་རྒྱབ་ལངས་བྱེད་མཁན་ལ།
    བདེན་རྒྱབ་ལངས་མིང་ཞིག་ག་ནས་བྱུང།
    ཕོ་ཁྲམ་པའི་གཡོ་སྒྱུའི་ཁུག་སོ་ན།
    ལས་རྒྱུ་འབྲས་ཟེར་བ་ག་ནས་བྱུང།

    དཔོན་རྐུ་མ་ཇག་པའི་འོས་མི་དང་།
    དབུས་གཞོན་ནུ་དཀྲུགས་ཀྱི་གཏེ་་པོ་ལ།
    ཁ་ལག་པས་རྒྱབ་སྐྱོར་བྱེད་བཞིན་དུ།
    ཆོས་འདུལ་བའི་ཁྲིམས་ཤིག་ག་ནས་བྱུང་།

    དཔོན་རྐུ་མའི་འོག་གི་ལག་གཡོག་ཚོས།
    ཆོས་འདུལ་བ་བཤད་དུས་ཡིད་རེ་མུག
    ཕོ་ཁྲམ་པའི་རྒྱབ་ལངས་བྱེད་མཁན་ཚོས།
    ལས་རྒྱུ་འབྲས་བཤད་དུས་ཤ་རེ་ཚ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme