Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོར་བ་ཙམ་དང་མིག་རྒྱང་ཐུང་བའི་ཅ་ཅོ་སྨྲ་བ་ནི་ནམ་ཡང་ཕན་ལས་གནོད་ཆེ།

Posted on 2015-08-082015-08-08 By ཁ་བརྡ་ 16 Comments on ཚོར་བ་ཙམ་དང་མིག་རྒྱང་ཐུང་བའི་ཅ་ཅོ་སྨྲ་བ་ནི་ནམ་ཡང་ཕན་ལས་གནོད་ཆེ།

འབྲོང་ངུར་ཕོ་ཉ།

 
ཉིན་འདི་དག་གི་རིང་ངས་དུས་ཚོད་ནམ་བྱུང་དྲྭ་ལམ་དུ་མིག་ཟུང་གཡོ་ཙམ་རེ་བྱེད་ཅིང་ཡོད། དེ་ནི་རྒྱུ་མཚན་གཞན་མིན་པར་བདག་དང་སེམས་ལྡན་ཡོད་དོ་ཅོག་གི་འདྲེན་པ་བླ་ན་མ་མཆིས་པ་གོང་ས་སྐྱབས་མགོན་ཆེན་པོའི་གྱ་སྟོན་གནས་ཚུལ་རྣམས་ཤེས་འདོད་པས་ཡིན། མདོར་ན་ཡོད་ཚད་ནས་ཡོད་ཚད་བཀྲིས་བདེ་ལེགས་ཤ་སྟག་རེད་འདུག་པར་སེམས་དབུས་ནས་ཕྱུར་བའི་དགའ་སྤྲོ་འདི་མཚོན་ཐབས་བྲལ་ཞིང་ངག་གི་ལམ་ནས་འགྲེལ་བརྗོད་ཀྱང་མི་ཐུབ། དེ་ནི་ང་ཙམ་མ་ཟད་བོད་མི་ཡོད་ཚད་ཀྱི་སེམས་ཚོར་གཅིག་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

དེ་དང་ཕྱོགས་མཚུངས་རི་བོ་དགེ་ལྡན་པས་བརྟན་བཞུགས་ཀྱང་ཕུལ་ཡོད་ཚོད་འདུག་པར་སེམས་དབུས་ནས་ཡི་རངས་ཞུ། འོན་ཀྱང་བློ་ཆུང་ངའི་སེམས་ངོར་དོག་མ་བདེ་བ་ཞིག་བྱུང་བ་ནི་དགའ་ལྡན་ཁྲི་པས་གོང་ས་མཆོག་དགེ་ལུགས་ཀྱི་དབུ་འཛིན་བགྱི་རྒྱུར་གསོལ་འདེབས་སྐོར་ཞིག་གསར་ལམ་ནས་མཐོང་བས་ངོ་མ་ཡིད་མུག་ཅིང་ཡ་མཚན་ཡང་སྐྱེས། ང་རང་གི་མིག་ནོར་ཡིན་ཤག་གིས་སླར་བལྟས་ཀྱང་དེ་ག་རང་འདུག ངས་སྐད་ཆ་འདི་ལྡོག་ཕྱོགས་ནས་གླེང་རྙོག་བཟོ་འདོད་པ་མ་ཡིན་མོད། ང་ལ་མཚོན་ན་སྐད་ཆ་འདི་རྣ་བར་གཏན་ནས་འཛུལ་གྱི་མི་འདུག་ལ། རང་ཉིད་བོད་པ་གཅིག་དང་མགོན་པོ་གང་གི་སྐྱབས་འོག་པ་ཞིག་ཡིན་པའི་ཆ་ནས་གཏམ་འདིར་ངོས་ལེན་གཏན་ནས་མེད།

སྤྱིར་ན་དགེ་ལྡན་ཁྲི་རིན་པོ་ཆེ་སོགས་ལ་རྒྱུ་མཚན་ཡོད་ངེས་ལ་ཁོང་ཅག་གིས་ཀྱང་དགོངས་འཆར་འདོན་ཆོག་པ་ཞིག་ཡིན་མོད། ང་ལྟར་ན་དེ་ནི་དོན་དངོས་དང་མཐུན་པ་ཞིག་མི་འདོད་ལ། སྐད་ཆ་ཁ་ཐུག་ནས་ཞུས་ན་དེ་ནི་གོང་ས་མཆོག་གི་དགོངས་གཞི་ལས་རྒྱབ་འགལ་དུ་གྱུར་པའམ་དགོངས་པ་མ་རྟོགས་པ་སྟེ། ཚིག་གཅིག་གིས་ལབ་ན་རྒྱལ་བའི་བཀའ་དགོངས་དང་འགལ་བ་རེད་ཅེས་སྨྲ་བར་སྤོབས། རྒྱུ་མཚན་འོག་ཏུ་འགོད་རྒྱུ་ཡིན།
ང་ཚོས་ནམ་ཡང་དོན་དངོས་ལ་ལྟ་ཤེས་དགོས་ལ་དངོས་ཡོད་དང་མཐུན་པའི་ལས་ཀ་སྒྲུབ་དགོས། ཚོར་བ་ཙམ་དང་མིག་རྒྱང་ཐུང་བའི་ཅ་ཅོ་སྨྲ་བ་ནི་ནམ་ཡང་ཕན་ལས་གནོད་ཆེར་འཁུམ། འདས་པའི་རྒྱལ་བ་རིན་པོ་ཆེ་དང་ད་ལྟའི་རྒྱལ་བ་རིན་པོ་ཆེ་གཉིས་ཀྱི་བར་དུ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་དེ་ཡང་བསམ་དགོས།

ལོ་རྒྱུས་ལྟར་ན་དགེ་ལུགས་ཀྱི་གྲྭ་རྐྱང་ཞིག་ནས་བཀྲིས་ལྷུན་པོའི་པཎ་ཆེན་གྱི་ངོ་བོར་བཞུགས་ཤིང་གཙོ་བོར་གཙང་ཁུལ་ལ་ཤུགས་རྐྱེན་ཡོད་པའི་སྐུ་ཐོག་གཅིག་དང་། སྐུ་ཕྲེང་གཉིས་པ་ནས་བཞི་པ་བར་སེ་འབྲས་མཁན་པོ་ནས་དགེ་ལུགས་སྤྱིའི་བླ་ཆེན་དང་དབུས་ཁུལ་གཙོ་བོར་བགྱིས་ཤིང་སོག་པོ་བཅས་པས་གུས་རྩི་བླ་མེད་ཐོབ་པའི་རྒྱལ་བ་རིན་པོ་ཆེ་དང་། ལྔ་པ་ཆེན་པོ་ནས་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་བར་བོད་ལྗོངས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གཅིག་པུར་ངེས་པའི་རྒྱལ་བ་རིན་པོ་ཆེ་དང་། སྐུ་འཕྲེང་བཅུ་བཞི་པ་ནི་བོད་ལྗོངས་ནང་པ་ཡོངས་ཀྱི་གཙུག་རྒྱན་ཙམ་དུ་མ་ཟད་འཛམ་གླིང་ནང་པ་ཡོངས་ཀྱི་གཙུག་ནོར་ཁོ་ནར་གྲགས་ཤིང་གྲུབ་པ་དང་། སྐུ་རབས་སྔ་མ་དག་ལས་ཕྱི་མ་རྣམས་ཀྱི་མཛད་པ་འཕྲིན་ལས་ངོ་མཚར་ཞིང་བསམ་ཡུལ་ལས་འདས་པ་འདི་འདྲ་བ་ཞིག་ལགས་ནའང་། བདག་འཛིན་ཅན་གྱི་སྐྱེ་བོ་ཚོས་རྒྱལ་བ་རིན་པོ་ཆེ་ཕྱོགས་སུ་འཐེན་པ་ནི་བདུད་ཀྱི་ལས་ཚབས་པོ་ཆེ་ཞིག་ཡིན་པར་གོར་མ་ཆག་སྙམ།

ཚེ་ལོ་དཔག་མེད་སྐབས་སུ་མི་རྣམས་མ་རྨོས་ལོ་ཏོག་ལ་ལོངས་སུ་སྤྱོད་པར་ཉོན་མོངས་རགས་པ་འགས་གསོག་འཇོག་བགྱིས་པའི་ཉེར་ལེན་གྱིས་མ་རྨོས་ལོ་ཏོག་མེད་པ་ཆགས་རབས་ཀྱི་གཏམ་རྒྱུད་དེ་ཡིད་ལ་འཁོར་ཡོང་གི་འདུག
ངས་གོང་དུ་གོང་ས་མཆོག་གི་དགོངས་གཞི་དང་འགལ་འདུག་ཅེས་པའི་རྒྱུ་མཚན་ནི། གོང་ས་སྐྱབས་མགོན་མཆོག་གིས་ག་དུས་ཀྱང་ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་མི་གྲངས་དུང་འགྱུར་བདུན་ཅུའི་བདེ་སྡུག་ལ་བསམ་པ་དང་། ནང་པ་ཞིག་ཡིན་པའི་ཆ་ནས་ཞེས་དང་། བོད་པ་ཞིག་ཡིན་པའི་ཆ་ནས་ཞེས་ད་བར་སུས་ཀྱང་དྲན་མྱོང་ཙམ་མེད་པའི་དགོངས་གཞི་དང་མཛད་པ་ཟབ་ཅིང་རྒྱ་ཆེ་བ་གནང་བཞིན་པས་མ་ཚིམས་པར་དགེ་ལུགས་ཀྱི་དབུ་འཛིན་བྱེད་དགོས་ཞེས་པ་འདིས་གོང་ས་མཆོག་གི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ཆུང་དུ་གཏོང་དགོས་ཞེས་པའི་མཚོན་དོན་མིན་ནམ།
རྫ་དཔལ་སྤྲུལ་གྱིས་རྒྱལ་པོ་ཁྲི་ལས་ཕབས་ཏེ་ཕྱག་དར་ཁྲོད་དུ་ལས་བཅོལ་བ་འདྲ་གསུངས་པའི་དཔེ་དེ་འདི་འདྲ་བ་ལ་གོ་དགོས་པར་སེམས་སོ། །

དེར་བརྟེན་སྐད་ཆ་དེ་ཚོ་ང་ལ་འཐད་པོ་མ་བྱུང་ལ་དགའ་ཡི་མི་འདུག་ཟེར་དོན་དེ་ག་ཡིན། ངོ་ཚ་དང་བསམ་ཤེས་མེད་པའི་བོད་པ་འདི་ཚོའི་ངོ་གདོང་སྐྱ་བོ་འདི་མཐོང་དུས་ངུ་དགོས་པ་རང་རེད། ཉིན་ཞིག་ཡང་འགའ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེ་འཁྲུངས་ཡུལ་ཨ་མདོ་ཡིན་པས་མདོ་མེད་ཆོལ་ཁའི་སྤྱི་འཐུས་ལ་བཞེངས་དགོས་པ་རེད་ཅེས་ལབ་མདོག་ཁ་པོ་འདུག
གོང་ས་སྐྱབས་མགོན་ཆེན་པོས་ད་བར་འགྲོ་བ་སྤྱིའི་བདེ་དོན་དང་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་རྩོད་བྲལ་དུ་ཞིང་སྐུ་ངལ་ཚད་མེད་བསྐྱངས་དང་སྐྱོང་བཞིན་པ་མངོན་གསུམ་དུ་གྱུར་ན་ཡང་ཆོས་བརྒྱུད་བྱེ་བྲག་པ་ཞིག་དང་ང་ཁོ་ན་ལས་མ་མཐོང་མཁན་སྐྱེ་བོ་འདི་ཚོ་ལས་ཐུ་བའི་བདུད་གཅིག་གང་དུ་བཙལ་ཀྱང་མཐོང་དཀའ་བ་ལོས་ཡིན་སྙམ་མོ།

གོང་ས་མཆོག་ནི་ནམ་ཡང་གོང་ས་ཡིན་པ་ལྟར་ཡིན་དུ་འཇུག་དགོས་པ་མ་ཡིན་ནམ། མདོར་ན་མཛད་པ་དང་འཕྲིན་ལས་ཐུགས་བསྐྱེད་སོགས་ཆ་ཙམ་འགྲན་དུ་མེད་པའི་བོད་ཁ་བ་རི་པའི་སྙིང་ནོར་དང་འཛམ་གླིང་ནང་པ་ཡོངས་རྫོགས་ཀྱི་གཙུག་ནོར་གཅིག་པུར་བཞུགས་པའི་སྲིད་ཞིའི་རྣམ་འདྲེན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྤྱི་ཡི་ཉི་མ་ཞིག་ཡིན་པས། བོད་པ་ཚོས་རང་འདོད་དང་བསྟུན་ཏེ་ནམ་ཡང་གཡས་འཐེན་གཡོན་འཐེན་མ་བྱེད་རོགས་ཞེས་ཞེན་བསྐུལ་ཞུ་བ་ཙམ་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད་དོ། །

འབྲོང་ངུར་ཕོ་ཉས། ༢༠༡༥ / ༦ /༢༥

བསམ་ཚུལ།

Post navigation

Previous Post: ང་ཡི་བླ་མའི་མཛད་འཕྲིན་རྒྱས་གྱུར་ཅིག (བོད་འབྱོར།)
Next Post: ཞི་ཅིང་ཕིང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར།

Comments (16) on “ཚོར་བ་ཙམ་དང་མིག་རྒྱང་ཐུང་བའི་ཅ་ཅོ་སྨྲ་བ་ནི་ནམ་ཡང་ཕན་ལས་གནོད་ཆེ།”

  1. དགེ་འདུན་རྒྱ་མཚོ། says:
    2015-08-08 at 11:22 am

    རེད་རེད། བདེན་པ་རེད། ཡག་པོ་བྲིས་འདུག
    ཆོས་རྒྱུད་གཞན་དག་གི་བླ་བདག་ཚོས་༧་གོང་ས་མཆོག་ལས་རང་ཉིད་མཐོན་པོར་རློམ་སྟེ་༧གོང་ས་མཆོག་གི་འོག་ལ་མགོ་སྒུར་མ་དགོས་པར་རང་ཚུགས་བྱེད་པའི་གཡོ་ཁོ་ན་ལ་འབད་པ་དང་།
    དགེ་ལྡན་གསེར་ཁྲི་འདི་བས་༧གོང་ས་མཆོག་ནི་ཁྲི་བ་རང་ཉིད་དང་འདྲ་བར་དགེ་ལྡན་པའི་དབུ་འཛིན་ཞིག་ཏུ་གཙི་བཞིན་པ་འདི་དག་ནི་ཅང་མ་ཤེས་པའིརང་རྟགས་ཕྱིར་མངོན་པ་ལས་གཞན་མིན་སྙམ། 
    རང་མཐོང་ཅན་ཚོས་༧གོང་ས་མཆོག་དབུ་འཛིན་དུ་བཀུར་ན་དགེ་ལུགས་པར་གུས་པས་སོང་བས་ཆོས་རྒྱུད་ཀྱི་བླ་རྡོལ་བར་བསམ་པ་འདྲ་ལ།
    དགེ་ལུགས་པ་ཚོས་༧གོང་ས་མཆོག་དགེ་ལུགས་པའི་དབུ་འཛིན་དུ་མ་བཞུགས་ན་༧གོང་ས་མཆོག་ནས་དགེ་ལུགས་གཡུགས་པ་ལྟ་བུའི་འདུ་ཤེས་སྐྱེས་ཀྱི་ཡོད་པ་ཨེ་ཡིན་ནམ། 

  2. གཡུ་བྲག་པ། says:
    2015-08-08 at 12:39 pm

    བསམ་ཚུལ་ཡག་པོ་རེད། སྔོན་ངོ་དེབ་ནང་བཀླགས་ཟིན། མདོ་མེད་མ་རེད་མདོ་སྨད་རེད་ལོ།

  3. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2015-08-08 at 2:07 pm

    གཡུ་བྲག་ལ་བཀའ་དྲིན་ཆེ། ཡིག་ནོར་བཅོས་པར་དགའ་བསུ་ཞུ།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-08-08 at 4:44 pm

    ཧཧཧཧཧ་་་་་དོན་རྡོག་འདྲིལ་ན་འབྲོང་ངུས་དགེ་ལྡན་ཁྲི་རིན་པོ་ཆེ་བདུད་ཀྱི་ལས་ཚབས་པོ་ཆེ་བསགས་མཁན་ཅིག་ལ་ངོས་བཟུང་འདུག་པས། ཁོང་རྗེ་རིན་པོ་ཆེའི་སྐུ་ཚབ་ཡིན་པས་དེ་འདྲ་གནས་བབ་ངན་པ་ཞིག་ལ་ཚད་འཇལ་རྒྱུ་ཨེ་ཡོད་དམ།

  5. ཅོ་རི་ཉི་མ། says:
    2015-08-08 at 6:10 pm

    གོང་ས་ཏ་ལའི་བླ་མ་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་རྩོད་བྲལ་ཡིན་ཞེས་པའི་སྐད་ཆ་འདིར་གོ་བ་ག་འདྲ་བྱས་ནས་ལེན་དགོས་སམ། ནང་པའི་རྒྱལ་ཁབ་ཚང་མའི་བསྟན་པའི་བདག་པོ་རེད་ཟེར་གྱི་ཡོད་དམ། སེང་རི་ལ་གྷ་དང་འབྲུག་པ། རྒྱ་ནག་དང་འཇར་པན། འབར་མ་དང་སོག་པོ། ཝད་ལན་དང་མ་ལེ་ཤེ་ཡ་སོགས་རྒྱལ་ཁབ་ཡོངས་ཀྱི་བསྟན་པའི་བདག་པོ་རེད་ཟེར་གྱི་ཡོད་དམ།

    རྒྱལ་ཁབ་དེ་དག་གི་ཁས་ལེན་གྱི་རེད་དམ། རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོའི་གོ་གནས་དེ་སུས་སྤྲད་པ་རེད་དམ། ག་ནས་བྱུང་བ་རེད་དམ། ག་དུས་ཆགས་པ་རེད་དམ། རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ཡིན་པའི་ལག་ཁྱེར་འདྲ་དང་། ཡིག་ཆ་འདྲ་ཡོད་རེད་དམ། དངོས་ཡོད་གནས་ཀྱི་ཚུལ་གྱི་ཐོག་ཏུ་འགྲོ་དགོས་པ་ལས་ཚོར་བ་ཙམ་གྱིས་ཅ་ཅོ་སྨྲས་ན་ག་ལ་འགྲིག

  6. ཀརྨ་བློ་གསལ་ says:
    2015-08-09 at 12:52 am

    དྲང་པོར་ཞུས་ན། གོང་ས་མཆོག་ནི་བོད་རྒྱལ་ཁབ་ཀྱི་རྒྱལ་ཐོག་མཐའ་མའམ་ཟུར་བ་དང་། རི་བོ་དགེ་ལུགས་པའི་དབུ་ཁྲིད། བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཁྲོད་དུ་ཤུགས་རྐྱེན་ཆེ་ཤོས་ཞིག་རེད་ཅེས་ལབ་ན་ཏག་ཏག་རེད། ལྷ་མིའི་རྣམ་འདྲེན་དང་རྒྱལ་བསྟན་ཡོངས་རྫོགས་ཟེར་བ་ལྟ་བུ་ནི་སྟོན་པ་ཤཀྱཱ་ཐུབ་པ་ལའང་བཀོལ་མྱོང་མེད་པས། ཚིག་སྙན་མོ་ཡོད་ཀྱང་དོན་དངོས་་མ་རེད་དོ།

  7. ཅོ་རི་ཉི་མ། says:
    2015-08-09 at 3:21 am

    རི་བོ་དགེ་ལུགས་པ་ལ་ཁྱད་ཆོས་བཟང་པོ་ཞིག་ཡོད་པ་ནི་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟར་བུ་རང་ཉིད་ཡོན་ཏན་ཅན་ཞིག་བྱུང་ན་དགེ་ལུགས་པའི་ཆོས་རྒྱུད་ཀྱི་དབུ་ཁྲིད་མཐོ་ཤོས་དེར་བྱེད་ཆོག་པའི་གོ་སྐབས་ཡོད། ཆོས་རྒྱུད་གཞན་ལ་དེ་འདྲ་མཐོང་ཡ་དཀོན།

    དགའ་ལྡན་གསེར་ཁྲི་འདི་སྒེར་བདག་བྱས་ན་་་་ཨ་མའི་བུ་ལ་ཡོན་ཏན་ཡོད་ཀྱང་དགའ་ལྡན་ཁྲི་ལ་བདག་པོ་འདུག་ཟེར་དགོས་ཐུག་འོང་གི་རེད། དེ་ཡག་པོ་མ་རེད་བསམས་ཀྱི་འདུག་གོ དགེ་ལུགས་པའི་གསེར་ཁྲི་འདི་སྒེར་བདག་མི་ཆགས་པའི་སྨོན་ལམ་ཡོད།

  8. གངས་ཅན་། says:
    2015-08-09 at 3:32 am

    འབྲོང་ངུ་མིང་ཅན་འདིའི་སྐད་ཆ་དེས་ག་རེ་སྒྲུབ་ཀྱི་ཡོད་རེད། གོང་ས་ཆོག་དགེ་ལུགས་པའི་དབུ་འཛིན་གནང་ན་བོད་སྤྱིའི་དབུ་འཛིན་མི་རིགས་པས་ཇི་ལྟར་སྒྲུབ་བམ། དགེ་ལུགས་པའི་དབུ་འཛིན་གནང་ན་དེ་ཁོ་མ་གནང་དགོས་རྒྱུ་ཡིན་ནམ། བོད་སྤྱིའི་དབུ་འཛིན་ཡིན་ན་དགེ་ལུགས་པའི་དབུ་འཛིན་མི་འོས་པའམ་ཡང་ན་དགེ་ལུགས་པའི་དབུ་འཛིན་གནང་ན་བོད་སྤྱིའི་དབུ་འཛིན་གནང་མི་འོས་པས་གནས་ལུགས་ཞིག་གང་ན་ཡོད། མ་གཞི་ནས་གོང་དུ་ཅོ་རིས་ཟུར་མཆན་དེར་ལན་དོན་མཐུན་ཞིག་ཡོད་ན་གནང་དང་། ཁྱེད་ལ་རིག་རྩེ་དང་དཔྱོད་སྟོབས་ཇི་ཙམ་ཡོད་མེད་དེ་ནས་ཤེས་ཡོང་། དོན་མེད་ཁའི་རླང་ཕུད་སྡོད་པ་མིན་ན་དྲི་བ་འདི་དག་ལ་ལན་སྤྲོད་དགོས།

  9. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2015-08-09 at 4:59 am

    མཆན་བུ་བརྒྱད་པ་འདེབས་མཁན་འདི་ལ་ཡ་བྱེད་པ་ལས་སྨྲ་བ་བཅད་ན་དགའ། རྒྱུ་མཚན་ཁོའི་ཀླད་པ་ལྕགས་དང་བླུན་པོ་གྲི་ཐོགས་ཅན་ཞིག་ཡིན་པས་སོ། །

  10. རོང་པོ་འཇོ་ན་ནས says:
    2015-08-09 at 12:39 pm

    ཁྲིམས་དོན་དང་། ལོ་རྒྱུས་དང་རྒྱལ་རབས། ཆོས་འབྱུང་དང་དེབ་ཐེར་སོགས་ཞིབ་པར་ཀློག་ནས་སྐད་ཆ་བཤད་དལ་ཡོད་མ་རེད། རང་གིས་དད་པ་ཡོད་ན་ངོ་བོ་ཇི་ལྟར་འཛིན་མིན་རང་ལ་རག་ལས་པ་རེད། གཞན་མཐོང་རྒྱ་ཆུང་བའི་བླུན་རྟག་གི་སྐད་ཆ་ཡིན་པ་ཤེས་ཐབས་ལ་བརྩོན་པར་ཞུ། འབྲོང་ངུར་རང་རེད། ཧཧཧཧཧ

  11. རོང་པོ་འཇོ་ན་ནས says:
    2015-08-09 at 12:40 pm

    ཁྲིམས་དོན་དང་། ལོ་རྒྱུས་དང་རྒྱལ་རབས། ཆོས་འབྱུང་དང་དེབ་ཐེར་སོགས་ཞིབ་པར་ཀློག་ནས་སྐད་ཆ་བཤད་ན་དལ་ཡོད་མ་རེད། རང་གིས་དད་པ་ཡོད་ན་ངོ་བོ་ཇི་ལྟར་འཛིན་མིན་རང་ལ་རག་ལས་པ་རེད། གཞན་མཐོང་རྒྱ་ཆུང་བའི་བླུན་རྟག་གི་སྐད་ཆ་ཡིན་པ་ཤེས་ཐབས་ལ་བརྩོན་པར་ཞུ། འབྲོང་ངུར་རང་རེད། ཧཧཧཧཧ

  12. གངས་ཕྲུག། says:
    2015-08-09 at 3:59 pm

    དད་པ་དང་དག་སྣང་གི་བྱ་སྤྱོད་ནི་ཆོས་ལུགས་པའི་སྡེར་དགོས་རྒྱུ་ལས་ཆབ་སྲིད་པའི་སྤྱི་ཚོགས་ཀྱིས་དོར་བྱ་ཡིན་པ་ལས་བླང་བྱ་ཞིག་མ་རེད། ལྷག་པར་དུ་སྐྱེ་བོ་སུ་འདྲ་ཞིག་ཡིན་ཡང་སྐྱོན་དང་ནོར་འཁྲུལ་མེད་པར་མི་སྲིད་ལ། དེ་དག་བརྗོད་པ་དང་ཐེར་སྟོན་དགོས་རྒྱུ་ནི་མི་རིགས་ཞིག་དང་སྤྱི་ཚོགས་གང་ཞིག་ཡར་རྒྱས་འགྲོ་བའི་རྒྱུ་རྐྱེན་ཞིག་ཡིན࿒པར་མང་གཙོའི་ལྟ་གྲུབ་ཀྱི་གཞུང་ལུགས་སུ་གསལ་པོ་ཡོད་ནི་རེད། དེ་བཞིན་རྨོངས་དད་དང་སེམས་ཚོར་ཙམ་གྱི་བྱ་སྤྱོད་ནི་མི་རིགས་དང་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་འགོག་རྐྱེན་གྱི་རྩ་བ་ཡིན་པ་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་ལ་གསལ་མོ་དག་མོ་ཡོད་ནི་རེད། བོད་པ་ཚང་ནི་དད་གཙོ་དང་འགོ་གཙོའི་རིང་ལུགས་པ་དག་དག་ཡིན་པས་ད་དུང་མང་གཙོའི་མིང་ཙམ་ལས་དད་གཙོ་དང་འགོ་གཙོར་ཤིར་འཇུ་རོར་འཐམས་ཀྱི་གཤིས་ཀ་འདི་དོར་རྒྱུ་ད་དུང་ལམ་ཐག་རིང་ནི་རེད། དཔེར་ན། གོང་ས་མཆོག་ལ་སྐྱོན་གྱི་ཟུར་ཙམ་ཡང་བརྗོད་ཆོག་ནི་མ་རེད། སྤྱིར་གོང་ས་མཆོག་ལ་སྐྱོན་གྱི་རིགས་ནི་ལོས་ཡོད་ལ་དེ་དག་བརྗོད་པར་གོང་ས་མཆོག་སྐྱོན་གྱི་གོང་བུ་ཞིག་ཏུ་ག་ལ་འགྱུར།

  13. དགེ་འདུན་རྒྱ་མཚོ། says:
    2015-08-09 at 10:52 pm

    # 5 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
    August 8th, 2015 at 6:10 PM
    སོགས་མི་འདིའི་རིགས་ཀྱིས་གོང་༧་མཆོག་ནི་འཛམ་གླིང་གི་ཆོས་ལུགས་མ་འདྲ་བ་ཁག་ཚང་མས་གུས་གཙི་བྱེད་ཀྱིན་ཡོད་པ་དེ་དག་མ་ཤེས་པ་ཁག་མེད། 
    གུད་ཡངས་པའི་ཆོས་ལུགས་པ་དག་གིས་ཕན་ཚུན་ལ་གུས་གཙི་བྱེད་ཀྱིན་ཡོད་ན་ཡང་བོད་ཀྱི་ཆོས་བརྒྱུད་པ་འགས་ནང་ཕན་ཚུན་དགྲ་རུ་འཛིན་པའམ་འབྲེལ་བ་གཏན་ནས་མེད་པ་ཞིག་ལ་རྩིས་བཞིན་པ་ནི་ཐབས་སྐྱོ་བོ་རེད།
    # 5 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
    August 8th, 2015 at 6:10 PM
    མི་འདིས་གོང་༧ས་མ་མཆོག་ནི་ཞི་བདེའི་དེད་དཔོན་ཡིན་པ་ངོས་ལེན་མེད་པ་དང་། ནོ་ཝེ་རྟགས་པ་ཐོབ་སོགས་ཀྱང་ཤེས་ཀྱི་མེད་པ་ཨེ་ཡིན། 

  14. སྤོབས་པ་མཐའ་ཡས། says:
    2015-08-09 at 11:23 pm

    རྩོམ་པ་པོ་འབྲོང་ངུར་མཆོག་གིས་གསུངས་པ་དེར་མོས་མཐུན་བརྒྱ་ཆ་བརྒྱ་ཐམས་པ་ཡོད། རྒྱལ་བ་རིན་པོ་ཆེ་མདོ་སྨད་པ་རེད་ཟེར་ནས་མདོ་སྨད་པའི་གྱ་སྟོན་ཕུལ་བ་དང་། དགེ་ལུགས་པས་དགེ་ལུགས་པ་རེད་དགེ་ལུགས་པའི་དབུ་འཛིན་འགན་འཁུར་དགོས་ཟེར་བ་སོགས་ནི་མི་ཆེན་པོ་ཞིག་མི་ཆུང་བཟོ་ཐབས་མ་གཏོགས་ཕན་ཐོགས་མེད། འགན་མདོ་སྨད་པས་འཁུར་རུང་གྱ་སྟོན་དེ་བོད་ཡོངས་རྫོགས་ཀྱི་མིང་ཐོག་ནས་ཕུལ་ན་རླབས་ཆེ། ལོ་རྒྱུས་ཀྱི་འབྱུང་ཁུངས་དགེ་ལུགས་པ་ཡིན་ན་ཡང་རྒྱལ་བ་རིན་པོ་ཆོས་བརྒྱུད་ཡོངས་སུ་རྫོགས་པའི་དབུ་འཛིན་གྱི་ངོ་བོར་བཞུགས་ན་ཁོང་གི་རླབས་ཆེན་གཟི་བརྗིད་དང་དགེ་ལུགས་པ་ཕན་ཐོགས་དེ་བས་ཆེ། དེས་བོད་ཀྱི་ཆོས་བརྒྱུད་གཞན་ཚོར་ཡང་ཕན་ཐོགས་ལས་གནོད་མེད།

  15. སྤོབས་པ་མཐའ་ཡས། says:
    2015-08-09 at 11:24 pm

    རྒྱལ་བ་རིན་པོ་རྒྱབ་ཤེད་ལ་ཁུར་མདོག་གིས་ལས་རྒྱུ་བྱ་རྒྱུ་མང་དྲགས་སོང་ན་དངོས་གནས་མདོ་སྨད་མདོ་མེད་དང་། དགེ་ལུགས་སྒེར་ལུགས་སུ་འགྱུར་བའི་ཉེན་ཁ་ཆེའོ།།

  16. ཅོ་རི་ཉི་མ། says:
    2015-08-10 at 4:02 am

    དགེ་འདུག་རྒྱ་མཚོས་ཅོ་རིའི་བཏབ་པའི་མཆན་བུ་རེད་ཟེར་ཁུར་ཡོང་བ་འདི་རྫུན་རེད། ངས་མཆན་བུ་དེ་འདྲ་ཞིག་བཏབ་མྱངས་མེད། མཆན་བུ་དེ་ག་པ་བཏབ་འདུག་གམ། གཅིག་རེད།

    སྤོབས་མཐའ་ལགས། དེ་རིང་ཡང་སྐད་ཆ་བཤད་སྟངས་ཏོག་ཙམ་འགྱུར་འདུག་ག དགའ་ལྡན་ཕོ་བྲང་གི་མངའ་འོག་ཏུ་དགེ་ལུགས་པ་ལ་མ་གཏོགས་ཆོས་རྒྱུད་གཞན་དག་ཉི་མ་རྒྱ་ལམ་དབང་མྱོང་མེད་ཟེར་ནས་བཤད་མྱངས་ཡོད། དེ་རིང་ཡང་དགའ་ལྡན་ཕོ་བྲང་ཚང་གིས་ཆོས་རྒྱུད་ཡོངས་རྫོགས་ཀྱི་འགན་འཛིན་བྱེད་དགོས་ཟེར་གྱི་ཡོད་དམ། ཉི་མ་རྒྱ་ལམ་དབང་མ་སོང་ལབ་ན་སྡུག་སྐད་མང་པོ་ཁྱོད་ཀྱིས་བརྒྱབ་མྱངས་བ་བརྗེད་སོང་བ་ཨེ་རེད། མི་བདེན་བསམས་ན་་་སྔོན་མར་གདོང་ཐོག་སྤྲུལ་སྐུ་བཀྲོངས་དུས་སུ་་ཁམས་པའི་ཕོ་རྒོད་རེད་ཅེས་པའི་རྩོམ་ཡིག་ཞིག་ཁྱོད་ཀྱིས་བྲིས་མྱངས་ཡོད་པ། རྩོམ་ཡིག་དེའི་འོག་གི་མཆན་བུའི་ནང་དུ་སྐད་ཆ་ཅི་ཡོད་མེད་ལྟོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme