Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལྭ་དང་གྲོང་ཁྱེར། ད་དུང་གཞན་ཞིག

Posted on 2015-08-242015-08-24 By ཁ་བརྡ 4 Comments on བོད་ལྭ་དང་གྲོང་ཁྱེར། ད་དུང་གཞན་ཞིག

སྤྱན་ཆེན་པོ།

 

དེ་རིང་རྒྱལ་སྟོན་དུས་ཆེན་ཡིན་པས
ཕ་ཡུལ་གྱི་ཡུལ་མི་རྣམས་གྲོང་ཁྱེར་ལ་འགྲོ་བཞིན་འདུག
ངས་ཀྱང་སྒམ་ནང་ན་ཡོད་པའི་བོད་ལྭ་དེ་གྱོན་ནས
གྲོང་ཁྱེར་ལ་སྤྲོ་འཆམ་དུ་སོང་བ་ཡིན

 

ངོ་གདོང་ལ་སྐག་ཚོས་བྱུག་པའི་ཨ་ཡེ་རྒན་མོ་དེས
“ཁྱོས་ཞོགས་ཇ་ཨེ་འཐུང    ཉིན་གུང་གི་ཟ་མ་ཨེ་ཟོས
སྙིང་མ་རྗེ  འདིས་ཉིན་ཁ་ཤས་ལ་ཟ་མ་ཟོས་ཡོད་ས་མ་རེད་”ཟེར་བཞིན
སྒོར་རྡོག་བཅུ་ང་ལ་གཏད་ནས་”ཟ་མ་ཟ་སྤྱད་བྱོས་”ཟེར

 

ད་དུང་མི་ཚོགས་འཛོམས་ས་ནས
མི་མང་བོས་ང་ལ་ཅེར་བཞིན་ང་རང་གླེང་གིན་འདུག
རྒྱ་ཁོག་ནས་ཐོན་པའི་ལྗོངས་རྒྱུ་བ་དེས
པར་ཆས་ཀྱི་སོ་ཁ་ང་ལ་གཏད་འདུག
མཐོ་སྒང་ནས་ཐོན་པའི་འབྲོག་པ་ཚོས་ཀྱང
མཛུབ་གུའི་གཏད་ས་དེ་ང་ཁོ་ན་རེད་འདུག

 

དོན་ངོ་མ    ང་ནི་སུ་ཞིག་ཡིན་ནམ
ངས་ཅི་ཞིག་བྱས་སོང་བ་ཡིན་ནམ
རང་ཉིད་ཀྱིས་ལན་མི་ཐེག་པའི་དྲི་བ་ཁ་ཤས་རང་ཉིད་ལ་འདྲི་ཞོར
ཕྱིར་ཕ་ཡུལ་ལ་ལོག་པ་ཡིན

༢༠༡༥-༨-༢༡

སྙན་ངག

Post navigation

Previous Post: བོད་ཀྱི་བུད་མེད་རྩོམ་པ་པོ་སྡོམ་པ་ཚེ་­རིང་དབང་མོ་ལགས།
Next Post: ལམ་འགྲོ་བའི་གཏམ།

Comments (4) on “བོད་ལྭ་དང་གྲོང་ཁྱེར། ད་དུང་གཞན་ཞིག”

  1. ཁྲག་འཐུང་། says:
    2015-08-25 at 12:31 am

    སྙན་ངག་འདི་ངོ་མ་ཡག་ཐ། བསམ་བློའི་བསྟན་དོན་གྱི་ཕྱུག་པའི་སྙན་ངག་ཅིག་རེད། ངོ་མ་ཀློག་རིན་ལྡན་གི།
    མུ་མཐུད་ཡིན་ད།

  2. བྱ་སྨྱོན་པ། says:
    2015-08-25 at 12:45 am

    མཐོ་སྒང་ནས་ཐོན་པའི་འབྲོག་པ་ཚོས་ཀྱང་་་ཟེར་བ་དེ
    མཐོ་སྒང་ནས་ད་སོ་མ་གྲོང་དུ་ཕབ་པའི་འབྲོག་པ་ཚོས་ཀྱང་་་་ཟེར་ན་འབྲོག་པ་དེ་ཚོ་གྲོང་བརྡལ་གསར་བའི་གཡོ་འཕྲུལ་དང་། ལད་ཟློས་ཀྱིས་རྣམ་པ་གཞན་ཞིག་ང་ཚོས་ཚོད་དཔག་བྱེད་ཐུབ་པས་ན། ཁྱོད་ཀྱིས་བོད་ལྭ་དེར་དེ་བས་རིན་ཐང་ཆེ་རུ་འགྲོ་ཡོད། སྙན་ངག་འདི་མཚོན་དོན་ཟབ་ཅིང་དེང་གི་གནས་བབ་ལ་གཞོལ་འདུག་པས། ངོ་མ་བཀླག་རིན་ལྡན་པ་ཞིག་རེད།

  3. གཡུ་སྒང་དགེ་འདུན། says:
    2015-08-25 at 2:49 am

    རྕོམ་འདི་སྙན་ངག་དང་སྒྲུང་གཉིས་ལས་སྒྲུང་གི་ཉམས་ཤུགས་ཆེ་བ་ཙམ་མ་གཏོགས་རྩོམ་ཡག་པོ་བྲིས་འདུག་པས་དགའ་བསུ་ཞུ།

  4. སྤྱན་ཆེན་པོ། says:
    2015-08-25 at 11:39 am

    ཁྲག་འཐུང་དང་བྱ་སྨྱོན་པ། གཡུ་སྒང་དགེ་འདུན་སོགས་ཀྱིས་ལམ་སྟོན་དང་སེམས་ཤུགས་སྦྱིན་པར་བཀའ་དྲིན་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme