Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱི་གཏམ་བཤད།

Posted on 2015-07-252015-07-26 By ཁ་བརྡ 10 Comments on སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱི་གཏམ་བཤད།

གནས་ཚུལ་གཏོང་མཁན། བ་ར་ཚེ་དབང་བཀྲ་ཤིས

 

༢༠༡༦ ལོའི་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱིས་བོན་གཞིས་སུ་གཏམ་བཤད་སྤེལ་བ།

ཕྱི་ལོ་༢༠༡༥ ཟླ་བ་༠༧ ཚེས་༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ པའི་སྟེང་ས་གནས་བོན་གཞིས་མི་མང་ཚོགས་ཁང་དུ། ༢༠༡༦ ལོའི་སྲིད་སྐྱོང་འོས་མི་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱི་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག སྲིད་སྐྱོང་འོས་མི་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་མང་ཚོགས་ལ་འོས་མིའི་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་གཏམ་བཤད་ཟུར་ཉན་དུ་བོན་གཞིས་སེར་སྐྱ་མང་ཚོགས་མི་གྲངས་ ༣༠༠ ལྷག་ཙམ་མཉམ་འཛོམས་གནང་འདུག

དེ་ཡང་གོང་ཚེས་ཉིན་གྱི་ཐོག་མར་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་པ་བ་ར་ཚེ་དབང་བཀྲ་ཤིས་ལགས་ཀྱི་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་སྒྲོག་སྦྱངས་བྱས་རྗེས། སྲིད་སྐྱོང་འོས་མི་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཁོང་སྲིད་སྐྱོང་འོས་མིར་ལངས་དགོས་པའི་དགོས་དམིགས་སྐོར་ལ་གཏམ་བཤད་གནང་དོན།

unnamed-2

“༧གོང་ས་མཆོག་གིས་བོད་པ་ཚོར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སུ་ལའང་མེད་པའི་མང་གཙོ་ཡང་དག་པ་ཞིག་གནང་ཡོད་པ་དེར། ཕྱི་ལོ་ ༢༠༡༠ དང་ ༢༠༡༡ གི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་མི་ཚ་ཚ་འུར་འུར་སྒང་ཕྱིན་པ་རེད། སྐབས་དེའི་བཀའ་བློན་ཁྲི་པའི་འོས་བསྡུ་ལ་ལོ་གཉིས་ཙམ་གྱི་སྔོན་ནས་འོས་མི་ལངས་མཁན་མང་པོ་བྱུང་ནས་ཁོ་ཚོས་ལས་འཆར་མང་པོ་ཞིག་བཏོན་ཡོད་པ་རེད། དེ་བཞིན་དུ་མི་མང་གི་དོ་སྣང་ཆེན་པོ་བྱུང་ཡོད་པ་རེད་ལ་འགན་ཡང་ཁུར་ཡོད་པ་རེད།
ཡིན་ན་ཡང་། ལོ་ལྔ་ཡི་རྗེས་ནས་འོས་བསྡུ་རེ་རེ་སླེབས་ཡོང་གིན་ཡོད་དུས། ད་ལོ་ཕྱི་ཟླ་བཞི་པའི་ནང་ཚོགས་པ་ཁག་གཅིག་གིས་འོས་བསྡུའི་ལས་འགུལ་ཁ་ཤས་སྤེལ་མགོ་བཙུགས་ཀྱང་སྤྱི་ཚོགས་ནང་གི་མི་མང་ཚོས་ད་དུང་ལྷོད་གཡེང་བྱས་ནས་བསྡད་འདུག སྐབས་དེར་ང་དྷ་རམ་ས་ལར་ཡོད། དེ་ནས་ང་ཚོའི་སྤྱི་ཚོགས་ནང་ལ་འགན་དང་སེམས་ཁུར་བྱེད་མཁན་གྱི་མི་སྣ་ཁག་ཅིག་གིས་སྲིད་སྐྱོང་གི་འོས་མི་ལངས་མཁན་མི་འདུག
མི་མང་གིས་འོས་ཤོག་བླུགས་ན་ང་ལངས་ཀྱི་ཡིན་ཟེར་མཁན་མ་གཏོགས་དམངས་གཙོའི་འགྲོ་ལུགས་ཐོག་ནས་ང་སྲིད་སྐྱོང་བྱ་ཐུབ་ཀྱི་ཡོད་ཟེར་ནས་ལངས་མཁན་མི་འདུག་ཟེར། སྐབས་དེར་ང་ལ་སྐད་ཆ་འདྲི་ཡི་འདུག དེ་ནས་ངས་ཁོ་ཚོར་ལོ་གཞོན་པ་ཚོས་འགན་ཁུར་དགོས་ཡོད་པ་རེད། སྤྱིར་བཏང་བྱ་ཐུབ་རྒྱུ་མ་རེད་བསམ་གྱི་མི་འདུག དམངས་གཙོའི་འགྲོ་ལུགས་ལྟར་ལངས་དགོས་པ་རེད་མ་གཏོགས། མར་བསྡད་ནས་ང་ལངས་ཀྱི་ཡིན་ཟེར་ན་འགྲིག་གི་མ་རེད། ངས་བྱེད་འདོད་ཡོད་ཅེས་ང་ལངས་པ་ཡིན།” ཞེས་དང་།

ཡང་གསུངས་རྒྱུར། “ཐོག་མར་གསར་འགོད་གསལ་བསྒྲགས་སྐབས་ང་དོན་ཚན་གསུམ་གྱི་ཐོག་ལ་ལང་གི་ཡོད་ཅེས་ལབ་པ་ཡིན།

དོན་ཚན་དང་པོ་དེ་༧སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་འགན་ཁུར་བའི་ཐོག་ནས་༧་གོང་ས་མཆོག་གི་དགོངས་གཞི་ལྟར་བོད་དོན་བདེན་མཐའ་སེལ་ཐབས་ལ་གལ་སྲིད་ས་མིག་ཅིག་བྱུང་ན་སྐལ་པ་བཟང་པོ་ཡིན་བསམ་གི་འདུག

དོན་ཚན་གཉིས་པ་དེ། བོད་པའི་སྤྱི་ཚོགས་ནང་སེམས་ཁུར་བྱེད་མཁན་ཁག་ཅིག་གིས་སྲིད་སྐྱོང་གི་འགན་ཁུར་དགོས་ཀྱི་འདུག་ཅེས་ནས་རེ་འདུན་བཏོན་པ་དང་། ང་རང་གིས་ལོ་ ༢༠ ལ་ལས་ཀ་བྱས་པ་དང་དེ་ཡང་ཕྱི་འབྲེལ་དང་གཞི་ཆགས་ཁག་གི་ས་གནས་མགོ་འཛིན་ནམ་འཛིན་སྐྱོང་བྱས་པ། བར་ལམ་ཞིག་ནས་སྤྱི་མཐུན་མཉམ་འབྲེལ་ཚོང་གི་སྡེ་ཚན་ཁག་མང་པོ་ཞིག་ལ་ཉམས་མྱོང་ཡོད་པར་བརྟེན། སྲིད་སྐྱོང་ལ་ལངས་རྒྱུའི་སྤོབས་པ་དང་གདེང་ཚོད་ཡོད་པའི་ཐོག་ནས་ལང་གི་ཡོད།

unnamed-1དོན་ཚན་གསུམ་པ་དེ། ང་ཚོ་སྐྱབས་བཅོལ་དུ་བསླེབས་དགོས་པ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་བྱུང་ནས་ཡོང་ཡོད་པ་རེད། ང་ཚོའི་ལས་འགུལ་གཙོ་བོ་བསྒྲུབ་དགོས་པ་བོད་དོན་བདེན་མཐའ་སེལ་ཐབས་དེ་རེད། དེ་བསྒྲུབ་པའི་ཐབས་ལམ་གྲོས་མོལ་གྱི་ཐོག་ནས་བསྒྲུབ་རྒྱུ་ཡིན། གྲོས་མོལ་སླར་གསོ་བྱ་དགོས་ཀྱི་འདུག གྲོས་མོལ་བྱ་མཁན་དེ་བོད་མིའི་སྒྲིག་འཛུགས་ཆགས་ཡོད་པ་དང་བོད་མིའི་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཐུབ་དགོས་པ་ཞིག་བཟོ་དགོས་ཀྱི་འདུག བོད་མིའི་སྒྲིག་འཛུགས་རྒྱུན་གནས་བཟོ་རྒྱུར་གཞི་ཆགས་སྲ་བརྟན་དགོས་ཀྱི་འདུག བོད་དོན་བདེན་མཐའ་སེལ་ཐབས་རྒྱུན་གནས་ཐུབ་པར་གཞོན་སྐྱེས་ལ་ཤེས་ཡོན་དང་མི་མང་ལ་དཔལ་འབྱོར་དགོས་ཀྱི་འདུག དེའི་དོན་ལ་ངས་དབྱིན་ཇིའི་ཚིག་ཅིག་ཚུར་བླངས་པ་ཡིན། “SEEN” ཟེར་བ་དེ་རེད། “Sustainability/ Education/ Economy/ Negotiation” (རྒྱུན་གནས། ཤེས་ཡོན། དཔལ་འབྱོར། གྲོས་མོལ།) བོད་དོན་བདེན་མཐའ་སེལ་ཐབས་ལ་མཐོང་ཐུབ་དགོས་པའི་དོན་གནད་བཞི་ཡོད་པ་རེད། མཐོང་ཞེས་པ་དེར་ “Seen” ལབ་པ་དེ་རེད། དེའི་སྟེང་ཤུགས་རྒྱག་དགོས་འདུག” ཅེས་གསུངས།

ད་རུང་ཡང་ཁོང་གིས་“རྒྱུན་གནས་དང་ཤེས་ཡོན། དཔལ་འབྱོར། གྲོས་མོལ་གྱི་ལས་གཞིའི་སྐོར་ལ་རིམ་པས་ཡིག་ཐོག་ལ་མར་འགྲེམ་གྱི་ཡིན་པ་མ་ཟད། ཁྱེད་རང་ཚོར་མཐོང་རྒྱུ་ཡོད་པ་ཞིག་འགྲེམ་རྒྱུ་ཡིན། དེ་སྐད་འཕྲིན་གྱི་ཚོགས་པ་དང་ཡཱོ་ཊོབ་ (You Tube) བརྒྱུད་ནས་སྐར་མ་གཉིས་གཉིས་ནང་ལ་ཀློག་རྒྱུ་དང་ཉན་རྒྱུ། ལྟ་རྒྱུ་ཡོད་པ་ཞིག་འགྲེམ་གྱི་ཡིན། ད་ལྟའི་ལས་གཞི་དེ་ཕྱི་ཟླ་ ༦ པའི་ནང་ལ་ངའི་འདས་པའི་ལོ་རྒྱུས་དང་ཉམས་མྱོང་། གྲུབ་འབྲས་སྐོར་ལ་ངས་བཀྲམ་ཚར་བ་ཡིན། ཡང་བསྐྱར་ཟླ་བ་གཅིག་གི་ནང་ལ་མ་འོངས་ལས་འཆར་“མཐོང་”ཞེས་པ་དེ་ཡིག་ཐོག་ལ་ངོ་དེབ་དང་སྐད་འཕྲིན་བརྒྱུད་ནས་གཏོང་ཡོང་གི་རེད། དེ་ནས་ཕྱི་ཟླ་ ༩ བའི་ནང་ལ་ཡཱོ་ཊོབ་བརྒྱུད་ནས་གཏོང་ཡོང་གི་ཡིན།
ཡིན་ན་ཡང་། ད་འདི་ནས་རྡོག་རྡོག་ཅིག་ཞུས་པ་ཡིན་ན། གྲོས་མོལ་སླར་གསོ་བྱ་རྒྱུ་དེ་ངས་གལ་ཆེ་ཤོས་ཤིག་རྩི་བཞིན་ཡོད། དེ་བཞིན། ༸རྒྱལ་བ་རིན་པོ་ཆེའི་སྐུའི་སྲུང་བྱ་དེ་གལ་ཆེན་པོ་ཞེ་བོ་རྩི་བཞིན་ཡོད། དེའི་ཐོག་ལ་དམིགས་བསལ་གྱི་དོ་སྣང་བྱ་རྒྱུ་ཡིན། འདས་པའི་ལོ་རྒྱུས་ཀྱི་ལེགས་བཤད་ནང་ལ་ཛ་དྲག་གི་གནས་སྟངས་ཁ་ཤས་བྱུང་སོང་བཱ། ཨ་རིའི་སན་ཧྥན་སུའི་སི་ཁོ་ (San Francisco) ནང་དང་ད་ལྟ་སྐད་འབོད་རྒྱག་བཞིན་ཡོད་པ་དེ་ཚོའི་རིགས་མ་ཡོང་ཐབས་ཀྱི་སྔོན་འགག་གྲ་སྒྲིག་ཨང་གསར་བྱ་དགོས་ཡོད།” ཅེས་གསུངས།

རྒྱུན་གནས་སྐོར་ལ་གསུངས་དོན། “དང་པོ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཐུབ་རྒྱུ་གལ་ཆེན་པོ་ཞིག་མཐོང་གིན་ཡོད། གང་ཡིན་ཞེ་ན། བཀའ་ཤག་གོང་མ་མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་ལ། སྒྲིག་འཛུགས་སྲ་བརྟན་ཡོང་ཆེད་སྒྲིག་གཞི་མང་པོ་ཞིག་བཟོས་ཡོད་པ་རེད། སྲིད་ཇུས་མང་པོ་ཞིག་གཏན་འབེབས་བྱས་ཡོད་པ་རེད། སྒྲིག་གཞི་དང་སྲིད་ཇུས་ཟེར་བ་དེ་ཐེངས་གཅིག་གཏན་འབེབས་བྱས་ནས་སྒྱུར་བཅོས་གཏོང་མི་ཆོག་པ་མ་རེད། སྐབས་དང་དུས་ལ་བབ་པའི་འགྱུར་བ་དང་གསར་གཏོད་བྱེད་ནས་འགྲོ་དགོས་ཡོད་པ་རེད། སྲིད་ཇུས་གསར་བ་གཏན་འབེབས་བྱ་དགོས་ཡོད་པ་རེད། སྒྲིག་གཞི་དེའང་སྒྱུར་བཅོས་གཏོང་དགོས་ཡོད་པ་རེད། ཡིན་ན་ཡང་། འདས་པའི་ལོ་བཞིའི་ནང་ལ་འདིའི་རིགས་བྱུང་མ་སོང་ཟེར་ན་ཕལ་ཆེར་ངས་རྫུན་བཤད་པ་ཡིན་རྒྱུ་རེད། དམིགས་བསལ་དེ་འདྲ་རིགས་མཐོང་རྒྱུ་དང་ཐོས་རྒྱུ་གང་ཡང་མི་འདུག
དེ་བཞིན་དུ་སྒྲིག་གཞི་བསྐྱར་བཅོས་བྱས་མེད་སྟབས་ས་ཁོངས་སྒྲིག་གཞིའི་སྟེང་བོད་མིའི་ནང་ལ་དཀའ་ངལ་མང་པོ་ཞིག་ཡོང་གི་འདུག བོད་མིའི་སྒྲིག་འཛུགས་གནས་བ་ལ་གཞི་ཆགས་གནས་དགོས་ཡོད་པ་དང་། གལ་སྲིད་གཞི་ཆགས་གནས་མེད་ན་བོད་མིའི་སྒྲིག་འཛུགས་ཀྱང་གང་འཚམ་ཞིག་ཐོར་བ་ཡིན་སྟབས། གཞི་ཆགས་གནས་དགོས་པ་དེར་མི་ཚང་མས་བསམ་བློ་གཏོང་བཞིན་ཡོད་པ་རེད། ཡིན་ན་ཡང་། གཞི་ཆགས་གནས་དགོས་པ་ལ་ལས་གཞི་ག་རེ་རྩོམ་གྱིན་ཡོད་པ་རེད། གཞི་ཆགས་གནས་པར་དཔལ་བྱོར་ཡོང་ཁུངས་ཀྱི་ལས་གཞི་བསྐྲུན་དགོས་ཡོད་པ་རེད།” ཅེས་དང་།

unnamedདཔལ་འབྱོར་གྱི་སྐོར་ལ་གསུངས་དོན། “གཞིས་ཆགས་ཁག་ལ་དཔལ་འབྱོར་འཛུགས་བསྐྲུན་བྱ་རྒྱུ་དང་། ཚོང་ལས་འཛུགས་བསྐྲུན་བྱ་རྒྱུ་ཡིན་པ་མ་ཟད། ཨ་རི་དང་ཡུ་རོབ་ནང་ལ་ (Tibet Town) བོད་ཀྱི་གྲོང་རྡལ་ཞེས་པ་འཛུགས་བསྐྲུན་བྱ་དགོས་འདུག བོད་ཀྱི་གྲོང་རྡལ་བཟོས་པ་ཡིན་ན་དཔལ་འབྱོར་དང་མི་རིགས་རྡོག་རྩ་ཆིག་སྒྲིལ། རིག་གཞུང་སྲུང་སྐྱོབ་སོགས་ལ་ཡང་ཕན་ཐོགས་ཀྱི་རེད། རྒྱ་མི་དེ་ཚོའི་ (China Town) རྒྱ་ནག་གྲོང་རྡལ་ནང་ལ་སོང་ན། རྒྱ་ནག་ལ་སླེབ་པའི་ཚོར་བ་མ་གཏོགས་ཨ་རི་ལ་ཡོད་པ་ཞིག་ཚོར་རྒྱུ་ཡོད་པ་མ་རེད། དེ་འདྲ་བཙུགས་ནས་ང་ཚོའི་བོད་པ་ཚོ་མཉམ་གཅིག་ཏུ་སྡོད་རྒྱུར་འབད་རྩོན་བྱ་དགོས་འདུག
སྔོན་མ་ང་ཚོ་རྒྱ་གར་ལུང་པར་བསླེབས་དུས་དཀའ་ངལ་མང་པོ་ཞིག་ཡོད་ཀྱང་། གཞི་ཆགས་བཙུགས་ནས་མཉམ་དུ་བསྡད་ནས་དེ་རིང་ངས་འདིར་བོད་སྐད་བརྒྱབ་ན་ཁྱེད་རང་ཚང་མས་གོ་རྒྱུ་ཡོད་པའི་གནས་སྟངས་འདི་གཞི་ཆགས་བཙུགས་པར་བརྟེན་ནས་བྱུང་བ་རེད། དེང་སང་ཡུ་རོབ་ཁག་ནས་བོད་པའི་ཚོགས་འདུ་ཞིག་ཚོགས་ན་སྐད་སྒྱུར་བ་གཉིས་གསུམ་ཞིག་དགོས་ཀྱིན་ཡོད་པ་རེད། ཡང་མིན་ན་དབྱིན་ཇིའི་སྐད་རྒྱག་དགོས་ཡོད་པ་རེད། དེ་འདྲ་ཡིན་དུས་བོད་ཀྱི་གྲོང་རྡལ་ཞིག་བཙུགས་ཐུབ་པ་ཡིན་ན་འཛུགས་བསྐྲུན་གྱི་ལས་གཞི་སོགས་བཙུགས་ནས་མི་དེ་ཚོ་འཚོ་བ་སྐྱེལ་ས་ཞིག་བཙུགས་ཐུབ་ན་ཕན་ཐོགས་ཡོང་གི་རེད་བསམ་གྱིན་ཡོད།
དེ་བཞིན་དུ་བོད་སྨན་ཐོག་ལ་ཡིན་ན་ཁྱབ་བསྒྲགས་གཅིག་ཀྱང་བྱས་མེད་པར་འཛམ་བུ་གླིང་ལ་ཁྱབ་བཞིན་ཡོད་པ་རེད། དེ་འདྲའི་མིས་དོ་སྣང་དང་ཡིད་ཆེས་བྱེད་ཀྱིན་ཡོད་པ་བཞིན་ཕན་ཐོགས་ཡོང་གི་ཡོད་པ་རེད། ཡིན་ན་ཡང་། ད་ལྟའི་ཆར་དེ་ཡང་བེད་སྤྱོད་ཡག་པོ་གཏོང་ཐུབ་ཀྱི་མི་འདུག་བསམ་གྱིན་ཡོད། ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྟེང་ངོས་ལེན་ཡོད་མཁན་ཞིག་བཟོས་དགོས་ཡོད་པ་རེད། ཕྱོགས་གཉིས་ནས་བོད་ཀྱིས་བཟོས་པའི་རྩ་སྨན་རིགས་བོད་པའི་ནང་ཁུལ་ཙམ་མ་ཡིན་པར་འཛམ་བུ་གླིང་དང་རྒྱ་གར་ཁྲོམ་རའི་ནང་བཙོང་རྒྱུའི་ལས་གཞི་བརྩམས་དགོས་ཀྱི་འདུག” ཅེས་གསུངས་དང།

ཤེས་ཡོན་གྱི་སྐོར་ལ་གསུངས་དོན། “ཤེས་ཡོན་སྲིད་ཇུས་དེ་ངས་གལ་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད། དེ་བཞིན་དུ་ཤེས་ཡོན་སྲིད་ཇུས་ཟེར་བ་བོད་ཡིག་རྐྱང་པ་མ་རེད། མི་ཡག་པོ་ཞིག་དང་ཡ་རབས་སྤྱོད་བཟང་བཟོ་ཐུབ་མཁན་ཞིག་རེད། ད་ལྟ་ང་ཚོའི་སློབ་གྲྭའི་ནང་ལ་དཀའ་ངལ་ཆེ་ཤོས་དགེ་རྒན་དང་སློབ་ཕྲུག་བར་ཐག་རིང་པོ་བྱས་ནས་སློབ་ཕྲུག་ཚོས་དྲི་བ་གཏོང་རྒྱུ་ཕར་བཞག་མགོ་འགྱོག་ཐུབ་ཀྱི་ཡོད་པ་མ་རེད། མིས་བཤད་ཤེས་ན་ཉན་ཤེས་ཀྱི་ཡོད་པ་མ་རེད། དེའི་རིགས་མ་འོངས་པ་ལ་ཉན་ཤེས་མཁན་དང་བཤད་ཤེས་མཁན། དེ་དང་འབྲེལ་པའི་མང་པོ་ཞེ་བོ་ཞིག་ཡོད་པ་རེད། དེའི་ནང་ནས་གཙོ་ཆེ་ཤོས་དེ་ཤེས་ཡོན་སྲིད་ཇུས་ལ་འགན་ཁུར་མཁན་ལས་བྱེད་དང་དགེ་རྒན། ཤེས་རིག་གི་འབྲེལ་ཡོད་ལས་བྱེད་སོགས་ཀྱིས་ཤེས་ཡོན་སྲིད་ཇུས་ལ་ངེས་པ་རྙེད་དགོས་ཡོད་པ་རེད། ཤེས་ཡོན་སྲིད་ཇུས་ལ་ངེས་པ་མ་རྙེད་པ་ཡིན་ན་དེར་འགན་ཁུར་ཐུབ་ཀྱི་ཡོད་པ་མ་རེད། ཤེས་ཡོན་སྲིད་ཇུས་ལ་འགན་ཁུར་དགོས་ཡོད་ན་དགེ་རྒན་ཚོར་གླ་ཕོགས་ཡག་པོ་སྤྲོད་དགོས་ཡོད་པ་མ་ཟད། ཟབ་སྦྱོང་ཡག་པོ་སྤྲོད་དགོས་ཡོད་པ་རེད། འཛིན་རིམ་བཅུ་གཉིས་ཐོན་རྗེས་སྨན་པའི་སློབ་སྦྱོང་དང་། འཕྲུལ་ལས་འཆར་འགོད་ལས་རིགས་ལ་ཆེད་སྦྱོང་གི་ཟབ་སྦྱོང་དང་སློབ་ཡོན་སྤྲད་པ་ཙམ་མ་ཡིན་པར། སློབ་ཡོན་འབོར་ཆེན་དགོས་པ་དག་ལ་བུ་ལོན་བཞག་པ་སོགས་ཀྱིས་རོགས་སྐྱོར་བྱེད་ནས་ཆེད་ལས་པ་མང་པོ་ཞིག་གསོ་སྐྱོང་ཡོང་བའི་ཐབས་ཤེས་བྱ་རྒྱུ་ཡིན།” ཞེས་དང་།

དེ་ནས་ཡང་གསུངས་དོན། “ད་ལྟ་མི་མང་པོ་ཞིག་གིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ད་དུང་ལོ་ལྔ་ཡི་དུས་ཚོད་དགོས་ཀྱིན་འདུག་ལས་རྒྱུ་མང་པོ་ལྷག་འདུག སྲིད་སྐྱོང་གི་ལོ་ཐེངས་གཅིག་ད་དུང་དགོས་ཀྱི་འདུག་ཅེས་གསུང་མཁན་འདུག ཡིན་ན་ཡང་། ངས་ག་རེ་བསམ་གྱི་འདུག་ཅེས་ན། ད་ལྟའི་ཛ་དྲག་གི་གནས་སྟངས་ཀྱི་སྐབས་འདིར་སྲིད་སྐྱོང་དུས་ཡུན་ལོ་གསུམ་བཟོ་དགོས་ཀྱི་འདུག རྒྱལ་ཁབ་ཡར་ཐོན་ཅན་ཨ་རི་ལྟ་བུ་ཡིན་ན་སྲིད་འཛིན་གྱི་དུས་ཡུན་ལོ་བཞི་རེད། ལོ་བཞི་བཞག་དགོས་པའི་རྒྱུ་མཚན་ག་རེ་རེད་ཅེ་ན་མི་དེར་རྩལ་དང་ནུས་པ་ཡོད་ན་ལོ་བཞིའི་ནང་ལ་ནུས་པ་སྟོན་ཐུབ་དགོས་ཡོད་པ་རེད། ང་ཚོ་ཛ་དྲག་གི་སྐབས་ལ་མི་གསར་པ་བསླེབ་ནས་རིག་པ་གསར་པ་ཞིག་གི་འཆར་གཞི་གསར་པ་ཞིག་བཏོན་ནས་འགྲོ་དགོས་ཀྱི་འདུག་བསམ་གྱིན་ཡོད།
སྤྱིར་བཏང་ངས་བཤད་བཞིན་པའི་ཁག་ཅིག་དགོན་པ་གྲྭ་ཚང་དང་བརྟན་གནས་སློབ་གྲྭ་ཁག ཇ་ཁང་ཆང་ཁང་སོགས་སུ་བཤད་མཁན་ཡོད་པ་རེད། ཡིན་ན་ཡང་། ས་ཆ་དེ་ཚོ་ནས་བཤད་ན་ཕན་ཐོགས་ཀྱི་མ་རེད། ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་འོས་བླུག་ནས་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད། འགྲིག་གི་མེད་ན་ཚང་མས་འགན་ཁུར་བའི་ཐོག་ནས་འོས་ཤོག་བླུག་རོགས་གནང་། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།”ཞེས་གསུངས་གནང་སོང་།

མཇུག་ཏུ་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་པས་སེར་སྐྱ་མི་མང་ཡོངས་ལ་བཀའ་སློབ་ཀྱི་གཙོ་གནད་ཁག་གཅིག་ངོ་སྤྲོད་བྱས་ཏེ་གཏམ་བཤད་ཚོགས་འདུ་གྲོལ་སོང་།

ཞེས་༢༠༡༦ལོའི་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱི་རྒྱབ་སྐྱོར་གོ་སྒྲིག་ཚོགས་ཆུང་ནས། ༢༠༡༥།༠༧།༢༥ཉིན།

གསར་འགྱུར།

Post navigation

Previous Post: རྩ་དོན་ལ་འགན་འཁུར་གྱི་ཡོད་པའི་རྟགས་མཚན་ཞིག་རེད།
Next Post: རྒྱ་གཞུང་གིས་ཆོས་ཕྱོགས་མི་སྣར་དམིགས་རྟགས།

Comments (10) on “སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱི་གཏམ་བཤད།”

  1. ཨ་ཁུ་ནོར་བུ་ says:
    2015-07-25 at 3:34 pm

    སྐུ་ངོ་བཀྲ་དབང་ལགས་སུ་བཀའ་འདྲི་ཞུ་རྒྱུར་་ གལ་སྲིད་སྐུ་ཉིད་སྲིད་སྐྱོང་ལ་ཕེབས་ན་ལོ་གཅིག་ནང་ཕྱག་ལས་ཉིན་ག་ཚོད་གནང་མཁན་ཡིན་ནམ་ ཡང་གསུང་ཆོས་ཉིན་ག་ཚོད་ཞུ་མཁན་ཡིན་ནམ གནས་དོན་ཐག་བཅོད་གནང་སྐབས་གནས་ཆུང་དང་ཚེ་རིང་བཅོ་ལྔ་སོགས་ལ་བཀའ་འདྲི་ཞུ་གནང་མཁན་ཡིན་དང་མིན་ བོད་པའི་སློབ་གྲྭ་ཁག་ནང་སྡོད་རྒྱལ་གྱི་སྐོར་གསུང་བཤད་གནང་བར་ཕེབས་མཁན་ཡིན་ནམ་ རྒྱ་མི་དང་སྡོད་ཚོགས་ རང་བཙན་ཡིན་ཟེར་མཁན་ནང་ནས་སུ་ཁྱེད་རང་གི་དགྲ་ཡིན་ནམ དེ རེང དེ་རྩམ་ཡིན་ དེ་ལ་་དགག་ལན་མིན་པར་བཀའ་ལན་གསལ་པོ་ཐུང་ཐུང་ཞིག་ཡོང་བ་ཞུ།།

  2. དཔོན་འབྲུག་རྒྱལ། says:
    2015-07-25 at 11:12 pm

    མ་འོངས་པའི་སྲིད་སྐྱོང་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ།

  3. མིག་དམར། says:
    2015-07-26 at 1:51 am

    མི་ཉམ་མྱོང་ཅན་ཡིན་ན་དགའ་པོ་བྱུང་། ཡིན་ན་ཡང་ལྟ་བ་བཞི་གསུངས་པ་ལས། རྒྱུན་གནས་ཟེར་བ་དེ་ཡ་མཚན་པོ་རེད། བཙན་བྱོལ་གྱི་སྤྱི་ཚོགས་གཅིག་པོ་ལ་ཤུགས་རྒྱགས་འདོད་པ་རེད་བ། གཞིས་བྱེས་ལྷན་འཛོམས་ཟེར་བ་དང་། བོད་དོན་བདེན་མཐའ་མྱུར་བསལ་ཟེར་བ་ལྟ་བུ་སོགས་སྲིད་སྐྱོང་དེ་ལ་འབྲེལ་བ་མེད་པ་མ་རེད་བ།

  4. ཇུས་ཏོག་ says:
    2015-07-26 at 5:38 am

    ཧ་ཧ་གད་མོ་ཤོར་ཡང་རེད་སྲིད་སྐྱོང་གི་ས་མིག་དེ་བོད་མི་ཚང་མར་བགོ་ཤ་རྒྱབ་ན་འགྲིག་གི་ཡོད་ས་རེད་ ཁོང་གི་བསམ་བློ་ལ་ཁོང་ལས་ལྷག་པ་མེད་པ་བཤད་འདུག་ སྲིད་སྐྱོང་ལོ་དུས་གཏན་འབེབས་དེ་ཁྲིམས་བཟོའི་ལས་འགན་ལས་སྲིད་སྐྒོང་གི་དབང་ཚད་མ་རེད་དོ/ ད་སྨྱོ་ལབ་རྒྵག་མཁན་མང་པོ་སྲིད་སྐྱོང་ལ་ལང་གི་རེད་འདུག་ འཕྲོད་བསྟེན་ལས་ཁང་ལ་དཀའ་ལས་མང་ཙམ་བཟོ་ས་རེད་ཧ་ཧ་ཧ་ཉིན་མའི་དཀྱིལ་ལ།་ རྨི་ལམ་འདྲ་བཏང་གི་ཡོད་ས་རེད་འདུག་

  5. དཔོན་འབྲུག་རྒྱལ་ says:
    2015-07-26 at 10:56 pm

    བློ་བཟང་སེང་གེའི་འཐུས་ཤོར་བཞི་དང་། སྟོང་གཏམ་གསུམ། འུར་སྒྲོག་གཉིས།

    ༼འཐུས་ཤོར་བཞི།༽
    ༡- ཤེས་ཡོན་སྲིད་ཇུས་མ་ལག་ཁ་ཐོར་སོང་བ་དང་གཞི་རིམ་སློབ་གྲྭ་ཁག་ཅིག་ལ་དགེ་རྒན་མ་འདང་བའི་དཀའ་ངལ་གྱི་འཐུས་ཤོར་དེ་གཉིས་མགྱོགས་མྱུར་སླར་གསོ་ཡོང་བར་བྱེད་དགོས།

    ༢- བོད་རྒྱ་འབྲེལ་མོལ་གྲག་འགུལ་མེད་པ་མ་ཟད་དམིགས་བསལ་སྐུ་ཚབ་རྡོག་གཅིག་མཐོང་རྒྱུ་མེད་པའི་འཐུས་ཤོར་དེ་བསླར་གསོ་མ་བྱེད་ན་མི་འགྲིག་པ་ཅིག་རེད།

    ༣- བོད་ནང་རང་ལུས་མེར་བསྲེགས་གྲངས་འདི་ཙམ་བསླེབས་ཀྱང་ད་ལྟའི་བཀའ་ཤག་དང་བཙན་བྱོལ་གཞུང་གི་ལངས་ཕྱོགས་དེ་མཆོད་འབུལ་སྨོན་ལམ་ཙམ་གྱིས་ཡིད་ཚིམས་པར་བྱས་པ་འདི་གོ་སྐབས་འཛིན་མ་ཐུབ་པའི་འཐུས་ཤོར་ཆེན་པོ་ཅིག་ཡིན་པ་ངེས་དགོས།

    ༤- ཉེ་བའི་ལོ་ཤས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དོལ་རྒྱལ་རྗེས་འབྲངས་པའི་སྐད་འབོད་ཤུགས་ཆེ་རུ་སོང་བ་དང་བོད་གཞུང་སློབ་གྲྭ་ནས་ཐོན་པའི་བོད་ཕྲུག་ཁག་ཅིག་ཇེ་མང་དུ་སོང་ཡོད།

    ༼སྟོང་གཏམ་གསུམ།༽ ༡- གཅིག་སྒྲིལ། ༢- གསར་གཏོད། ༣- རང་ཁ་རང་གསོ།
    སྐད་ཆ་འདི་གསུམ་པོ་སྲིད་སྐྱོང་མཆོག་ནས་གཏམ་བཤད་སྟོང་བ་ཙམ་ལས་ལེགས་འགྲུབ་བྱུང་བ་སྣེ་གཅིག་སྟོན་རྒྱུ་མེད་པས་སྟོང་གཏམ་རང་ཆགས་པ་རེད།

    ༼འུར་སྒྲོག་གཉིས།༽ བོད་ནང་ཆེད་ལས་པ་འབུམ་གཅིག་དང་བཙན་བྱོལ་ནང་ཆེད་ལས་པ་ཁྲི་གཅིག་གསོ་སྐྱོང་བྱེད་རྒྱུ་ཟེར་པའི་སྐད་ཆ་དང་། ༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་གི་ཡིན་ཟེར་པ་ནི་མི་མང་གི་རྣ་བ་ལ་སྒྲོག་པ་ཙམ་ལས་རང་གི་སེམས་ལ་གདེང་ཚོད་ངེས་ཅན་གྱི་ཐོག་སྒྲོག་རྒྱངས་བྱས་པ་ཅིག་ཆགས་མེད། ཐེངས་རྗེས་མའི་སྲིད་སྐྱོང་ལ་གདེང་ཚོད་མེད་པའི་འུར་སྒྲོག་པ་ཅིག་མི་ཡོང་བའི་ཐུགས་གཟབ་གནང་དགོས།

  6. ནུབ་ཕྱོགས་གངས་ཕྲུག says:
    2015-07-26 at 11:19 pm

    Tibet town བོད་ཀྱི་གྲོང་བརྡལ་ཞེས་པ་ཨ་རི་དང་ཁེ་ན་ཌ་ཡུ་རོབ་སོགས་སུ་བཟོ་ཁག་པོ་རེད། རྒྱུ་མཚན་བོད་མིའི་གྲངས་འབོར་ཉུང་བའི་རྐྱེན་གྱི་རེད། ནིའུ་ཡོག་ཏུ་ཕ་ལ་ཤིང་ Flushing ཞེས་པའི་རྒྱ་མིའི་གྲོང་བརྡལ་ཡོད་རེད། སྔོན་མ་ཀོ་རི་ཡའི་གྲོང་བརྡལ་རེད་ཟེར། ཕྱིས་སུ་རྒྱ་རིགས་གནས་སྤོར་མང་བའི་ཀོ་རི་ཡའི་མི་འབོར་ལས་རྒྱ་རིགས་ཤིན་ཏུ་མང་བའི་རྐྱེན་གྱིས་ད་ཆ་རྒྱ་མིའི་གྲོང་བརྡལ་ཆགས་ཟིན་པ་རེད། ས་གནས་དེར་ ཀོ་རི་ཡའི་མི་རིགས་གྲང་ཉུངས་ཆགས་ཟིན་པ་རེད།

  7. ཇ་མ་ says:
    2015-07-27 at 9:24 am

    ༧གོང་ས་མཆོག་ལ་དད་པ་ཡོད་པ་ཙམ་གྱིས་སྲིད་སྐྱོང་ཡོང་བ་ཡིན་ན་སྟབས་བདེ་བོ་རེད་ཡ་ཧ་ཧ་

  8. བཀྲ་ཡེ་ཚང་། says:
    2015-07-28 at 1:54 pm

    དགོངས་གཞི་ཤར་སྐྱོད་བྱེད་དགོས་པ་ཡིན་ན་་་་ད་དུང་དམངས་གཙོ་ཡང་དག་ཅིག་མ་ཡིན་པར་ངང་གི་ཆགས་འདུག

  9. ཁྱུང་སེ། says:
    2015-07-28 at 2:12 pm

    རེད་རེད་ཡིན་ནའང་དགོངས་གཞིར་ཤར་སྐྱོད་བྱེད་ཀྱི་ཡིན་མ་ལབ་ན་ཕམ་རྒྱུ་རང་རེད། རང་བཙན་འདོད་མཁན་གཞོན་ལྷན་ཚོགས་གཙོ་སྲིད་སྐྱོང་འོས་མིར་ལང་ན་དགོངས་གཞིར་ཤར་སྐྱོད་འགྲོ་གི་ཡིན་ལབ་དགོས་རེད་དེ་མིན་ཧཧཧཧ་མི་དམངས་དགོངས་གཞིར་ཤར་སྐྱོད་བྱེད་ཀྱི་མིན་ཅེས་ལབ་པའི་དུས་ཤར་ན་དེ་དུས་སྲིད་སྐྱོང་འོས་མི་བ་རྣམས་ནས་ཀྱང་དེ་ལྟར་ལབ་ཀྱི་མ་རེད།

  10. ཀླུ་སྨྱོན། says:
    2015-07-28 at 2:37 pm

    ནུབ་ཕྱོགས་གངས་ཕྲུག་ལགས། Flushing ཕ་ལ་ཤིང་མ་ཡིན་པར་ཧྥུ་ལ་ཞིན་ཞེས་འབོད། ཕ་ལ་ཤིང་ཞེས་བོས་ན་ཨ་རི་བ་ཚོས་ས་གནས་དེ་ངོས་མི་ཟིན། དཔེར་ན་ལོ་སུ་ཨེན་ཇུ་ལིས་སི་Los Angeles ལ་རྒྱ་མི་ཚོས་ལོ་ཧྲིན་ཅི་ཞེས་འབོད་པ་ཡང་ས་གནས་རང་གི་ཨ་རི་ཚོས་ངོས་མི་ཟིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme