Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདམ་ལྕོག་རྩེ་ལ།

Posted on 2015-08-252015-08-25 By ཁ་བརྡ 3 Comments on འདམ་ལྕོག་རྩེ་ལ།

unnamed——–སྐྱོ་བྲག་དགའ་དབང་།

 
འདམ་ལྕོག་རྩེ་ལ། ཞེས་པའི་ས་མིང་འདི། ང་ཆུང་དུས་ཆེས་གོ་གྲངས་མང་བ་ཞིག་ཡིན། འོན་ཏེ་བོད་ཡུལ་གྱི་གཞི་བདག་གྲགས་ཅན་གཉན་ཆེན་ཐང་ལྷའི་གོང་བ་བརྒལ་བའི་ལ་ཆེན་པོ་ཡིན་པས་བོད་ཁམས་སུ་གྲགས་པ་ཞིག་ཡིན་ནའང་ང་ལ་ནི་དེ་མ་རེད།
ང་ལ་ཨ་ཕས་ཡང་ནས་ཡང་དུ་བཤད་མྱོང་བ་ནི། བོད་སྡེ་པ་གཞུང་གིས་གསེར་གདུང་འཛམ་གླིང་རྒྱན་གྱི་གཟུངས་གཞུག་ཆེད། མདོ་ཁམས་ཀྱི་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་པོ་ཞིག་ཁུར་ཡོང་དགོས་པའི་བཀའ་ནན། ཤར་རི་ཉི་མ་གྲགས་པ། ཟེར་བའི་གཏེར་སྟོན་ཞིག་ལ་གནང་བ་མ་སྒྲུབ་ན། ཁོང་ལའང་སྲོག་ཉེན་ཡོད་ཕྱིར། འཁོར་ཚོགས་རྒྱ་ཆེན་པོས་མདོ་ཁམས་སུ་ཡོང་སྟེ། དགོན་པའི་སྐུ་གསུང་ཐུགས་རྟེན་རྩ་ཆེན་དག་ལ་ཁྲུས་གསོལ་བྱིན་འབེབས་དང་། མཆོད་རྟེན་ཞིག་གསོ་སོགས་ལ་ཁ་བསྙད་དེ། རྟེན་བྱིན་ཅན་མང་པོ་ཞིག་རྐུ་ཐབས་ཀྱིས་ཁུར་སོང་བའི་གྲས་སུ། སྐྱོ་བྲག་གི་མཆོད་རྟེན་ནག་ཆུང་གི་ནང་ནས་ཀྱང་། གུ་རུ་རིན་པོ་ཆེའི་ཆིབས་སྒ་སོགས་ཁུར་སོང་བ། གཏེར་སྟོན་ཡོངས་དགེ་མི་འགྱུར་རྡོ་རྗེས་མཁྱེན་ཏེ། འདམ་ལྕོག་རྩེ་ལའི་ཡན་དུ་མི་གཏོང་བའི་དབུ་སྙུང་བཞེས་ནས་བཞུགས་བསྡད་པ་ན། ཉིན་ཞིག་ལྕམ་གྱིས་ཁྱོས་མནའ་ཟ་བ་ཡིན་ནམ། ཉི་གྲགས་འདམ་ལྕོག་རྩེ་ལ་ནས་བརྒལ་འགྲོ་གདའ། ཟེར་བས།
ཡོངས་དགེས། གློ་བུར་དུ་རང་གི་སེན་མོའི་གསེང་གི་ཟན་ལྷག་བླངས་པ་དམར་གཏོར་དུ་བཅོས་ཏེ། གྲོ་ལོད་ཀྱི་ཡས་ཟོར་བསྐོར་བས། གནམ་སྔོན་པོ་ནས་སེར་བ་བབས་པ་བསེ་ཞྭ་ལ་ཕོག་པའི་སིང་སྒྲས་རྟ་འདྲོགས། ཞབས་ཡ་གཅིག་ཡོབ་ལ་ཐོགས་ཏེ་དྲུད། སྐུ་ལུས་དུམ་བུ་བརྒྱད་དུ་སོང་བའི་ཤུལ་ན་མཆོད་རྟེན་བཞེངས་པ་ལ། འདམ་ལྕོག་རྩེ་ལའི་མཆོད་རྟེན་བརྒྱད་སྒྲིག །ཟེར་བ་ཞིག་ཡོད་རབས་བཤད་པ་དེ་ཡིན།

ཨ་ཕས་བཤད་པ་འདི་ནི་ང་ཚོའི་ཡུལ་མིར་གྲགས་ཚོད་ཙམ་ལས་གནས་ཚུལ་བདེན་པ་ཡིན་མིན་ཨ་ཕ་ཁོ་རང་གིས་ཅི་ཡང་ཤེས་ཀྱི་མ་རེད་ལ། ངས་ཀྱང་ཉམས་ཞིབ་བྱ་བའི་དགོས་གལ་མ་མཐོང་བས་ན་ད་དུང་ཡང་ལོ་རྒྱུས་དངོས་ཡིན་མིན་ཤེས་ཀྱི་མེད་ནའང་། འདམ་ལྕོག་རྩེ་ལ། ཞེས་ཐོས་པ་ཙམ་ན་ཨ་ཕས་བཤད་པ་རྣམས་ཡིད་ལ་འཁོར་ཡོང་བ་ཞིག་རེད།

ངོ་སྤྲོད།

Post navigation

Previous Post: སྲིད་སྐྱོང་ལ་སུ་བསྡད་ཀྱང་ལས་དོན་བརྒྱུད་རིམ་ཞིག་ནས་འགྲོ་དགོས་པར་འདོད།
Next Post: 2016 ལོའི་སྤྱི་འཐུས་སུ་ལངས་རྒྱུ་མིན།

Comments (3) on “འདམ་ལྕོག་རྩེ་ལ།”

  1. འབྲོག་ཕྲུག says:
    2015-08-26 at 1:39 am

    སྒྲུང་བཤད་མ་སྡོད།

  2. ༼ནས་རྩམ་དཀར་མོ།༽ says:
    2015-08-29 at 5:41 am

    ཁ་བརྡའི་དྲ་གྲོགས་ཡོངས་ལ་འཚམས་འདྲི་ཞུ།

  3. དྲི་མེད་ལྷག་བསམ། says:
    2015-09-06 at 6:07 am

    སྐྱོ་བྲག་དགའ་དབང་ལགས། ཉིད་ལྟ་བུའི་ཤེས་ཡོན་ཅན་གྱི་མི་སྣས་གལ་ཆེན་གྱི་གནས་ཚུལ་འདི་ལྟ་བུ་གོ་སོང་། གྲགས་ཚོད་ཟེར་བ་ཙམ་ཐུགས་གཏད་དེ་ཁྱབ་བརྡལ་མི་གཏོང་པར་ཞུ། །ཉིད་གྱིས་གཏམ་འདི་ཕྲན་གྱིས་སྔ་མོའི་དུས་ནས་གོ་བས་ཁྱོད་ཀྱིས་བརྩམས་སྒྲུང་མིན་པ་ཤེས་མོད། ལོ་རྒྱུས་དང་གཏན་ནས་མི་མཐུན། ཀརྨ་བཀའ་བརྒྱུད་ཕྱོགས་དང་གཏེར་སྟོན་ལ་འགལ་བ་ཅུང་ཟད་བྱུང་བས་ལོ་རྒྱུས་རྫུན་མ་བཟོས་པ་རེད། ཁོང་གི་ལོ་རྒྱུས་གཏེར་མཛོད་གཏེར་བརྒྱའི་ལོ་རྒྱུས་སུའང་ཅུང་ཟད་ཡོད། གུ་བཀྲའི་ཆོས་འབྱུང་སོགས་རྙིང་མའི་ལོ་རྒྱུས་མང་པོར་གཏེར་སྟོན་ཚད་ལྡན་དུ་བཞེད། རྫོགས་ཆེན་ཀོང་སྤྲུལ་གྱི་ལོ་རྒྱུས་སུ་ཀྃ་ཚང་ནས་གནོན་ཤུགས་སྤྲད་པས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་སྐུ་ཚེ་དེ་ཉིད་ལ་ཉི་གྲགས་གཏེར་ཆོས་སྤེལ་མ་ཐུབ་པས་སྐུ་སྐྱེ་པྱི་མས་བསྟན་པ་སྤེལ་ཕྱིར་བསམ་བཞིན་སྐྱེ་བ་བཞེས་པ་ཡིན་ཚུལ་གསུང་རྒྱུན་ཡོད། གཏེར་ཆེན་ཉི་མ་གྲགས་པའི་ཆོས་རྒྱུན་རྫོགས་ཆེན་རེར། ད་ལྟའི་རྫོགས་ཆེན་དགོན་མ་ལག་སུམ་བརྒྱ་པོ་ཐམས་ཅད་མཁའ་འགྲོ་སྙིང་ཐིག་དང་ཉི་གྲགས་ཀྱི་ཆོས་རྒྱུན་འཛིན་པར་བཤད་ཀྱང་ཆོག ༧གོང་ས་སྐུ་ཕྲེང་རིམ་བྱོན་གྱིས་ཀྱང་ཉི་གྲགས་གཏེར་ཆོས་ལ་ཉམས་ལེན་མཛད་པའི་ལོ་རྒྱུས་བཞུགས། ཀརྨ་16་པ་དང་རྫོགས་ཆེན་དཔོན་སློབ་སྐབས་ཀརྨ་བཀའ་བརྒྱུད་དང་གྲུབ་དབང་རྫོགས་ཆེན་པའི་བར་ཀྱི་འགལ་བ་ཕལ་ཆེར་ཞི་བར་བྱས་པས་ངཽ་མཚར་ཆེ། ད་གནས་ཚུལ་སྐྱར་སློང་བྱས་ན་མི་ལེགས་པས་ཐུགས་བསམ་བཞེས་ནས་གཏམ་འཆལ་རྫུན་མ་དེ་རིགས་ངོམ་ཁྱེར་མི་གནང་བར་ཞུ། ། འདམས་ལྕོག་རྩེ་ལའི་མཆོད་རྟེན་ཆ་བརྒྱད་ཉི་གྲགས་ཀྱིས་མཐའ་མིའི་ཁ་གནོན་དུ་བཞེངས་པ་རེད། རྗེས་སུ་ཕ་ཝོང་ཁས་གུ་རུ་མཚན་བརྒྱད་ཀྱིས་གཟུངས་བཏོན་ནས་སྐྱར་བཞེངས་བྱས་པ་ཧ་ལམ་1956་ཡས་མས་སུ་ས་ཡོམ་གྱིས་གཏོར་བ་རེད། སྐྱར་བཞེངས་སྐབས་ད་ལྟའི་ཀརྨ་པའི་སྐུ་ཉེ་རྡོ་རིང་ཀརྨས་ཀྱང་ཞལ་འདེབས་གནང་ཡོད་ཚོད་ཡིན། ལྷག་བསམ་ཀྱིས་རེ་བསྐུལ་ལོག་འགྲེལ་མི་གནང་བར་ཞུ། སྐུ་ཚེ་རིང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (24)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme