Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་གྱི་སྲིད་བྱུས་ཡོད་པས་ང་སྤྱི་བའི་འཐུས་མིར་ལངས་པ་ཡིན།

Posted on 2015-08-182015-08-18 By ཁ་བརྡ 64 Comments on དབུ་མའི་ལམ་གྱི་སྲིད་བྱུས་ཡོད་པས་ང་སྤྱི་བའི་འཐུས་མིར་ལངས་པ་ཡིན།

unnamed-2———–ཤར་ཕྱོགས་ཁུག་རྟ།

 
༄༅། །ཐོག་མར་གུས་པ་མདོ་སྨད་སྤྱི་འཐུས་སུ་ལང་རྒྱུར་རྒྱབ་སྐྱོར་གནང་མཁན་གྱི་རྣམ་དཔྱོད་ཅན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམས་ཀྱིས་ངེད་ཀྱི་རྩོམ་ཡིག་ནང་གི་ལས་འཆར་ཁག་ཟུར་འདོན་གྱིས་པར་དང་ལྷན་སྦྱར་ཁྱབ་བསྒྲགས་འགྲེམས་སྤེལ་གྱིས་འོས་མི་དང་འོས་ལྡུགས་མཁན་གཉིས་ལ་རྒྱུ་མཚན་ཡང་དག་གི་ལམ་ནས་སྐུལ་ལྕག་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་ཉིད་སྤྱི་འཐུས་སུ་ལང་དགོས་དོན་ནི་མང་ཚོགས་ཀྱི་མངོན་འདོད་སྲུང་སྐྱོབ་དང་། རྒྱལ་བའི་དགོངས་གཞི་སྙིང་བཅངས། རང་ཚུགས་གཏད་སོ་ཡོད་པ་བཅས་རྩ་དོན་གསུམ་པོ་རྒྱུན་འཁྱོང་མཐའ་འཁྱོལ་ཡོང་ཆེད་ཡིན་ཞིང་། དེ་གསུམ་གྱི་ཐོག་རྒྱ་ཆེ་མང་ཚོགས་ལ་སྙན་གསན་ཐུང་ཙམ་ཞུ་ཆོག་པ་ཞུ་རྒྱུ་ཡིན།

 

༡། མང་ཚོགས་ཀྱི་མངོན་འདོད་སྲུང་སྐྱོབ།

མང་གཙོའི་རིང་ལུགས་ལག་ལེན་འཁེལ་མིན་གྱི་ཚད་ནི་རྒྱལ་ཁབ་ཀྱི་ལས་དོན་ནང་མི་མང་གི་མངོན་འདོད་ཇི་ཙམ་གསལ་མིན་ལས་གཞལ་དགོས་རུང་། འུ་ཅག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་འཕྲལ་ཕུགས་གཉིས་ཀར་དགོངས་བཞེས་ཀྱིས་མང་གཙོའི་བཅའ་ཁྲིམས་གཞན་དྲིང་མི་འཇོག་པ་ཞིག་གསོལ་བསྩལ་གྱིས་བཀའ་དྲིན་གྱི་ཕུང་པོ་དེ་ལྷག་མ་མཆིས་པ་ཞིག་བསྐྱངས་ཀྱང་། ལས་ཀྱི་སྣེ་མོ་བ་ཕལ་མོ་ཆེས་རང་དོན་ཁོག་བཅུག་གིས་ལོག་འགྲེལ་ཐོག་ནས་མང་ཚོགས་ཀྱི་མངོན་འདོད་རྡོག་རོལ་བཏང་དང་གཏོང་བཞིན་པ་དངོས་མཐོང་ལ་བརྟེན། གྲོས་ཚོགས་སུ་མང་ཚོགས་ཀྱི་མངོན་འདོད་སྲུང་སྐྱོབ་བྱ་རྒྱུར་ཆོད་སེམས་བརྟན་པོས་དམ་བཅའ་འཇོག་རྒྱུ་ཡིན།

 

༢། རྒྱལ་བའི་དགོངས་གཞི་སྙིང་བཅངས།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་ནང་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས་སོགས་ཡིན་པ་གསུངས་པ་བཞིན་བོད་མི་ཆོས་དད་ཡོད་པ་རྣམས་ལ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་། ཆོས་དད་མེད་པ་རྣམས་ལ་སླུ་མེད་ཀྱི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་པ་མ་ཟད། འཇིག་རྟེན་ཤར་ནུབ་ཀྱི་སྐྱེ་འགྲོ་གྲངས་ལས་འདས་པའི་བསམ་བློའི་དབུ་ཁྲིད་དང་རེ་བའི་འོད་སྣང་ཡིན་པར་བརྟེན། གང་ཉིད་ཀྱི་དགོངས་གཞིའི་ཐོག་ཤར་བསྐྱོད་བྱ་རྒྱུ་ནི་ཁོ་བོའི་ལས་འགན་ཞིག་ཏུ་འཁུམས་ཤིང་། གང་ཉིད་ལ་སྒྲོ་སྐུར་བྱེད་པོ་རྣམས་ལ་ལན་འདེབས་མཐིལ་ཕྱིན་བྱ་རྒྱུར་ཆོད་སེམས་བརྟན་པོས་དམ་བཅའ་འཇོག་རྒྱུ་ཡིན།

 

༣། རང་ཚུགས་གཏད་སོ་ཡོད་པ།

གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཐོག་མར་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་དགོངས་བཞེས་ཀྱིས་གསོལ་བསྩལ་གནང་བའི་དགོངས་འཆར་དང་། དེ་ནི་བོད་མི་རྣམས་ཀྱིས་མང་མོས་ཚད་མཐོས་གཏན་འབེབས་གནང་བ་མ་ཟད། རང་བློས་ཇི་ཙམ་དཔྱད་ཀྱང་དཔལ་འབྱོར་ཁོ་ནས་ཁ་ལོ་བསྒྱུར་བའི་དངོས་ཡོད་འཛམ་གླིང་སྤྱིའི་འགྱུར་འགྲོས་ལ་བལྟས་ནའང་དེ་ལྷག་མེད་པ་དངོས་མཐོང་བཅས་ལ་བརྟེན། ད་བར་རང་ནུས་ཅི་ལྕོགས་ཀྱིས་ཡིག་ངག་གཉིས་ཐོག་ནས་བསམ་ཚུལ་སྤེལ་དང་སྤེལ་མུས་ཐོག གྲོས་ཚོགས་ནང་དུའང་དེའི་ཐོག་གདོང་ལེན་གྱིས་ཕུ་ཐག་ཆོད་པའི་གསལ་བཤད་ཞུ་རྒྱུར་ཆོད་སེམས་བརྟན་པོས་དམ་བཅའ་འཇོག་རྒྱུ་ཡིན་པ་བཅས།
གུས་པ་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་བཞུགས་སྒར་ངྷ་རམ་ཤཱ་ལ་ནས་༢༠༡༥།༨།༡༩ ཉིན།

ངོ་སྤྲོད།

Post navigation

Previous Post: ཕ་ཡུལ་འབྲོག་ཐང་གི་ནམ་ཟླ།
Next Post: རྒྱ་ནག་གི་མཁའ་རླུང་དང་མིའི་ཚེ་སྲོག

Comments (64) on “དབུ་མའི་ལམ་གྱི་སྲིད་བྱུས་ཡོད་པས་ང་སྤྱི་བའི་འཐུས་མིར་ལངས་པ་ཡིན།”

  1. ཅོ་རི་ཉི་མ། says:
    2015-08-18 at 12:08 pm

    བློ་སེང་ཁ་གཏད་བཅག་སྟངས་ཐབས་སྐྱོ་མདོག་འདྲ་ཞིག་འདུག སྲིད་སྐྱོང་འོས་མི་མི་ལངས་པར་སྤྱི་འཐུས་ཀྱི་འོས་མི་འདྲ་ཞིག་ལངས་མདོག་མདོག སྤྱི་འཐུས་ཀྱི་རྐུབ་སྟེགས་ཙམ་ཡང་མ་ཐོབ་ན་བློ་སེང་གི་མདུན་དུ་གདོང་སྟོན་ཕོད་ས་རེད་པེ་་་་་ཁྱོད་རང་མི་དགོས་་་ཁྱོད་ཀྱི་སློབ་དཔོན་ཡང་ངོ་ཚ་འགྲོ་རེད་ད།་་་ཧཧཧ ལྟད་མོ་འདུག་ག

  2. དམུ་ཐག་གི་བུ་རྒྱུད། says:
    2015-08-18 at 12:30 pm

    ད་ཆོག་གི དོན་ཚན་གསུམ་བྲིས་འདུག་ཀྱང་མདོར་བསྡུས་ན་༧གོང་ས་མཆོག་དང་དབུ་མའི་ལམ་གྱི་འབག་གྱོན་དེ་རྫིག་རྫིག་བྱས་པ་ཙམ་རེད། སྤྱི་འཐུས་ཟེར་ན་བྱས་རྗེས་དང་ཉམས་མྱོང་གཉིས་ཆ་སྟོན་རྒྱུ་ཡོད་པ་ཞིག་དགོས་པ་ལས་ཁྱོད་ལྟ་བུའི་སྐབས་འཚོལ་བ་ཞིག་གིས་ཅི་ཡང་མི་འཇོན། དེ་ལས་ལོ་འགའི་རིང་ལ་ལས་ཀ་སྟོན་རྒྱུ་ཡོད་པ་ཞིག་ལས། དེ་ནས་བསམ་བློ་གཏོང་ས་ཞིག་ཡོད་པ་རེད། ཨེ་གོ་ཐ།

  3. མངའ་རིས་འཕྲིན་ལས། says:
    2015-08-18 at 12:30 pm

    xxxxxx གཞན་དགྲ་དགའ་གཉེན་སྡུག་གི་ལས་ཀ་བྱེད་མཁན་མི་ངན་འདི་འདྲ་ལ་འོས་བླུགས་ན་འོས་ཆུད་ཟོས་རང་དབང་བཅའ་དངུལ་ཆུད་ཟོས། འོ་ཡ་ད་རེ་བ་མ་བྱེད་ཨ་ཁོ་རེད།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-08-18 at 12:56 pm

    བོད་ཀྱི་རྒྱལ་དར་དང་གུང་བྲན་ཏང་གི་རྒྱལ་དར་གཉིས་མཉམ་དུ་འཁྱེར་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་མཁན་རེད་པ། དྲང་མོ་ཡིན་འདའ། སྤྱི་འཐུས་ལངས་བསམ་པ་དེ་རང་གི་འདོད་པ་རེད། རང་དབང་རེད། འོས་ཐོབ་མིན་མི་དམངས་ལག་ཏུ་ཡོད་པས་ཚོད་ལྟ་ཞིག་གྱིས་དང་སེམས་པ་བཀང་གི་རེད། མིག་གི་བལྟས་པ་དང་ལག་ཏུ་ལེན་དུས་རྩ་བ་ནས་འདྲ་ཀི་མེད་པ་དེ་ཅིག་མྱོང་དང་།

  5. གངས་སྤྲེལ་ཚ། says:
    2015-08-18 at 12:56 pm

    དེ་འདྲ་མ་ལབ་་་ང་ཚོ་མདོ་སྨད་པ་ཚོ་ངོ་ཚ་ནས་ཤི་འགྲོ་འུ་་་་་

  6. བཙན་རུས་མདངས་ཅན་ says:
    2015-08-18 at 12:59 pm

    ཡ་ཡ། ཐོག་མར་འཚམས་འདྲི་དང་འབྲེལ་རྒྱབ་སྐྱོར་ཞུ། དེ་ནས་ཤར་ཕྱོགས་ཁུག་རྟ་སྲིད་སྐྱོང་དུ་ལངས་རྒྱུར་ལོ་ཆུང་བས་ཡོང་མི་འདུག་ཟེར། ཡིན་ནའང། གཙོ་བོ་སྤྱི་འཐུས་ལ་ལངས་པ་དེ་གནད་འགག་རེད། དེ་བཞིན་མཆན་འདེབས་མཁན་ཚོས་ཆོལ་ཁའི་ཕྱོགས་རིས་དང་དབུ་མ་དང་རང་བཙན་འགལ་ཟླ་བཅས་ལ་འགན་འཁུར་ནས་མཆན་འབྲི་རོགས།

  7. གངས་ཕྲུག། says:
    2015-08-18 at 1:08 pm

    ཁྱེད་ལ་འོས་བླུགས་མཁན་ཡོད་ན་རྒྱལ་ཚོང་པའི་གྲལ་ཞིག་ལས་འགྲོ་ས་ཡོད་ནི་མ་རེད། ཁྱེད་ལ་རོགས་འདེབས་བཟོ་མཁན་ཡོད་ན་རྒྱ་དམར་ཚང་ལ་རོགས་འདེབས་བཟོ་བ་དང་ཅིག་པ་རེད། ཁྱེད་ལ་དགའ་ཕྱོགས་བ་ཚོ་ནི་བོད་མིའི་ནང་དམྱེ་བ་དག་དག་ཡིན་ནི་རེད། ཁྱེད་འདྲ་པོ་འགའ་བོད་ཀྱི་གྲོས་ཚོགས་སུ་སླེབས་པ་ཡིན་ན་བོད་གྲོས་ཚོགས་ཀྱི་རིན་ཐངས་མེད་བླག་ཏུ་གཏོང་རྒྱུ་ལས་ཡོད་མརེད།

  8. བསྟན་འཛིན says:
    2015-08-18 at 2:04 pm

    ཁོང་ལ་བཙོང་ཡ་ཞིག་ལྷག་ཡོད་རྒྱུ་མ་རེད།ལངས་པར་དགའ་བསུ་ཞུ།་་

  9. ནུབ་ཕྱོགས་ཁུག་རྟ། says:
    2015-08-18 at 2:31 pm

    ཤར་ཁུག་སྤྱི་འཐུས་འོས་མིར་བཞེས་པར་དགའ་བསུ་ཞུ། ཁྱེད་ལ་སྲིད་སྐྱོང་འགན་འཁུར་ད་ལྟ་ཉམས་མྱོང་ཆ་ནས་ལྡེངས་ངེས་མེད་སྟབས་སྤྱི་འཐུས་ནང་ཞུགས་ནས་ཉམས་མྱོང་རིམ་བསག་དང་འབྲེལ་མ་འོངས་པར་སྲིད་སྐྱོང་གནང་ཐུབ་པའི་རེ་བ་ཡོད། ཁྱེད་ནས་སྤྱི་འཐུས་ནང་ཞུགས་ནས་སྤྱི་ཕན་ཞབས་འདེགས་གྲུབ་རྒྱུའི་ཕྱག་ལས་མང་པོ་གནང་རྒྱུའི་གོ་སྐབས་ཡོད་དོ། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་སུའང་མི་ཉུང་བ་ཞིག་རམ་འདེགས་ཞུ་རྒྱུའི་གོ་སྐབས་ཤར་ངེས་ཡིན། ལུང་ཞེན་གྱི་སྐད་ཆ་བཤད་རྒྱུ་མེད། ཤར་ཁུག་རྒྱལ་རྒྱུར་ཅག

  10. འདྲེ་རིག་ལྡན། says:
    2015-08-18 at 7:02 pm

    ཤར་ཕྱོགས་ཁུག་རྟ་མདོ་སྨད་སྤྱི་འཐུས་སུ་ལངས་པར་དགའ་བསུ་དང་། བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འཕྲིན་ལྷན་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད་ཞུ་རྒྱུ་ཡིན།

    སྤྱི་འཐུས་ཤིག་ཡིན་ན་རང་ལ་འོས་ཤོག་འཕེན་མཁན་ཚོ་ཁོ་ན་མ་ཡིན་པར། ཁ་གཏད་དུ་ལངས་མཁན་ཚོའི་བསམ་འཆར་ལའང་ཉན་འཇོག་དང་། བརྩི་མཐོང་བྱེད་དགོས་པ་རེད། དེ་ནི་ཆོལ་ཁ་དང་ལུང་ཚན། ཆོས་ལུགས་དང་གྲུབ་མཐའ་ཕན་ཚུན་བར་མཐུན་ལམ་བསྐྲུན་སྟངས་ཤིག་ཡིན་ལ། རང་རང་གི་ཆོལ་ཁའི་ལ་རྒྱ་འཛིན་སྟངས་ཤིག་ཏུའང་བརྩི་ཆོག ཤར་ཁུག་ནས་ཆོད་སེམས་བརྟན་པོས་བོད་ཆོལ་གསུམ་སྤྱིའི་འཕྲལ་ཕུགས་ཀྱི་བདེ་སྡུག་སྙིང་ལ་བཅིངས་ནས་སྤྱི་འཐུས་སུ་ལངས་པར་ཡིད་ཆེས་གཙང་མ་ཡོད་ལ། ཡིད་ཆེས་དེ་གཞི་ལ་བཞག་ནས་རྒྱབ་སྐྱོར་གཙང་མ་ཞུ་བ་ཡིན། བཀྲ་ཤིས་བདེ་ལེགས་ཞུ།

  11. ཟླ་གསལ། says:
    2015-08-18 at 7:07 pm

    ཁོ་ལ་དགའ་བསུ་གྲངས་མེད་ཞུ། འཇོན་མིན་སྤྱི་འཐུས་ཆགས་རྗེས་ལྟ་རྒྱུ་རེད། འཇོན་གྱི་མ་རེད་བསམ་པ་མི་འདུག

  12. རླངས་སྔགས་ says:
    2015-08-18 at 8:51 pm

    ཤར་ཁུག་སྤྱི་འཐུས་ལངས་པར་དགའ་བསུ་ཞུ། འོས་ཐོབ་ནས་ཞབས་ཞུ་ཞིག་སྒྲུབ་ན་མ་གཏོགས། དགའ་ནས་བསྟོད་ར་དང་མ་དགའ་སྡིག་ར་བྱས་ནས་བདེན་ཁ་ཡོང་གི་མ་རེད། རྒྱལ་གྱུར་ཅིག

  13. འཕན་པོ་བ་བློ་བཟང་ says:
    2015-08-18 at 9:40 pm

    ངོས་རང་ཤར་ཁུག་ལགས་ལ་དགའ་པོ་དང་ཡིད་ཆེད་ཆེན་པོ་ཡོད་ཁོང་ནི་མི་ཤེས་ཡོན་ཅན་དང་གཞུང་གྲངས་ཞིགས་རེད་ཨམ་ལྡོའི་ནང་ནས་ཆོལ་ཞེན་མེད་པ་མི་ཨང་དང་པོ་ཁོང་རེད་ཨམ་ལྡོ་བའི་རྒྱ་ཡིས་རྒྱལ་དར་ཁྱེར་ན་གལ་མི་འདུག་ཁོ་གོང་མིང་གཏང་གི་རྒྱལ་དར་འོག་མི་རེད།

  14. མངོན་སུམ་སྨྲ་བ། says:
    2015-08-18 at 9:49 pm

    བོད་མི་མང་གི་མངོན་འདོད་དེ་བོད་རང་དབང་རང་བཙན་ཡིན་རུང་ཤར་ཁུག་གིས་རྒྱ་ནག་གི་ཁྲག་དར་གནམ་ལ་འཕྱར་བ་དེ་མི་མང་གི་མངོན་འདོད་དང་ལྡོག་ཕྱོགས་ཀྱི་བྱེད་སྟངས་ཡིན་པ་མ་ཟད་སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཙུག་ལ་བཀུར་གྱི་ཡོད་བརྗོད་བཞིན་བོད་གཞུང་དང་སྲིད་སྐྱོང་ལ་དུས་གཏན་དུ་སྐྱོན་བརྗོད་དང་དམའ་འབེབས་སོགས་བྱེད་བཞིན་པའི་ཕྱོགས་སུ་ལྷུང་བའི་བྱ་སྤྱོད་རིགས་ལ་བརྟག་ཚེ་ད་དུང་སྤྱི་འཐུས་སུ་ལངས་པའི་གནས་སྟངས་མི་འདུག་གོ

  15. འཕན་པོ་བ་བློ་བཟང་ says:
    2015-08-18 at 10:00 pm

    བོད་གཞུང་གི་ལོ་རྒྱུད་ངོ་མ་དེ་ལ་གཟིགས་རོགས་གནང།

  16. འཕན་པོ་བ་བློ་བཟང་ says:
    2015-08-18 at 10:07 pm

    ཆོལ་ཁ་གསུམ་བོད་རང་བཙན་ཡིན་པས་ལོ་རྒྱུད་ཡོད་ན་དབུ་མའི་ལམ་ལ་འགྲོདགོས་དོན་མེད།

  17. ལོ་ཡག says:
    2015-08-18 at 11:31 pm

    ༑ སྤྱི་འཐུས་སུ་ལངས་པར་དགའ་བསུ་ཞུ། འོན་ཀྱང་། རང་བཙན་རྩོད་མཁན་ལ་རྒོལ་གཏམ་མ་གཏོང་། དེ་དག་གིས་སྤྱི་བའི་དོན་དུ་ཅི་འདྲ་འདྲས་བློས་གཏོང་ཞིག་བྱེད་གི་འདུག ཨེ་མཐོང་གི། དེ་བས་དབུ་མ་རྩོད་མཁན་དག་ལྷོད་ལྷོད་སྐྱིད་སྐྱིད་བདེ་བདེ་རེད་ཡ། དཀའ་ལས་ཤིག་མེད་ཀ བོད་རིགས་ཉམས་ཆུང་ཚོའི་སྒང་ནས་མར་འཁོར་ཏེ། དབུ་མའི་ལམ་གྱི་སློབ་སྦྱོང་སྤྲོད་ཀྱིན་བསྡད་ན་བག་བྲོ་བོའོ། །

  18. བྱ་སྨྱོན་པ། says:
    2015-08-19 at 12:02 am

    ཤར་ཕྱོགས་ཁུག་རྟ་ནི་མདོ་སྨད་ཀྱི་ན་གཞོན་འཇོན་ཐང་ཅན་ཞིག་ཏུ་ལྟ་གི་ཡོད། ལྷག་པར་དུ་མདོ་སྨད་སྤྱི་འཐུས་སུ་ལང་བ་ཡག་པོ་རེད། རྒྱབ་སྐྱོར་ཡོད།

  19. གཡུ་སྒང་དགེ་འདུན། says:
    2015-08-19 at 12:27 am

    དགུང་ཨ་སྔོན་མ་དགའ་རལ་སོང་སྟེ།། འབྲུག་ཕོ་ཆུང་ཐང་ལ་ཟག་སོང་རུང་།། ཁྱོད་སྤྱི་འཐུས་འོས་མིར་ལངས་པར་རྒྱབ་སྐྱོར་ཡོད།

  20. རིག་ཡག ། says:
    2015-08-19 at 12:47 am

    ཤར་ཁུགས་ལགས་་་་་་་་ཁྱེད་ལ་རང་སྟངས་ནས་རང་ཚུགས་དང་ལྟ་བ་ལངས་ཕྱོགས་ཤིག་མེད་དམ ། དྲང་མོར་བཤད་ན་་༧གོང་ས་མཆོག་གི་ག་རེ་གསུང་ན་དེ་ལྟར་ཡིན་ཟེར་བ་དེ་འགན་མ་ཁུར་བའི་སྐད་ཆ་ཞིག་རེད་ལ་དེ་ལྟར་བཤད་མཁན་ཚོས་ལྟ་བ་ནི་ལམ་དབུ་མ་ཡང་མིན་ལ་རང་བཙན་ཡང་མ་རེད་སྙམ ། ལྟ་བ་ཞེས་པ་ནི་རང་ཉིད་ནས་རིགས་པས་བསྒྲུབས་སྟེ་གྲུབ་པར་ཐག་བཅད་པ་ལ་བརྟེན་ནས་བྱུང་བའི་སེམས་ཀྱི་འཛིན་སྟངས་བརྟན་ཆགས་པ་ཞིག་དགོས་པས་ན་ཁྱེད་ནི་དེ་ལྟར་མ་ལགས་སོ། །

  21. ལྷ་མོ། says:
    2015-08-19 at 1:20 am

    རྒྱ་མིའི་དར་འཁྱེར་མཁན་ཞིག་ལ་སྤྱི་འཐུས་གང་ཐོབ། སྔོན་མ་བར་མའི་འོས་བསྡུ་སྐབས་ལ་ཧ་གོ་ཚར་ཡིན་པ། ད་དུང་དེའི་རྗེས་ནས་རྒྱ་ནག་གཞུང་ཚབ་བརྒྱུད་པེ་ཅིན་ལ་སོང་ཡོད། ད་དུང་སྤྱི་འཐུས་ཟེར་ནས་ངོ་ཚ་མེད་ཀི་ཡ མདོ་སྨད་མི་མང་ནོར་མེད་རེད། ཁུག་རྟ་ལ་བྱེད་རྒྱུ་མང་རྐྱེན་རྨི་ལམ་འདི་ནམ་ཡང་འགྲུབ་ལས་མ་རེད།

  22. ཟླ་གསལ། says:
    2015-08-19 at 3:47 am

    མཆན་འཇོག་མཁན་ཚོས་ཕྱོགས་ཞེན་གྱི་མ་ཤོད། ཁོང་མྱི་བཟང་ནི་རེད། ལྟོས་ར་ཧ་གོ་ཡོང་ནི་རེད།

  23. ཇུང་ཏོག་ says:
    2015-08-19 at 5:09 am

    བཅའ་ཁྲིམས་ལ་འགན་འཁུར་ནས་སྤྱི་འཐུས་ལ་ལང་གི་ཡོད་ན་བཅའ་ཁྲིམས་ནང་བོད་དོན་བདེན་མཐའ་གསལ་ཐབས་ལས་རང་བཙན་དང་དབུ་མ་གང་ཡང་གསལ་མེད་ན་ཤར་ཁུག་མི་གཅིག་གི་བཅའ་ཁྲིམས་བསྐྱར་བཅོས་གཏོང་རྒྱུའི་ནུས་པ་གང་འདྲ་ཡོད་དམ་།

  24. གསེར་ལྗོངས། says:
    2015-08-19 at 6:37 am

    བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟ་མདོ་སྨད་སྤྱི་འཐུས་སུ་བཞེངས་པར་དགའ་བསུ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་འབྲེལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། ཁོང་ལ་རིག་གནས་ཤེས་ཡོན་འཇོན་ཐང་སོགས་སྤྱི་འཐུས་ཤིག་ལ་འཛོམས་དགོས་པ་ཆ་ཚང་ལྡན། དེ་བས་མཆན་འབྲི་མཁན་མཚོས་ཁོང་གི་རྒྱབ་ལྗོངས་ཚང་མར་གཟིགས་ནས་མཆན་འབྲི་བ་ལས། ཆོལ་ཁ་དང་ཕྱོགས་རེས་འཐེན་ཁྱེར་སྒེར་གྱི་ཆགས་སྡང་སོགས་དབང་དུ་མི་འགྲོ་བར་མཁྱེན་མཁྱེན་ཞེས་རེ་བསྐུལ་ཞུ་རྒྱུ་ཡིན།

  25. ཚོགས་ཆེན། says:
    2015-08-19 at 6:55 am

    ཤར་ཁུག་ལགས་སྤྱི་འཐུས་སུ་ལངས་པར་དགའ་བསུ་ཡོད་དོ།

  26. སྐལ་ཚེ། says:
    2015-08-19 at 8:39 am

    ད་ལོ་སྤྱི་འཐུས་སུ་ཕེབས་མཁན་ཧ་ཅང་མང་པོ་འདུག ཁག་ཅིག་རྒྱ་ནག་གིས་བཏང་ཡོད་མིན་ལ་ཐུགས་བསམ་བཞེས་རྒྱུ་གལ་ཆེན་རེད་འདུག འདི་ལེགས་ཉེས་བཤད་ཚོད་གཏན་ནས་མ་ཐེབས་པ་རེད་འདུག

  27. ཞོལ་གཡག་འབྲོང་རྒྱུད། says:
    2015-08-19 at 8:55 am

    ད་ཡིན་ན་དཔེ་བསག་པ་རེད། གངས་སྐྱིད་དཀྱིལ་འཁོར་གྱི་ཡངས་སྟེང་དུ་དར་དམར་བསྒྲེང་རྒྱུ་ཉག་ཅིག་རེད་ལ། ལས་བྱེད་ཚང་མ་ཏང་ཡོན་ལ་བསྒྱུར་རྒྱུ་གདོན་མི་ཟ། འདི་ནི་ཤར་ཁུག་གིས་རིང་ནས་སྙིང་དུ་བརྣགས་པའི་འདོད་དོན་དེ་རེད། ཧེ་ཧེ།

  28. ཇུང་ཏོག་ says:
    2015-08-19 at 10:12 am

    ཤར་ཕྱོགས་ནས་གོང་ས་མཆོག་དང་དབུ་ལམ་བཅའ་ཁྲིམས་ལ་སྐྱབས་བཅོལ་ནས་སྤྱི་འཐུས་ལ་ལང་གི་ཡོད་ན་འོས་ཤོག་སླུག་མཁན་མདོ་སྨད་མི་མང་ནས་ཐག་གཅོད་དགོས་པ་ལས་དྲ་འབུ་ཚོ་ཕན་གནོད་ཐུབ་པའི་འགན་འཁུར་མཐོང་གི་མི་འདུག་ཧ་ཧ་ཧ་།

  29. བེ་རེ་གདོང་ནག says:
    2015-08-19 at 10:49 am

    གང་ཉིད་ལ་སྒྲོ་སྐུར་བྱེད་པོ་ལ་ལན་འདེབས་མཐིལ་་ཕྱིན་བེད་རྒྱུ་ཟེར་བ་སྤྱི་འཐུས་ཐོབ་ན་མ་གཏོགས་མི་ཆོག་པ་ཨི་རེད། དོལ་ཚོགས་ཀྱི་བྱ་ངན་སྤྱི་འཐུས་རྐུབ་སྟེགས་མ་རགས་ན་མི་མཐོང་བ་ཨི་རེད། རང་གཞུང་དང་རང་གི་དབུ་ཁྲིད་ལ་སྐྱོན་བརྗོད་མ་གཏོགས་དོལ་ཚོགས་དང་གུང་བྲན་ལ་སྐྱོན་བརྗོད་རྩ་བ་ནས་བཤད་མི་ཤེས་མཁན་ཤར་ཁུགས་ལྟ་བུ་སྤྱི་འཐུས་ལངས་ཟེར་ན་ག་འདྲ་འདུག

  30. འདན་མ་སྐྱབས་ says:
    2015-08-19 at 11:08 am

    འདིའི་ནང་མི་ཤས་ནི་རང་གི་འདོད་བབ་དེ་ག་ཚོད་སྡུག་ཅག་ཅིག་ཡིན་ནའང་།དེ་ལ་མོས་མཐུན་མ་བྱས་ཚེ།མོས་མཐུན་མི་བྱེད་པའི་མི་དེ་རྒྱ་མིའི་སོ་མྱུལ་དང་བོད་བཙོང་མཁན།བཙན་བྱོལ་བོད་གཞུང་གུང་བྲན་ཏུ་བསྒྱུར་མཁན་སོགས།འབྲེལ་བ་གཏན་ནས་མེད་པ་དང་དོ་བདག་གིས་རྨི་ལམ་དུ་ཡང་འཁོར་མ་མྱོང་བ།གཞི་མེད་སྒྲོ་བསྐུར་འཛེམ་དོགས་མེད་པར་བྱེད་མཁན་ཚོར་གང་ཡང་བཤད་རྒྱུ་མེད་མོད།
    བཙན་བྱོལ་ནང་གང་ལྟར་གཞོན་སྐྱེས་ཤིག་གི་ཁྲོད།མདོ་སྨད་པ་ཚོ་ལས་ཤེས་འཇོན་དང་ཆབ་སྲིད་ལ་དོ་སྣང་།སྙིང་སྟོབས་ལྡན་པ་དང་ལངས་ཕྱོགས་ཀྱི་ཆ་ནས་མདོ་སྨད་མི་མང་གི་མངོན་འདོད་དང་མཐུན་པ་བཅས།ཕྱོགས་གང་ལ་བསྐོར་ན་ཤར་ཁུག་ལས་སྤྱི་འཐུས་ནང་འོས་པའི་མི་ཞིག་བརྙེད་ཁག་པོ་རེད།དེ་དངོས་ཡོད་གནས་ཚུལ་རེད།འོན་ཀྱང་།འོས་ཤོག་བླུགས་མིན་མདོ་སྨད་མི་མང་གི་འདོད་མོས་རེད།
    མདོ་སྨད་མ་ཡིན་པ་ཚོར་ཇུས་གཏོགས་གང་ཡང་མེད་པ་རེད།

  31. རྒྱ་མཚོ says:
    2015-08-19 at 11:46 am

    ཤར་ཁུག་ལགས་མདོ་སྨད་སྤྱི་འཐུས་འོས་གཞིར་བླང་བར་དགའ་བསུ་ཞུ།
    བཙན་བྱོལ་ནང་ཁོང་ནང་བཞིན་ཁ་བཤད་ལག་ལེན་ལ་བསྟར་ཐུབ་མཁན་ཉུང་ཉུང་ཡིན་བསམ་ཡོད། ཁོང་གིས་ད་ལྟ་བར་ཏུ་བཙན་བྱོལ་སྒྲུགས་འཛུགས་ལ་ཉམས་ཞུ་བྱས་པ་ལས་ང་ཚོས་ཁོང་གི་ཉམས་མྱོང་དང་ལྷག་བསམ་སོགས་གང་ལ་གང་འཚམས་ཤེས་ཐུབ། མདོ་སྨད་མི་དམངས་གཉིད་སད་ཤོགས།

  32. ཀརྡོ་གཉེར་ཕྱག་པ་ says:
    2015-08-19 at 12:15 pm

    སྤྱི་འཐུས་ལངས་པ་ལེགས་བྱུང་།

  33. ཀརྡོ་གཉེར་ཕྱག་པ་ says:
    2015-08-19 at 12:18 pm

    སྤྱི་འཐུས་ཐོབ་མ་ཐོབ་གང་གི་གནས་སྐབས་སུ་ཡང་། སྲིད་སྐྱོང་ལས་ཐོག་པ་སུ་ཡིན་ན་ཡང་། ཁོང་ལ་གུས་ཞབས་བྱེད་ཤེས་པ་ཅིག་དགོས་རེད།

  34. སྲིན་པོ་རྫ་རྒན་ says:
    2015-08-19 at 2:04 pm

    ངོ་དེབ་དང་སྐདའཕྲིན་ལ་སྤེལ་བའི་གསལ་བསྒྲངགས་དེ་ཚོའི་ནང་ལ། དབུ་མའི་ལམ་གྱི་དབུ་ཁྲིད་ཡིན་ལབ་འདུག དེ་འདྲ་ཧམ་པ་རེད་བསམ་སོང་། ཁ་བརྡར་བཀོད་པའི་གསལ་བསྒྲགས་འདི་ཡག་པོ་རུ་མཐོང་སོང་། ཡིན་ནའང་། འོས་ཤོག་ཐོབ་མི་ཐོབ་ཀྱི་ཐག་གཅོད་མཐའ་མ་དེ། མདོ་སྨད་མི་དམངས་ཀྱི་ལག་པར་བལྟ་དགོས་པ་ཡིན་པར་བརྟེན། འོས་ཤོག་ཐོབ་རྒྱུ་ཧ་ཅང་ཁག་པོ་རེད། སེམས་ཤུགས་ལ་རྒྱབ་སྐྱོར་ཡོད།

  35. ཁྱུང་དཀར says:
    2015-08-19 at 2:24 pm

    ཕ་ཡུལ་ཞི་འཇགས་དང་དགའ་བདེ། གཞིས་བྱེས་མཉམ་འཛོམས་དགོས་འབྱུང་འགྱུར་འཚོ་བ་གསར་བ་ཞིག་བསྐྱལ་འདོད་ན་དབུ་ལམ་གྱི་ཚབ་ཚོན་མི་སྣ་ཤར་ཁུག་དང་ཤར་ཁུག་ལྟ་བུར་འོས་འཕངས་ན་འཚམས་པོ་དང་རན་པོ་རེད། སྐྲག་མི་དགོས་ས་ནས་འུར་རྒྱབ་སྟེ་ཕ་ཡུལ་རླུང་ལ་བསྐུར་ཞོར་བོད་མི་རྩ་སྟོང་དུ་གཏོང་འདོད་ན་རང་བཙན་ཁ་འཁྱེར་གྱི་ཚབ་ཚོན་མི་སྣ་ཀླུ་མཁར་དང་ཀླུ་མཁར་ལྟ་བུར་འོས་བླུགས་ན་དེ་གས་འཐུས་པ་རེད།

  36. ཞོལ་གཡག་འབྲོང་རྒྱུད། says:
    2015-08-19 at 5:18 pm

    ཕ་ཡུལ་ཞི་འཇགས་དང་དགའ་བདེ། གཞིས་བྱེད་མཉམ་འཛོམས་འབྱུང་འགྱུར་འཚོ་བ་གསར་པ་ཞིག་ལམ་དབུ་མས་མི་བསྟེར་བ་ནི་ལམ་དབུ་མའི་སྲིད་ཇུས་ལག་བསྟར་བྱས་པའི་འདས་སོང་གིས་ཁ་བསྒྲགས་ཡོད་པ་རེད་ལ། པེ་ཅིང་གིས་རྒྱབ་ཤ་དཀར་པོའི་དེབ་དེས་འགྲེལ་བཤད་ཟིན་པ་རེད། འོན་ཀྱང་སྲིད་དོན་ཚོང་པའི་ཤོག་ཁག་གིས་ག་དུས་ཡིན་ཡང་གཟུགས་མེད་གྲིབ་བཟོ་ཞིག་བསྐྲུན་གྱིན་པ་རེད། དེ་ནི་གཞན་གང་ཡང་མིན་པར་ཚོང་པ་རྒྱག་པའི་ལྟོ་འཕོར་དང་འབྲེལ་མེད་ན་ཅི་རེད།

  37. རྟ་བདུན་དབང་བོ says:
    2015-08-19 at 10:21 pm

    ཤར་ཁུག་འདི་ཨ་མདོ་སྤྱི་འཐུས་ལ་ངེས་པར་དུ་འདེམས་དགོས་རེད། ཁོང་ལོ་གཞོན་ཞིག་གི་གྲལ་ནས་ལྟ་རྒྱ་དང་ཤེས་རྒྱ་ཆེན་པོ་ཡོད་པའི་མི་ཞིག་རེད་འདུག མི་འདི་ལྟ་བུ་སྤྱི་འཐུས་ལ་ངེས་པར་དུ་འགྲོ་དགོས་རེད། ཤར་ཁུག་ལགས་རྒྱལ་གྱུར་ཅིག །

  38. བློ་གྲོས་རབ་བརྟན says:
    2015-08-19 at 11:08 pm

    ཤར་ཁུག་རྒྱབ་སྐྱོར་ཡོད། དགོས་པའི་མི་ཞིག་ཡིན།

  39. ཚོགས་ཆེན། says:
    2015-08-20 at 2:43 am

    ཤར་ཁུག་སྤྱི་འཐུས་སུ་ངེས་པར་དུ་སླེབས་དགོས། གང་ལགས་ཤེ་ན་ཁོང་བློ་རིག་གསལ་ལ་བཤད་ཕོད་པ་བྲིས་ཤེས་པའི་གཞོན་ནུ་རྣམ་དཔྱོད་ཅན་ཞིག་ཡིན་པས་ཁོང་འདྲ་བ་མང་ཙམ་སྤྱི་འཐུས་ནང་སླེབས་ཚེ་དག་ཐེར་ཡག་པོ་བཏང་ཐུབ་ངེས་དེ་མིན་རུལ་སུངས་ཅན་མང་དུ་འགྲོ་བའི་ངེས་པ་མེད་དོ།

  40. ཚོགས་ཆེན། says:
    2015-08-20 at 2:48 am

    མང་དུ་མི་འགྲོ་་བའི་ངེས་པ་མེད་དོ།

  41. ཁྱུང་དཀར says:
    2015-08-20 at 4:25 am

    ཨ། ཞོལ་གཡག འདི་ཚོང་ཞིག་ཡིན་པའི་དབང་དུ་བྱས་ནའང་ཕན་ཚུན་གཉིས་ཀ་ཁེ་ཕན་ཡོད་པའི་ཚོང་ཡག་ཅིག་རེད་མ་གཏོགས། རང་ཁེ་གཞན་གྱོང་བྱས་ན་ཚོང་ཞིག་རྒྱག་དགོས་བསམ་ཡང་ཚོང་ལམ་རྩ་ནས་མི་ཡོང་བ་ཆོས་ཉིད་རེད། དབུ་ལམ་སྲིད་ཇུས་བསྐྱུར་ནས་རང་བཙན་ལམ་ཀར་མཆོང་བ་ནི་རང་སྲོག་གཅོད་པའི་སྟ་རེ་དང་མཚུངས་པས་རྒྱ་མིའི་ལྕགས་དབྱུག་དང་གཅར་རྡུང་མེད་ས་ནས་རང་བཙན་ཟེར་ནས་འུར་རྒྱབ་སྟེ་ཕ་ཡུལ་གྱི་གཞོན་རབས་ཚོ་སྙིང་རྗེ་མེད་པའི་རྒྱ་མིའི་མཚོན་ཁར་འདེད་ཀི་མ་འདུག སྐུ་མཁྱེན།

  42. ཁྲི་དར་མ། says:
    2015-08-20 at 4:49 am

    ཤར་ཕྱོགས་ཁུག་རྟ་འམ་བློ་བཟང་ཆོས་འབྱོར་འདི་སྤྱི་འཐུས་ཚད་ལྡན་ཞིག་ཆགས་པ་སྨྲས་མེད་རེད། ཁོང་ལ་རྒྱབ་སྐྱོར་ཆ་ཚང་ཡོད།

  43. ཅོ་རི་ཉི་མ། says:
    2015-08-20 at 6:59 am

    ཤར་ཁུག་སྤྱི་འཐུས་ཀྱི་འོས་མི་ལངས་པ་དེ་ལ་མདོ་སྨད་པའི་མི་ཡིས་མ་གཏོགས་ཇུས་གཏོགས་བྱེད་མ་འོང་ཟེར་བཞིན་འདུག་མོད། སྐད་ཆ་འདི་འདྲ་ཅིའི་ཕྱིར་དུ་བཤད་ཀྱི་ཡོད་དམ། ཤར་ཁུག་སྤྱི་འཐུས་ཀྱི་ནང་དུ་སླེབས་ཐུབ་ན་མདོ་སྨད་པ་ཁོ་ནའི་ལས་ཀ་བྱེད་རེད་དམ་བོད་མི་ཡོངས་ཀྱི་ལས་ཀ་བྱེད་ཀྱི་རེད། ཤར་ཁུག་དར་དམར་བཙུགས་ན་མདོ་སྨད་ཆོལ་ཁའི་ཚོགས་ཁང་གི་ཐོག་བཙུགས་ཀྱི་རེད་དམ། སྤྱི་འཐུས་ལྷན་ཁང་གི་ཐོག་ཏུ་འཛུགས་ཀྱི་རེད། འདི་་་དྲི་བ་རེད།

    མདོ་སྨད་ཆོལ་ཁ་ཁོ་ནའི་ཚོགས་ཁང་ཐོག་ཏུ་མ་གཏོགས་དར་དམར་འཛུགས་མི་འོང་ཞེས་ཁས་ལེན་ན་་་ང་ཚོ་ཆོལ་ཁ་གཞན་དག་གི་མི་རྣམས་ཀྱིས་འདི་ན་དགག་མཆན་འབྲི་མི་ཡོང་། རྒྱལ་གཅེས་པ་མདོ་སྨད་ཀྱི་འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་རྣམ་ཤེས་ལ་རྡུང་རྡེག་དང་། རྒྱལ་གཅེས་འདས་བོ་ཚོའི་དུར་སའི་ཐོག་དར་དམར་བཙུགས་པར་མདོ་སྨད་མི་དམངས་ཀྱི་སེམས་ལ་ན་ཚ་མེད་ན་་་་ང་ཚོའི་སེམས་ཀྱིས་མ་བཟོད་ནའང་ཐབས་ཤེས་མི་འདུག འོས་བླུག་མཁན་མདོ་སྨད་མི་དམངས་རེད།

  44. ཅོ་རི་ཉི་མ། says:
    2015-08-20 at 7:07 am

    རྒྱལ་གཅེས་པ་སྤྲུལ་སྐུ་བསོད་བྷེ་མཆོག་གི་ཤི་ཁར་བཞག་པའི་གསུངས་དེ་ལ་ཚར་གཅིག་ཉོན་ན་་་་རྒྱལ་གཅེས་པའི་དུར་ས་ཡའི་ཐོག་ཏུ་དར་དམར་བཙུགས་རུང་ས་མེད། གཞིས་ལུས་མདོ་སྨད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྣམ་ཤེས་ལ་བསམས་ནའང་དར་དམར་མགོ་ལ་ཕྱར་རུང་ས་མེད།

    ཡིན་ཀྱང་བཙན་བྱོལ་ནང་དུ་མདོ་སྨད་པའི་རྒྱལ་གཅེས་པ་ཉམས་དམའ། རྒྱལ་བཙོང་བ་མགོ་མཐོ་བའི་དུས་ཚོད་ཤིག་རེད། ཤར་ཁུག་ལ་འོས་འཐོབ་སྲིད་པ་རེད། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་དུར་སའི་ཐོག་ཏུ་དར་དམར་འཛུགས་ཐུབ་པའི་རེ་བ་ཆེ་པོ་འདུག་ག xxx

  45. ལུང་རྟོགས། says:
    2015-08-20 at 7:16 am

    ཤར་ཁུག་སྤྱི་འཐུས་ལ་སླེབས་པའི་ཉིན་མོ་དེར་རྒྱ་གཞུང་གི་འདོད་པ་འགྲུབ་སོང་བ་རེད།

  46. ཞོལ་གཡག་འབྲོང་རྒྱུད། says:
    2015-08-20 at 7:26 am

    ཨ། ཁོ་རེ་ཁྱུང་དཀར། ཚོང་ལ་ཡང་འགྲོ་སྟངས་ཞིག་ཡོད་པ་རེད། དངོས་ཟོག་འགྲོ་རྒྱུགས་མེད་པའི་ཚོང་ཞིག་བརྒྱབ་ན་ཁེ་ཡོད་པ་རེད་གྱོང་ཡོད་པ་རེད། དེ་གཅིག་ཡིན། ད་དུང་ཚོང་ཤག་ཇག་པ་དང་རྐུན་པོ་དེས་ཚོང་དོན་གྲོས་ཆོད་འཇོག་རྒྱུ་མིན་པ་ཐག་ཆོད་ཟིན་ན་ཁྱོད་གཉིས་ཀར་ཁེ་ཕན་ཡོད་པའི་ཚོང་ཞིག་ཇི་ལྟར་བརྒྱག་རྩིས་ཡོད་དམ། ལར་ནས་འགྲོ་རྒྱུགས་མེད་པའི་རང་གྱོང་གཞན་ཁ་ཅན་གྱི་ཚོང་ཞིག་བརྒྱག་པ་ལས་ཕ་མེ་ཡང་མེས་ཀྱི་ཁ་རྗེ་དབང་ཐང་དེ་བརྩད་བསྡད་ན་ཁེ་མེེད་ན་ཡང་གྱོང་ཡོད་སྲིད་ཀྱི་མ་རེད།

    དེས་ན་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དེ་རང་སྲོག་གཅོད་པའི་སྟ་རེ་ཨེ་རེད། ཁྱོད་སྨྱོ་ཆུ་བཏུང་བ་ནི་ཡིན་རྒྱུ་མ་རེད་པཱ། འོ་ན་ཀྲུང་གོའི་རྩ་ཁྲིམས་གནམ་ལ་འཕྱར་ནས་དམངས་གཙོ་ཡང་བརྩོད་ཀྱི་མེད་པའི་མགོ་འབུལ་ལུས་འབུལ་ལམ་ལུགས་དེ་ཅི་རེད། རང་སྲོག་གཅོད་པའི་སྟ་རེ་མ་ཡིན་པའི་རྒྱུ་མཚན་གཅིག་བཤོད་དང་། སྐེ་འཁྱེར་ནས་ཞགས་པ་ཉོས་པ་མ་རེད་པས། བྱས་ཙང་རྒྱ་དམར་གྱི་ལྕགས་དབྱུགས་དང་གཅར་བརྡུང་མེད་ས་ནས་ལམ་དབུ་མའི་རང་སྐྱོང་མྱུར་འགྲུབ་མ་ཡིན་རབས་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ནང་གང་མགྱོགས་གདན་དྲངས་རྒྱུ་ཡོད་རབས། ༧རྒྱལ་བ་རིན་པོ་ཆེ་བོད་ནང་གདན་དྲངས་ཐུབ་ན་བོད་ཀྱི་གནད་དོན་ཡོད་ཚད་འགྲིགས་འགྲོ་བའི་ཡོད་སྣང་ཤར་ནས། འབྲས་བུ་ཅི་ཡང་མེད་ས་དང་། འཇོན་རྒྱུ་ཅི་ཡང་མེད་ས་ནས་ཁ་ཕོ་ནམ་མཁའ་ལས་ཆེ་ཙམ་གདངས་ནས་འུར་བརྒྱབས་ཏེས་གཞིས་བཞུགས་ཀྱི་གཞོན་རབས་དང་ད་ཕྲུག་ཏུ་གྱུར་པའི་ཕ་མ་མང་པོ་མེ་ནང་དུ་འཆོངས་མ་འཇུགས་རོགས་ཞེས་འབོད་བསྐུལ་ཡིན། ད་ནི་འབྲས་བུ་མེད་ས་དང་འཇོན་རྒྱུ་མེད་ས་ནས་གཅིག་ཡོད་མདོག་མ་བྱས་པར་དངོས་ཡོད་དང་མཐུན་པའི་ཁ་བསྒྲག་རོགས། རྒྱུ་མཚན་ཁྱེད་ཚོར་འཇོན་རྒྱུ་ཞིག་མེད་ན་འབྱུང་འགྱུར་གྱི་མི་རབས་གསར་པའི་ཐོབ་ཐང་བཙན་འཕྲོག་བྱེད་པའི་ཐོབ་ཐང་ནམ་ཡང་མེད་ཞེས་ནན་སྐུལ་ཞུ་རྒྱུ་ཡིན།

  47. ཅོ་རི་ཉི་མ། says:
    2015-08-20 at 7:43 am

    བློ་མཐུན་ཞོལ་གཡག་འབྲོང་རྒྱུད་ལགས་་་ལན་གནད་ལ་ཁེལ་བ་ཤིག་བརྒྱབ་སོང་། དེ་ག་རང་རེད།

  48. ཁུ་བྱུག says:
    2015-08-20 at 8:23 am

    ཨ་ཤར་ཁ་རྟ། ངོ་མ་དགོད་རྒྱུ་ཡོང་གི་ཡ། མདོ་སྨད་ཚང་གི་མྱི་ཚར་སོང་ནི་རེད་དམ། སོ་སོའི་ཁེ་ཕན་དོན་དུ་༸སྐུ་འཁོར་ཡབ་གཞིས་ཚང་ལ་མཚན་སྨད་ཞུ་ཡིག་དྲྭ་ཐོག་ཏུ་ག་ཚོད་བཞག་ཐལ། དེ་གཅིག་པུས་༸གོང་ས་མཆོག་དང་། མདོ་སྨད་ཚང་ལ་ཤ་ཚ་དང་ལ་རྒྱ་ཁེ་ཕན་ལ་བརྗེ་མཁན་མཚོན་ཐུབ་པ་མ་ཟད། དགོས་གལ་མཐོང་ཚེ་མྱི་དེ་ཅན་པོས་༸གོང་ས་མཆོག་ལའང་རྒོལ་སྲིད། ཡི་གེ་ཤེས་ནོ་གཅིག་པུས་སྤྱི་མི་བྱ་རྒྱུ་ཟེར་ན། ཉིན་མོའི་རྨི་ལམ་ཡིན་ནི་རེད། དེ་བས་སྔར་བཞིན་དཀྲུག་རྩོམ་བྲིས་ཏེ་ཁེ་བཟང་ལེན་ཐབས་བགྱི་ན་བཟང་།

  49. ལྷ་མོ། says:
    2015-08-20 at 10:03 am

    ཁུ་བྱུག་གི་བཤད་པ་དེ་ཧ་ཅང་བདེན།རྒྱ་ནག་ནས་ཕྱིར་ལོག་པ་ནས་ཁུག་རྟས་ཡབ་གཞིས་ཚང་ཧ་ཅང་སྡིག་སོང་། བཙན་བྱོལ་ན་ད་བར་མདོ་སྨད་ལ་ཡོད་པ་ཡབ་གཞས་ལྷན་རྒྱས་རེད། དེར་ཁ་གཏོང་མཁན་ཞིག་མདོ་སྨད་སྤྱི་འཐུས་གང་ནས་ཐོབ།

  50. ཁྲི་དར་མ། says:
    2015-08-20 at 10:33 am

    ཤར་ཁུག་གི་གཏམ་བཤད་འདི་ལ་དོན་སྙིང་འདུག

    https://www.youtube.com/watch?v=80wEes9Ys7M

  51. ཁྲི་དར་མ། says:
    2015-08-20 at 10:36 am

    ཁུ་བྱུག་ལགས་དང་ལྷ་མོ་ལགས། རྣམ་པ་ཚོར་ཅིག་ཤེས་ཀི་ཡོད་ན། གདོང་བསྟན་ནས་སྐྱོན་འདོན་གནོང་དང། དེ་མིན་དཀའ་ལས་མ་རེད་དམ། དཀོན་མཆོག ཤར་ཁུག་ལ་ལག་འཁེལ་གི་མ་རེད་ཡ།

  52. བློ་བཟང་གཟོད་པ། says:
    2015-08-20 at 11:12 am

    སྤྱི་འཐུས་ཟེར་ན་ཤར་ཕྱོགས་ཁུག་རྟ་ལྟ་བུ་དགོས། དེ་མིན་གྱི་སྤྱི་འཐུས་རྙིང་པ་གད་རྙིགས་ནང་བཞིན་དེ་དག་གིས་ཅི་བྱ།

  53. བཙན་རུས་མདངས་ཅན་ says:
    2015-08-20 at 12:13 pm

    དངོས་གནས་སྤྱི་འཐུས་ཟེར་ན་ཨ་ཟེར་ནོ་ཅན་པོ་ཕོ་སར་སྟག་འདྲ་བོ་ཤར་ཕྱོགས་ཁུག་རྟ་ཡིན་ནི་རེད།

  54. མྱྀ་ནག says:
    2015-08-20 at 2:41 pm

    རང་ཚུགས་བརྟན་པོ་ཨེ

  55. ཁུ་བྱུག says:
    2015-08-20 at 3:15 pm

    ཁྲི་དར་ལགས། ཁ་བརྡ་ཚང་ན་བཞུགས་པའི་དྲྭ་གྲོགས་མང་ཆེ་བའི་ངོ་གདོང་གསལ་བར་བསྟན་ཡོད་དམ། ངས་བསམ་ན་ཕལ་ཆེར་མེད་སྙམ། འོན་ཀྱང་ཞུ་དགོས་པ་ཞིག་ཏུ། ངོ་གདོང་ངོ་མ་བོ་སྟོན་དགོས་གལ་བྱུང་སྐབས། སྤོབས་སེམས་དང་བཅས་སྟོན་ཆོག་ནའང་། ཤར་ཁ་ཏྭ་ཅན་པོ་སྤྱི་མི་བྱ་རྒྱུ་ཟེར་བར་མ་འདོད་པ་ཙམ་ལ་ངོ་གདོང་སྟོན་གལ་ཆེར་མ་མཐོང་ལ། མདོ་སྨད་མི་མང་གིས་ཤར་ཁ་ཏ་སྤྱི་མིར་འོས་མིན་རང་རང་གི་རྣམ་དཔྱོད་ཀྱིས་བརྟག་ནས་གཏན་ལ་ཕབ་སྲིད། ལས་དབང་གིས་གལ་ཏེ་ཁོ་བོ་སྤྱི་མིར་འོས་འདེམས་བྱུང་ན། གྲོས་ཚོགས་རྭ་བའི་ཁྲབ་སྟོན་ལ་ལྟས་ཏེ། ངོ་ངོ་མ་བོ་བསྟན་དགོས་ནའང་ཐང་ངོ་། །

  56. པདྨ says:
    2015-08-20 at 4:49 pm

    ཁུག་རྟ་ཉིད་སྲིད་སྐྱོང་ལ་ལངས་པ་ཡིན་ན་ཅི་འདྲ་འམ།

  57. ཁྲི་དར་མ། says:
    2015-08-21 at 12:01 am

    ཁུ་ཡུག་ལགས། རྕེད་མོ་ཡིན་གདའ། ཞེ་དྲག་ཡག་པོ་རེད།

  58. མི་འཁྱམ། says:
    2015-08-21 at 5:25 am

    ཤར་ཁུག་ལགས། དབུ་མའི་ལམ་གྱི་སྲིད་ཇུས་ཡོད་པས་སྤྱི་འཐུས་ལ་ལངས་པ་དེར་བཀྲ་ཤིས་བདེ་ལེགས་དང་ངོ་སོ་ཡར་ལ་བསྟོད་ཟེར་རྒྱུ་ཡིན། དེང་གི་བཙན་བྱོལ་སྤྱི་ཚོགས་ནང་ཁྱོད་མ་གཏོགས་མདོ་སྨད་ཀྱི་སྤྱི་འཐུས་འོས་མི་ཞིག་བཙལ་ན་མི་རྙེད་ལ། དྲིས་ནའང་མི་ཤེས་པའི་ཚོད་དུ་སྣང་མོད། ཡིན་ཡང༌། རང་ཉིད་རང་ངོ་མི་འཕྲོད་པའི་སྤྱི་འཐུས་འོས་མིའི་རྣམ་པའང་སྤྱི་ཚོགས་དང་ཁོར་ཡུག་ཆུང་ཆུང་འདི་ནས་ཇེ་གསལ་ནས་ཇེ་དྭངས་ལ་འགྲོ་གི་འདུག རྒྱུ་མཚན། སྐུ་ཉིད་ཀྱི་ལོ་རྒྱུས་ལ་ཞིབ་འདང་རེ་བརྒྱབས་ན། བཙན་བྱོལ་སྤྱི་ཚོགས་ནང་ཁ་ལག་གཉིས་ཀྱིས་བྱ་བ་སྒྲུབ་སྟངས་དང་རྒྱལ་བ་ཡབ་སྲས་གཉིས་ཀྱི་དགོངས་པ་ཤར་བསྐྱོད་བྱ་མཁན། དབུ་མ་པ་གནད་མ། ཤུགས་ལྡན་ལ་དགག་རྒྱག རྒྱ་ནག་ལ་ལན་འདེབས་སོགས་ཀྱིས་མཚོན་པས་མདོ་སྨད་ཀྱི་སྤྱི་བའི་འོས་མི་ཚད་ལྡན་ཞིག་ལོས་ཡིན་ཟེར་ནས་རྒྱབ་སྐྱོར་ཞུ་གི་ཡོད། གསལ་བསྒྲགས་ནང་མང་ཚོགས་ཀྱི་མངོན་འདོད་སྲུང་སྐྱོབ་དང་། རྒྱལ་བའི་དགོངས་གཞི་སྙིང་བཅངས། རང་ཚུགས་གཏད་སོ་ཡོད་པ་བཅས་རྩ་དོན་གསུམ་པོ་རྒྱུན་འཁྱོངས་བྱ་དགོས་ལུགས་བཀོད་ཡོད་པ་ན། སྐབས་འདིར་སྐུ་ཉིད་མདོ་སྨད་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་མིར་ལངས་ཡོད་པ་ན། འབྱུང་འགྱུར་སྤྱི་འཐུས་ལ་སླེབས་པའི་ཉིན་མོ་ནས་མདོ་སྨད་མི་མང་ལ་ཕྱག་ལས་ག་རེ་གནང་ཐུབ་ཀྱི་ཡོད་མེད་ལས་བྲེལ་ལ་མ་གཟིགས་པར་ལྷུག་བརྗོད་གནང་རོགས་ཟེར་ནས་ཞུ་རྒྱུ་ཡིན།

  59. པདྨ says:
    2015-08-21 at 4:57 pm

    ཁུག་རྟས་དབུ་མ་ལ་བསྟོད་པ་དང་ཨོ་ཉིས་ཕུང་གསུམ་ལ་དགག་པ་དེ་བབས་ས་གཅིག་པ་རེད་འདུག་ག

  60. ཤར་ཕྱོགས་ཁུག་རྟ། says:
    2015-08-22 at 4:15 am

    ལྷན་རྒྱས་ཕེབས་ནས་དགོངས་ཚུལ་ལྷུག་བརྗོད་གནང་བ་རིན་ཐང་ཆེན་པོར་ངོས་འཛིན་བྱས་ཡོད་ལ། གཟའ་མཇུག་སྤྲོ་བོ་ཡོང་བའི་འཚམས་འདྲི་ཡང་ཞུ། དེ་ནས་གོང་དུ་མཆན་པ་རེ་འགས་དྲི་བ་གནད་འགག་ཅན་དེ་འདྲ་བཏང་འདུག་མོད། ངོ་དེབ་དང་སྐད་འཕྲིན་སོགས་སུའང་འདི་རིགས་མང་ཙམ་ཐོན་གྱི་འདུག་ན། བརྙན་ལམ་ནས་མི་རིང་མཉམ་དུ་ལན་ཕུལ་ཆོག་པ་ཞུ། ཐུགས་རྗེ་ཆེ།།

  61. ཁྲི་དར་མ། says:
    2015-08-22 at 6:34 am

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་ལགས། ཁྱོད་ཀྱིས་དེ་ལྟར་ལན་གནང་གི་ཡོད་ན་ཡག་པོ་འདུག ང་ལ་དྲི་བ་ཞིག་ཡོད་པ་ནི་དོལ་རྒྱལ་སྐོར་ཁ་གཏད་གཅོག་ཐབས་ནན་པོ་ཅི་ཞིག་ཡོད་མེད་དེ་ཡིན། ཡོད་ཚེ་གསུང་རོགས།།

  62. ཁྲི་དར་མ། says:
    2015-08-22 at 6:37 am

    སྤྱི་འཐུས་ཐོབ་དུས་་་་ཞེས་པ་ཆད་འདུག དགོངས་དག

  63. བོད་ཀྱི་བུ། says:
    2015-08-22 at 12:29 pm

    ཤར་ཁུགས་ལ། དྲི་བ་ཞིག་ཡོད། འདིའི་ལན་བརྙན་ལམ་དུ་ཡོང་བར་སྒུག་ནས་འདུག ད་ལོ་རྒྱ་ནག་གཞུང་ཚབ་ལ་ཁས་ལེན་ག་རེ་བྱས་ནས་པེ་ཅིན་ལ་འགྲོ་ཡིན། གཞན་ཁ་བརྡ་ཚང་ནང་དུ་རང་ལ་རང་བསྟོད་རང་བཟོ་གནང་བའི་མིང་ག་ཚོད་ཡོད།

  64. ཟླ་གསལ། says:
    2015-08-23 at 6:48 pm

    ཤར་ཁུག་ཁྱོས་སྤྱི་འཐུས་བྱེད་དུས་འུ་ཚང་ལ་མི་རྫོགས་སོང་ནི་རེད་ཡ། དྲང་གཏམ་ཟིག་བཤད་ན། ཁྱོ་བལ་ཡུལ་ལ་ཡོང་ནི་ཨེ་དྲན་ཁུ། ཞིབ་འཇུག་ལ་ཡོང་ཟེེར་ནོ་རྫུན་རེད། ཁྱོ་དང་མདོ་སྨད་ཚོགས་གཙོ་གཉིས་བལ་ཡུལ་ལ་ཡོང་ནས་ཟ་ཁང་ཟིག་ན་འཇོ་ལ་ཁན་གཞིས་ཆགས་ཀྱི་བརྒྱ་དཔོན་ཡིན་ན། སྐུ་ངོ་ཡིན། མདོ་སྨད་པ་ཞིག་ཟ་ཁང་དེར་ཐུག་སྟེ། གྱ་སྟོན་ཆེད་འཛམ་གླིང་གང་ས་ནས་ཞལ་འདེབས་སློང་བའི་དངུལ་ལྷག་རྣམས་སྤེན་ཚེ་སྲིད་སྐྱོང་ལས་འགུལ་ཆེད་ལྐོག་རྔན་སྤྲད་སོང་པ། བརྒྱ་དཔོན་ལ་ཁྱོད་སྐུ་ངོ་རེད། མི་དམངས་ལ་ཚོགས་གཙོ་ཡག་པོ་རེད་ཟེར་སོང་ན་ཉན་ནི་རེད་སོགས་མང་པོ་མང་པོ་ཞིག་བཤད་ཐལ། ཟ་ཁང་ཡག་པོ་དང་མགྲོན་ཁང་ཡག་ནོ་ལ་བསྡད་ནས་གཞང་འཚོང་མ་སྐད་བཏང་། ཡར་ར་མར་ར་གཞུང་དངུལ་ཕོན་ཆེན་ཟིག་ལྐོག་ཟ་བྱས་ཐལ། ཨེ་དྲན་ཁུ། འདི་ལ་ང་ངོ་མ་དགའ་ཐལ་ན། ད་རུང་ཁྱོ་ཚང་ཡར་ར་མར་ར་མང་བ་ཟིག་སོང་ཚར་ནི་རེད། པར་དང་སྒྲ་འཇུག་བྱས་ཡོད། ཡི་གེ་ཟིག་གང་མགྱོགས་འགྲེམས་ནི་ཡིན། ངོ་མི་ཚ་གི་ན། སྲིད་སྐྱོང་ལན་འདེབས་ལ་ཤར་ཁུག་ཁྱོད་ཀྱི་མང་འཁོད་ནོ་རེད། དོན་ལ། གོ་སྒྲིག་བྱེད་ནོ་ཚང་མ་མདོ་སྨད་ཆོལ་ཁ་ཡིན་པ་ངས་ཤེས། མདོ་སྨད་ཆོལ་ཁ་བོད་མི་སྒྲིག་འཛུགས་ཀྱི་ཁ་གཏད་ཆགས་ནི་ཟིག་འབུམ་ཡག་ཁུ་ན། ཁྱོས་ལས་སྟངས་འདི་སེམས་སྐྱོ་ནི་ཟིག་རེད་ཡ། ངོ་མ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme