Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་གོ༽

Posted on 2010-03-282010-03-28 By ཁ་བརྡ་ 16 Comments on ༼རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་གོ༽

སྒོམ་སྡེ་ལྷ་རམས་པ།

མདོ་མྱ་ངན་འདས་ཆེན་ལས། ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ན་བ་ལང་གི་རྗེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང་མ་ རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ཏོ། །ཞེས་སོགས་གསུངས་པའི་”རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་གོ”ཞེས་པའི་དོན་གང་ཡིན་ཞེ་ན། དེ་ནི་བརྟན་པ་དང་ཡིད་ཆེས་འོས་པ་དང་མི་བསླུ་བ་བཅས་ཀྱི་དོན། དཔེར་ན་ཁྱུ་མཆོག་གི་རྗེས་སུ་ཞུགས་ཏེ་སོང་ན་གཡང་སར་ཟག་པ་སོགས་ཀྱི་གནོད་པ་མི་འབྱུང་ཞིང༌། རྩྭ་ཆུ་སོགས་དང་ལེགས་པར་འཕྲད་ཅིང༌། རང་འདོད་པའི་ཕྱོགས་སུ་དཀའ་ཚེགས་མེད་པར་སླེབས་འགྲོ་ཞིང༌། ར་ལུག་སོགས་ཀྱི་རྗེས་སུ་ཞུགས་ན་དེ་ལྟ་མིན་པས། བརྟན་པ་དང་ཡིད་ཆེས་པ་དང་མི་བསླུ་བ་བཅས་ཀྱི་དོན་ཡིན་པར། རྗེ་གུང་ཐང་པའི་མདོ་རྒྱན་སྦྱར་བའི་བཤད་པའི་ཟིན་བྲིས་ན་གསལ། རྗེ་གུང་ཐང་པའི་སྐབས་དང་པོའི་མཐའ་སྤྱོད་ཀྱི་མཆན་འགྲེལ་དུའང་དེ་དང་འདྲ་བར་གསུངས། ཡང༌འདི་ལ་འགྲེལ་ཚུལ་གཞན་ཞིག་ཀྱང་ཡོད་དེ། རྗེས་རྣམས་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་ནོ། །ཞེས་པའི་དོན་ཡིན་པར་ཡང་བཤད་དེ། བ་གླང་རྗེས་ཀྱི་མཆོག ཅེས་པའི་ཐད་ཀྱི་དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༨༧ལས། དཔེར་ན་བ་གླང་རྣམས་ཀྱི་མཆོག་གླང་པོ་ཆེ་ས་སྲུངས་ཡིན་པས། བ་གླང་གི་རྗེས་རྣམས་ཀྱི་ནང་ནས་གླང་པོ་ཆེ་ས་སྲུངས་ཀྱི་རྗེས་མཆོག་ཡིན། ཞེས་བཤད་ཅིང༌། ཡང་དེའི་མཇུག་ཙམ་དུ། དཔེར་ན་རྗེས་རྣམས་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་ནོ། །ཞེས་ཀྱང་གསུངས་པས་སོ། །

རྩོམ་རིག

Post navigation

Previous Post: སྟོད་འགག་དང་། སྟོད་འགག་གི་ཁུང་ལུང་གཉིས་ཀ་འདི་ན་འདུག
Next Post: ༼གཅན་གཟན་གྱི་སྒྲ་དོན་ལ་དཔྱད་པ༽

Comments (16) on “༼རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་གོ༽”

  1. གཞོན་ནུ་ཟླ་མེད says:
    2010-03-28 at 6:33 pm

    སྒོམ་སྡེ་ལགས། གོང་གི་མདོ་ཚིག་འདི་དཔེ་གཅིག་བུ་མ་བཤད་པར། དཔེ་དེ་ཉིད་བཤད་པའི་རྗེས་ལ་དཔྱད་པ་དེ་ཉིད་དོན་མི་རྟག་པ་སྒོམ་ཚུལ་ལ་གཅིག་སྦྱོར་དང་། གོང་གི་བཤད་པ་དེ་གང་ལྟར་ན་ཡང་དོན་དང་སྦྱོར་སྐབས་འབྱོར་མོ་ཞིག་འོང་དཀའ། མདོ་ནས་གསུངས་པའི་གནད་དམ་པ་ནི་རྗེས་ཐམས་ཅད་དང་ཉམས་ལེན་ཐམས་ཅད་དམ་སྒོམ་ཐམས་ཅད་སྦྱོར། བ་ལང་གི་རྗེས་དང་མི་རྟག་པ་སྒོམ་པའི་འདུ་ཤེས་སྦྱོར། དེ་ནས་དེ་ལྟར་སྦྱོར་སྟངས་ལ་འགྲེལ་བཤད་འབྱོར་མོ་ཞིག་དགོས།
    ངའི་བསམ་ཚུལ་བྱས་ན་ལོག་ཕྱོགས་སྤང་བྱ་ལ་སྦྱར་ནས་གཅིག་དང་མཐུན་ཕྱོགས་ཉམས་ལེན་ལ་སྦྱར་ནས་འགྲེལ་བཤད་གཉིས་ཡོད་བསམ། རྒྱུ་མཚན་མདོ་ཚིག་རང་ན་༼མཆོག་ཡིན་ཏེ༽ཡན་ཆད་ཀྱིས་ཉམས་ལེན་སྦྱར་ནས་དང་། དེའི་མན་གྱིས་ལོག་ཕྱོགས་སྤང་བྱ་ལ་སྦྱར་ནས་འགྲེལ་ན་ད་བཟོད་མདོ་ཚིག་གི་གནད་དམ་པ་དེ་ལོན་ཐུབ་ཀྱི་རེད་བསམ།
    ད་དུང་ཁ་གསལ་དེ་ཞུ་ན། བ་ལང་ཡིན་ན་འདྲ་གླང་བོ་ཆེ་ས་སྲུང་ཡིན་ན་འདྲ་དེའི་རྗེས་དེ་མཆོག་ཡིན་པའི་རྒྱུ་མཚན་ག་རེ་རེད། མི་རྟག་པ་སྒོམ་པ་དེ་ཡང་སྟོང་ཉིད་རྟོགས་པའི་འདུ་ཤེས་ལས་ཀྱང་མཆོག་ཡིན་པའི་རྒྱུ་མཚན་ག་རེ་རེད། གནད་དེ་གསལ་བཀྲོལ་གནང་ན་ད་བཟོད། མདོ་ཉམ་ངན་ལས་འདས་པའི་ཚིག་དེ་གདམས་ངག་ཏུ་ཤར་ཐུབ་ཀྱི་རེད་བསམ་ཀི། དེ་མིན་བ་ལང་དེ་བ་ལང་རེད་དམ་བ་མེན་རེད་དམ། གླང་བོ་ཆེ་རེད་དམ། ས་སྲུང་རེད་དམ། སོགས་ཀྱིས་མདོ་དོན་མི་རྫོགས་ཀ འེ་རེད་ལགས།།

  2. རྡོ་སེང་གེ says:
    2010-03-29 at 1:39 am

    རྗེས་ཐམས་ཅད་ནང་ནས་གླང་པོ་ཆེའི་རྗེས་མཆོག་གསུངས་པའི་དཔེ་དེ། ས་སྲུང་གི་རྗེས་སུ་སོང་བ་སོགས་དོན་མེད་པའི་ཅག་ཅོག་གང་ཡང་འདོན་མི་དགོས་ལ། དེའི་དོན་ནི་གླང་ཆེན་གྱི་རྗེས་ཆེན་པོ་ཡིན་སྟབས་སེམས་ཅན་གཞན་གྱི་རྐང་རྗེས་ཀྱིས་གླང་ཆེན་གྱི་རྐང་རྗེས་ཀྱི་ཐོག་ཏུ་བཞག་ཡིན་ན་བསུབ་མི་ཐུབ་པའི་དོན་ཡིན། གླང་ཆེན་གྱི་རྐང་རྗེས་ཐོག་སེམས་གཞན་གྱི་རྐང་རྗེས་བཞག་པ་ཡིན་ན་གླང་ཆེན་རྐང་རྗེས་དེ་མ་བསུབ་པ་སེམས་ཅན་གཞན་གྱི་རྐང་རྗེས་དེའང་མཐོང་ཐུབ་པའི་དོན་ཡིན། མི་རྟག་པའི་འདུ་ཤེས་དེ་ཡོད་ན་འདུ་ཤེས་གཞན་རྣམས་གོང་དུ་འཕེལ་བ་ལ་གྲོགས་བྱེད་པའི་དོན་ཡིན།།

  3. ཤ་ཉེ་དཀར་ཆུང་ says:
    2010-03-29 at 11:31 am

    རྗེས་དེ་བ་གླང་གི་རྗེས་ལ་འབྲེལ་བ་ནི་ལྷ་རམས་པའི་ཞབས་འདྲེན་པའོ

  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-29 at 6:19 pm

    སྒོམ་སྡེ་ལགས། བ་གླང་དང་གླང་ཆེན་གང་ཡིན་རུང་། འདི་ལ་རྒྱ་གར་བའི་རིག་གཞུང་གི་ཤན་ཡོད་ཡོད་པ་རེད།
    གལ་སྲིད་། བོད་ཡིན་ན། རྗེས་ཐམས་ཅད་ཀྱི་ནང་ནས་གཡག་གི་རྗེས་མཆོག་གོ་ལབ་ན། མི་འགྲིག་པ་ཨེ་ཡོད། འདི་ཐོད་བྱུང་དུ་དྲན་པ་ཞིག་ཡིན།

  5. གཞོན་ནུ་ཟླ་མེད says:
    2010-03-29 at 6:39 pm

    རིགས་འབྱུང་གི་དྲི་བ་འདི་ནི་མདོ་ཡི་དམིགས་འབྱེད་པ་ལ་ཤིན་ཏུ་ཕན་སྙམ། འོན་ཀྱང་ལན་གྱི་ཕྱོགས་ནས་གཡག་གི་རྗེས་མཆོག་ཟེར་རྒྱུ་མ་རེད། བོད་ལ་མཚོན་ན་རྗེས་ཐམས་ཅད་ཀྱི་ནང་ནས་རྔ་མོང་གི་རྗེས་མཆོག་གོ་ཟེར་དགོས་པ་རེད། དེ་ལྟར་བྱས་ན་ད་བཟོད་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པའི་འདུ་ཤེས་མཆོག་ཡིན་པར་འགྲེལ་ཐུབ་ཀྱི་རེད།

  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-29 at 8:23 pm

    ད་དུང་དྲི་བ་འགའ་གཏོང་གི་ཡིན། ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ་ཟེར་བ་འདིའི་གོ་དོན་ཅི་རེད།
    ཞིང་ག་དུས་རྨོ་གི་རེད། ལོག་ག་དུས་རྒྱག་གི་རེད། ཞིང་རྨོ་དུས་དཔྱིད་ཀ་རེད། ལོག་རྒྱག་དུས་སྟོན་ཁ་རེད། དེས་ན། རྨོ་འདེབས་ཀྱི་ནང་ནས་ལོག་ཅི་ལྟར་མཆོག་ཆགས་པ་རེད།
    འདི་ལ་ལན་ཞིག་གནོངས་དང་། ད་དུང་དྲི་བ་མང་པོ་འདུག འདོད་པ་དང་མ་རིག་པ། ང་རྒྱལ་སོགས་ཀྱི་སྐོར་ལ་དྲི་བ་ཡོད།
    བརྟན་པ་དང་ཡིད་ཆེས་འོས་པ། མི་བསླུ་བ་ཟེར་བ་སོགས་ལ་ཀྱི་སྐོར་ལ་དྲི་བ་ཡོད། ད་དུང་། རྩ་ཆུ་སོགས་དང་ལེགས་པར་འཕྲད་ཅིང་། རང་འདོད་པའི་ཕྱོགས་སུ་དཀའ་ཚེགས་མེད་པར་སླེབས་འགྲོ་ཞིང་ཟེར་བའི་ཚོད་དཔག་གི་བློ་དེ་དག་ལ་ཡང་དྲི་བ་ཡོད།
    སློབ་གསེང་གི་བར་སྐབས་དང་བསྟུན་ནས། ཁྱེད་ཚོའི་རྩ་ནས་སློབ་ཐུན་ཡག་པོ་ཞིག་སྦྱངས་གི་ཡིན།

  7. གཞོན་ནུ་ཟླ་མེད says:
    2010-03-29 at 9:17 pm

    (ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ) མདོ་ཚིག་འདི་ནི་རྒྱ་གར་གྱི་ཞིང་ཁ་འདེབས་སྟངས་དང་འབྲེལ་བ་ཡོད་ཀྱི་རེད་བསམ། ལོག་རྒྱག་་པ་ལ་ངེས་པར་དུ་སྟོན་ཀར་ངེས་པ་ཡོད་ཀྱི་མ་རེད། ཡུལ་དབུས་ཀྱི་ཞིང་ཀ་འདེབས་སྟངས་ལ་ཆ་བཞག་ནས་བཤད་ན་ཞིང་ཀ་ལ་རྨོ་བ་ལ་ངེས་པར་དུ་ལུད་གལ་ཆེན་པོ་རེད། སྟོན་ཀ་ལོག་རྒྱབ་པ་ནི་ལུད་ཀྱི་ཆེད་དུ་རེད། སྟོན་ཀ་ལོག་རྒྱབ་ན་ལུད་འཇོག་མི་དགོས་པར་སྔོ་ལུད་ཡོད་པ་ཆགས་འགྲོ་གི་རེད། རྒྱུ་མཚན་སྟོན་ཀར་ཞིང་ཀ་ན་སྔོ་ལྡུམ་མང་པོ་ཡོད་པས་ལོག་རྒྱབ་ན་སྔོ་ལྡུམ་ས་འོག་དུ་སོང་ནས་རུལ་རྗེས་ས་ཞིང་དེ་གཤིན་པོ་ཆགས་ནས་ལུད་འཇོག་མ་དགོས་པར་འབྲུ་རིགས་དང་སྔོ་ཚལ་གང་ཞིག་བཏབ་ན་ལུད་ཀྱི་ནུས་པ་དེ་འདོན་ཐུབ་ཀྱི་རེད། ལོག་རྒྱག་པ་ལ་དུས་ཚིགས་མ་ངེས་ཀྱང་། ལུད་ཀྱི་ནུས་པ་ཐོན་མ་ཐོན་ལ་ཁྱད་པར་ཡོད་ཅེས་པའི་དོན་རེད་སྙམ། དེ་བཞིན་དུ་མི་རྟག་པ་སྒོམ་པ་ཡང་སྟོན་ཀ་ལོག་རྒྱབ་པ་ལྟར་སྒོམ་གང་ཞིག་རྒྱབ་ན་ཡང་དེའི་གཞི་རྟེན་ཆགས་འགྲོ་གི་རེད། དེ་འདྲ་འེ་རེད་ལགས།

  8. སྒོམ་སྡེ་ལྷ་རམས་པ། says:
    2010-03-30 at 4:02 pm

    རིནའབྱུང་དོན་གྲུབ་བཀྲ་ཤིས་ལགས།
    ཁྱེད་ཀྱི་དྲི་བ། “གལ་སྲིད་། བོད་ཡིན་ན། རྗེས་ཐམས་ཅད་ཀྱི་ནང་ནས་གཡག་གི་རྗེས་མཆོག་གོ་ལབ་ན། མི་འགྲིག་པ་ཨེ་ཡོད། འདི་ཐོད་བྱུང་དུ་དྲན་པ་ཞིག་ཡིན”

    ལན། དེ་ག་འདྲ་ཡིན་ན། མ་གཞི་རྗེ་གུང་ཐང་པའི་འགྲེལ་བཤད་དེ་དང་། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་གྱི་འགྲེལ་བཤད་གཉིས་ཀ་ངའི་བློ་ལ་འཐད་པོ་ཞིག་དང་གནད་ལ་ཁེལ་པོ་ཞིག་མཐོང་གི་མི་འདུག་ཀྱང་། དེ་གཉིས་ལས་གཞན་པའི་གཞུང་དུའང་དེའི་འགྲེལ་བཤད་མ་མཐོང་བས། རེ་ཞིག་དེ་གཉིས་ཀྱི་རྗེས་སུ་མི་འབྲང་ཀ་མེད་རེད་འདུག་སྙམ།
    རྒྱ་གར་བ་ཚོས་བ་ལང་ལ་ཧ་ཅང་རྩ་བ་ཆེན་པོ་བརྩི་བས། “རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་གོ”ཞེས་པའི་ཚིག་འདི་ལ་རྒྱ་གར་ཁོ་རང་ཚོའི་གོམས་སྲོལ་ལ་གོ་རྒྱུ་མི་འདྲ་བ་ཞིག་ཏན་ཏན་ཡོད་ཀྱི་རེད་སྙམ།

    ཁྱེད་ཀྱི་དྲི་བ། སྟོན་ལོག་གི་སྐོར་དེ་ང་ཚོ་རྒྱ་གར་དུ་དགོན་པ་ལ་ཞིང་ལས་མང་པོ་བྱེད་མྱོང་ཡོད་པས་ལེགས་པོ་ཞིག་ཤོད་རྒྱུ་ཡོད་རུང་། གཞོན་ནུ་ཟླ་མེད་ལགས་ཀྱིས་གསལ་ཐག་ཆོད་གསུངས་ཚར་ཞག

  9. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-30 at 4:16 pm

    སྒོམ་སྡེ་དང་གཞོན་ནུ་གཉིས་ལགས།
    ལན་གནང་བར་བཀའ་དྲིན་ཆེ། ཁྱེད་ཅག་གི་ལན་ལ་མུ་མཐུད་དུ་དོགས་སློང་བྱེད་འདོད་ཡོད། འོན་ཀྱང་། བྲེལ་འཚུབ་ཀྱིས་ང་གསོད་གྲབས་བྱེད་ཀྱི་འདུག
    ཉིན་འགའི་རྗེས་སུ་བསྐྱར་དུ་དྲ་ཐོག་ལ་ཡོང་ནས་མུ་མཐུད་གི་ཡིན། གནས་སྐབས་རིང་བདེ་མོ།

  10. ཚངས་དབྱངས། says:
    2010-04-01 at 11:27 am

    རྒན་སྒོམ་སྡེ་ལགས།

    ང་ལ་ད་དུང་ཚིག་གཅིག་ཡོད།

    མཇེ་ཐམས་བཅད་ཀྱི་ནང་ནས་བ་གླང་གི་མཇེ་མཆོག་གོ་ཟེར་ན་འགྲིག་གམ།

  11. གཞོན་ནུ་ཟླ་མེད says:
    2010-04-01 at 11:37 am

    ཧཧཧ ཁ་སང་དེ་རིང་ངའི་ཀླད་པའི་ནང་ལ་ཡང་དཔྱིད་དུག་འདྲ་ཟིག་རྒྱབ་ནས་བསམ་བློ་ལྡོག་ཕྱོགས་རྐྱང་འཁོར་ཡོང་གི་འདུག ན་ཚ་དེ་ཚངས་དབྱངས་ལ་ཡང་ཕོགས་ཡོད་ས་རེད།

  12. གཞོན་ནུ་ཟླ་མེད says:
    2010-04-01 at 11:43 am

    འོ་སྒོམ་སྡེ་ལགས། སྟོན་ལོག་གི་སྐོར་དེ་ཁྱོད་ཀྱིས་གཅིག་གསུངས་དང་། ངས་དེ་ག་ཟིག་ཐ་ལ་ཐོ་ལེ་ཅིག་བཤད་པ་ཡིན། ཁྱེད་རང་གིས་གཅིག་གསུངས་དང་། སྒུག་བསྡད་ཡོད།

  13. མགོ་རུལ། says:
    2010-04-01 at 4:03 pm

    གལ་སྲིད་ངས་མི་རྟག་པ་ལས་བརྩམས་ཏེ་ཆོས་ཤིག་འཆད་དགོས་ན། མཇེ་ཐམས་ཅད་ཀྱི་ནང་ནས་འབྲུག་པ་ཀུན་ལེགས་ཀྱི་མཇེ་ནི་མཆོག་གོ་ཞེས་བརྗོད་ས་རེད།

  14. གཞོན་ནུ་ཟླ་མེད says:
    2010-04-01 at 5:51 pm

    དྲིན་ཆེན་ཚོ། ད་མཇེ་ལས་བརྩམས་པའི་མདོ་མང་པོ་མ་གསུངས་རོགས། ངས་ཁ་ནས་མཇེ་མདོ་དང་སྟུ་མདོ་ཀློང་རྡོལ་འབྱུང་ས་རེད། དེ་དུས་ཁྱེད་ཚོས་བཀག་ན་ཡང་ཁོག་ནི་མ་རེད།

  15. ཚངས་དབྱངས། says:
    2010-04-02 at 9:32 am

    དྲ་གྲོགས་ཚོ། 

    དགོངས་འགལ་མེད་པ་ཞུ། ཁ་སང་མཇེ་ལབ་ཀྱི་ཚིག་ངན་དེ་ཤོར་སོང་། སྒོམ་སྡེ་ལགས་ཀྱིས། རང་གི་ཤེས་བྱ་རྣམས་གཞན་ལ་སྟོན་པར་ཐུགས་རྗེ་ཆེ། 

  16. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-04-03 at 10:52 pm

    དོ་དགོང་ཁོམ་པ་ཅུང་ཙམ་འདུག་པས། ཁ་སྔོན་གྱི་དོགས་སློང་དེ་ཚོ་མུ་མཐུད་གི་ཡིན།

    དང་པོ།
    “ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ། “ཟེར་བ་འདི་ལ་ངེད་ཀྱིས་གོ་བ་ལེན་སྟངས་དེ་ཁྱེད་གཉིས་དང་ཅུང་འདྲ་གི་མི་འདུག
    ངེད་ཚོས་མཁྱེན་གསལ་ལྟར། བོད་ཀྱི་ཡུལ་ལུང་ཕལ་ཆེ་བར། ཞིང་དཔྱིད་ཀར་རྨོ་གི་རེད། དཔྱིད་ཀར་ཞིང་རྨོ་བ་དེ་ལ་ཞིང་འདེབས་པ་ཡང་ཟེར་གི་རེད།
    འོན་ཀྱང་། ལོག་སྟོན་ཁར་རྒྱག་གི་རེད། སྟོན་འབྲས་བླངས་བའི་རྗེས་སུ་ལོག་རྒྱག་གི་རེད། དེ་ལ་ལོག་བརྒྱབ་པ་ཟེར་གྱི་རེད། ཞིང་རྨོ་བ་དང་འདེབས་པ་ཟེར་གི་མ་རེད།
    རྨོ་བ་དང་འདེབས་པའི་ཐ་སྙད་དེ་ཡང་དེ་ལ་འཇུག་གི་མ་རེད་འདོད། ལོག་བརྒྱབ་ནས་ཟླ་འགའ་ཕྱིན་པའི་རྗེས་སུ། ཞིང་ཁར་ལུད་འཇོག་གི་རེད། དེ་ནས་ལུད་དེ་གཏོར་གི་རེད།
    དེའི་རྗེས་སུ་ཞིང་འདེབས་ཀྱི་རེད། ཞིང་རྨོ་གི་རེད། འདི་ངས་མཐོང་བ་དང་ཤེས་བ་དེ་ཡིན། དེར་བརྟེན། ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ་ཟེར་བ་འདི་ངེད་ལ་བདེ་བོ་མི་འདུག འདིའི་གོ་བ་འདི་ངའི་སེམས་ལ་འཇུག་བདེ་བོ་མི་འདུག དེ་གཅིག་ཡིན།

    གཉིས་པ།
    གོང་དུ། “དཔེར་ན། ཁྱུ་མཆོག་གི་རྗེས་སུ་ཞུགས་ཏེ་སོང་ན། གཡང་སར་ཟགས་པ་སོགས་མི་འབྱུང་ཞིང་། རྩ་ཆུ་སོགས་དང་ལེགས་པར་འཕྲད་ཅིང་། རང་གི་འདོད་པའི་ཕྱོགས་སུ་དཀའ་ཚེགས་མེད་པར་སླེབས་འགྲོའོ་ཟེར་བ་འདི་རེད། ” འདི་ཚོད་དཔག་གི་སྐད་ཆ་རེད་འདུག་དྲན། འདིའི་སྐབས་སུ་ཁྱུ་མཆོག་དེ་བ་ལང་གི་ཁྱུ་མཆོག་ཡིན་ན་ནི།
    དཔེར་བརྗོད་དེ་དངོས་ཡོད་དང་ཅུང་མི་མཐུན་སྙམ། ང་ཡང་ཆུང་ཆུང་ཡིན་དུས་བ་ལང་འཚོ་བར་འགྲོ་མྱོང་། བ་ལང་གི་རིགས་དེ་རྩ་ཆུ་ལེགས་པའི་ཕྱོགས་ལ་མི་འགྲོ་བར་མ་ཟད་གང་དུ་ཡིན་ན་ཡང་ཐུར་ས་ལ་འགྲོ་གི་རེད། རྩ་ཆུ་བཟང་ས་ལ་ཁྱོན་ནས་འགྲོ་གི་མ་རེད། དེ་ནས་གཡང་སར་ཟགས་པ་མི་འབྱུང་ཞིང་ཟེར་བའི་སྐད་ཆ་དེ་གང་ལ་བལྟས་ནས་བརྗོད་ཀྱི་ཡོད་མེད་མི་ཤེས། རྒྱ་གར་བྱང་ཕྱོགས་མ་གཏོགས་་ལྷོ་ཕྱོགས་སོགས་ལ་མཚོན་ན། བ་ལང་གི་རིགས་ཟགས་སའི་གཡང་ཞིག་ཨེ་ཡོད་སྙམ། ད་དུང་། རང་གི་འདོད་པའི་ཕྱོགས་སུ་དཀའ་ཚེགས་མེད་པར་སླེབས་འགྲོའོ་ཟེར་བ་དེ་ཡང་སྒྲོ་བཏགས་ཤིག་རེད། དེ་གཅིག་ཡིན།

    གསུམ།
    དེ་ནས། ཁྱེད་གཉིས་ཀྱིས་མདོ་ཚིག་འདི་རྒྱ་གར་བའི་ཞིང་ཁ་འདེབས་སྟངས་དང་འབྲེལ་བ་ཡོད་ཀྱི་རེད་ཟེར་བ་དེ་ཏན་ཏན་བདེན་པ་རེད་དྲན།
    ང་རྒྱ་གར་བྱང་ཕྱོགས་སུ་ལོ་ངོ་དྲུག་ཙམ་བསྡད་མྱོང་། རྒྱ་གར་ལྷོ་ཕྱོགས་སུ་ལོ་ངོ་གཅིག་དང་ཕྱེད་ཙམ་བསྡད་མྱོང་། ཞིང་བ་ཚོས་ལོ་གཅིག་ལ་སྟོན་ཐོག་ཐེངས་གཉིས་ལ་ལེན་གི་འདུག འོན་ཀྱང་། གཞོན་ནུས། “སྟོན་ཁ་ལོག་བརྒྱབ་ན་ལུད་འཇོག་མི་དགོས་བར་སྔོ་ལུད་ཡོད་པ་ཆགས་འགྲོ་གི་རེད”་གསུངས་འདུག ངེད་ཀྱིས་མཐོང་བ་ལྟར་ན།
    ཞིང་བ་ཚོས་། སྟོན་ཁ་ལོག་བརྒྱབ་རྗེས། ལུད་འཇོག་གི་འདུག དེ་ནས་ལུད་ཞིང་ཁར་གཏོར་གི་རེད། དེ་ནས་ཞིང་རྨོ་གི་འདུག དགོན་པའི་ཞིང་ཁ་རྨོ་སྟངས་སོགས་ངས་མི་ཤེས། དེ་ཅུངཙམ་མི་གཅིག་ན་ཐང་། དོ་དགོང་བསྐྱར་དུ་བསམ་ཚུལ་ཆ་ལེ་ཆོལ་ལེ་འགའ་བཤད་རྒྱུ་བྱུང་བ་དགའ་བོ་བྱུང་།
    གནས་སྐབས་ལ་བདེ་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme