Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་སི་ཀྲོ་ལེ་ཡའི་སྤྱི་འཐུས་འོས་མི་སྐུ་ཞབས་བསམ་འགྲུབ་ཚེ་རིང་།

Posted on 2015-08-012015-08-02 By ཁ་བརྡ་ 3 Comments on ཨོ་སི་ཀྲོ་ལེ་ཡའི་སྤྱི་འཐུས་འོས་མི་སྐུ་ཞབས་བསམ་འགྲུབ་ཚེ་རིང་།

unnamed

རྒྱ་བོད་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཀྲོ་ལེ་ཤི་ཡར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་འོས་མི་སྐུ་ཞབས་བསམ་འགྲུབ་ཚེ་རིང་ལགས་ཀྱི་་ལོ་རྒྱུས་སྙིང་བསྡུས།

ངོ་སྤྲོད།༽

སྐུ་ཞབས་བསམ་འགྲུབ་ལགས་ནི་ཕྱི་ལོ་༡༩༥༩ ལོར་སྟོད་སྤུ་ཧྲེང་དུ་འཁྲུངས། རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་འཚར་ལོངས་བྱུང་ཞིང་དེ་གའི་གཞི་རིམ་སློབ་གྲྭ་ལེགས་ཐོན་རྗེས་རྡ་ས་རིགས་ལམ་སློབ་གཉེར་ཁང་དུ་ལོ་བདུན་རིང་བོད་ཀྱི་ནང་དོན་རིག་པའི་གཙོས་ཐུན་མོང་རིག་གནས་དང་བཅས་པར་སྦྱངས་བརྩོན་མཐར་ཕྱིན་ཏེ་ཕར་ཕྱིན་རབ་འབྱམས་པའི་ལག་འཁྱེར་ཐོབ། དེ་མཚུངས་ཅན་སྡི་སྒར་པན་ཇབ་གཙུག་ལག་སློབ་ཆེན་(Panjab University) དུ་བི་ཨེ་(BA) ལག་འཁྱེར་ཀྱང་ཐོབ། སློབ་མཐར་ཕྱིན་རྗེས་ཕྱི་ལོ་ ༡༩༨༤ ལོར་ཨོ་སེ་ཀྲོ་ལི་ཡའི་མེལ་སྦོན་གྲོང་ཁྱེར་དུ་ཏྭ་ར་ཆོས་ཚོགས་སུ་བོད་ཀྱི་ནང་ཆོས་གསུང་བསྒྱུར་ཆེད་བོད་མི་ཐོག་མའི་གྲས་སུ་ཕེབས་ཏེ་མི་ལོ་བཅུ་དྲུག་ཙམ་རིང་གཙོ་བོ་ལོ་ཙྭ་བའི་ལས་འགན་དང་ཞོར་དུ་ཕྱི་རྒྱལ་བ་རྣམས་དང་བོད་རིགས་ན་གཞོན་ཚོར་བོད་མིའི་སྐད་ཡིག་རིག་གཞུང་སོགས་ངོ་སྤྲོད་གནང་།

ཕྱི་ལོ་༢༠༠༦ ལོར་རང་ཡུལ་བོད་ཀྱི་གནས་སྟངས་གང་ཅིའི་དངོས་ཡོད་རྒྱུས་ལོན་དང་གནས་མཇལ་ཆེད་བསྐོར་བསྐྱོད་བྱས། ཕྱི་ལོ་༢༠༠༢ ནས་མེལ་སྦོན་མོ་ན་ཤེ་དང་སུ་ཝིན་བྷན་གཙུག་ལག་སློབ་ཆེན་(Monash & Swinburne University) དུ་རྒྱལ་ཁབ་འདྲ་མིན་གྱི་སློབ་ཕྲུག་ཚོའི་བདེ་དོན་ལས་ཁང་དུ་འགན་འཁུར་ཕྱག་ལས་གནང་མུས་རེད།

 
ཉམས་མྱོང་དང་འཇོན་ཐང་།༽

བསམ་འགྲུབ་ལགས་ནས་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་གཞིར་བཟུང་མེལ་སྦོན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྔ་ཕྱི་མི་ལོ་བཅུ་གཉིས་ལྷག་ཙམ་འགན་འཁུར་བགྱིས་པས་ལས་དོན་གང་ཅིར་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་ཡོད།

• ཐོག་མར་མེལ་སྦོན་བོད་རིགས་སྤྱི་མཐུན་ཚོགས་པའི་བཅའ་ཁྲིམས་དང་དེབ་སྐྱེལ་གནང་མཁན་མི་སྣ་གཙོ་གྲས་ཡིན།

• ༢༠༠༩ མེལ་སྦོན་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་དབུ་བརྙེས་པའི་འགན་འཁུར་བཞེས།

• ཨོ་སེ་ཀྲོ་ལི་ཡར་བོད་མི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་སྔ་རྗེས་མང་དག་ཅིག་ས་གནས་སུ་འབྱོར་བར་སྣེ་ལེན་རྒྱུས་ཡོད་ལམ་སྟོན་དང་མཐུན་འགྱུར་རོགས་རམ་གྱི་འགན་ལེན་གནང་ཡོད།

• ༢༠༡༠ ལོར་ཨོ་སེ་ཀྲོ་ལི་ཡར་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་སྐབས་དང་པོའི་ཚོགས་གཙོར་འོས་འདེམས་ཀྱིས་ཚོགས་འགན་བཞེས།

• ༡༩༩༢ ལོར་༧གོང་ས་མཆོག་ཨོ་གླིང་གདན་ཞུ་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བཞུགས་པ་ནས་རིམ་གྱིས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ཨོ་སོ་ཀྲོ་ལི་ཡར་སྔ་རྗེས་ཚར་བདུན་ལྷག་ཙམ་རིང་གདན་ཞུ་གོ་སྒྲིག་ཚོགས་ཆུང་གི་གལ་ཆེའི་ལས་གནས་ཀྱི་འགན་འཁུར་ཚགས་ཚུད་བཞེས།

 

ཁོང་གིས་སྤྱི་འཐུས་གནང་འོས་པའི་དམིགས་བསལ་ཁྱད་ཆོས།༽

• དབྱིན་བོད་གཉིས་ཀའི་སློབ་སྦྱོང་གི་ཤེས་ཚད་རང་རྐྱ་འཕེར་ཞིང་ལས་དོན་སྒྲུབ་ཐུབ་པའི་ཁྱད་ཆོས་ལྡན།

• ད་བར་ཨོ་གླིང་ནང་སྤྱི་ཚོགས་ཀྱི་གལ་ཆེའི་ལས་སྣེ་མང་པོར་གཙོ་འགན་བཞེས་ཏེ་སྤྱི་ཚོགས་ཐོག་གི་གཞུང་སྒེར་གལ་ཆེའི་མི་སྣར་འབྲེལ་མཐུད་མཉམ་ལས་གནང་ཐུབ་པའི་ཁྱད་ཆོས་ལྡན།

• བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་དམིགས་བསལ་སྦྱངས་པ་དང་གོ་རྟོགས་ཡོད་སྟབས། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་གནས་སྡོད་བོད་མི་རྣམས་ལ་ལམ་སྟོན་དང་སྣེ་ཁྲིད་ཐུབ་པའི་ཁྱད་ཆོས་ལྡན།

• ཕྱག་ལས་ཅི་ཞིག་གནང་ཡང་ལྷག་བསམ་དང་། དྲང་བདེན། བོད་མི་རིགས་ཀྱི་ད་ལྟའི་གནས་བབ་བཅས་ལ་ཐུགས་བསམ་བཞེས་ནས་ལས་དོན་སྒྲུབ་མཁན་ཞིག་ཡིན་སྟབས། ཤེས་འཇོན་གྱིས་ཕྱུག་པའི་མིག་དཔེ་བཟང་པོ་ཁོང་ལྟ་བུ་རང་རེའི་ཨོ་གླིང་གི་སྤྱི་འཐུས་འོས་མིར་འཚམ་ཤོས་སུ་མཐོང་བ་དེ་བཞིན་སྤྱི་ཕན་ལ་རེ་བ་ཀུན་གྱིས་དགོངས་མངའ་ཞུ།། །།

ངོ་སྤྲོད།

Post navigation

Previous Post: རྒྱ་ནག་ལ་ཐོབ་པ་མ་རེད་རྒྱ་ནག་གིས་ཉོས་པ་རེད།
Next Post: ༢༠༢༢ ལོའི་དགུན་ཁའི་ཨོ་རྩེད་རྒྱ་ནག་ཏུ་ཚོགས་གཏན་འཁེལ།

Comments (3) on “ཨོ་སི་ཀྲོ་ལེ་ཡའི་སྤྱི་འཐུས་འོས་མི་སྐུ་ཞབས་བསམ་འགྲུབ་ཚེ་རིང་།”

  1. གངས་ཕྲུག། says:
    2015-08-01 at 11:20 pm

    ཁོང་ལ་རྒྱབ་སྐྱོར་བྱེད་ན་བྱེད་རིན་ཆོག་པ་ཞིག་ཡོད་པ་འདྲ། ཁུལ་དེར་བཞུགས་པའི་བོད་མི་རྣམས་ཀྱིས་ཆུབ་མི་ཉེན།

  2. ཨ་ཁུ་ནོར་བུ་ says:
    2015-08-02 at 10:28 pm

    མེལ་སྦོན་ལ་གྲྭ་ལོག་རྒད་པོ་གཞན་གྱི་བཟའ་ཚང་བར་ལ་མཛུལ་མཁན་ཞིག་ཡོ་རེད་ཟེར་གྱི་འདུག་པས་ དེ་ཁོང་མ་རེད་དན་???

  3. འཕན་པོ་བ་བློ་བཟང་ says:
    2015-08-03 at 12:22 am

    བཟའ་ཚང་བར་ལ་མཛུལ་པ་མ་རེད་བུ་མོ་དེའི་ཁྱོ་ཁས་ཇོན་གི་མི་འདུག་ཟེར་ཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme