Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༡༦ལོའི་སྲིད་སྐྱོང་གི་ཞབས་སྟེགས་བློ་བཟང་སེང་གེ་ལ་འཐོབ་མི་སྲིད།

Posted on 2015-08-102015-08-10 By ཁ་བརྡ 34 Comments on ༢༠༡༦ལོའི་སྲིད་སྐྱོང་གི་ཞབས་སྟེགས་བློ་བཟང་སེང་གེ་ལ་འཐོབ་མི་སྲིད།

སྤྱན་ཆེན་པོ།

 

ད་སྐབས་དྲ་རྒྱའི་བརྒྱུད་ལམ་ཁག་ན་འུར་དང་ཤེད་ཀྱིས་གླེང་བཞིན་པ་ནི་༢༠༡༦ལོའི་སྲིད་སྐྱོང་སུ་ལ་འཐོབ་མིན་དེ་རེད། དེ་ཡང་ཉེ་སྔོན་སྐལ་བཟང་སྤེན་པ་ཟེར་བ་ཞིག་གིས་༼༢༠༡༦ལོའི་སྲིད་སྐྱོང་གི་ཞབས་སྟེགས་སུ་ལ་འཐོབ་སྲིད་དམ་༽ཞེས་པའི་རྩོམ་ཡིག་ཅིག་བྲིས་འདུག་ལ་རྩོམ་ཡིག་དེའི་ནང་བློ་སེང་གི་ཕྱོགས་ལ་ཞིབ་འཇུག་བྱེད་མ་ཐུབ་པའམ་ཡང་ན་བློ་སེང་གི་ངོ་གདོང་ངོ་མ་དེ་སྔོག་མ་ཐུབ་པར་༢༠༡༦ ལོའི་སྲིད་སྐྱོང་དེ་བློ་བཟང་སེང་གེ་ལ་འཐོབ་པའི་སྔོན་དཔག་ལྟར་སྣང་བ་ཞིག་བྱས་འདུག   ངས་རྩོམ་ཡིག་དེ་མཐོང་དུས་བློ་སེང་སྔོན་མ་སྲིད་སྐྱོང་གི་ཞབས་སྟེགས་ལས་མར་འཁོར་སྐབས་ཀྱི་རྩ་དོན་གསུམ་དང་རྩ་བའི་དམ་བཅའ་སོགས་ཡིད་ལ་ཤར་ནས་༢༠༡༦ལོའི་སྲིད་སྐྱོང་གི་ཞབས་སྟེགས་དེ་བློ་སེང་ལ་མི་འཐོབ་པའི་རྒྱུ་མཚན་འགའ་བགྲང་རྒྱུ་ཡིན།

 

༢༠༡༦ལོའི་སྲིད་སྐྱོང་གི་འོས་མིའི་ཁོངས་སུ་ད་སྔ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་།  ཚོགས་གཙོ་སྤེན་པ་ཚེ་རིང་མཆོག  དེ་མིན་བཀྲ་ཤིས་དབང་འདུས། ཨ་ཚོགས་ཀླུ་མཁར་བྱམས་བཅས་ཐོན་ཡོད་ཀྱང་།  ཨ་ཚོགས་ཀླུ་མཁར་བྱམས་དང་བཀྲ་ཤིས་དབང་འདུས་གཉིས་ནི་གནས་སྐབས་ཀྱིི་དགོས་མཁོ་འམ་ཡང་ན་དམིགས་ཡུལ་གཞན་ཞིག་གི་ཆེད་དུ་སྲིད་སྐྱིང་གི་འོས་མིའི་ཁོངས་སུ་ལངས་པ་ལས་ཁོ་གཉིས་ལ་སྲིད་སྐྱོང་གི་ཞབས་སྟེགས་དེ་མི་འཐོབ་པ་ཁོ་གཉི་ཀས་ཀྱང་ཤེས་ཡོད་ལ་དངོས་གཞིའི་སྐབས་སུ་ཕལ་ཆེར་འོས་ཤོག་ཁ་འཐོར་དུ་མི་འགྲོ་བའི་ཆེད་ཁོ་གཉི་ཀས་ཕྱིར་འཐེན་བྱེད་ངེས་ཡིན།   ༢༠༡༦ལོའི་སྲིད་སྐྱིང་གི་ཞབས་སྟེགས་མཐའ་མའི་འཕྲོག་རྩོད་ནི་བློ་སེང་དང་སྤེན་ཚེ་གཉིས་ནས་བྱེད་དགོས་ལ་མཐར་དེད་ན་མདོ་སྟོད་སྨད་གཉིས་ནས་བྱེད་དགོས།  མདོ་སྟོད་སྨད་གཉིས་ལས་སུ་ཞིག་ལ་རྒྱལ་ཁ་ཐོབ་མིན་ནི་དབུས་གཙང་མི་མང་གི་རྒྱབ་སྐྱོར་ལ་བརྟེན་དགོས་ལ། དེ་ཡང་སྤེན་ཚེ་ལ་རྒྱབ་སྐྱོར་འཐོབ་པར་ཉེ་སྔོན་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཀྱི་ཐོག་ནས་ཕལ་ཆེར་ཐག་གིས་བཅད་ཡོད།          འོ་ན་བློ་སེང་ལ་རྒྱབ་སྐྱོར་མ་བྱས་པའི་རྒྱུ་མཚན་ནི་གང་རེད་ཟེར་ན།  བློ་སེང་སྐབས་བཅོ་ལྔ་བའི་སྲིད་སྐྱིང་གི་འོས་མིའི་ཁོངས་སུ་ལངས་སྐབས་ཁོའི་ཁ་ནང་ལ་འཕྲེད་ཀྱིས་བཟུང་ནས་ཤེད་ཀྱིས་བསྒྲགས་གཏམ་སྤེལ་བ་ནི་ཆིག་སྒྲིལ་དང་རང་ཁ་རང་གསོ།  གསར་གཏོད་བཅས་རེད། ད་དུང་ཁོས་སྲིད་སྐྱོང་དམ་འབུལ་གྱི་ཉིན་མོར་སྤེལ་བའི་དམ་བཅའི་ནང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་ནང་ཁེ་ལས་པ་འབུམ་གཅིག་དང་བཙན་བྱོལ་ནང་ཁེ་ལས་པ་ཁྲི་གཅིག་སྐྱེད་སྲིང་བྱེད་རྒྱུའི་དམ་བཅའ་དང་བཅས་སྲིད་སྐྱོང་གི་ཞབས་སྟེགས་དེའི་སྟེང་ནས་སྟོང་བཤད་ནམ་མཁར་མི་ཤོང་བ་ཞིག་བྱས།      བོད་རྒྱ་འབྲེལ་མོལ་དང་ཤེས་ཡོན་སྲིད་བྱུས་གཉིས་ནི་བོད་མིའི་དཀའ་རྙོག་སེལ་བྱེད་ཀྱི་ཐབས་ལམ་ཡག་ཤོས་དང་མི་རིགས་ཀྱི་རིན་ཐང་དང་ཚེ་སྲོག་ལྟ་བུར་གྱུར་ཡོད་པས།   ཁོས་ཀྱང་དེ་གཙོ་བོར་དམིགས་ནས་ཤེས་རིག་བཀའ་བློན་གྱི་འགན་ཡང་གཅིག་ལྕོགས་སུ་བཞེས་ནས་མི་ལོ་གསུམ་འདས།        ༢༠༡༤ལོའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་སྐབས་སྔོན་མའི་བཀའ་ཤག་གིས་སྲབ་བརྟན་དུ་བཏང་ཡོད་པའི་སློབ་གྲྭ་ཁག་གི་ནང་གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་བྱུས་ལ་དགེ་རྒན་གྱིས་མ་འདང་བ་དང་ཡོད་པ་རྣམས་སྤུས་ཀ་ཞན་པ་ལ་སོགས་པའི་དབང་གིས་ཤེས་ཡོན་སྲིད་བྱུས་ཀྱི་མ་ལག་དང་བཅས་པ་ཁ་འཐོར་དགུ་འཐོར་དུ་སོང་བ་དེ་ལ་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་དགོས་པའི་གྲོས་འཆར་ཞིག་སྤྱི་འཐུས་རྒྱུན་ལས་ནས་འཁྱེར་ཡོང་དུས་བློ་སེང་གིས་དེ་ལ་དགག་པ་བརྒྱབ་ཡོད་ཀྱང་མཐར་སྤྱི་འཐུས་མང་མོས་ནས་རྒྱབ་སྐྱོར་མ་ཐོབ་པས་ཞིབ་འཇུག་ཚོགས་ཆུང་འཛུགས་ཐུབ་པ་བྱུང་། འོན་ཀྱང་དུའི་སྐབས་བློ་སེང་གིས་ཤེས་རིག་བཀའ་བློན་ལོགས་སུ་བསྐོས་ནས་རང་ཉིད་ཤེས་ཡོན་སྲིད་ཇུས་དང་གཡོལ་ཐབས་བྱས།

 

བོད་རྒྱ་འབྲེལ་མོལ་ནི་ལོ་འདི་དག་གི་རིང་ལ་གཅིག་ཀྱང་བྱེད་མ་ཐུབ་པ་མ་ཟད་སྐབས་སྔོན་མའི་དམིགས་བསལ་སྐུ་ཚབ་ཀྱིས་དགོངས་པ་ཞུས་རྗེས་དེའི་ཚབ་ལ་སྐུ་ཚབ་ཅིག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག      དེའི་ཕྱིར་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་ཟེར་བ་དེ་ཡང་ཁ་སྟོང་ནང་གི་ཚིག་སྟོང་དུ་གྱུར་པ་མ་ཟད་ད་དུང་༧གོང་ས་མཆོག་གི་སྐུ་སྲུང་གི་ནུས་པ་ཇེ་ཞན་དུ་སོང་ནས་དོལ་རྒྱལ་རྗེས་འབྲང་བ་ཚོ་༧གོང་ས་མཆོག་གི་སྐུ་མདུན་ལ་ཐོན་ནས་སྐད་འབོད་བྱས་པ་ལ་སོགས་རྒྱལ་སྤྱིའི་དྲ་ལམ་ཁག་ལ་ཐོན་ཡོད་པ་བཅས་སོ།།

 

ཁོའི་རྩ་དོན་གསུམ་སྟེ་ཆིག་སྒྲིལ་གྱི་ནུས་པ་ཉམས་ནས་དབུ་མ་དང་རང་བཙན་གཉིས་བར་འགལ་ཟླ་བྱུང་ནས་བོད་མི་འཐབ་རྩོད་པ་རྣམས་ཕྱོགས་གཉིས་སུ་གྱེས་པ་དང་།  ཆོལ་ཁ་དང་ཆོས་ལུགས་བར་གྱི་རྙོག་དྲ་ཆེ་རུ་གྱུར་ནས་ཇོ་ནང་དང་ས་སྐྱ་གཉིས་ཀྱི་རྩོད་གཞི་ལས་བྱུང་བའི་ཇོ་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་དེ་གྲོས་ཚོགས་ར་བའི་ནང་ལ་ཐོན་དུས་ཆོལ་ཁའི་ཕྱོགས་ལྷུང་གི་དབང་དུ་སོང་ནས་མཐར་ཇོ་ནང་པ་གཞིས་བྱེས་ཡོངས་ཀྱིས་བཙན་བྱོལ་གཞུང་ལ་བཟུང་བའི་རེ་བ་ཆད་ནས་ཐབས་ཟད་འུ་ཐུག་སྒོས་བྱེས་སྡོད་ཇོ་ནང་བ་ཚོས་ཚོགས་ཁང་གི་སྒོ་འགྲམ་ནས་ཞི་རྒོལ་བྱེད་དུས་བློ་སེང་གི་ཁ་ནང་ནས་ཚིག་གཅིག་ཀྱང་མ་ཐོན་པ་མ་ཟད་ཁོའི་སྔོན་མའི་དམ་བཅའ་ཆིག་སྒྲིལ་ཟེར་བ་དེ་ཡང་གར་སོང་ཆ་མེད་དུ་གྱུར།

 

རང་ཁ་རང་གསོ་ནི་དེ་ལས་ཀྱང་སྟོང་གཏམ་དུ་གྱུར་ཡོད་པས་རྡ་སའི་རི་གྲོང་ན་ཡོད་པའི་བདག་མེད་ཀྱི་གསར་འབྱོར་བ་ཚོས་རང་ཁ་མ་སོས་པར་རང་ཡུལ་ལ་ལོག་མཁན་མང་དུ་སོང་བ་དང་ཁ་ཅིག་བུ་ལོན་ཕོན་ཆེན་བླངས་ནས་ཕྱི་རྒྱལ་ཁག་ལ་ཐར་ཐབས་བྱས་ནས་ད་སྐབས་རྡ་སའི་རི་གྲོང་བོད་མིས་སྟོང་ལ་ཉེ་བ་འདི་ཡང་རང་ཁ་མ་སོས་པའི་དན་རྟགས་ལས་གཞན་གང་ཡང་མ་ཡིན་ནོ།།   ད་དུང་གངས་སྐྱིད་ན་ཡོད་པའི་གཞུང་ཞབས་ཚོས་ཀྱང་ཟླ་ཕོགས་ཀྱིས་རང་ཁ་མ་སོས་པའི་དཀའ་ངལ་འོག་རྩ་དགོངས་ཞུ་མཁན་ཇེ་མང་ལ་འགྲོ་བཞིན་པ་འདི་ཡང་རང་ཁ་རང་གིས་མ་སོས་པས་རང་ཁ་རང་གསོ་ཟེར་བའི་རྩ་དོན་དེའི་རང་གཟུགས་ཕྱི་རུ་བསྟན།

 

གསར་གཏོད་ནི་ད་སྐབས་སྲིད་སྐྱིང་མཆོག་ཕྱི་རྒྱལ་ཁབ་ཁག་ལ་ཕྱོགས་སྐྱོད་རྐྱང་རྐྱང་ལ་ཕེབས་པ་དེ་ཡིན་ན་མ་གཏོགས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་བསྐོར་བ་གསུམ་བརྒྱབ་ཀྱང་བཙལ་ནས་མི་རྙེད་པས་དོན་ངོ་མས་བློ་སེང་གི་གསར་གཏོད་ནི་ཉེས་ཅན་པ་བཞིན་གང་ཞིག་ན་སྦས་ཡོད་དམ།
གོང་གི་འཐུས་ཤོར་ལ་སོང་བ་དང་བོད་མི་རྣམས་ལ་མགོ་སྐོར་བསླུ་བྲིད་ཀྱི་སྐད་ཆ་འདི་དག་གི་རྒྱུ་མཚན་ལས་བཙན་བྱོལ་བ་ཚོ་བློ་སེང་ལ་ཨ་ཐང་ཆད་ཡོད་པས་༢༠༡༦ལོའི་སྲིད་སྐྱོང་གི་ཞབས་སྟེགས་དེ་བློ་སེང་ལ་མི་འཐོབ་པའི་རྒྱུ་མཚན་ཡིན་ནོ།།

༢༠༡༥-༨-༩ཉིན་གྱི་མཚན་མོར་བྲིས།

བསམ་ཚུལ།

Post navigation

Previous Post: མ་འོངས་པའི་ལོ་ལྔ་ནས་བཅུའི་ནང་རྒྱ་ནག་དམངས་གཙོར་འགྱུར་སྲིད་པ་རེད།
Next Post: བོད་ཉྭ་ཚིག་རྙིར་བཙུད།

Comments (34) on “༢༠༡༦ལོའི་སྲིད་སྐྱོང་གི་ཞབས་སྟེགས་བློ་བཟང་སེང་གེ་ལ་འཐོབ་མི་སྲིད།”

  1. ནད་མེད་ཚེ་རིང་ says:
    2015-08-10 at 7:44 am

    དཔྱད་པ་གང་ལེགས་གནང་འདུག་པ་མ་ཟད། སྲིད་སྐྱོངས་ཀྱི་ཞབས་སྟེགས་འགྲན་རྩོད་པ་རྣམས་ཀྱི་ཐོག་ཚོད་རྩིས་འོས་འཚམས་རྒྱབ་འདུག་པས་བསྔགས་བརྗོད་ཞུ་རྒྱུ་ཡིན།

  2. ཀརྨ་བློ་གསལ་ says:
    2015-08-10 at 8:16 am

    སྤྱན་ཆེན་པོ་ལགས། སྤྱན་ལོང་འདུག་ག ད་རེས་ཀྱི་འོས་འདེམས་འདི་ནི་རང་བཙན་དང་དབུ་མའི་འགྲན་རྩོད་ཆགས་ཀྱི་རེད། བོད་ནང་ག་འདྲའི་འུར་ལངས་འདུག བློ་སྤེན་བཀྲ་གསུམ་དབུ་མ་དང་། ཀླུ་ནི་རང་བཙན་རེད། གཅིག་བྱས་ན་མདོ་སྨད་དུམ་བུ་ཁ་ཤས་འགྱུར་སྲིད་མོད། མི་གྲངས་ཉུང་བས་ཤུགས་རྐྱེན་ཡོད་པ་མ་རེད། འོས་འཕེན་མང་ཆེ་བ་མདོ་སྟོད་དང་དབུས་གཙང་རེད། དབུས་གཙང་ནང་གཞོན་ལྷན་དང་སློབ་ཕྲུག་ཚོགས་པ་མང་ཤོས་དང་ལྟ་བ་རང་བཙན་རེད། དེ་ནས་དབུ་མའི་ལམ་གྱི་འོས་ཤོག་མི་གསུམ་ལ་བགོ་དགོས་པ་དང་། རང་བཙན་པའི་འོས་ཤོག་གཅིག་ཏུ་སྤུངས་ཐུབ་ངེས་རེད། སུ་ལ་ཐོབ་མིན་ད་དུང་བཤད་ཡ་ཁག་པོ་རེད་ད།

  3. ཞོལ་གཡག་འབྲོང་རྒྱུད། says:
    2015-08-10 at 9:58 am

    སྤེན་ཚེ་རྒྱགས་པ་དེ་རང་བཙན་ལྟ་གྲུབ་པ་དགྲར་ལངས་བ་ཞིག་རེད། ཁོས་དེ་སྔོན་གྲོས་རྭའི་ནང་ལྷ་འཁྲུགས་འུར་ལངས་སྐབས་མངོན་སུམ་འཛེམས་མེད་ཀྱིས་གཞུང་གི་རྐུབ་སྟེགས་བེད་སྤྱད་དེས། ཀླུ་མཁར་བྱམས་ཀྱི་མིང་བཏོན་གྱིས་རྐུབ་གྲལ་གཅིག་ཏུ་གཏམ་བཤད་མི་བྱེད་རྒྱུའི་དམ་བཅའ་བཞག་ཟིན་པ་རེད་ལ། མདོ་སྨད་སྤྱི་མཐུས་བར་མའི་འོས་བསྡུ་སྐབས་འོས་བསྡུ་ལྷན་ཁང་གི་ཁྲིམས་སྒྲིག་ཡང་དག་ལག་བསྟར་མ་བྱས་པའི་ངན་ཇུས་འཐེན་མཁན་ཡོད་ན་མེད་ན་གཅིག་རེད། བྱས་ཙང་ད་རེས་ཀླུ་བྱམས་ཀྱིས་གསར་འགོད་བསྒྲགས་གཏམ་ནང་དད་པ་ལོག་སྤྱོད་དང་བྲན་གཡོག་གི་གཤིས་ཀ་ལ་ངོ་རྒོལ་བྱེད་ས་ཡོད་ན་མེད་ན་དེ་ཁོ་རེད། རྒྱུ་མཚན་དེས་སྤེན་ཚེ་ནད་མི་ཐེག་པར་གྲ་སྒྲིག་དང་འཆར་སྒོ་དམིགས་བསལ་བ་ཅི་ཡང་མེད་པར་བྲེལ་འཚུབ་ངང་གསར་འགོད་སྒྲག་གཏམ་སྤེལ་སོང་། དེས་ན་༢༠༡༦ ལོའི་སྲིད་སྐྱོང་གི་འོས་འཕེན་དེ་འཁྲུག་ཆ་དོད་ལ་ལྟ་གྲུབ་གཉིས་དང་རྒན་གཞོན་གཉིས་ཀྱི་བསམ་བློའི་འདུ་ཤེས་དབར་གྱི་དམག་འཁྲུག་ཅིག་འབྱུང་མི་སྲིད་པ་མ་རེད།
    དེ་དང་ཆབས་ཅིག་སྤྱན་ཆུང་ངུས་སྤེན་ཚེ་ལ་སྒྲིག་འཛུགས་གཞུང་སྐྱོང་བའི་འཆར་སྒོ་དམིགས་བསལ་བ་ཅི་ཡང་མེད་པར་སྲིད་སྐྱོང་བློ་སེང་ལྟ་བུའི་ལོ་ལྔ་འདུག་སེ་འཕུད་རྒྱུར་ཁྱད་པར་མེད་པ་དེ་མ་མཐོང་བ་དེ་ཡ་མཚན་རེད། མ་གཞི་བློ་སེང་ལ་ཡང་ཅི་ཁག་སྒྲིག་འཛུགས་སྲིད་གཞུང་འདི་ཞི་ཁྲོའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་གྲུ་བཞིའི་ནང་གནས་ཡོད་ཙང་། སྒེའུ་ཁུངས་རེ་རེ་ནས་ཞི་ཁྲོའི་ལྷ་ཚོགས་རེ་རེས་གཟིགས་བསྡད་ཡོད་ཙང་བློ་སེང་གྱིས་གསར་གཏོད་ཀྱི་འགྲོ་ལམ་འགག་ཚར་བ་རེད་ལ། ཆིག་སྒྲིལ་ནི་དེ་བས་ཀྱང་ཞི་ཁྲོའི་ལྷ་ཚོགས་ཀྱི་དམ་ཚིག་སྡོམ་པ་སོགས་ལས་འགལ་མི་རུང་བས་གཞུང་སྲིད་བར་གནས་མི་ཐུབ་པ་དེ་རེད། རང་མགོ་རང་གསོ་ནི་ཟམ་གདོང་བཀའ་ཤག་གིས་བཙན་བྱོལ་བོད་གཞུང་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འདུ་ཤེས་དོར་ནས་ནང་བསྟན་གྱི་ཆོས་གཞིས་ལ་བསྒྱུར་བཅོས་སྒོ་དབྱེ་མཛད་ཙང་། སློང་མོ་བའི་ལམ་ལུགས་དང་བྲན་གཡོག་གཤིས་ཀ་འཇག་པར་བྱས་ཟིན་པས་བློ་སེང་གིས་སློང་མོ་བའི་འདུ་ཤེས་དང་བྲན་གཡོག་གཤིས་ཀ་བསྒྱུར་བཅོས་ཀྱི་ཐབས་ལམ་མེད་སོང་བ་དེ་རེད་དོ།
    ོ

  4. ཅོ་རི་ཉི་མ། says:
    2015-08-10 at 10:13 am

    འབྲོང་ལགས་་་ཁམས་བཟང་། ཁྱོད་ཕེབས་པར་དགའ་པོ་བྱུང་།

  5. གངས་ཅན་། says:
    2015-08-10 at 10:14 am

    སྤྱན་ཆུང་ལ་འབྲོང་རྒྱུད་ལགས་ཀྱིས་ལན་དེ་གས་ཆོག་འདུག།

  6. ཞོལ་གཡག་འབྲོང་རྒྱུད། says:
    2015-08-10 at 10:27 am

    བློ་མཐུན་ལགས། བཀྲིས་བདེ་ལེགས། ཁམས་བཟང་། ཁམས་བཟང་།

  7. ཅོ་རི་ཉི་མ། says:
    2015-08-10 at 10:38 am

    གནད་འགག་ཆེ་ཤོས་ཤིག་ལ་བཙན་བྱོལ་བོད་མི་རྣམས་ཀྱིས་རང་རང་གི་ཆབ་སྲིད་ཀྱི་ལྟ་གྲུབ་གཞིར་བཞག་ནས་འོས་བླུག་དགོས་ཀྱི་གལ་ཆེན་རེད། བོད་རང་བཙན་འཐབ་རྩོད་པ་ཚོས་རང་གི་ལྟ་གྲུབ་གཡུགས་ནས་དབུ་མའི་ལམ་གྱི་མི་མངོན་པའི་བྲན་གཡོག་ཚོ་ལ་འོས་བླུགས་ན་ཁ་བཤད་ལག་ལེན་མ་མཐུན་པ་རེད་ལ་རང་མགོ་ཆུ་འདྲེན་བྱས་པ་རེད།

    གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་དང་། གཞོན་ལྷན་གྱིས་ངོས་ནས་གཏམ་བཤད་གོ་སྒྲིག གཞོན་ལྷན་གྱི་ལྟ་གྲུབ་སྲ་བརྟེན་ཡོང་ཆེད་དུ་ཤུགས་རྒྱབ་དགོས་ངེས་རེད་བསམས་ཀྱི་འདུག

  8. བེ་རེ་གདོང་ནག says:
    2015-08-10 at 10:42 am

    སྤེན་ཚེ་དང་བློ་སེང་གཉིས་ལས་གཞན་ཀླུ་བཀྲ་གཉིས་ལ་དམིགས་ཡུལ་གཞན་ཅིག་ཡོད་ན་མ་གཏོགས་སྲིད་སྐྱོངས་ལ་རེ་བ་མཐོ་པོ་བཅིངས་བའི་ཁ་སྟབས་ནམ་ཡང་མེད། ་མི་ཡི་ལུང་པར་གཞན་དབང་སྟབས་སྟུན་ཡིན་ཙང་དམིགས་བསལ་འབུལ་དུ་ཐོན་པ་དེ་འདྲ་སྔོན་མར་མ་དྲན་པ་དང་མ་འབྱོན་པ་དེ་འདྲ་ལྷག་པོ་ཅི་ཡང་ཡོད་མ་རེད། དྲང་མོ་བཤད་ན་ཁོང་གཉིས་ལ་ཁྱད་པར་ཅི་ཡོད། འོན་ཀྱང་སྐད་གྲགས་ཅན་གྱི་ཧ་ཝར་འབུམ་རམས་པའི་མིང་དང་སྐྱེ་གཟུགས་སོགས་ཀྱི་ཕྱོགས་ནས་སྤེན་ཚེ་ས་བློ་སེང་ལ་བསྡུར་ཐབས་མེད། སླར་ཡང་ལོ་ལྔ་བློ་སེང་རང་འཇགས་རེད་ཟེར་ཆོག

  9. ཅོ་རི་ཉི་མ། says:
    2015-08-10 at 10:58 am

    ཨོ་རེད་་་ཧ་ཝ་མཐོ་སློབ་ཀྱི་འབུམ་རབས་པའི་མིང་ཞིག་ཡོད་པ་བདེན་པ་རེད། ཞལ་འདེབས་སློང་ཡ་དང་ཞབས་བརྟན་བྱེད་ཡ་བློ་སེང་འཇོན་པོ་འདུག ཡིན་ཀྱང་འོས་བསྡུ་སྔོན་མའི་སྐབས་དང་ད་ལོ་གཉིས་ཏོག་ཙམ་འདྲ་ཡི་མ་རེད། འོས་བསྡུ་སྔོན་མའི་སྐབས་སུ་བློ་སེང་གིས་གཞོན་ལྷན་ཕྱོགས་སུ་ལངས་ཕྱོགས་མཐུན་མདོག་མདོག་གི་གཏམ་བཤད་དང་རྣམ་འགྱུར་སྟོན་ཡོད། དེས་གཞོན་ལྷན་གྱི་ཚོགས་མི་མང་པོར་མགོ་སྐོར་ཐད་ནས་བློ་སེང་ལ་འོས་སྤྲད་ཡོད་ངེས་ཡིན། མ་ཟད་ཀླུ་བྱམས་ཡང་བློ་སེང་གི་རྒྱབ་སྐྱོར་བ་རེད། ཀླུ་བྱམས་ཀྱིས་བློ་སེང་ལ་འོས་བླུགས་ཡོད་རེད།

    ད་ལོ་་་བློ་སེང་རྒྱུས་ཡོད་ཆགས་ཚར་བ་རེད། བློ་སེང་གི་དུས་ཡུན་ནང་དུ་གཞོན་ལྷན་དུམ་བུ་ཁ་བྲལ་ཕྱིན་པ་རེད། དབུས་གཞོན་ནུའི་ཚོགས་མི་ཚོས་བློ་སེང་ལ་འོས་བླུག་གྱི་མ་རེད་བསམས་ཀྱི་འདུག ད་ལོའི་འོས་བསྡུ་འདི་ལངས་ཕྱོགས་འཐབ་རྩོད་ཀྱི་འོས་བསྡུ་ཞིག་ཆགས་ཡོད།

  10. གཡུ་བྲག་པ། says:
    2015-08-10 at 12:39 pm

    ད་རེས་ཕན་ཚུན་ལ་དམའ་འབེབ་མ་བྱས་པར་བགྲོ་གླེང་ལྷུག་པོར་གནང་འདུག ཡིན་ན་ཡང་ནམ་རྒྱུན་་རང་བཙན་རང་བཙན་ཟེར་མཁན་གྱི་ངའི་ངོ་དེབ་ནང་གི་དྲ་གྲོགས་རེ་འགས་བློ་སེང་མ་གཏོགས་ཡོད་མ་རེད་ཟེར་གྱིན་འདུག དེ་ཚོའི་ཆབ་སྲིད་ལྟ་གྲུབ་དེ་ག་རེ་ཡིན་ན་བསམ་སོང་། ད་ཐེངས་ཀྱི་འོས་དེ་དོན་གྱིས་མི་དམངས་རྣམས་རང་བཙན་དང་དབུ་གཉིས་ལ་རྒྱབ་སྐྱོར་སུ་མང་བལྟ་བྱེད་ཀྱི་འོས་ཤོག་ངོ་མ་ཞིག་རེད། ཡིན་ན་ཡང་རང་བཙན་རྩོད་ཀྱི་ཡིན་་དབུ་ལམ་རྒྱལ་འཚོང་བ་རེད་ཟེར་མཁན་གཞོན་ནུ་ཚོགས་མི་མང་པོས་ཆོལ་ཞེན་གྱིས་བློ་སེང་ལ་འོས་བླུག་གི་རེད་མ་གཏོགས་ཀླུ་བྱམས་ལ་འོས་འཕེན་ཡ་ཁག་པོ་རེད། དེ་ནི་ངོ་དེབ་དང་སྐད་འཕྲིན་སོགས་ནང་གཞོན་ཚོགས་ཡིན་རང་བཙན་དགོས་ཟེར་མཁན་མང་པོ་ཞིག་གི་བྱ་སྤྱོད་ལ་དཔག་ནས་ལབ་པ་ཡིན་མ་གཏོགས་འོལ་ཚོལ་གྱིས་བཤད་པ་མིན།

  11. རིག་ཡག ། says:
    2015-08-10 at 2:08 pm

    དེང་གི་བཤད་སྟངས་ཞིག་སྟེ། (མི་དེས་འོས་མི་ག་གེ་མོ་དེའི་འོས་ཤོག་ཁ་ཐོར་གཏོང་གི་འདུག་) ཞེས་པ་སྟེ་ཚོགས་གཙོ་སྤེན་པ་ཚེ་རིང་གི་ཡང་སྲིད་སྐྱོང་འོས་མི་བློ་བཟང་སངྒེ་མཆོག་གི་འོས་ཤོག་གཏོར་བ་ཙམ་ལས་ཁོ་རང་གི་ཐོབ་གི་རེད་བསམ་པའི་ཡིད་ཆེས་ཆེར་མེད་པ་འདྲ།

  12. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2015-08-10 at 5:50 pm

    རིག་པ་བཏོན་པ་ཡག་པོ་རེད། འོན་ཀྱང་ཤེས་དགོས་པ་ཞིག་ལ་དབུས་གཙང་གི་འོས་བླུག་མི་འབོར་ཆེན་པོ་རེད་ལ། དབུས་དང་གཙང་གི་རྩོད་རྙོག་ཀྱང་ཆེ་ཐག་ཆོད་ཡོད་རེད། འགན་འཛིན་ལྷན་ཚོགས་ཐོག་སྤྱི་དབང་སྒེར་འཛིན་བྱེད་མཁན་ཁ་ཤས་ཀྱི་ཐག་གཅོད་དེས་དབུས་དང་གཙང་གི་མི་དམངས་ཀྱི་ཚབ་མཚོན་བྱེད་ཐུབ་མིན་གསལ་པོ་རེད། མདོ་སྟོད་སྨད་ཀྱི་མི་དང་མི་འདྲ་བར། དབུས་གཙང་གི་མི་ཕལ་ཆེ་བ་ལ་དེང་དུས་ཀྱི་ཤེས་ཡོན་ལྡན་པ་དང་རང་ཐག་རང་གཅོད་བྱེད་པའི་ནུས་པ་ཡོད་རེད། ཁོང་ཚོ་གཞན་དབང་དུ་མི་འགྲོ འགན་འཛིན་ལྷན་ཚོགས་ཀྱིས་སྤེན་ཚེར་རྒྱབ་སྐྱོར་བྱེད་པ་དགའ་སྔ་མ་དྲགས། ཅི་བྱས་ན་འདི་མིང་ཙམ་ཡིན་སྲིད། དབུས་གཙང་གི་མིས་སྐབས་སྐབས་སུ་ངུ་ངུ་མ་ཤེས། དགོད་དགོད་མ་ཤེས་པ་བཟོ་ཡི་རེད། ཇོ་ནང་པའི་ཆོས་ལུགས་ཐོབ་ཐང་རྩོད་ལེན་གྱི་གནས་བབ་དེ་སྤྱི་འཐུས་གྲོས་ཀྱིས་སེལ་བའི་རེ་བཅོལ་བྱས་པ་རེད། བགྲོ་གླེང་བྱེད་ས་ཡང་མ་ནོར་བ་རེད། འོན་ཀྱང་སྲིད་སྐྱོང་ལ་གྲོས་ཚོགས་བཏང་འཛིན་གནང་བའི་དབང་འཛིན་མེད་པས་ཁག་འགེལ་ས་ཞིག་མི་འགྲོ མ་འཇོན་པ་ཡིན་ན་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་ཚོས་མ་འཇོན་པར་རྩིས་དགོས་པ་རེད་མ་གཏོགས་ཁ་གཡར་ས་ཞིག་མེད།

  13. རྡོ་སེངྒེ། says:
    2015-08-10 at 9:42 pm

    བློ་སེང་གིས་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་སོགས་ཀྱི་དམ་བཅའ་གང་ཡང་བསྒྲུབས་ཐུབ་མེད།
    སྤེན་ཚེ་ཁྲིམས་དཔོན་ཞིག་གནང་ན་ཁོ་རང་གི་གཤིས་ཀ་དང་མཐུན་པོ་འདུག་པ་ལས།
    བློ་སང་ལས་ལྷག་ཅིག་གནང་ཡ་མེད།
    དབང་འདུས་ལ་འང་དམིགས་བསལ་ཞིག་མིན་འདུག
    ཀླུ་བྱམས་ནི་རང་བཙན་པ་དག་གིས་དགའ་མོས་བྱེད་ས་ཞིག་རེད་ལ་འོས་ཀྱང་འཕེན་ངེས་རེད།
    འོན་ཀྱང་རྒན་རབས་པ་དང་དབུ་མ་པ་རྣམས་ཀྱི་འོས་ཤོག་འཐོབ་མི་སྲིད།

  14. ལུང་རྟོགས། says:
    2015-08-10 at 9:47 pm

    རྩོམ་ཡིག་འདི་འབྲི་མཁན་གྱི་མི་དེ་ཆོལ་ཞེན་གྱི་སྐྲན་ནད་ཕོག་ཟིན་པའི་ཁྱི་སྐྱག་གཅིག་ཡིན་པ་སྐད་ཆའི་འགོ་ནས་སྟན་འདུག བོད་མི་ཕལ་མོ་ཆེས་བོད་ཀྱི་སྲིད་སྐྱོང་དེ་མི་འཇོན་ཐང་ཅན་དང་སྤྱི་སེམས་ཅན་ཞིག་གདམ་འདོད་པ་ལས་ཆོལ་ཁའི་དབྱེ་འབྱེད་བྱེད་འདོད་མེད་པ་དྲ་རྒྱའི་ནང་གི་བསམ་ཚུལ་ཁག་ལ་ལྟས་ན་གསལ་པོ་རེད། དེས་ན་མདོ་སྟོད་ཀྱིས་བློ་སེང་དང་མདོ་སྨད་ཀྱིས་སྤེན་པ་ཚེ་རིང་ལ་འོས་བླུག་པར་བཤད་པ་ནི་སྐྱག་དྲི་བྲོ་བའི་སྐད་ཆ་ཞིག་རེད་ལ་ཁོ་རང་མི་གང་འདྲ་ཞིག་ཡིན་པ་ཡང་གསལ་སྟོན་བྱས་པ་རེད།

    སྲིད་སྐྱོང་གིས་གོང་ས་མཆོག་བོད་ལ་གདེན་འདྲེན་ཞུ་ཐུབ་པའི་འབད་རྩོན་བྱེད་རྒྱུ་དང་། བོད་ནང་ཁེ་ལས་པ་འབུམ་གཅིག་དང་བཙན་བྱོལ་ནང་ཁྲི་གཅིག་སྐྱེད་སྲིང་བྱེད་ཐུབ་པའི་དམིགས་ཚད་བཟུང་དགོས་པར་གསུང་པ་ལས། ཁོང་གི་ལས་དུས་རིང་ལ་དེ་འདྲ་ཞིག་བཟོ་ཐུབ་པ་བྱེད་ཀྱི་ཡིན་ཞེས་ནམ་ཡང་གསུངས་མེད། གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་འདྲའི་ལས་སླ་པོ་ཞིག་མིན་པ་མི་སུ་འདྲ་ཞིག་ཡིན་ཡང་ཤེས་གསལ་རེད་ལ། ཁེ་ལས་པ་དེ་འདྲ་མང་པོ་ཞིག་སྐྱེད་སྲིང་བྱེད་པར་ཉུང་མཐར་ལོ་ཉི་ཤུ་སུམ་བཅུ་འགོར་བ་ལས། ལོ་ལྔ་དང་བཅུ་ནང་ལ་ཡོང་ཡ་མེད་པ་རྩ་ཚང་ཡོད་པའི་མི་སུ་ཡིན་ཡང་ཤེས་གསལ་རེད། དེས་ན་སྐད་ཆ་འདི་འདྲ་ལ་གཞི་མེད་སྙོན་འཛུག་ཟེར་བ་རེད།

    ཤེས་ཡོན་སྲིད་ཇུས་ལ་མཚོན་ན་བློ་སེང་གིས་ཡར་རྒྱས་བཏང་བ་ཅང་མེད་ན་ཡང་ཟམ་གདོང་རིན་པོ་ཆེས་གང་གཏན་འབེབ་གནང་བ་དེ་དྲ་མ་ཉམ་གྲུ་མ་ཞིག་པར་གནས་ཡོད་པ་རེད་ལ། བོད་རྒྱ་འབྲེལ་མོལ་ཟེར་བ་དེ་གཞན་དབང་སྟབས་བཏུན་ལས་རང་དབང་གི་སྒོ་ནས་བྱེད་རྒྱུ་ཞིག་མ་ཡིན་པ་ཀུན་གསལ་རེད། ཡང་ན་འབྲེལ་མོལ་མ་བྱས་རང་བྱས་ཀྱི་གནོན་ཤུགས་ཤིག་སྤྲད་ཐུབ་དགོས་ཀྱང་བཙན་བྱོལ་བོད་པ་ཚོ་ལ་དེའི་ནུས་པ་མེད་པས་འདི་ནི་བཙན་བྱོལ་བོད་མི་ཚང་མས་མ་འཇོན་པ་ལས་འདིས་ལན་ཁག་སྲིད་སྐྱོང་གཅིག་པུའི་མགོ་ལ་གཡོག་ན་དྲང་བདེན་གྱི་སྐད་ཆ་ཞིག་ནམ་ཡང་མིན།

    དོལ་རྒྱལ་བས་གོང་ས་མཆོག་ལ་རྒོལ་བ་འདི་ཡང་བཀའ་ཁྲི་ཟམ་གདོང་གི་སྐབས་ནས་ཡོད་པ་ཞིག་ལས་བློ་སེང་གི་དུས་སུ་གསར་དུ་བྱུང་བ་ཞིག་གཏན་ནས་མིན་པས་སྐུ་སྲུང་གི་ནུས་པ་ཞན་དུ་སོང་བ་ཟེར་བ་འདི་ཡང་རྫུན་གཏམ་ཁོ་ན་ཡིན། ལར་ནས་ངོ་རྒོལ་སྐད་འབོད་བྱེད་མཁན་བྱུང་བ་ཙམ་གྱིས་སྐུ་སྲུང་གི་ནུས་པ་ཞན་དུ་སོང་བ་རེད་ཟེར་ན་དེ་ནི་གནས་ལུགས་གང་ཡང་མེད་པའི་སྐད་ཆ་ཞིག་རེད།

    ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་ཉམ་ཟེར་བ་འདི་ཡང་རྫུན་གཏམ་འབབ་ཞིག་རེད། ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་ནི་ད་ལྟ་ལས་ལྷག་པ་ཞིག་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་ཟེར་ཡང་ཆོག་པ་ཞིག་རེད་ལ། ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་ཉམ་གྱི་ཡོད་པའི་སྒྲུབ་བྱེད་ལ་དབུ་རང་བར་གྱི་འགལ་ཟླ་བཀོད་པ་ནི་སྒྲུབ་བྱེད་ཡང་དག་བཀོད་རྒྱུ་མ་རྙེད་པར་གང་དྲན་དྲན་བཤད་བཞག་པ་ཞིག་རེད། དབུ་རང་གཉིས་ནི་བོད་མའི་འཐབ་རྩོད་ཀྱི་ལང་ཕྱོགས་མི་འདྲ་བ་གཉིས་ཡིན་པ་ལས། འདི་གཉིས་ཀྱིས་ཆོལ་ཁའི་བར་ལ་རྩོད་རྙོག་ཡོང་དགོས་པའི་རྒྱུ་མཚན་རྡུལ་ཙམ་ཡང་མེད། ཇོ་ནང་ཆོས་རྒྱུད་ཀྱི་ཐོབ་ཐང་དེ་གྲོས་ཚོགས་ར་བའི་ནང་ལ་ཐོན་དུས་ཆོལ་ཁའི་ཕྱོགས་ལྷུང་གྱི་དབང་དུ་སོང་ཡོད་ན་དེ་ནི་སྤྱི་འཐུས་ཚོས་མ་འཇོན་པ་ཞིག་ལས་སྲིད་སྐྱོང་ལ་ལན་ཁག་དཀྲི་ཡ་གང་ཡང་མེད་པ་རེད། ལར་ནས་ཆིག་སྒྲིལ་ཟེར་བ་དེ་ཡང་མི་ཚང་མས་མཉམ་རུབ་ཀྱིས་འབད་དགོས་པ་ཞིག་ལས་མི་གཅིག་གི་ལག་ལ་མེད་པ་ཅིས་མི་ཤེས།

    རྡ་སའི་གསར་འབྱོར་ཚོ་རང་ཡུལ་ལ་ལོག་སོང་བ་ནི་རང་ཁ་མ་སོས་ནས་མ་ཡིན་པར་རྒྱ་གཞུང་གི་དཔལ་འབྱོར་ཡར་རྒྱས་ཀྱི་སྲིད་ཇུས་ཀྱིས་བཀུག་སོང་བ་རེད་ལ་བུ་ལོན་བླང་ནས་ཕྱི་རྒྱལ་ལ་འགྲོ་དོན་ཡང་འདོད་རྔམ་གྱི་དབང་གིས་རེད། ལར་ནས་སྲིད་སྐྱོང་གིས་རང་ཁ་རང་གསོའི་སྲིད་ཇུས་སྟོན་པ་ཙམ་གྱིས་སོ་སོས་འབད་རྩོན་ཅི་ཡང་མི་དགོས་པར་ཉལ་ནས་ཁ་གདང་སྡད་ན་དེའི་ནང་ལ་ཁ་ལག་གང་འདོད་སྲིད་སྐྱོང་གིས་བླུག་ཡོང་བ་ལྟ་བུ་ཞིག་ལ་གོ་ཡི་ཡོད་ན་དེ་ནི་ལྐུགས་རྟགས་སྟན་པ་ལས་གཞན་ཅི་ཡང་མིན། གཞུང་ཞབས་ཁག་གཅིག་ཕྱི་རྒྱལ་ལ་འགྲོ་བའི་ཐབས་ལམ་མ་འགྲིག་བར་དུ་གཞུང་ཞབས་བྱས་ནས་འགྲིག་པ་དང་ནུབ་ཕྱོགས་ལ་འཕུར་འགྲོ་ཡི་ཡོད་པ་རེད་ལ། དེ་དག་ཀྱང་མཐར་བཏུག་ན་དངུལ་གྱི་འདོད་རྔམ་དབང་དུ་སོང་ནས་སྲི་ཞུའི་བསམ་པ་བོར་བརླག་སོང་བ་ཞིག་ལས་ཁ་མ་སོས་པ་ཟེར་བ་དེ་ནི་རྫུན་གཏམ་འབབ་ཞིག་གོ།།

  15. འཕན་པོ་བ་བློ་བཟང་ says:
    2015-08-10 at 10:42 pm

    ༄།། དབུས་གཙང་གི་མི་ཕལ་ཆེ་བ་རྒྱལ་ཞེན་དང་མི་རིགས་ལ་རྒྱ་ཟབས་བ་དེང་དུས་ཀྱི་ཤེས་ཡོན་ལྡན་པ་དང་རང་ཐག་རང་གཅོད་བྱེད་པའི་ནུས་པ་ཡོད་པ་དང། ཁོང་ཚོ་གཞན་དབང་དུ་མི་འགྲོ་བ་དང་ཆོལ་ཞེན་མེད་པ་བོད་མི་ལྷད་མེད་ཞིག་དང་རྒྱ་ནག་གཞུང་ནས་ཙེ་ཀུར་དང་ཡེད་ཆེད་དངངས་གྲགས་བྱེད་ས་ཞིགས་རེད།

  16. སྤོབས་པ་མཐའ་ཡས། says:
    2015-08-10 at 10:45 pm

    རྗེ་ས་པཎ་གྱིས། ཡོན་ཏན་མེད་པའི་སྐྱེ་བོ་འགའ།།ཡོན་ཏན་ཅན་ལ་ལྷག་པར་སྡང་།།གངས་ཀྱི་ཡུལ་དུ་དགུན་སྐྱེས་པའི།།མེ་ཏོག་ལྟས་ངན་ཡིན་ཞེས་སྒྲོགས།།ཟེར་བའི་དཔེ་བཞིན་དུ་སྲིད་སྐྱོང་མི་ལ་སྟོན་ཆོག་པ་གཅིག་བྱུང་བ་དེར་སྒྲོ་འདོགས་སྐུར་འདེབས་བྱེད་མཁན་ཁ་ཤས་རེ་འདུག ཁྱེད་ཚོ་དང་ཁྱེད་རང་ཚོའི་དགའ་ཕྱོགས་ཀྱི་མི་དེ་ཚོས་ནི་སྲིད་སྐྱོང་བློ་སེང་གི་སྐྱག་པ་གཏོང་ཤེས་པ་ལ་ཡང་ལོ་མང་པོ་ལ་སློབ་སྦྱོང་བྱེད་དགོས་པ་གསལ་པོ་རེད།

  17. རིག་ཡག། says:
    2015-08-11 at 1:01 am

    སྤྱན་ཆེན་པོས ༼༢༠༡༦ལོའི་སྲིད་སྐྱིང་གི་ཞབས་སྟེགས་མཐའ་མའི་འཕྲོག་རྩོད་ནི་བློ་སེང་དང་སྤེན་ཚེ་གཉིས་ནས་བྱེད་དགོས་ལ་མཐར་དེད་ན་མདོ་སྟོད་སྨད་གཉིས་ནས་བྱེད་དགོས། ༽ སྐད་ཆ་འདི་ཚད་ལྡན་ཞིག་མ་རེད་སྙམ། དོན་དངོས་མདོ་སྨད་ཀྱི་མི་མང་གི་འདི་འདྲེ་བསམ་གནོ་གཏོང་གི་ཡོད་དམ།

  18. འཕན་པོ་བ་བློ་བཟང་ says:
    2015-08-11 at 5:16 am

    སྤོབས་པ་མཐའ་ཡས།་ལགས་འུར་མ་རྒྱག་ཨ་

  19. ཅོ་རི་ཉི་མ། says:
    2015-08-11 at 5:26 am

    སྤོབས་མཐའ་ལགས་་་་བློ་སེང་གི་སྐྱག་པ་གཏོང་སྟངས་ལ་ཁྱད་ཆོས་ག་རེ་ཡོད་དམ། བློ་སེང་སྐྱག་པ་བཏང་དུས་ཁུག་རྟས་ལྐོག་བལྟ་བྱས་རབས་སྔོན་མའི་གོ་མྱངས་ཡོད། བློ་སེང་སྐྱག་པ་སྟངས་མཁས་པ་ཡིན་སྟངས་རྒྱས་ཙམ་གསུང་ཐུབ་ན་་་ཡག་པོ་འདུག་ག བོད་མི་ཡོངས་ལ་སྐྱག་པ་གཏོང་སྟངས་གོ་རྟོགས་གསར་པ་ཞིག་ཡོང་རེད་འདོད།

  20. ཅོ་རི་ཉི་མ། says:
    2015-08-11 at 5:40 am

    བློ་སེང་དང་རྒྱ་རིགས་གྲོགས་པོ་ཚོས་འཇར་མན་ནིས་ནང་ཚོགས་འདུས་འཚོགས་སྐབས་སུ་བློ་སེང་གིས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ཐོག་ཏུ་སྐྱག་པ་ཆེ་ཐག་ཆད་ཞིག་བཏངས་ཡོད་པ། སྐྱག་པ་སྟངས་དེའི་ཁྱད་ཆོས་བཤད་ཀྱི་ཡོད་དམ།

  21. ཅོ་རི་ཉི་མ། says:
    2015-08-11 at 5:46 am

    ནོར་བཅོས།

    སྤོབས་མཐའ་ལགས་་་་བློ་སེང་གི་སྐྱག་པ་གཏོང་སྟངས་ལ་ཁྱད་ཆོས་ག་རེ་ཡོད་དམ། བློ་སེང་སྐྱག་པ་བཏང་དུས་ཁུག་རྟས་ལྐོག་བལྟ་བྱས་རབས་སྔོན་མ་ནས་གོ་མྱངས་ཡོད། བློ་སེང་སྐྱག་པ་སྟངས་མཁས་པ་ཡིན་སྟངས་རྒྱས་ཙམ་གསུང་ཐུབ་ན་་་ཡག་པོ་འདུག་ག བོད་མི་ཡོངས་ལ་སྐྱག་པ་གཏོང་སྟངས་གོ་རྟོགས་གསར་པ་ཞིག་ཡོང་གི་རེད་འདོད།

    བློ་སེང་དང་རྒྱ་རིགས་གྲོགས་པོ་ཚོ་འཇར་མན་ནིས་ནང་ཚོགས་འདུས་འཚོགས་སྐབས་སུ་བློ་སེང་གིས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ཐོག་ཏུ་སྐྱག་པ་ཆེ་ཐག་ཆད་ཞིག་བཏངས་ཡོད་པ། སྐྱག་པ་གཏོང་སྟངས་དེའི་ཁྱད་ཆོས་བཤད་ཀྱི་ཡོད་དམ། ལོ་རྒྱུས་ཀྱི་རྡོ་རིང་ཐོག་ཏུ་སྐྱག་པ་གཏོང་སྟངས་བོད་མི་ཡོངས་ལ་གོ་རྟོགས་སྤེལ་དགོས་པ་ཨེ་རེད།

  22. ཅོ་རི་ཉི་མ། says:
    2015-08-11 at 6:38 am

    ཨོ་རེད་་་སྤོབས་མཐའ་་་ཁྱོད་ཀྱིས་ཀྱང་བོད་རང་བཙན་དང་རང་བཙན་ཟེར་ནས་ཁ་བརྡའི་ཐོག་ཏུ་བྲིས་བསྡད་པར་དྲ་གྲོགས་ཚང་མས་མཁྱེན་གསལ་རེད། དོན་དངོས་ཐོག་ལག་ལེན་སྟར་དུས་ཀྱང་རང་བཙན་གྱི་ཐོག་ཏུ་སྟར་དགོས་ངེས་རེད། དེ་མིན་ན་རང་བཙན་བཤད་ཀྱི་དེར་ཞོག ལོ་རྒྱུས་ཀྱི་རྡོ་རིང་ཐོག་ཏུ་སྐྱག་པ་ཐོངས།

  23. ཅོ་རི་ཉི་མ། says:
    2015-08-11 at 6:59 am

    བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ཐོག་ཏུ་ཅི་བཀོད་ཡོད་མེད་ཙམ་མི་ཤེས་མཁན་གྱི་མི་ཞིག་ལ་མཁས་དབང་དང་ཡོན་ཏན་ཅན་འདྲ་ཞིག་འབོད་འོང་དུས་དགོད་མོ་ཤོར་འོང་གི་འདུག བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལྷ་ཆོས་མི་ཆོས་གང་ཐོག་ཏུ་ཡང་ཤེས་ཚོད་མེད་པའི་བློ་སེང་ལྟ་བུ་ལ་དགུན་སྐྱེས་མེ་ཏོག་ཡིན་མདོག་མདོག་འདི་ནི་ཕྱོགས་ཞེན་ཁོ་ན་རེད་བསམས་ཀྱི་ཡོད།

    བློ་སེང་སྐྱག་པ་བཏང་མཁས་པའི་མ་ཚོད་བཟའ་ཡང་མཁས་པ་རེད་ཟེར་བཞིན་འདུག་ག རྒྱ་རིགས་ཕྱུག་བདག་benjamin wey གྱི་སྐྱག་པ་ཚ་པོ་ཚ་པོར་བློ་སེང་གིས་ཟས་སོང་ཟེར་ནས་ནུབ་ཕྱོགས་པའི་རྒྱུད་ལམ་ཁག་ཏུ་འབྲུག་ལྟར་གྲགས་བཞིན་གདའ།

  24. ཅོ་རི་ཉི་མ། says:
    2015-08-11 at 7:51 am

    བོད་བླ་མའི་སྲིད་དབང་འགོ་བཙུགས་ནས་ད་ལྟའི་བར་དུ་བོད་ཀྱི་ཆབ་སྲིད་ཀྱི་ཐོག་ཏུ་བྱབ་ཆུང་ཤ་སྟག་མ་གཏོགས་བྱུང་མྱངས་མེད། དུས་ཡུན་འདིའི་ནང་དུ་བོད་ཀྱི་དབང་དང་གོ་གནས་ཡོད་མཁན་ཚོས་མར་ཕྱིན་ནས་རྒྱ་ནག་གོང་མའི་རྐུབ་ལྡག ཕར་ཕྱིན་ནས་སོག་པོའི་དམག་གི་སྐྱག་པར་ཟོས།

    དེང་སང་ཡང་བཙན་བྱོལ་ནང་གི་དབང་ཆེན་རྒྱལ་བཙོང་བ་ཚོས་རྒྱ་རིགས་ཕྱུག་ཚོའི་རྐུབ་ཏུ་སེང་པགས་གྱོན་ནས་ཁྱི་ལྟར་རྒྱུགས་བཞིན་ཡོད། རང་ཚུགས་རྩ་བ་ནས་མེད་པའི་མི་ལ་གོ་གནས་ཐོབ་དུས་བོད་རྒྱལ་ཁབ་ཀྱི་རང་ཚུགས་ཤོར་བཅུག་གི་ཡོད་ལ་བོད་མི་དམངས་ཀྱི་མ་འོངས་མདུན་ལམ་རླུང་ལ་སྐུར་གྱི་ཡོད།

    གལ་སྲིད་མ་འཇོན་ནའང་བོད་རྒྱལ་ཁབ་ཀྱི་རང་ཚུགས་མ་ཤོར་བ་ཞིག་དང་། བོད་མི་དམངས་ཀྱི་མ་འོངས་མདུན་ལམ་མེད་པ་མ་བཟོས་ན་དེས་ཆོག་ དེས་འགྲིག བོད་རྒྱལ་ཁབ་ཀྱི་འཐབ་རྩོད་འདི་མི་རབས་ནས་མི་རབས་རྒྱུད་དགོས་པ་ཞིག་ལས་ལྔ་དང་བཅུའི་ནང་དུ་འགྲུབ་ཐུབ་པའི་བྱ་བ་ཞིག་མིན།

    ལོ་རྒྱུས་ལ་ནག་ཐིག་རྐྱང་རྐྱང་བཟོས་པ་ཡིན་ན་ཉེས་ཅན་པ་ཚོ་ཤི་མཁན་ཤི་འགྲོ་གི་རེད། འགྲོ་མཁན་ཕྱིན་འགྲོ་གི་རེད། ཤུལ་དུ་སྡོད་དགོས་མཁན་བོད་མི་དམངས་རེད། བོད་མི་རིགས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་ནས་ལང་མི་ཐུབ་པའི་ནག་ཐིག་བཟོས་བསྡད་པ་ཡིན་ན་ཕན་ལས་གནོད་ཆེ་བས་བཙན་བྱོལ་མི་དམངས་འོས་བླུག་མཁན་ཚོས་ཐུགས་བསམ་ཡག་པོ་བཞེས་དགོས་ངེས་རེད་དོ།

  25. འཇམ་གཅེས། says:
    2015-08-11 at 1:08 pm

    འོ་ཡ། ངས་དེ་རིང་ནས་མི་ལ་ཚིག་ངན་མི་སྨྲ་བའི་དམ་བཅས་པ་ཡིན། དེ་རིང་འདི་ནས་བོད་མི་རིགས་དང་རྒྱ་ཁབ་ལ་ལྷག་བསམ་དུང་དཀར་ལས་དཀར་བ། མཛད་རྗེས་ལྷུན་པོ་ལས་མཐོ་བ། རྣམ་དཔྱོད་མཁའ་དབྱིངས་ཀྱི་ཁྱོན་ལས་ཡངས་པ། བོད་པ་ཚང་གི་ཨ་ཡོད་ནང་གི་ད་ཡོད། སྒོང་ང་ནང་སེར་རིལ། ཡོད་ན་གཅིག་ཆོག མེད་ན་ཐབས་མེད། མི་རིགས་འདི་ཡི་བསོད་ནམས་དང་དབང་ཐང་གིས་ལྕོག་པ་ཡིན་ན། ཅོ་རི་ཟེར་པའི་དཔའ་རྟགས་ས་ལ་མི་ཤོང་བ་འཇོག་གནང་མཁན་གྱི་རིགས་བཟང་བུ་རྒོད་དེ་དང་། དུས་ཀུན་ཏུ་བཙན་བྱོལ་གཞུང་དང་། བོད་མི་རིགས་ཀྱི་བསམ་པའི་གཙོ་འཛིན་༸གོང་ས་མཆོག་ལ་བཀའ་དྲིན་བསམ་ཤེས་སམ། ཡ་རབས་ཚུལ་མཐུན་གྱི་སྒོ་ནས་དྲིན་ལེན་མཇལ་མཁན་ཞོ་གཡག་འབྲོང་རྒྱུད་གཉིས་ཀྱིས་བོད་མི་རིགས་དོན་དུ་སྔར་བཞིན་རླབས་ཆེ་བའི་བགྲོ་གླེང་དྲི་མངར་འཐུལ་བ་ཞིག་གནང་བཞིན་པ་རེད་འདུག་པས། ངས་ལེགས་སོའི་བསྔགས་བརྗོད་ཀྱི་ཕྱིར་དུ་ཞལ་ཟས་རོ་བརྒྱ་ལྡན་པ་རེ་གསོལ་ཚིག་དུ་འབུལ་རྒྱུ་ལགས་ན། རོ་མི་ཞིམ་པར་རོ་མཆོག་འཛིན་པའི་སྒོ་ནས་ཐུགས་དགྱེས་ཚོར་ཡོང་བའི་རེ་བ་ཡོད།

  26. ཞོལ་གཡག་འབྲོང་རྒྱུད། says:
    2015-08-11 at 2:19 pm

    ཡང་སྡུག་སྙིང་ལ་ཕོགས་ཡིན་པ་འདྲ། ཧ་ཧ། བཤད་ན་མ་འགྲིགས་ནད་རྙིང་ལ་འཕོག། མ་བཤད་ན་མ་འགྲིགས་ངའི་ཆབ་སྲིད་ཀྱི་ཁེ་དབང་དང་ཐོབ་ཐང་ལ་གནོད། གང་དྲག།

  27. ཞོལ་གཡག་འབྲོང་རྒྱུད། says:
    2015-08-11 at 2:22 pm

    མ་གཞི་ངས་སྐྱག་པ་ལ་ལག་པ་འཆངས་ཐལ་སོང་། ཡང་དྲི་ངན་ཁ་རྒྱུ་ཉག་ཅིག་རེད།

  28. འཇམ་གཅེས། says:
    2015-08-11 at 9:22 pm

    དཀར་མངར་འབྲི་སྣ་ལ་སོགས་དང་།།
    ཚྭ་སྒོག་རྫས་རིགས་མཉམ་བསྲེས་ཐོག།།
    མ་བྱན་མཁས་པའི་གཡོས་སྦྱོར་བྱས།།
    ང་ཡི་བྱང་ཁོག་ཉིན་ཞག་ཉར།།

    དུས་ཀྱི་རླུས་བུས་ཕྱིར་འབུད་སྐབས།།
    དྲི་དང་རླངས་པ་མ་ཉམས་པར།།
    བདག་གི་ལག་པས་ཁ་བཀག་སྟེ།།
    ཅོ་འབྲོང་ཟུང་ལ་མཆོད་པ་འབུལ།།

    ཇི་སྲིད་སྲིད་འདིར་འཚོ་བའི་བར།།
    དེ་སྲིད་ཞལ་ཟས་གསེར་མདོག་ཅན།།
    རྒྱུན་མི་ཆད་པར་འབུལ་ལགས་ན།།
    ལྕེ་ལེ་ནར་མོས་མྱོང་བར་མཛོད།།

  29. འཇམ་གཅེས། says:
    2015-08-11 at 9:27 pm

    དཀར་མངར་འབྲི་སྣ་ལ་སོགས་དང་།།
    ཚྭ་སྒོག་རྫས་རིགས་མཉམ་བསྲེས་ཐོག།།
    མ་བྱན་མཁས་པའི་གཡོས་སྦྱོར་རྗེས།།
    ང་ཡི་བྱང་ཁོག་ཉིན་ཞག་ཉར།།

    དུས་ཀྱི་རླུང་བུས་ཕྱིར་འབུད་སྐབས།།
    དྲི་དང་རླངས་པ་མ་ཉམས་པར།།
    བདག་གི་ལག་པས་ཁ་བཀག་སྟེ།།
    ཅོ་འབྲོང་ཟུང་ལ་མཆོད་པ་འབུལ།།

    ཇི་སྲིད་སྲིད་འདིར་འཚོ་བའི་བར།།
    དེ་སྲིད་ཞལ་ཟས་གསེར་མདོག་ཅན།།
    རྒྱུན་མི་ཆད་པར་འབུལ་ལགས་ན།།
    ལྕེ་ལེ་ནར་མོས་རོལ་མྱོང་མཛོད།།

    གོང་དེར་བཅོས་པ་ཡིན།

  30. གངས་ཕྲུག། says:
    2015-08-12 at 1:56 am

    མ་རྩ་མེད་ན་ག་ཚོད་བཅོས་ཡང་དེས་ཚོད་ཀྱི་སྡུག་ཏུ་ཕྱིན་འདུག། འཇམ་གཅེས་ལགས། ཚིག་དོན་གཉིས་ཆར་ལྟ་བཟོ་རྐྱངམི་འདུགོ།

  31. འཕན་པོ་བ་བློ་བཟང་ says:
    2015-08-12 at 2:58 am

    ཅོ་རི་ཉི་མ་ལགས་ཡགཔོ་འདུག་དེ་བདེན་པ་རེད་བློ་སིངགི་xxནག་པོ་རེད་འདུག་ད་

  32. ཁྱུང་སེ། says:
    2015-08-12 at 3:06 am

    ལྟ་བཟོ་ཅང་མི་འདུག ༼རྐྱང་མི་འདུག༽ཧེེ་ཧེ

  33. འཇམ་གཅེས། says:
    2015-08-12 at 3:13 am

    གངས་ཕྲུགས། ངོ་མ་ལྟ་བཟོ་རྐྱང་འདུགོ་ཧི་ཧི་་

  34. ལྷ་སའི་བུ་ says:
    2015-08-14 at 12:44 am

    འཕན་པོ་བ་བློ་བཟང་ལགས། ཨོ་ཇོ། ཀླུ་འབྱམས་ཀྱི་རྒྱ་གསེབ་ནས་ཤིག་རག་རྒྱུའི་རེ་བ་མ་བྱེད་ཨ། ལུང་ཚན་གཅིག་པའི་ཤ་ཞེན་གྱི་སྐད་ཆ་ཡིན། ཨོ་ཇོ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme