Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༡༦ ལོའི་སྲིད་སྐྱོང་གིས་གདོང་ལེན་གནང་དགོས་པའི་གནད་དོན་འགའ།

Posted on 2015-08-152015-08-15 By ཁ་བརྡ་ 3 Comments on ༢༠༡༦ ལོའི་སྲིད་སྐྱོང་གིས་གདོང་ལེན་གནང་དགོས་པའི་གནད་དོན་འགའ།

སྐལ་བཟང་སྤེན་པ།

 
ང་ཚོ་མང་པོ་ཞིག་གིས་རེ་སྒུག་དང་ཚོད་དཔག་བྱས་པ་ལྟར། སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ལགས་དང་ཀླུ་མཁར་བྱམས། སྲིད་སྐྱོང་བློ་སེང་ལགས་རྣམས་ཀྱིས་རང་ཉིད་༢༠༡༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་གསར་འགོད་གསལ་བསྒྲགས་རིམ་པས་གནང་སོང་། ལྷག་པར་དུ། ཀླུ་མཁར་བྱམས་ལགས་ཀྱིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་བསྒྲགས་གཏམ་བཞི་ཡང་མིག་ཆུ་དང་ལྷན་དུ་ཕྱིར་བསྒྲགས་གནང་སོང་། ཁོང་གིས་གནང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དེས་བདག་ལ་སྟོང་བསམ་ལྟ་བུའི་ཚོར་སྣང་ཞིག་རང་བཞིན་གྱིས་སྦྱིན་སོང་ཡང་། ད་དེས་ཀྱི་ཁོ་བོའི་བརྗོད་དོན་གཙོ་བོ་དེ་གང་ཟག་སྒེར་གཅིག་གི་ཆབ་སྲིད་བསྒྲགས་གཏམ་སྐོར་ལ་མིན་སྟབས། རེ་ཞིག་བཏང་སྙོམས་སུ་འཇོག་པར་འདོད། དེ་བས་ངས་མ་འོངས་པའི་སྲིད་སྐྱོང་གིས་གལ་ཆེར་འཛིན་དགོས་པའི་གནད་དོན་འགའ་གླེང་བར་འདོད།

རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནད་དོན་ཆེ་ཕྲ་ཆུང་གསུམ་ལ་བསམ་གཞིགས་བྱས་ཚེ་སྲིད་སྐྱོང་གི་གནང་དགོས་པའི་མཛད་འཁུར་མང་པོ་མཐོང་ཡང་། དེ་དག་རྡོག་བསྒྲིལ་ན། དོན་ཚན་བདུན་ཙམ་ནང་ཚུད་པར་སེམས། དེས་ན་ཁོ་བོས་མཐོང་བའི་དོན་ཚན་ཆེ་ཁག་བདུན་ནི།
༡ བོད་རྒྱ་ཞི་མོལ།
༢ བཙན་བྱོལ་སྒྲིག་འཛུགས་ཚགས་ཚུད།
༣ རྒྱུན་དཔལ་འབྱོར།
༤ བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས།
༥ གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ།
༦ དགོན་སྡེ་དང་གཞིས་ཆགས་བརྟན་ལྷིང་།
༧ འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་འབྲེལ་ལམ་སྲ་བརྟན་གཏོང་ཕྱོགས་བཅས་རེད། གོང་དུ་ཞུས་ཟིན་པ་ལྟར། སྲིད་སྐྱོང་འོས་མི་བྱེ་བྲག་སོ་སོས་ཆབ་སྲིད་ཀྱི་འབོད་སྒྲ་ཅི་འདྲ་ཞིག་བསྒྲགས་ཀྱང་། ལག་པ་བརྐྱངས་ན་སྙོབས་ས་ཤིག་དང་གོམ་པ་སྤོས་ན་སླེབས་ས་ཡོད་པའི་སྲིད་བྱུས་ཁ་ཡོད་ལག་ཡོད་གཅིག་དགོས་རྒྱུ་དེ་གལ་ཆེན་པོ་རེད།

དང་པོ། བོད་རྒྱ་ཞི་མོལ་ལ་མཚོན་ན།བོད་གཞིས་བྱེས་གཉིས་ཀྱི་དཀའ་ཁག་རྣམས་སེལ་བྱེད་ཀྱི་ལྡེ་མིག་ལྟ་བུ་དེ་རེད། ལྡེ་མིག་དེ་ལག་ཏུ་ལེན་པར་འགྲོ་བའི་བགྲོད་ལམ་ས་ཁྲ་ནི་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་རེད། འོན་ཀྱང་། ས་ཁྲ་ཡོད་མིན་ལ་མ་བལྟོས་པར། ང་ཚོའི་བགྲོད་ལམ་དེ་རྒྱ་གཞུང་གིས་བཀག་སྟབས། དེ་བར་བོད་རྒྱ་ཞི་མོལ་ཐད་མདུན་སྐྱོད་གང་ཡང་གནང་ཐུབ་མེད། དེས་ན་མ་འོངས་པའི་སྲིད་སྐྱོང་གི་མིག་མདུན་དུ་ལྷག་པའི་གནད་དོན་གཙོ་བོ་དེ་སྔོན་གྱི་བོད་རྒྱ་ཞི་མོལ་གྱི་བྱུང་རིམ་རྒྱབ་ལྗོངས་ལ་ཞིབ་འཇུག་དང་། འདས་པའི་ལོ་ཤས་རིང་བོད་རྒྱ་ཞི་མོལ་གྲགས་སྒུལ་ཅི་ཡང་མ་བྱུང་བའི་གནད་དོན་དེ་རིགས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་གིས། མ་འོངས་པར་བོད་རྒྱ་ཞི་མོལ་ཡོང་བར་ཐབས་ལམ་གསར་པ་ཅི་འདྲ་ཞིག་ཡོད་མིན་རྩད་འཚོལ་བྱ་དགོས། དེ་ནི་སྲིད་སྐྱོང་གི་བོད་རིགས་མི་མང་ལ་ཁྱེར་དགོས་པའི་འགན་འཁྲི་ཨང་དང་པོ་དེ་རེད།

གཉིས་པ། བཙན་བྱོལ་སྒྲིགས་འཛུགས་སྲ་བརྟན་ཡོང་རྒྱུ་དེ་རེད། ད་ལྟའི་ཆར། ནུས་སྟོབས་ཡོད་མིན་ལ་མ་ལྟོས་པར་བཙན་བྱོལ་སྒྲིག་འཛུགས་དེ་བཞིན་རང་རེ་བོད་ཕྱི་ནང་གཉིས་ཀའི་སྒལ་ཚིགས་ལྟ་བུ་ཞིག་ཆགས་ཡོད། སྒལ་ཚིགས་དེ་སྲ་བརྟན་ཡོང་བར་མཛད་གཙོ་རྣམ་པས་གཙོ་བོ་ཕྱག་ལས་དྲང་པོ་གནང་དགོས་པ་དེ་རེད། དེ་ལྟར་བྱུང་ན། མི་མང་གི་ཡིད་ཆེས་བློ་གཏད་དང་རྒྱབ་སྐྱོར་གནང་གི་རེད། དེ་ནི་སྒལ་ཚིགས་སྲ་བརྟན་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཡོད།

གསུམ་པ། འཐབ་བརྩོད་ཀྱི་ངོ་བོར་གནས་པའི་ང་ཚོའི་སྤྱི་གཞུང་ལ་སྤྱི་ཚོགས་ལ་མཚོན་ན། དཔལ་འབྱོར་ཐད་གཞན་རྟེན་ཁོ་ན་གཙོ་བོ་བྱས་ཏེ་གནས་ཡོད་པ་རེད། དེའི་དབང་གིས་ང་ཚོའི་ལས་དོན་བྱེད་ཕྱོགས་མི་ཉུང་བ་ཞིག་ཀྱང་རང་བཞིན་གྱིས་གཞན་རྟེན་ཆགས་ཀྱི་ཡོད། དེར་བརྟེན། དཔལ་འབྱོར་ཐད་རྒྱུན་གནས་རང་འཚཽ་ཐུབ་པའི་ཐབས་ལམ་ཞིག་ཀྱང་ངེས་པར་དུ་འཚོལ་དགོས་པའི་དུས་ལ་བབས་ཡོད།

བཞི་པ། སྤྱིར་ཤེས་ཡོན་ནི་མུན་ནག་ཁྲོད་ཀྱི་སྒྲོན་མེ་དང་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ལྟ་བུ་ཡིན་སྟབས། མི་སྡེའི་སྤྱི་ཚོགས་ཁྲོད་མེད་ཐབས་མེད་པའི་དགོས་མཁོ་ཞིག་ཆགས་ཡོད། ལྷག་པར་དུ། ཆ་འཕྲིན་དུས་རབས་དང་འཐབ་བརྩོད་ཀྱི་ངོ་བོར་གནས་པའི་མི་རིགས་ཤིག་ལ་མཚོན་ན། ཤེས་ཡོན་ནི། དགྲ་ལས་རྣམ་པར་རྒྱལ་བའི་རྡུལ་ཕྲན་མཚོན་ཆ་ངོ་མ་དེ་རེད། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་པ་ནས་བཟུང་སྟེ། ཤེས་ཡོན་ཐད་དམིགས་བསལ་གྱི་ཐུགས་འཁུར་བཞེས་ཏེ། སློབ་གྲ་མང་པོ་ཞིག་གསར་འཛུགས་གནང་ཡོད། འོན་ཀྱང་། ཤེས་ཡོན་སྲིད་བྱུས་སམ་ཡང་ན་འབྲེལ་ཡོད་དགེ་ལས་ཚོའི་ཕྱག་ལས་ལ་སྐྱོན་ཆ་ཡོད་པ་ཇི་ལྟར་ཡང་། ང་ཚོའི་སྤྱི་ཚོགས་ཁྲོད་ཤེས་ཡོན་གྱི་བྱང་ཚད་རེ་བ་བརྒྱབ་པ་ལྟར་དང་། འགྲོ་གྲོན་བཏང་པ་བཞིན་གྲུབ་འབྲས་སོན་མེད། མིག་སྔའི་བཀའ་ཤག་ཡང་རྙོག་གླེང་དེའི་ནང་འཐིམས་ནས་བསྡད་ཡོད།

ལྔ་པ། གཞིས་བྱེས་འབྲེལ་ལམ་སྲ་བརྟན། གོང་དུ་ཞུས་པ་ལྟར། བཙན་བྱོལ་སྒྲིགས་འཛུགས་དེ་ང་ཚོའི་སྒལ་ཚིགས་ལྟ་བུ་ཆགས་ཡོད། སྒལ་ཚིགས་ཀྱི་གྲུབ་ཆ་གཙོ་བོ་དེ་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་རེད། དེའི་ནང་ནས་ཀྱང་གཞིས་བྱེས་བོད་མི་ཚོའི་ཡིད་ཆེས་བློ་གཏད་ཡོད་མིན་དེ་རེད། སྤྱིར་བཙན་བྱོལ་སྒྲིགས་འཛུགས་ཀྱིས་བོད་ནང་ཐད་ཀར་འབྲེལ་ལམ་གནང་ཐུབ་ཀྱི་མེད་ཀྱང་། དེང་སྐབས་ཆ་འཕྲིན་དུས་རབས་ཡིན་སྟབས། གཞིས་ཀྱི་སྤུན་ཟླ་མི་མང་ལ་དམིགས་པའི་གནས་ཚུལ་མཁོ་སྤྲོད་ཡག་པོ་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེར་མཐོང་། དེ་ནི་ངས་ས་འོག་དར་ཐག་འཐེན་ནས་གཞིས་ཀྱི་སྤུན་ཟླ་ཚོར་ངན་སྐུལ་བྱེད་དགོས་ལུགས་བརྗོད་པ་ཞིག་གཏན་ནས་མིན།

དྲུག་པ། བྱེས་ཀྱི་དགོན་སྡེ་དང་གཞིས་ཆགས་བརྟན་ལྷིང་དགོས་རྒྱུ་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཙམ་ཞིག་མིན་པར་ཐད་ཀར་བོད་མི་རིགས་ཀྱི་རིག་གཞུང་དང་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ནི་བརྗོད་མི་དགོས་པ་རེད། དགོན་སྡེ་ཁག་ལ་མཚོན་ན། དེང་གསར་ཞུགས་དགེ་འདུན་པའི་ཁ་གྲངས་ཉུང་ཏུ་འགྲོ་བཞིན་ཡོད་ལ། གཞིས་ཆགས་ཁག་གི་ནང་དུའང་རྒན་རབས་རྣམས་རིམ་བཞིན་རྫོགས་པ་དང་གཞོན་སྐྱེས་མི་ཉུང་བ་ཞིག་ཕྱིར་སྐྱོད་བྱེད་པའི་རྣམ་པ་དེ་ཧ་ཅང་གི་འཁྲུགས་པོ་ཆགས་ཟིན་ཡོད། དེ་ནི་ཕྱོགས་གཅིག་ནས་བཤད་ན། མི་རིགས་ཤིག་གི་ཤེ་དཔལ་རིག་གསུམ་ལ་མུ་གེ་ཐེབས་འགོ་ཚུགས་པའི་ལྟས་ཤིག་རང་བཞིན་དུ་གྲུབ་ཡོད། དེར་བརྟེན། གནད་དོན་དེ་རིགས་ལ་མ་འོངས་སྲིད་སྐྱོང་གིས་དགོངས་བཞེས་ཡག་པོ་གནང་དགོས་པར་མཐོང་།

བདུན་པ། བཙན་བྱོལ་སྒྲིག་འཛུགས་ཀྱིས་འཛམ་གླིང་གང་སར་གནས་པའི་བོད་རིགས་རྣམས་ལ་འབྲེལ་ལམ་དམ་གནང་གལ་ཆེ་བ། དེ་སྔོན་རྒྱ་གར་གྱི་བཙན་བྲོལ་སྤྱི་ཚོགས་དེའི་ནང་འཚོ་བའི་བོད་རིགས་མི་ཉུང་བ་ཞིག་སྲན་ཕུང་བེར་གས་བརྡུང་པ་ཞིན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བཞིན་ཡོད། དེར་བརྟེན་བོད་མིིའི་སྒྲིག་འཛུགས་ཀྱིས། འཛམ་གླིང་གང་སར་གྲམ་པའི་བོད་རིགས་རྣམས། ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་དང་དཔལ་འབྱོར་གྱི་ཡོང་ཁུངས་ཤིག་ལ་གཟིགས་ཏེ་འབྲེལ་ལམ་ཡག་པོ་འཛུགས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད།
དེ་ཡང་ཆབ་སྲིད་ཐོག་ནས་བརྗོད་ན། འཛམ་གླིང་གང་སར་ཡོད་པའི་བོད་རིགས་ཚོས་རང་ཉིད་ཀྱི་ནུས་པ་ལ་གཞིགས་ཏེ་ཆབ་སྲིད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་མ་ཟད། འབྲེལ་ཡོད་སྲིད་གཞུང་ལའང་འབྲེལ་བ་བྱས་ཏེ་བོད་དོན་ཁྱབ་འཕེལ་གཏོང་གི་ཡོད། དེར་བརྟེན། རང་གཞུང་གིས་བོད་མི་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་ཡོད་ཀྱང་།་གཅིག་སྒྲིལ་ཡོང་རྒྱུར་འབད་བརྩོན་གནང་རྒྱུ་དེ་གལ་ཆེན་པོ་མཐོང་ངོ་། གོང་ཞུས་གནད་དོན་དེ་དག་ནི་འབྱུང་འགྱུར་གྱི་སྲིད་སྐྱོང་གི་མདུན་དུ་ལྷག་པའི་གནད་དོན་གལ་ཆེན་ཁག་ཡིན་པར་སེམས།

བསམ་ཚུལ།

Post navigation

Previous Post: མདོ་སྨད་སྤྱི་འཐུས་ཀྱི་འོས་མི་བསོད་ནམས་དབང་མོ་ལགས།
Next Post: ཆོས་རིག་རྒྱ་མཚོའི་སྙིང་ནོར་མ་ཎི་ཀ།

Comments (3) on “༢༠༡༦ ལོའི་སྲིད་སྐྱོང་གིས་གདོང་ལེན་གནང་དགོས་པའི་གནད་དོན་འགའ།”

  1. ཇུང་ཏོག་ says:
    2015-08-15 at 1:26 am

    ཐུགས་རྗེ་ཆེ་ཡག་པོ་བྲིས་འདུག་། སྲིད་སྐྱོང་བློ་སེང་རང་འཇགས་ཕེབས་དགོས་པ་རེད་། གཞན་ལ་རེ་བ་ཡོད་པའི་མི་མཐོང་གི་མི་འདུག་། ཆབ་སྲིད་ཀྱི་གོ་སྐབས་འཚོལ་མཁན་རེད་ མི་མང་ལ་སྒྲུང་སྙན་པོ་བཤད་ནས་སྲིད་སྐྱོང་གི་རྐུབ་ཀྱག་ལ་ཚང་མཁན་རེད་འདུག་།

  2. ནུབ་ཕྱོགས་ཁུག་རྟ། says:
    2015-08-15 at 4:33 am

    སྲིད་སྐྱོང་བློ་བཟང་སེང་གེ་ལགས་སླར་ཡང་སྲིད་སྐྱོང་ལ་ཕེབས་ཚེ་བོད་རྒྱ་འབྲེལ་མོ་ཡོང་རྒྱུ་མེད་་ཐག་ཆོད་པོ་ཐོག་ནས་བཤད་ཐུབ། རྒྱུ་མཚན་ནི་ཁོང་སྲིད་སྐྱོང་ཐོབ་མ་ཐག་རྒྱ་གཞུང་ནས་གཞོན་ནུ་ཚོགས་པའི་མི་ཡིན་པ་དང་རང་བཙན་རྩོད་མཁན་དང་། ལྷག་པར་དུ་དྲག་སྤྱོད་པ་ཡིན་པའི་བསྒྲགས་གཏམ་ཤུགས་ཆེ་སྤེལ་ཡོད། སྐབས་དེར་་སྲིད་སྐྱོང་ནས་ཁོང་གི་འཛིན་སྐྱོང་བཀའ་ཤག་ནས་དུས་ཚོད་དང་ས་གནས་གང་དུ་འབྲེལ་མོལ་བྱ་རྒྱུ་གྲ་སྒྲིག་ཡོད་ཅེས་ལན་འདེབས་གསར་འགོད་པར་མ་ཎི་བགྲང་བགྲང་གནང་ནས་བཞུགས། རྒྱ་གཞུང་ནས་༧གོང་ས་མཆོག་གི་སྐུ་ཚབ་ལྷན་མ་གཏོགས་བཙན་བྱོལ་སྒྲིག་འཛུགས་ཀྱི་སྐུ་ཚབ་མཉམ་འབྲེལ་མོལ་བྱ་རེ་མེད་པས་སྲིད་སྐྱོང་གཞན་ཞིག་ཕེབས་དགོས་པར་གལ་ཆེ་ཡིན། གལ་ཏེ་སྲིད་སྐྱོང་བློ་སེང་ལགས་རང་འཇགས་ཕེབས་ཚེ་བོད་ཀྱི་གནད་དོན་སེལ་ཆེད་ལོ་ལྔ་འཕྲོ་བརླག་འགྲོ་རྒྱུ་ཡིན་ན་ཧ་ཅང་གི་འཕང་པོ་ཡིན་པས་དེ་དོན་མི་མང་ནས་དགོངས་པ་ཟབ་ཟབ་བཞེས་རོགས།

  3. ཨ་ཁུ་ནོར་བུ་ says:
    2015-08-15 at 2:07 pm

    ༨ དོན་ཚན་བརྒྱད་པ་གསུང་ཆོས་གང་མང་ཞུ་རྒྱུ་
    ༩ དོན་གནས་གལ་ཆེ་བ་རྣམས་གནས་ཆུང་ལ་བཀའ་འདྲི་ཞུ་རྒྱུ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme