Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་སློབ་ཡོན་བྱ་དགས་བོད་སྐད་ཡིག་ལ་སྙིང་རྗེ་གནང་བ།

Posted on 2015-08-162015-08-16 By ཁ་བརྡ No Comments on སྲིད་སྐྱོང་སློབ་ཡོན་བྱ་དགས་བོད་སྐད་ཡིག་ལ་སྙིང་རྗེ་གནང་བ།

སྐལ་བཟང་རྣམ་རྒྱལ།

 
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་དང་འབྲེལ་བའི་གཟེངས་བསྟོད་བྱ་དགའི་རིགས་ཁ་ཤས་ཡོད་པའི་ཁྲོད་ནས་གྲགས་པ་ཆེ་བ་ཞིག་ནི་སྲིད་སྐྱོང་སློབ་ཡོན་བྱ་དགའ་ཞེས་པ་དེ་རེད། སྲིད་སྐྱོང་སློན་ཡོན་བྱ་དགའ་ཐོབ་པར་སློབ་ཚན་ཁག་ལ་ཆ་སྙོམས་བརྒྱ་ཆ་ ༩༥ ལོན་དགོས་པར་བརྟེན་ད་བར་ཐོབ་མཁན་ཉུང་ཉུང་ཡིན། དེ་ནི་སྲིད་སྐྱོང་སློབ་ཡོན་བྱ་དགའི་གཟི་བརྗིད་ཡིན་པར་གསུང་མཁན་ཡོད་ལ་དེ་ལྟར་ཡིན་པར་ངོས་འཛིན་ཡང་བྱེད་མཁན་མང་དག་ཅིག་ཡོད། ཕྱི་ལོ་༢༠༡༣ ཟླ་༥ ཚེས་༣༠ ཉིན་མ་སུ་རི་བོད་ཁྱིམ་སློབ་མ་བསྟན་འཛིན་ཆོས་སྐྱིད་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་སློབ་ཚན་ཁག་ལ་ཆ་སྙོམས་བརྒྱ་ཆ་༩༥་༤ བླངས་ཏེ་ཐེངས་དང་པོའི་སྲིད་སྐྱོང་སློབ་ཡོན་བྱ་དགའ་ཐོབ་པའི་གསལ་བསྒྲགས་བསྐྱངས།
ཐེངས་དང་པོའི་སྲིད་སྐྱོང་སློབ་ཡོན་བྱ་དགའ་དེ་རྩོད་མེད་ལེགས་གྲུབ་བྱུང་ཡོད་ཀྱང་ཕྱི་ལོ་༢༠༡༥ ཟླ་༦ ཚེས་༡ ཉིན་སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དགྲ་འདུལ་ལ་ཐེངས་གཉིས་པའི་སྲིད་སྐྱོང་སློབ་ཡོན་བྱ་དགའ་ཐོབ་པའི་གསལ་བསྒྲགས་བསྐྱངས་པའི་ཉིན་དེ་ནི་དེ་སྔོན་ལྟར་བཀྲ་ཤིས་པ་ཞིག་མ་ཡིན་པར། རང་མི་རིགས་ཀྱི་སྐད་ཡིག་ལ་ཆག་སྒོ་བྱུང་བའི་ཉིན་མོ་ཞིག་རེད།

ཕྱི་ལོ་༢༠༡༥ ཟླ་༥ ཚེས་༢༨ ཉིན་བོད་ཁྱིམ་དུ་༸གོང་ས་མཆོག་ནས་སློབ་ཕྲུག་ཚོར་གསུང་ཆོས་གནང་བཞིན་པའི་སྐབས་ཤེས་རིག་བཀའ་བློན་མཆོག་ལ་བསྟོད་བསྔགས་གནང་། དགེ་རྒན་མང་པོ་ཞིག་ལྷན་དུ་འཛོམས་ཡོད་པར་བརྟེན་ཉམས་མྱོང་གི་ཐོག་ནས་ཤེས་ཡོན་དང་འབྲེལ་བའི་སྐོར་བཤད་ན་ཡག་པོ་ཡོད་སྐོར་ཕེབས། བཀའ་བློན་མཆོག་ནས་དུས་རྒྱུན་སྲིད་སྐྱོང་མཆོག་གི་བཀའ་མོལ་ལྟར་པད་ཤག་མང་པོ་ཡོད་པ་དང་། གངས་ཅན་སྐྱིད་གཤོངས་སུ་ཨ་སྒོར་གྱི་ཆར་པ་བབས་ཡོད་མདོག་ཀྱི་སྐྱབས་བཅོལ་བའི་རྒྱུ་ངོམ་གི་སྐད་ཆ་དེ་འདྲ་རང་གསུང་མ་སོང་། འོན་ཀྱང་ཆགས་ཅན་གྱི་གསུང་བཤད་མང་པོ་ཞིག་གནང་བའི་ཞོར་ཞིག་ཏུ་འདི་ལོར་སྲིད་སྐྱོང་སློབ་ཡོན་བྱ་དགའ་ལེན་མཁན་གཅིག་བྱུང་ཡོད་པའི་གསལ་བསྒྲགས་ཆུང་ཆུང་ཞིག་གནང་སོང་། སྐུ་ངོ་བཀའ་བློན་མཆོག་གི་བཀའ་མོལ་དེས་ཤེས་རིག་བློན་ཆེན་ལྷན་ཁང་ལ་དོགས་འདྲོག་ཆེན་པོ་ཞིག་བྱུང་བ་འདྲ། འོན་ཀྱང་ཁ་དང་ཞལ་ཐུག་པར་བརྟེན་སུས་ཀྱང་འདྲི་མ་ཕོད་པས་སྒོར་འབུམ་གཅིག་གྲ་སྒྲིག་ཞུས་ཏེ་སྲིད་སྐྱོང་མཆོག་དང་བཀའ་བློན་ཕེབས་སྒུག་ཞུས་ནས་བསྡད་རྒྱུ་ལས་འོས་པ་གང་ཡང་མེད། གང་ཡིན་ཟེར་ན་ཐག་སྔོན་ལ་བཅད་གྲོས་རྗེས་ལ་བྱས་པའི་ལས་ཀར་ཡོང་རྒྱུ་ཅི་ཞིག་ཡོད།

ཕྱི་ལོ་༢༠༡༥ ཟླ་༦ ཚེས་༡ ཉིན་སྲིད་སྐྱོང་མཆོག་ནས་སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དགྲ་འདུལ་གྱི་ལག་ནས་འཇུས་ཏེ་འདི་ལོའི་སྲིད་སྐྱོང་སློབ་ཡོན་བྱ་དགའ་ཐོབ་པར་འཚམས་འདྲི་ཞུ་བའི་མཛད་སྒོ་གཉེར། ཉིན་དེ་ནི་ཏག་ཏག་དྲུག་ཅིག་བྱིས་པའི་དུས་ཆེན་རེད། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བྱིས་པའི་དུས་ཆེན་དེའང་ཆབ་སྲིད་དྲིལ་བསྒྲགས་ཀྱི་ངོ་བོའི་ཐོག་ནས་སྲུང་བརྩི་ཞུས་པ་སྨོས་མི་དགོས་ཀྱང་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་། ཤེས་ཡོན་གྱི་ལྟེ་གནས་མང་པོས་ཉིན་དེར་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་བྱེད་སྒོ་མང་དག་ཅིག་སྤེལ་ཡོད།
དཔེར་ན་བོད་སྐད་ཡིག་དཔེ་དེབ་ལྟ་ཀློག་འགྲན་བསྡུར་དང་། ཡིག་གཟུགས་འགྲན་བསྡུར། སློབ་ཆུང་རྩོམ་ཡིག་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་ཡོད་པ་སྤྱི་ཚོགས་དྲ་ལམ་ཁག་ནང་གསལ་པོ་མཐོང་རྒྱུ་ཡོད། ཡིད་ཕངས་པ་ཞིག་ལ་ཉིན་དེར་སྲིད་སྐྱོང་སློབ་ཡོན་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་ཞིང་། སྤྱིར་སློབ་ཚན་ཆ་ཚང་ལ་ཆ་སྙོམས་བརྒྱ་ཆ་ ༩༥ ཡན་དགོས་ཀྱང་འདི་ལོ་ནས་བོད་ཡིག་ལ་བརྒྱ་ཆ་ ༦༠ ཡན་བྱུང་ན་འགྲིགས་པའི་གསལ་བསྒྲགས་གནང་ཡོད་པ་རེད། སློབ་ཚན་གཞན་ལ་བརྒྱ་ཆ་ ༩༥ དགོས་པ་དང་། བོད་ཡིག་ལ་བརྒྱ་ ༦༠ ལོན་ན་འགྲིགས་པའི་མཐའ་བསྡོམས་འདིས་ག་ཚོད་བཤད་ན་མ་བཤད་ནའང་ཤེས་རིག་བློན་ཆེན་ལྷན་ཁང་གིས་རང་མི་རིགས་ཀྱི་སྐད་ཡིག་ལ་སྤྲད་པའི་ཆེ་མཐོང་མཚོན་གྱི་ཡོད་པ་གསལ་པོ་རེད།

སློབ་ཡོན་བྱ་དགའ་སྤྲོད་པའི་མཛད་སྒོ་མཇུག་བསྒྲིལ་མཚམས་ཤེས་རིག་བློན་ཆེན་ལྷན་ཁང་ནང་དང་། གངས་ཅན་སྐྱིད་གཤོངས། རིམ་པས་སྤྱི་ཚོགས་ནང་སྐད་ཆ་མང་པོ་ཞིག་བྱུང་ཡོད། སྐད་ཆ་དེ་ཚོས་སླར་ཡང་སྲིད་བཀའ་གཉིས་ལ་བྲེལ་འཚུབ་ལངས་པ་འདྲ། ཡང་སྐད་ཆ་གསར་པ་ཞིག་བཀྲམ་ཡོང་གི་འདུག སྐད་ཆ་དེ་ནི་ང་ཚོས་མ་མཐར་ཡང་བོད་ཡིག་ལ་བརྒྱ་ཆ་ ༦༠ ཡན་ལོན་དགོས་པ་རེད་ཅེས་ཞུས་ཡོད་པས་དེས་ཀྱང་བོད་ཡིག་ལ་ཆེ་མཐོང་སྤྲད་པ་མཚོན་གྱི་ཡོད་ཟེར་བ་དེ་རེད།
སྐད་ཆ་འདིས་སུ་ཞིག་མགོ་སྐོར་གཏོང་གི་ཡོད་དམ། སྐད་ཆ་འདིས་སྐུ་ངོ་རྣམ་པས་བོད་སྐད་ཡིག་ལ་འཛིན་པའི་རྣམ་འགྱུར་སྤྱི་ཚོགས་ནང་གསལ་པོ་སྟོན་གྱི་ཡོད་པ་རེད། གསུང་སྟངས་འདི་ནི་སྲིད་སྐྱོང་སློབ་ཡོན་བྱ་དགས་བོད་སྐད་ཡིག་ལ་སྙིང་རྗེ་བྱས་པ་ཡིན་གསུང་གི་ཡོད་པ་རེད། སློབ་ཚན་གཞན་ལ་བརྒྱ་ཆ་ ༩༥ ངེས་པར་ལོན་དགོས་ཤིང་བོད་སྐད་ཡིག་ལ་བརྒྱ་ཆ་ ༦༠ ལོན་ན་འགྲིགས་པར་གསུངས་པ་དེར་ངོ་ནོངས་སྐྱེ་རྒྱུ་ལས་ལྡོག་སྟེ་ད་དུང་བོད་སྐད་ཡིག་ལ་བརྒྱ་ཆ་ ༦༠ ཆེ་མཐོང་སྤྲད་ཡོད་ཅེས་སྐད་གསང་མཐོན་པོས་བཤད་ནུས་ཀྱི་ཡོད་ན་བོད་སྐད་ཡིག་གི་ལས་དབང་དེ་ཅི་འདྲའི་ཡ་ང་དགོས་པ་ཞིག་མ་ཡིན་ནམ།

ང་ཚོའི་མགོ་ཐོག་ཏུ་གནས་ཚུལ་ཐབས་སྡུག་དེ་འདྲ་ལྷག་བཞིན་པའི་དུས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་འདི་ལོར་༸གོང་ས་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་དུས་ཚེས་དང་བསྟུན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དུ་རྒྱ་བལ་འབྲུག་གསུམ་ཁུལ་དུ་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཁྲོད་བོད་ཡིག་བརྒྱ་ཆ་རྩེ་ཕུད་ལེན་མཁན་བོད་རིགས་སློབ་ཕྲུག་ལ་བཀའ་དྲིན་རྗེས་དྲན་གཟེངས་རྟགས་གནང་རྒྱུ་གཏན་འབེབས་བྱུང་ཞིང་། འདི་ལོར་བོད་ཁྱིམ་སེ་ལ་ཀུལ་སློབ་གྲྭའི་སློབ་ཕྲུག་བུ་མོ་བདེ་འཛོམས་ལགས་ནས་བརྒྱ་ཆ་ ༩༨ བླངས་ཏེ་བཀའ་དྲིན་རྗེས་དྲན་གཟེངས་རྟགས་ཧིན་སྒོར་ཁྲི་གཉིས་ཐོབ་པ་དེ་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཞེས་པ་ལྟར་བོད་སྐད་ཡིག་གི་རིན་ཐང་ལ་སེམས་གསོ་ཆེན་པོ་བཏང་ཡོད་པ་རེད།
འདི་ལོར་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་རྒྱུགས་སྤྲོད་ཨང་རིམ་དང་པོ་སེ་ལ་ཀུལ་བོད་ཁྱིམ་སློབ་མ་བདེ་འཛོམས་བརྒྱ་ཆ་ ༩༨ ཨང་གཉིས་པ་སེ་ལ་ཀུལ་བོད་ཁྱིམ་སློབ་མ་བསྟན་འཛིན་གསལ་སྒྲོན་བརྒྱ་ཆ་ ༩༦ ཨང་གསུམ་པ་མ་སུ་རི་བོད་ཁྱིམ་སློབ་མ་ཀརྨ་ཚེ་བརྟན་བརྒྱ་ཆ་ ༩༥ བཅས་རེད། སྲིད་སྐྱོང་སློབ་ཡོན་བྱ་དགའ་བཞེས་མཁན་ཁོང་བོད་ཡིག་བརྒྱ་ཆ་དྲུག་བཅུའི་ནང་ཡིན་པས་བོད་སྐད་ཡིག་ལ་ཐོབ་པའི་གཟེངས་བསྟོད་འདི་ཚོ་ཁོང་དང་ལེ་དབར་སྟོང་གིས་བར་ཆོད་ཡོད་པ་རེད།

ངས་དེ་རིང་འདི་དག་བསྐྱར་གླེང་བྱེད་དགོས་པའི་རྒྱུ་མཚན་ནི་ཕྱི་ཟླ་དགུ་པའི་གྲོས་ཚོགས་ནང་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཞིབ་འཇུག་སྙན་ཐོ་བསླེབ་ཀྱི་ཡོད་པ་དང་། དེ་དང་མཉམ་དུ་གྲོས་ཚོགས་འཐུས་མིའི་དྲི་བ་མང་པོ་ཞིག་བསླེབ་རྒྱུར་སོང་གནད་དོན་འདིའི་སྐོར་ཡང་གྲོས་ཚོགས་རྭ་བའི་ནང་བསླེབ་སྲིད་པ་རེད། དེ་སྐབས་དབང་ལྡན་སྐུ་ངོ་ཚོས་རང་མི་རིགས་ཀྱི་སྐད་ཡིག་ལ་བརྒྱ་ཆ་དྲུག་བཅུའི་ཆེ་བསྟོད་བྱས་ཚུལ་ཞལ་རྫུན་མ་གསུངས་པའི་རེ་བ་བྱེད་ཀྱི་ཡོད།
ཉེ་ཆར་ཕ་མའི་ཚོགས་ཆེན་དུ་འདི་ལོའི་བོད་ཁྱིམ་གསུང་ཆོས་སྐབས་༸གོང་ས་མཆོག་ནས་ཤེས་རིག་ལས་ཁུངས་ཀྱི་ལས་ཀར་བསྔགས་བརྗོད་གནང་བ་དང་ཐུགས་དགྱེས་པོ་བྱུང་སྐོར་གྱི་བཀའ་ཕེབས་སོང་ཞེས་གསུངས་འདུག བོད་ཁྱིམ་གསུང་ཆོས་སྐབས་༸གོང་ས་མཆོག་ནས་བཀའ་གང་ཕེབས་ཡོད་པ་ད་ལྟའང་དྲ་ཐོག་ནས་ཀུན་གྱིས་གཟིགས་ཐུབ། སྐུ་ངོ་རྣམ་པར་འདི་འདྲའི་ཁ་ཤུགས་ཡོད་ཙང་སང་ཉིན་གྲོས་ཚོགས་ནང་བོད་ཡིག་ལ་བརྒྱ་ཆ་དྲུག་བཅུའི་ཆེ་མཐོང་སྤྲད་པ་དེར་༸གོང་ས་མཆོག་ཐུགས་དགྱེས་པོ་བྱུང་སོང་ཞེས་གསུང་རྒྱུར་ཐེ་ཚོམ་དང་ངོ་ཚ་ཨེ་ཡོད་སྙམ་པ་འདུག་ན་དྲན་གསོ་མ་བྱས་ཀ་མེད་རེད་འདུག།

ཀྱེ་མ་ཡབ་མེས་ཀ་མད་སུམ་ཅུ་ནང་ནས་ཕྱི་རུ་ཕུད་པའི་དུས།།
སེམས་པ་གཏིང་ནས་སྐྱོ་བའི་མིག་ཆུ་ཤོག་བུ་དཀར་པོའི་སྟེང་དུ་ཕྱིས།།
གལ་ཏེ་ཡུལ་འདིར་ཡབ་མེས་ཁྱེད་ཉིད་གནས་བཅས་ཁོར་ཡུག་གཏན་མེད་ན།།
ང་དང་མཉམ་དུ་སྤྲང་རྒྱུག་འཁྱེར་ཏེ་རང་གི་གནས་མལ་འཚོལ་དུ་འགྲོ།།

རྩོམ་རིག

Post navigation

Previous Post: བཙན་བྱོལ་གྱི་སྲང་ལམ་ནང་གི་གཞས།
Next Post: ལྡོམ་བུའི་ངོ་རིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme