Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རིགས་མཐུན་ཚོགས་ཀྱི་འགན་ལྷན་སྐབས་༣ པ་ཚོགས་པ།

Posted on 2015-08-122015-08-12 By ཁ་བརྡ 1 Comment on བོད་རིགས་མཐུན་ཚོགས་ཀྱི་འགན་ལྷན་སྐབས་༣ པ་ཚོགས་པ།

གནས་ཚུལ་བརྒྱུད་སྤྲོད་པ། བློ་བཟང་།

 

ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁན་བྷེ་རར་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སྐབས་གསུམ་པ་ཚོགས་ཏེ་མཇུག་སྒྲིལ་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༨ ནས་ཉིན་གྲངས་གཉིས་རིང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁན་བྷེ་ར་རུ། བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སྐབས་གསུམ་པའི་ཚོགས་ཆེན་ཚོགས་ཡོད་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱི་དབུས་ཨོ་སི་ཊོ་ལི་ཡ་ནང་ཡོད་པའི་ས་གནས་བོད་རིགས་མཐུན་ཚོགས་ཁག་བདུན་ཀྱི་སྐུ་ཚབ་དང་རྒྱུན་ལས་བཅས་མཉམ་ཞུགས་གནང་ཡོད་པ་རེད།

unnamed-2

ཚོགས་འདུ་དབུ་འབྱེད་ཐོག་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་བོད་རིགས་སྤྱིའི་གནས་སྟངས་དང་ཆབ་སྲིད་ཐོག་ནས་བོད་དོན་ལས་འགུལ་སྤེལ་ཕྱོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སྔར་ལས་ནུས་པ་འདོན་ཕྱོགས། ཆོས་ཚོགས་ཁག་ནས་དོལ་རྒྱལ་ལ་གདོང་ལེན་གནང་ཕྱོགས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་འདུག

དེ་རྗེས་སྐབས་གཉིས་པའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ནེ་རྒན་དགོ་ཚང་ལགས་ཀྱིས། རྒྱལ་ཡོངས་བོད་རིགས་མཐུན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་སྡོམ་སྙན་སྒྲོན་ཞུས་པ་དང་། དེ་བཞིན། ཨོ་སི་ཊོ་ལི་ཡའི་ས་གནས་བོད་རིགས་ཚོགས་པ་ཁག་གིས་ལས་སྡོམ་སྙན་སྒྲོན་ཞུས་ཡོད་པ་རེད། གཞན་ཡང་ས་གནས་བོད་རིགས་མཐུན་ཚོགས་ཁག་གིས་འགན་བླངས་ཏེ། བོད་མིའི་དང་བླངས་དཔྱ་དངུལ་བསྡུ་འབུལ་འཐུས་ཚང་གནང་ཕྱོགས་སོགས་ཀྱི་སྐོར་ལ་གོ་བསྡུར་སྦྱངས་བཤད་ལྷུག་པོ་གནང་རྗེས། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་ཚོགས་ཆེན་སྐབས་གཉིས་པའི་ཐོག་གི་གྲོས་གཞི་གྲོས་ཆོད་ཁག་ཅིག་ལ་བསྐྱར་ཞིབ་དང་འབྲེལ། དེའི་ཐོག་སྒྲིག་གཞི་གསར་བ་ཁ་ཤས་གཏན་འབེབས་ཡང་གནང་ཡོད་པ་རེད།

unnamed-1ཉིན་གཉིས་པར་ས་གནས་ཁག་གི་སྐུ་ཚབ་འཐུས་མི་གཉིས་རེ་ནས་གསང་བའི་འོས་འཕངས་ཏེ། སྐབས་གསུམ་པའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་གཉིས་འདེམས་བསྐོ་གནང་ཡོད་པ་དང་། ས་གནས་ནེལ་ཁ་སི་ཀྲལ་གྱི་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་སྐབས་གསུམ་པའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། བྷར་སི་སྦལ་གྱི་རྒྱུན་ལས་སྐུ་ཚབ་ཡེ་ཤེས་ལགས་དྲུང་ཆེར་འདེམས་ཐོན་བྱུང་ཡོད་འདུག

ཨོ་སི་ཊོ་ལི་ཡའི་སྐབས་གསུམ་པའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་འདེམས་ཐོན་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་ཀྱིས་མཇུག་སྡོམ་གཏམ་བཤད་གནང་སྐབས། ད་ཐེངས་ཨོ་སི་ཊོ་ལི་ཡའི་ས་གནས་ཁག་གིས་དམངས་གཙོའི་ལམ་སྲོལ་གྱི་ཐོག་ནས་ཕྲན་རང་མང་མོས་ཚོགས་གཙོར་ཐོབ་པར་རང་ཉིད་ལ་འགན་ཞིག་ཡོད་པའི་ཚོར་བ་ཆེན་པོ་ཞིག་བྱུང་སོང་། སླད་ཕྱིན་ཡང་༧ གོང་ས་མཆོག་གི་བཀའ་དགོངས་སྤྱི་གཙུག་ལ་འཛིན་ཐོག བོད་དང་བོད་ཀྱི་ཕན་བདེའི་རྩ་དོན་ཆེད་ནུས་པ་གང་ཡོད་འདོན་འདུན་ཡོད་པའི་དམ་བཅའ་གཙང་མ་ཡོད། བོད་ཀྱི་སྐུ་ཚབ་དོན་གཅོད་དང་ས་གནས་ཁག་གི་བོད་རིགས་མཐུན་ཚོགས་ཁག་བཅས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་མཉམ་འབྲེལ་གྱིས་བོད་ཀྱི་རྩ་དོན་ཐད་ལས་འགུལ་སྔར་ལས་ཚགས་ཚུད་གནང་སྟེ་རིག་པ་སྒྲིམ་རན་རེད་ཅེས་བརྗོད་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ནི། ཕྱི་ལོ་ ༢༠༡༢ ལོར་དབུ་བརྙེས་ཤིང་། ལོ་གཉིས་རེའི་མཚམས་སུ་ཚོགས་གཙོ་དང་དྲུང་ཆེ་གསར་འདེམས་གནང་གི་ཡོད་པ་ལྟར་ད་རེས་སྐབས་གསུམ་པ་དེ་ཆགས་ཡོད་པ་རེད། ཕྱི་ལོ་ ༡༩༧༢ ནས་ཨོ་སི་ཊོ་ལི་ཡའི་ནང་བོད་མི་སྐྱབས་བཅོལ་བ་ཐོག་མར་ཡོང་འགོ་ཚུགས་པ་ནས་བཟུང་སྟེ། རིམ་བཞིན་བོད་མི་འདུས་སྡོད་ཆེ་སར་བོད་རིགས་མཐུན་ཚོགས་གསར་དུ་བཙུགས་ནས་ས་གནས་ཁག་བརྒྱད་ཙམ་ཡོད་པའི་ནང་། ད་ལྟའི་ཆར་ཁྱོན་བོད་མི་ ༡༧༠༠ ལྷག་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ས་གནས་གསར་འགོད་འབྲེལ་མཐུད་པ་བསང་ཆུ་འབྲུག་བྷེ།

གསར་འགྱུར།

Post navigation

Previous Post: འོས་མིར་ལངས་མཁན་ཞིག་ལ་ལྟ་བ།
Next Post: ཕྱོགས་ཞེན་གད་སྙིགས་ནང་དུ་འདོར་མཁན་ཞིག

Comment (1) on “བོད་རིགས་མཐུན་ཚོགས་ཀྱི་འགན་ལྷན་སྐབས་༣ པ་ཚོགས་པ།”

  1. Thupten Chetsang says:
    2015-08-13 at 4:47 am

    ངེས་པར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཞེས་འབྲི་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme