Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་རོལ་ལས་འཕྲོས་པའི་གཏམ།

Posted on 2015-08-122015-08-12 By ཁ་བརྡ 16 Comments on ཀླུ་རོལ་ལས་འཕྲོས་པའི་གཏམ།

དོ་རྒྱ་དགེ་བཤེས།

 
ཉེ་ཆར་རེབ་གོང་གཙོ་བོར་བྱས་པའི་མདོ་སྨད་ཕྱོགས་ནས་ཀླུ་རོལ་དུས་ཆེན་ལྷ་ཀླུ་མི་གསུམ་གྱིས་དགའ་བའི་དཔལ་ལ་རོལ་བའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་བརྩི་སྲུང་བྱས་པར་ཡིད་སྤྲོ་དགས་བརྟས་པའི་མོད་ལ། དྲ་ལམ་དག་ན་དེའི་སྐབས་ཀྱི་ལུགས་སྲོལ་རྗེས་ལུས་ཡིན་ཚུལ་དང་། རྨོངས་དད་ཡིན་ཚུལ། དཔེ་ཨ་ཕི་རི་ཀར་བཞག ལུང་རྒྱ་གར་ཡུལ་ལ་གཏུགས། སྲོལ་རྒྱ་ནག་ཡུལ་ལ་བཞག འགྲེལ་རྒྱ་སེར་ཡུལ་ནས་བྱས་པ་ཁ་ཤས་དྲ་ལམ་དུ་མཐོང་རྒྱུ་ཡོད་པ་དག་ལ་ལན་དུ་བཟློ་བ།

གཙོ་བོ་ནི་༼ཁྲག་དྲི་བྲོ་བའི་རེབ་གོང་ཀླུ་རོལ་ལ་རྒོལ་གཏམ་གཏོང་བ།༽ ཟེར་བ་སོགས་ཀྱིས་མཚོན། བོད་ལ་གང་ཡོད་ཚང་མ་རྗེས་ལུས་དང་རྨོངས་ཞེན། བླུན་རྟགས་རེད་ཟེར་ནས་ལུགས་སྲོལ་ཚང་མ་རྩ་མེད་གཏོང་མཁན་ཆོས་ལུགས་པ་ཡིན་ན་འདྲ། ཆོས་མེད་སྨྲ་བ་ཡིན་ན་འདྲ། ངོ་རྒོལ་ཡོད། ཕ་མེས་ནས་བརྒྱུད་དེ་ཡོང་བ་མང་པོ་ཞིག་ལ་ཆོས་ཕྱོགས་དང་སྲིད་ཕྱོགས་ནས་དགོས་མཁོ་མེད་ན་ཡང་། ཡུལ་མི་ལ་དགོས་མཁོ་ཡོད་པ་རེད། འདི་ལ་བཙན་གནོད་བཙུར་རྡུང་བྱེད་རྒྱུ་མང་མ་དྲག རིག་གསར་གྱི་རྒོལ་གཏོར་བསྲེགས་གསུམ་གྱི་རྗེས་སུ་མིག་བཙུམ་ནས་རྒྱུགས་རྒྱུ་མང་ན་སུ་ཡིན་ན་ཡང་བླུན་རྟགས་ཡིན། ངའི་ཕ་མེས་ཀྱི་རིག་གནས་ཡིད་འཕྲོག་པ་དག་ལ་དམོད་མི་ཆོག་ལ་མེད་པར་བཟོ་བའི་ཇུས་ངན་དེ་བས་བཏང་མི་ཆོག་གོ

ཁ་ཤས་ཀྱིས་བཤད་སྟངས་བྱས་ན་ཞང་ཞུང་ནས་མ་དར་བ་འམ། རྒྱ་གར་ནས་མ་དར་བའི་བོད་ཀྱི་རིག་གཞུང་དང་ལུགས་སྲོལ་ཚང་མ་མེད་པར་བཟོ་འདོད་པ་དག་ནི་སྟོང་བསམ་རིང་ལུགས་པ་ཚོ་ཡིན། ང་ཚོ་བོད་པས་རང་གི་རིག་གཞུང་རྩ་བ་བྱས་ནས། ཞང་ཞུང་ངམ་རྒྱ་དཀར་ནག་གི་རིག་གཞུང་གིས་ཟུར་བརྒྱན་པ་མ་གཏོགས། གཞན་གྱི་རིག་གནས་ཀྱིས་རྩ་བ་བྱས་ནས། རང་གི་རིག་གནས་རྩ་མེད་བཟོ་བ་ནི་མྱི་ཤུལ་ཁྱི་ལུས་ཅན་པ་དག་ཡིན།

དེང་སང་ལྷ་འདྲེས་སྨྲ་བ་དང་དམར་སྲུང་དམག་འདི་ཚོ་ཚང་མས་སེམས་པ་རྒྱ་གདོན་གྱིས་བཟུང་ནས། བོད་གངས་ཅན་གྱི་རིན་ཐང་བྲལ་བའི་རིག་གནས་རྣམས་ལ་དམོད་ཅི་ཐུབ་དང་། འཐབ་རྩོད་བྱེད་གང་ཐུབ་བྱེད་གི
གོང་གི་མ་རྩོམ་འབྲི་མཁན་དེས་འདི་ལྟར་བཤད་འདུག ཨ་ཕུ་རི་ཀའི་ལུང་པ་ནས་གོས་སུ་ཤིང་ལོ་གྱོན་པ་དང་། རྣ་ལ་ལྕགས་བཀོན་པ་ཚང་མ་རྗེས་ལུས་དང་རྨོངས་ཞེན་ལ་བགྲང་འདུག འོ་ན་ཨ་རི་དང་ཡོ་རོབ་ན་ལོ་ཆུང་མང་ཆེ་བ་གཅེར་བུར་འགྲོ་བ། ལུས་ལ་རི་མོ་རྐོ་བ་༼tatoo༽ དེ་བཞིན་རྣ་ལུང་འདོག་པར་མ་ཟད། ལྕེ་ཕུག་ནས་ལྕགས་ཀྱུ་བཀོན་པ། ཕོ་མཚན་མོ་མཚན་སྟེང་དུ་ལྕགས་བསྐོན་པ། སྣ་ལ་ལྕགས་ཀྱི་སྣ་གཅུ་འདོགས་པ་འདི་ཚོ་རྗེས་ལུས་སུ་མི་བགྲང་བའི་རྒྱུ་མཚན་ཅི། དཔེ་བཞག་ན་ཡིན་གཅིག་མིན་གཅིག་ཨ་ཕུ་རི་ཀ་འཇོག་དགོས་པའི་རྒྱུ་མཚན་ཅི། ལྐུགས་པ།

ད་དུང་ཡོད། རང་ཉིད་རེབ་གོང་ནས་མ་རེད། རེབ་གོང་གི་ཡོད་པ་མེད་པར་གཏོང་བ་དང་། སྡིག་དམོད་བྱེད་མི་དགོས། དེ་ལས་མེད་པ་ཡོད་པར་གཏོང་བའི་ཕྱོགས་ལ་འབད་པར་འཚལ། ད་དུང་བླ་བྲང་གི་མི་ཞིག་ལ་དྲིས་ནས་བཤད་ཟེར་ནས་བྲིས་ཡོད་ཀི ས་ཕྱོགས་དང་ཡུལ་ཕྱོགས་བར་ཏུ་དབྱེན་དཀྲུགས་མ་བྱས་ན་བཟང་། རེབ་གོང་གི་ལུགས་སྲོལ་ལ་བླ་བྲང་བར་མེད་པར་བཟོ་བ་དང་སྡིག་དམོད་བྱེད་པའི་དབང་ཚད་དེ་སུས་སྤྲད་པ་རེད། ལྐུགས་པ།

དེང་སང་ཡར་རྒྱས་ལུང་བར་བསྙད་པའི་ཨ་རི་དང་ཡོ་རོབ་སོགས་ན། ཕོ་གཞོན་མོ་གཞོན་ཚོས་ལྕེ་ཕུག་ནས་ལྕགས་ཀྱུ་འདོགས་པ། ཕོ་མཚན་མོ་མཚན་ཕུག་ནས་ལྕགས་འདོགས་པ། ལྟེ་བ་ཕུག་ནས་ལྕགས་འདོགས་པ། ད་དུང་ལུས་ལ་བརྩེགས་རིས་བསྐོས་པ་འདི་དག་ལ་མཚོན་གྱིས་བསྣུན་གི་ཡོད་ལ་ཁྲག་ཡང་ཁ་མེད་སྣ་མེད་བཞུར་གི་ཡོད། འདི་དག་དང་དྲུག་པའི་ཀླུ་རོལ་གྱི་ལུས་ལ་ཁབ་གཟེར་འདོགས་པ་འདི་དག་བསྡུར་ནས་ཤོད་དང་། གཅིག་རྗེས་ལུས་དང་རྨོངས་པ་ཡིན་ལ། གཅིག་ཡར་རྒྱས་དང་དེང་རབས་དང་འཚམ་པ་ཡིན་པའི་རྒྱུ་མཚན་ཅི་ཡོད། ཁྲག་འདོན་པ་གཅིག་པ་རེད། མཚོན་བསྣུན་པ་གཅིག་པ་རེད། ཁྱད་པར་ཤོད་ཡ།​

དོ་རྒྱ་དགེ་བཤེས་ནས་ཤར་མར་སྤེལ།།

བསམ་ཚུལ།

Post navigation

Previous Post: ཕ་མའི་ཚོགས་ཆེན་དུ་སྲིད་སྐྱོང་མཆོག་གིས་གསུང་བཤད་སྤེལ་བ།
Next Post: འོས་མིར་ལངས་མཁན་ཞིག་ལ་ལྟ་བ།

Comments (16) on “ཀླུ་རོལ་ལས་འཕྲོས་པའི་གཏམ།”

  1. ཀླུ་སྨྱོན། says:
    2015-08-12 at 1:53 am

    དགེ་བཤེས་ལགས་དང་རྩོད་པ་མ་རྒྱག དེ་ནས་ག་རེ་ཡིན་ཐལ། ཡང་མི་དྲན་གི ཨོ་རེད། ཀ་བ་ལགས་དང་རྡུང་ཀ་མ་རྒྱག དེ་ནས་ག་རེ་ཡིན་ཐལ། ཡང་མི་དྲན་གི ཨ་ཡོ་ཤེ

  2. བེ་རེ་གདོང་ནག says:
    2015-08-12 at 3:49 am

    ཨ་རི་སོགས་ཡར་ཐོན་ཅན་གྱི་ལུང་པར་ཁ་སྣར་ལྕག་གི་ཕུག་་མཁན་རེ་ཟུང་ཡོད་པ་ནི་སྣང་བ་གང་དྲན་གྱི་རྩེད་མཚར་ཡིན་པ་ལས་ལྷ་འདྲེ་ཀླུ་སྲོལ་གྱི་་རྗེས་ལུས་ཀྱི་ཆོས་ལུགས་ཆོ་ག་སོགས་གང་ཡིན་མིན་པས་མི་ལ་མ་ཁོ་ན་འང་རང་ལ་མཁོ་བའི་རྨོངས་དད་དེ་འདྲ་མིན་པས་མི་མཚུངས་སོ།

  3. སྲིན་པོ་རྫ་རྒན་ says:
    2015-08-12 at 3:57 am

    སྐད་ཆ་བཤད་སྟངས་ལ་བལྟས་ན། དགེ་བཤེས་རང་ད་མཀན་པ་འདྲ།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-08-12 at 4:14 am

    ཧཧཧཧཧ་་་་་་ནུབ་གླིང་ལ་གཞོན་སྐྱེས་ཚོས་ཡན་ལག་ཐམས་ཅད་ལ་བུ་ག་གཏོད་ནས་ལྕག་ལུང་འདོགས་པ་འདི་དང་གཟུགས་པོ་ལ་རི་མོ་འདྲ་མིན་བྲིས་པ་འདི་ཚོ་སེམས་ཁམས་ཐང་པོ་མེད་མཁན་ཅིག་ལ་ངོས་བཟུང་ལས་ཡག་པོར་ངོས་འཛིན་མཁན་དཀོན། སྤྱི་ཚོགས་ནང་དཔྱད་ཞིབ་ཐོངས་དང་ཤེས་རྒྱུ་ཡོད། དེ་བཞིན་འགྲམ་པ་ཕུག་ནས་ལྕགས་སྐུད་བཅུག་པ་འདི་ལ་དགེ་མཚན་ཅི་ཡོད་དམ།

  5. གངས་ཅན་། says:
    2015-08-12 at 4:34 am

    དོ་རྒྱ་ལགས། སེམས་ལྷོད་ལ་བབ་ནས་ཁ་ཁོག་གིས་འདང་རྒྱབ། རེབ་གོང་ཀླུ་རོལ་དུས་ཆེན་ལ་གདོང་དང་ལུས་ལ་ཁབ་གཟེར་དང་ཤིང་གཟེར་རྒྱབ་ནས་མི་ཚོགས་ཀྱི་དབུས་སུ་དཔལ་རྟགས་དང་རྒོད་རྟགས་སྟོན་པ་དང་དེང་སྐབས་གླིང་འདིར་ཁ་སྣ་དང་མཚན་མ་སོགས་ལ་ལྕག་ལོང་རྒྱབ་སྲོལ་དེ་དང་སྡུར་ཐབ་ཡེ་ནས་མེད། ཚེ་འདི་ཤི་གང་ལ་ཡང་ཕན་ཐོག་མེད་པས་རང་ལུས་ལ་ལྕག་གཟེར་ཤིང་གཟེར་རྒྱབ་ནས་ཁྲག་དམར་བཞུར་བ་ནི་དགོས་མེད་དང་དོན་མེད་ཀྱིས་རང་སྡུག་རང་གིས་བཟོས་པའི་སྲོལ་ངན་ཞིག་ལས་ཅི་ཡང་མེད། ཁ་སྣ་དང་མཚན་མ་སོགས་ལ་ལྕག་གི་ཨ་ལོང་རྒྱབ་པ་བཅས་ནི་དེང་སྐབས་མི་རྣམས་ཀྱིས་མཛེས་རྒྱན་དུ་ལྟ་བཞིན་འདུག། དེ་ཡང་ལྕག་གཟེར་དང་ཁབ་གཟེར་རྒྱབ་མཁན་རྣམས་ལ་ལག་རྩལ་དང་སྨན་སྦྱོར་སོགས་ཀྱི་ཆ་རྐྱེན་ལྡན་པའི་ཐོག་ནས་མ་གཏོག་བྱ་བ་བྱེད་མི་ཆོག་པས་དེ་ཤེས་པ་གྱིས། རེད། ཨ་ཕི་རི་ཀའི་མི་ཚོས་ཤེས་ཡོན་སློབ་རྒྱུར་དང་འདོད་མེད་ཁར། ཁ་སྣ་དང་ལུས་ལ་ལྕག་གཟེར་བཀོན་པ་སོགས་ལ་འཛམ་གླིང་ཤེས་ཡོན་ཅན་པ་ཚོས་རྗེས་ལུས་སུ་ལྟ་བཞིན་འདུག། ཤེས་མེད་ཅན་པ་ཚོ་མ་དགའ་ན་ཡང་བྱ་ཐབ་དབོན།

  6. སྐལ་ཚེ། says:
    2015-08-12 at 5:30 am

    དགེ་བཤེས་ནི་དགེ་བཤེས་རང་རེད། མི་རིགས་འདི་ད་དུང་རྗེས་ལུས་ཀྱི་དོང་དུ་གཡུག་ཤོག ཚེ་འདི་ཕྱི་གང་ལའང་མི་ཕན་པའི་རྗེས་ལུས་ཀྱི་ཆ་ལུགས་འདི་འདྲ་མི་རིགས་གཞན་པས་མཐོང་ན། ད་དུང་བོད་འདི་གདོད་མའི་མི་རིགས་ལྟར་ཤིང་ལོའི་གོས་གྱོན་པའི་གང་ཡང་མི་ཤེས་པ་ལྟར་མཐོང་སྲིད། དེང་དུས་ཀྱི་ན་གཞོན་ཁ་སྣ་དང་མཚན་མ་སོགས་ལ་ལྕགས་ལུང་བཀོན་མཁན་རྣམས་ནི་ཕལ་ཆེ་བ་ཉལ་ཐ་འཐེན་མཁན་དང་། བསམ་པ་ཐང་པ་མེད་པ་རྐྱང་རེད། དགེ་བཤེས་ཁྱོད་ཀྱིས་མིག་དཔེ་དེ་དག་ལ་བལྟ་སྟེ་རིབ་གོང་གི་ཡུལ་སྡེ་རྣམས་ཀྱང་ཁོ་ཚོ་ལྟར་བཟོ་རྒྱུ་ཡིན་ནམ།

  7. ཁུ་བྱུག says:
    2015-08-12 at 6:55 am

    དགེ་བཤེས་ཀླད་སྟོང་གང་ཞིག རྨོངས་ཞེན་གྱིས་བླུས་པ་འདྲ། ཁ་ནས་གང་ཐོན་སྡིག་པ་རྐྱང་རེད། གོ་ཐོས་སུ་གདན་ས་ཁག་ནས་དགེ་བཤེས་མིང་ཙམ་པ་༼ཞང་གོ༽མང་པོ་ཐོན་བཞིན་འདུག་ཟེར། འདི་བ་དེའི་ནང་ནས་གཅིག་མིན་འགྲོ
    གསལ་བཤད། ཞང་གོ་ཞེས་པའི་ཐ་སྙད་བྱུང་ལུགས་མ་ཤེས་ཀྱང་། གདན་སའི་དགེ་བཤེས་མིང་ཙམ་པོ་བ་དང་།གནའ་དེང་གི་ཤེས་ཡོན་མེད་རིགས་ལ་འབོད་པའི་ཚིག་ཅིག་ཡིན་ཟེར།

  8. ལྷ།བྱ་འཕུར་མ། says:
    2015-08-12 at 7:56 am

    དོ་རྒྱ་དགེ་བཤེས་འབོད་པ་འདི་བ་ཚང་གིས་ནུབ་ཕྱོགས་ཀྱི་གཞོན་སྐྱེས་ཚོ་སྣ་རྣ་མཚན་མ་སོགས་ལྕགས་ཀྱུ་འདོགས་པ་དང་ལུས་ཕུང་ལ་རི་མོ་བརྐོ་པ་སོགས་དགེ་མཚན་ཡོད་པ་དང་ལུགས་སྲོལ་ཡིན་པ་ཞིག་ངོས་འཛིན་བྱེད་ཀྱི་འདུག ནུབ་ཕྱོགས་མགོ་སེར་བརྒྱ་ཆའི་བརྒྱད་ཅུས་གོང་གི་ངན་གོམས་འདི་རིགས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།དེ་ཙམ་ཡིན་ན།

  9. BONPO says:
    2015-08-12 at 8:26 am

    ཁུ་བྱུག་ལགས། ༼ཞང་གོ༽ ཟེར་བ་དེ་ཕལ་ཆེར་ཞང་ཞུང་གི་མགོ་ཟེར་བ་ཡིན་འགྲོ་ཧ་ཧ་ཧ། ཞག་མགོ་ཟེར་བ་རེད། སློབ་སྦྱོང་མི་བྱེད་པར་ཞག་རྐྱང་རྐྱང་ཟ་ནས་མགོར་ཕྱིན་པའི་མི་བུ་དེ་ཚོ་ལ་གོ སྔོན་མ་ཁོང་ཚོ་ལ་ཤ་ཁྲལ་བསྡུ་རྒྱུ་ཡོད་པས་ཞག་མང་པོ་ཟ་རྒྱུ་ཡོད་པ་ཡིན་ས་རེད་འདུག་བ། ཧ་ཧ་ཧ། །

  10. ཀླུ་སྨྱོན། says:
    2015-08-12 at 11:33 am

    ལྷ་བྱ་འཕུར་མ། ང་ནུབ་ཕྱོགས་སུ་ཡོང་ནས་ལོ་བཅུ་གསུམ་འགྲོ་ལ་ཉེ་བའི་རིང་ཉི་མ་གཅིག་ལ་ཡང་ནུབ་ཕྱོགས་པ་ཞིག་གིས་གཙགས་རིས་དང་ཨ་ལོང་སྐོར་སྐད་ཆ་ངན་པ་བཤད་པ་ཐོས་མ་མྱོང་། ཁྱེད་ལ་འདིའི་ཐད་མི་དམངས་དེ་འདྲའི་ཚད་མཐོན་པོ་ཞིག་མི་དགའ་བའི་ཁུངས་སྐྱེལ་ཡིག་ཆ་འདྲ་ཡོད་དམ།

  11. ལྷ།བྱ་འཕུར་མ། says:
    2015-08-12 at 6:50 pm

    ཀླུ་སྨྱོན་ལགས། ཧ་ཧ་ཧ། སྐུ་ཉིད་སྡོད་གནས་དགོན་པའམ་གྲྭ་ཚང་ཡིན་དུས་ཁག་མེད། སྦྱིར་ནུབ་ཕྱོགས་མི་སེར་དཀྱིལ་མ་དང་ལྷག་པར་དུ་ཤེས་ཡོན་ཅན་ཚོས་རི་མོ་བརྐོ་བ་ནི་མ་རབས་ལ་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིའི་དམག་མིའི་ནང་་གཞོན་སྐྱེས་གང་རུང་ཞིག་གསར་ཞུགས་བྱེད་སྐབས། ཁོའི་ལུས་ཕུང་བདེ་ཐང་ལ་བརྟག་དཔྱད་སྐབས་གཟུགས་པོའི་སྟེང་ལུས་སྟེང་ཁབ་གཙགས་རི་མོ་ཡོད་ཚེ། དམག་མིའི་ནང་འཛུལ་ཆོག་གི་མེད་པ་གསར་ཞུགས་དམག་མིའི་སྔོན་འགྲོའི་ཆ་རྐྱེན་ནང་བཞག་ཡོད། ཡིན་ནའང་། ད་ལོར་ནས་བཟུང་ཆ་རྐྱེན་དེ་མེད་པ་བཟོས་པ་མ་ཟད་། ཨ་རིའི་དམག་དོན་ལྷན་ཁང་གིས་དམག་མིའི་ནང་ཁུལ་དུ་མཚན་མཐུན་འཁྲིག་སྤྱོད་དང་གཉེན་སྒྲིག་བྱེད་ཆོག་པར་ཆོག་མཆན་སྤྲད་པ་རེད། དེ་ཡང་ད་ལོར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཨ་རིའི་རྒྱལ་ཡོངས་ནང་མཚན་མཐུན་གཉེན་སྒྲིག་བྱེད་ཆོག་པར་ཁྲིམས་མཐུན་བཟོས་པའི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། འདི་ཟུར་བརྗོད་ཙམ་ཡིན་ལགས།

  12. ལྷ།བྱ་འཕུར་མ། says:
    2015-08-12 at 7:21 pm

    ཀླུ་སྨྱོན་ལགས། དྲ་ཐག་འདི་གཉིས་ལ་གཟིགས་རོགས།
    http://ec.militarytimes.com/pdfs/r670_1.pdf གལ་སྲིད་ཁབ་གཙགས་རི་མོ་ཡག་པོ་ཡོད་ན་དམག་མིའི་སྒྲིག་གཞི་འཇོག་དགོས་དོན་མེད།
    http://www.cbc.ca/news/world/u-s-supreme-court-legalizes-same-sex-marriage-in-all-50-states-1.3127280 ཨ་རིའི་ནང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོས་པའི་སྐོར་ཡིན།

  13. སྤོབས་པ་མཐའ་ཡས། says:
    2015-08-12 at 11:02 pm

    དོ་རྒྱ་དགེ་བཤེས་ཀྱི་གསུངས་པ་ལ་མངོན་པར་བསྟོད། འདི་ན་མི་ཁ་ཤས་ཀྱིས་ཀླུ་རོལ་ནི་རང་རང་གི་ཆོས་ལུགས་དང་མཐུན་གྱི་མི་འདུག་ཟེར་ནས་དམོད་ཁུལ་བྱེད་ཀྱིན་ཡོད་པ་རེད། རང་རང་གི་ཆོས་ལུགས་དང་མཐུན་རུང་མ་མཐུན་རུང་འདི་ས་གནས་དེའི་མི་ཐོག་གོང་མའི་གོང་མ་ནས་བརྒྱུད་ཡོང་བའི་གནའ་བོའི་རིག་གནས་སྲོལ་རྒྱུན་ཞིག་རེད། ངའི་ཆོས་དང་མཐུན་གྱིན་མི་འདུག་ཟེར་ནས་དགག་རྐྱང་བྱེད་འདུག་པ་དེ་ཁ་ཆེ་འཁྲེགས་འཛིན་པའི་བྱེད་སྟངས་རེད། མ་གཟབ་ན་ཉིན་ཞིག་འཇིགས་སྐུལ་རིང་ལུགས་པའི་མིང་ཡང་འདོགས་སྲིད་པ་རེད། གནའ་བོའི་སྲོལ་རྒྱུན་ནང་ན་དེང་རབས་ཀྱི་ཁྲིམས་ལུགས་དང་དཔལ་འབྱོར་ན་གནོད་སྐྱོན་ཚབ་ཆེན་མེད་ན་ཅིའི་ཕྱིར་དགག འདི་འདྲ་སྐྱོན་ཆུང་ཚགས་ནས་བཙལ་བསྡད་ན་སྐྱོནམེད་པ་ཞིག་ག་ལ་ཡོད། མདོར་ན་། ང་རང་ཡང་མ་འོངས་པར་ཀླུ་རོལ་ལ་མཉམ་ཞུགས་ཀྱིས་ལྟད་མོ་དང་ཉམས་མྱོང་བསག་འདོད་ཡོད།

  14. ཁྱུང་སེ། says:
    2015-08-13 at 1:06 am

    ད་ལན་སྤོབས་མཐས་མི་སྐད་ཅིག་སྒྲོགས་སོང་དེ་མིན་བོད་རང་ས་ནས་བྱུང་བ་དེ་ཚོར་མིག་ལོག་སྟོན་ཡོང་གི་ཡོད། གསར་པ་ཐམས་ཅད་འདྲེ་རུ་བལྟ་བའི་ལྟ་བ་དེ་ཡིས་བོད་འདི་རྗེས་ལུས་ནང་ནས་རྗེས་ལུས་སུ་ལྷག་ཡོད། ཏིང་ཤོ་པིང་གིས་བསྒྱུར་བཅོས་རིམ་པ་མཐར་ཕྱིན་པ་བྱས་པ་ལ་བརྟེན་ནས་རྒྱ་ནག་འདི་བཞིན་འཛམ་གླིང་གི་རྒྱལ་ཁབ་ནས་སྟོབས་ཆེན་ཞིག་ཏུ་གྱུར་ཡོད། ཨ་རི་ལས་སོགས་ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཁག་ཏུ་གཟུགས་པོར་མིག་ཁུང་ཕུག་ནས་ལྕགས་ལས་སོགས་ཀྱིས་བརྒྱན་ཡོད་དེ་ཚོར་ཡ་མཚར་གང་ཡང་བརྩི་གི་མེད། མ་ཟད་བོད་ལའང་ཕོ་མོ་དབྱེར་མེད་ཀྱིས་རྣ་བ་ཕུག་ནས་གསེར་དངུལ་གྱི་ལུང་འདོགས་སྲོལ་ཡོད། བུད་མེད་རྣམས་ཀྱི་མགོ་ལ་གཡུ་བྱུར་ལས་སོགས་ཀྱིས་བརྒྱན་སྲོལ་ཡོད་དེ་དག་ནི་བླུན་སྤྱོད་ཅིག་ནམ་ཡང་མིན།

  15. ངག་དབང says:
    2015-08-13 at 1:09 am

    དོ་རྒྱ་དགེ་བཤེས་ སྡིག་དམོད་མང་ཙམ་གནང་འདུག རྒྱུ་མཚན་རྣམ་དག་གང་ཡང་བཤད་མི་འདུག

  16. རང་བྱུང་རིག་པའི་རྡོ་རྗེ says:
    2015-08-14 at 1:30 am

    འཛམ་གླིང་གང་སར་ཡར་རྒྱས་ཀྱི་རྣམ་པ་འགྲོ་བཞིན་འདུག་པས། སྔར་གྱི་ལུགས་སྲོལ་ངན་པ་དག་འུ་བཙུགས་བྱས་ནས་འཛིན་དགོས་ཀྱི་མ་རེད་སྙམ། དེང་སང་འཛམ་གླིང་འདིའི་ནང་དུ་རྒྱལ་པོ་རིང་ལུགས་ཉམས་ཀྱི་ཡོད་པ་རེད། བོད་ལ་མཚོན་ན་སྤྲུལ་སྐུའི་རིང་ལུགས་ཉམས་ཀྱི་ཡོད་པ་གསལ་པོ་ལགས། དེ་དང་དེ་བཞིན་སྔོན་གྱི་ལུགས་སྲོལ་ངན་པ་ཉམས་ན་ཡག་པོ་རེད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme