Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་གཤག་རལ་བཏང་བ།

Posted on 2015-07-222015-07-22 By རེབ་གོང་བཀྲ་ཤིས། 32 Comments on རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་གཤག་རལ་བཏང་བ།


འདི་ཟླའི་ཕྱི་ཚེས་༢༢ ཉིན་གྱི་ཨོ་སི་ཊོ་ལི་ཡའི་ཉིན་གུང་ཙམ་ལ། སིག་ནེ་གྲོང་ཁྱེར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག སིག་ནེ་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་མདུན་དུ་བོད་མི་བརྒྱ་སྐོར་ཙམ་འདུ་འཛོམས་ཐོག་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་ངེས་པར་གསལ་བཤད་དགོས་པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མངོན་འདོད་དང་བློས་གཏོང་ལ་བརྩི་བཀུར་བསམ་ཤེས་ཀྱིས་ལན་གསལ་སྤྲོད་དགོས་པའི་འབོད་སྐུལ་བྱས་འདུག་པར་མ་ཟད། སྒོ་ཆེན་ནང་ཡར་འཛུལ་ཏེ་རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་གཤག་རལ་དུ་བཏང་བ་དང་། གཞུང་ཚབ་ལས་ཁུངས་ཀྱི་སྒོ་བརྡུངས་པ་སོགས་ཀྱི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་སྟབས། ཉེན་རྟོག་པས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ལྷ་མོ་ལགས་ཀྱིས་གཙོས་པའི་བོད་མི་ཞི་རྒོལ་བ་ ༧ འཛིན་བཟུང་བྱས་ཡོད་འདུག

གསར་འགྱུར།

Post navigation

Previous Post: ཁོ་བོའི་ཕ་འདས་པོ་དྲིན་ཆེན་དེ་དང་འབྲེལ་བའི་ཕྱིར་རྟོག་ཐུང་ངུ་།
Next Post: ང་ཚོར་རྩེད་སྤྱད་བྱེད་པའི་མི་རིགས།

Comments (32) on “རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་གཤག་རལ་བཏང་བ།”

  1. ལུང་རྟོགས། says:
    2015-07-22 at 11:48 am

    ཕོ་ལྷ་བསྭོ།

  2. ཨ་ཁུ་ནོར་བུ་ says:
    2015-07-22 at 1:38 pm

    ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་གཅིག་ ས་ཁུལ་དེ་སྲིད་དོན་བཙོན་ཟུར་མང་པོ་ཡོད་པ་རྣམས་གང་དུ་ཕྱིན་པ་རེད་དམ་

  3. ཆོས་འཕེལ་དར་རྒྱས་ says:
    2015-07-22 at 3:06 pm

    ཁམས་རྒན་ར་ལི་ཅན་ཞིག་ཡོད་བསམ་བྱུང་། དེ་རིང་འདི་ནས་མ་མཐོང་།

  4. རང་བྱུང་རིག་པའི་རྡོ་རྗེ says:
    2015-07-22 at 4:55 pm

    རྒྱལ་དར་མར་ཕབ་པ་དེ་རྒྱ་ནག་མི་མང་ལ་ཕོག་ཐུག་ཅིག་བཏང་བ་ལས་གྲུབ་འབྲས་ནི་ནམ་མཁའི་མེ་ཏོག་ལགས། །

  5. རང་བྱུང་རིག་པའི་རྡོ་རྗེ says:
    2015-07-22 at 5:00 pm

    རྒྱལ་དར་མར་ཕབ་པ་དེ་རང་བཙན་རྩོད་ཀྱི་ཡོད་པས་མཚོན་དོན་རེད། དབུ་མའི་ལམ་ལ་གནས་འདོད་ན་རྒྱ་ནག་གི་རྒྱལ་དར་ལ་རྩིས་མཐོང་དགོས་པར་མ་ཟད་ང་ཚོའི་རྒྱལ་དར་ཀྱང་ཡིན། དེའི་ཕྱིར་རྒྱལ་དར་ལ་ལག་པས་མ་འཆང་ན་ལེགས། རང་བཙན་པ་ཚོར་ནི་གང་ཡང་ཞུས་པ་མིན། །

  6. མངོན་སུམ་སྨྲ་བ། says:
    2015-07-22 at 6:49 pm

    རྒྱ་དམར་གྱི་རྒྱ་དར་མར་ཕབ་པ་འདི་བོད་མིའི་མངོན་འདོད་ཡིན་པ་འདི་རུ་མངོན་སུམ་བསྟན་འདུག་པས་དགའ་བསུ་ཞུ།

  7. ཅོ་རི་ཉི་མ། says:
    2015-07-22 at 8:50 pm

    ༡༩༤༩་ལོར་འཛུགས་པའི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་བཙུགས་དུས། དར་དམར་བསླངས་དུས། མི་དམངས་ས་ཡ་༤༥་ལྷག་ལྟོག་ཤི་དང་མུ་ཤི གྲི་ཤི་ཐེབས་ཡོད་པས་ཁྲག་དར་འདིའི་འོག་ཏུ་རྣམ་ཤེས་ས་ཡ་མང་པོས་ངུ་འབོད་བྱེད་བཞིན་ཡོད་ངེས་ཡིན་པས་་་་ དར་དམར་ཕབ་པར་ཐུགས་རྗེ་ཆེ།

    གུན་ཁྲན་དམར་པོའི་གཞུང་གི་སྐར་ལྔའི་དར་དམར་གྱི་འོག་ཏུ་མི་དམངས་དུང་ཕྱིར་མང་པོ་ལ་རང་དབང་དམངས་གཙོ་ཡི་ཐོབ་ཐང་མི་སྤྲོད་པར་སྒེར་གཅོད་དང་དྲག་གནོན་ཁོ་ན་བྱེད་ནས་མི་དམངས་ཀྱིས་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་ཡིན་པས་་་་་དར་དམར་ཕབ་པར་དགའ་པོ་བྱུང་།

    སྐར་ལྔའི་དར་དམར་གྱི་འོག་ཏུ་བོད་མི་ཁྲི་ཕྲག་མང་པོའི་སྲོག་ཤོར། ལུང་པ་ཤོར། སོ་སོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྲིད་གཞུང་མི་དམངས་བཅས་གཞན་གྱི་ལུང་པའི་ནང་དུ་སྐྱབས་བཅོལ་ནས་བསྡད་དགོས་བྱུང་། དེང་སང་ཡང་མུ་མཐུད་ནས་བོད་མི་ཉེས་མེད་མང་པོའི་ཁྲིམས་གཅོད་དང་། མནར་གཅོད་མྱངས་དང་མྱོང་བཞིན་པ་ཡིན་པས་་་་་དར་དམར་ཕབ་པར་བོད་མིའི་མངོན་འདོད་རེད།

    ཨོ་སི་ཁྲེ་ལི་ཡའི་གཞུང་གིས་ངོས་ནས་མི་དམངས་དུང་ཕྱིར་མང་པོའི་དམངས་གཙོའི་ཐོབ་ཐང་དང་། ཆོས་དད་རང་དབང་། འགྲོ་བ་མིའི་རང་དབང་དང་ལྷན་སྐྱེས་ཀྱི་ཐོབ་ཐང་ལ་རྡོག་རོལ་བཏངས་མཁན་གུན་ཁྲན་དམར་པོའི་གཞུང་གི་སྐར་ལྔའི་དར་དམར་མར་ཕབ་འདི་ལ་རྒྱབ་སྐྱོར་དང་བརྩི་བཀུར་ཞུ་མ་ཐུབ་ནའང་དགག་བྱ་བྱེད་ན་དོན་དམ་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་དཔུང་རོགས་ཆགས་སོང་བ་མིན་ནམ།

  8. གངས་ཕྲུག། says:
    2015-07-22 at 8:59 pm

    ཡག་བྱུང་། ཡི་རང་ཞུ། ཁ་ཡག་ངོ་དགའ་རྐྱང་པས་རྒྱ་དམར་ཚང་ལ་ནུས་པ་ཐོན་གྱི་མེད་པར་མི་ལོ་བཞི་བཅུ་ལྔ་བཅུའི་རྒྱུད་རིམས་ནས་གསལ་གསལ་དག་དག་རེད། ད་ཆར་ངེད་ཚང་ལ་དབུ་མ་དང་རང་བཙན་གང་ཡང་གདམ་དབང་ཡོད་ནི་མ་རེད། དེ་ལས་རང་ནུས་གང་ཡོད་ཀྱིས་རང་དབང་གི་རྣམ་འགྱུར་རེ་སྟོན་རྒྱུ་དེ་རེད།

  9. བསོད་ནམས། says:
    2015-07-22 at 9:32 pm

    ཨོ་སི་ཁྲི་ལི་ཡ་ནས་ཆབ་སྲིད་བཙོན་ཟུར་གྱི་མིང་ཡོད་མཁན་ཚོས་མིང་དོན་མཚུངས་པའི་ལས་ཀ་ཞིག་བྱེད་པར་དགའ་བསུ་ཡོད། རྒྱལ་གཅེས་པ་ཡོད་ས་ན་རྒྱལ་འཚོང་པ་ཡོད་ཕྱིར་མི་ངན་ཁ་ཤས་ཡོང་གི་མེད་པར་བསམ་ན་སེམས་པ་སྐྱོ།

  10. བདེན་པའི་ཕོ་ཉ་ says:
    2015-07-22 at 10:26 pm

    བོད་མིའི་རང་དབང་ཆེད་དུ་སྐད་འབོད་བྱས་པ་ལ་རྗེས་སུ་ཡིད་རང་ཡོད་འོན་ཀྱང་རྒྱ་ནག་མི་མང་གིས་ཆེད་མཐོང་ཡོད་པའི་རྒལ་དར་མར་འཕབས་པ་ནི་ཤིན་ཏུ་ནས་མི་འོས་པ་ཞིག་ཡིན་ལ་བོད་རྒྱ་གཉིས་སྨན་གི་ལམ་ལ་ཡང་དོ་ཕོག་འགྲོ་བཞི་ཞིག་རེད་ལ་རྒྱ་ནག་མི་མང་གི་སེམས་ལ་སྨ་ཁ་གསར་པ་ཞིག་བཟོས་པ་རེད་

  11. བདེན་པའི་ཕོ་ཉ་ says:
    2015-07-22 at 10:49 pm

    ཁ་བརྡ་དྲ་བདག་མཆོག་དང་དྲ་གྲོགས་རྣམས་ལ་གུས་ལས་བྲེལ་སྐབས་གོང་གི་མཆན་བུ་ལ་ཡིག་ནོར་མང་དག་ཞིག་ཤོར་འདུག་པས་དགོང་འགལ་མེད་པ་ཞུ་

  12. དགེ་འདུན་རྒྱ་མཚོ། says:
    2015-07-22 at 11:15 pm

    མི་མང་ཀྱི་ལས་འགུལ་དང་མི་མང་གི་སྙིང་སྟོབས་ལ་ཡི་རང་ཡོད། 
    དྲྭ་འབུ་འགའི་མཆན་ལ་རེ་ལྟོས་མེད།
    ལྟ་བ་དང་ལངས་ཕྱོགས་གང་ཞིག་ཁུར་ནས་ལས་འགས་འགུལ་གང་ཞིག་སྤེལ་ཡང་།
    དྲྭ་འབུ་ཚོས་ལྟད་མོ་བལྟས་ཏེ་སྡོད་པ་ལས་འདི་ཡིན་དང་མིན། 
    འགྲིག་དང་མི་འགྲིག་ལ་ཐག་་གཅོད་བྱེད་པའི་དབང་ཚད་མེད། 

  13. རྒྱལ་མཚན། says:
    2015-07-22 at 11:33 pm

    གཞོན་སྐྱེས་ཤེས་ཡོན་ཅན་རྣམ་པ་་་་ཆོལ་ཁ་དང་ཆོས་ལུགས་ལ་མི་རྩོད་་་་་རང་དབང་ལ་རྩོད་པ་བཀའ་དྲིན་ཆེ།

  14. རང་བྱུང་རིག་པའི་རྡོ་རྗེ says:
    2015-07-22 at 11:45 pm

    ང་རང་ཚོར་འགོ་ཁྲིད་ཁྱད་དུ་འཕགས་པ་ཞིག་ཡོད། འོན་ཀྱང་བོད་མི་ཚོར་ལྟ་རྒྱ་དང་ཤེས་རྒྱ་ཆུང་བ་དང་། རྡོག་རྩ་གཅིག་སྒྲིལ་མེད་པའི་སྐྱོན་གྱིས་འགོ་ཁྲིད་རྗེས་སུ་ཤར་བསྐྱོད་བྱེད་ཀྱི་མེད། རྒྱུ་མཚན་དེའི་ཕྱིར་མ་འོང་བར་བོད་དོན་ལ་གྲུབ་འབྲས་ཐོན་རྒྱུ་ཁག་པོ་རེད། གལ་ཏེ་༧གོང་ས་མཆོག་བོད་མི་ཡོངས་ཀྱི་རྗེ་བོ་ཚད་ལྡན་གཅིག་ལ་ངོས་འཛིན་ཡོད་ན། རྗེ་བོ་དེའི་རྗེས་སུ་ཤར་བསྐྱོད་བྱ་རྒྱུ་དེ་ཅིས་ཀྱང་གལ་ཆེན་རེད། ཁ་ནས་རང་བཙན་དགོས་ཤེས་སུས་ཀྱང་བཤད་ཐུབ་ལ། ལག་ལེན་དུ་སུས་ཀྱང་སྟར་དཀའ། ད་ལྟའི་ང་ཚོའི་འཁོར་ཡུག་འདི་ལ་དཔག་པའི་ལས་དཀའ་བྱེད་རྒྱུ་དེ་ཅིས་ཀྱང་གལ་ཆེན་རེད། འོན་ཀྱང་མང་བོ་ཞིག་གིས་འདི་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། ཡང་གཅིག་བྱེད་ན་འདི་ནི་ང་ཚོའི་ལས་དབང་ཡིན་རྒྱུ་རེད་སྙམ། །

  15. བཙན་སྙུག་ཐོག says:
    2015-07-23 at 12:55 am

    སྤུན་ཟླ་ཚོ། ཁྱེད་ཚོས་གནད་དོན་ཞིག་གི་ཆེད་དུ་འདི་ལྟར་སེམས་ཤུགས་དང་སྤོབས་པས་ངར་སྐད་སྒྲོགས་བཞིན་དར་དམར་དེ་ཐུར་དུ་བླངས་པ་ངོ་མ་ངར་བ་རེད། འོན་ཀྱང་། དར་ཆ་རྩབ་རལ་བཏང་བ་ཡག་པོ་མ་རེད། རྒྱུ་མཚན་་་་་དར་ཆ་འདི་དུང་ཕྱུར་བཅོ་བརྒྱད་ཀྱི་སེམས་པ་ཡིན།

  16. གངས་ཕྲུག། says:
    2015-07-23 at 2:35 am

    བོད་མི་རིགས་ཀྱི་བདེ་སྡུག་ནི་བོད་མི་རིགས་སྤྱིའི་གནས་བབ་དང་ལས་དབང་ཞིག་ལས་གྲུབ་པ་རེད། དེ་དག་དོར་ལེན་བྱེད་པར་ཡང་བོད་མིའི་སྤྱིའི་བསམ་པའི་ཁ་ཕྱོགས་དང་གནས་བབ་ཀྱི་བྱེད་ལས་བཅས་ཀྱིས་མི་རབས་བར་སྐྱོངས་དགོས་པ་ལས་མི་བུ་རེ་འགའ་དང་མི་ཐོག་གཅིག་རེ་ཙམ་གྱིས་སྡོམས་རྒྱབ་རྒྱུ་དེ་ནོར་བ་རེད་ལ། མ་འོས་པ་ཡང་རེད། དེ་བཞིན་མི་རིགས་ཞིག་གི་ཆེད་དུ་རིང་ཐུང་དང་མཐོ་དམན་ཅི་རིགས་ཀྱིས་ཐབ་ལམ་ཚོལ་དགོས་པ་ལས། མི་གཅིག་དང་བྱ་བ་གཅིག་གིས་ས་གོ་མི་ཆོད། ང་ཚོས་འཐབ་འཛིན་བྱེད་ས་དང་རང་དབང་རྩོད་ས། རང་ས་ལེན་ས་དང་རང་མིས་འཛིན་ས་བཅས་ལ་འདི་མོ་ལས་ན་བོད་མིའི་རྩ་དོན་ལ་ནམ་ཡང་གནོད་ཀྱི་མ་རེད་དོ།

  17. རྟ་བདུན་དབང་བོ says:
    2015-07-23 at 4:28 am

    འོ་རེད་ཡ། ང་ཚོའི་དབུ་ཁྲིད་རྗེས་སུ་ཤར་བསྐྱོད་བྱ་རྒྱུ་དེ་ཅིས་ཀྱང་གལ་ཆེན་དུ་མཐོང་། རྡོག་རྩ་གཅིག་སྒྲིལ་ངེས་པར་དུ་དགོས། མི་མང་ལ་རྡོག་རྩ་གཅིག་སྒྲིལ་ཡོད་ན་བྱ་བ་ཅི་ཞིག་ལས་ཀྱང་འགྲུབ་ངེས་རེད། རྒྱ་ནག་གི་རྒྱལ་དར་རལ་ན་རྒྱ་ནག་མི་མང་གི་སེམས་ལ་ཕོག་ངེས་རེད། མི་དམངས་ཀྱི་སེམས་ལ་རྨ་ཁ་བཟོས་ན་སླར་གསོ་བྱ་རྒྱུ་དཀའ་ལས་རེད། འོན་ཀྱང་མི་རེར་བསམ་པ་རེ་ཡོད་སྟབས་ཁ་ཅིག་གིས་བཟང་གི་ཟེར། ཁ་ཅིག་གིས་ངན་ཀི་ཟེར། དོན་དངོས་འདི་གཉིས་ཀྱི་གང་ཞིག་ཡིན་ནམ། དཔེར་ན་ཁོང་ཁྲོ་རབ་ཏུ་འབར་བའི་མི་ཞིག་གིས་ཞེ་སྡང་ལངས་ཡུལ་དེའི་འགྲམ་པར་ཐལ་ལྕགས་ཚ་ཐག་ཆོད་ཅིག་གཞུད་ན། གནས་སྐབས་རིང་ཁོང་གི་ཞེ་སྡང་ཞི་བར་ཕན་ངེས་རེད། ཡིན་ཡང་འགྲམ་ལྕགས་ཕོག་ཡུལ་དེས་ནམ་ཡང་བརྗེད་ཀྱི་མ་རེད་སྙམ། དེ་དང་དེ་བཞིན་རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་རལ་ན་བོད་མི་ཁ་ཅིག་གི་ཞེ་སྡང་གནས་སྐབས་རིང་ཞི་བར་ཕན་སྲིད་པ་རེད། འོན་ཀྱང་རྒྱ་ནག་མི་མང་གིས་ནམ་ཡང་བརྗེད་སྲིད་ཀྱི་མ་རེད་སྙམ། །

  18. རྡོ་སེངྒེ། says:
    2015-07-23 at 4:49 am

    འགའ་ཞིག་གིས་རྒྱ་དམར་གྱི་རྒྱལ་དར་རལ་བ་དེས།
    རྒྱ་གུང་ཁྲན་དང་རྒྱའི་མི་མང་གི་སེམས་ལ་རྨ་ཁ་བཟོས་ཡོད་པ་བཤད་ཀིན་འདུག

    རྨ་ཁ་བཟོས་ཀྱང་མ་བཟོས་ཀྱང་་རྒྱ་དམར་གྱིས་ང་ཚོར་བཟང་ཕྱོགས་ཀྱི་རྣམ་འགྱུར་སྟོན་གི་མརེད་།

  19. བླ་མ་ says:
    2015-07-23 at 6:22 am

    ཡ་ཡག་བྱུང་དགའ་སུ་ཚད་མེད་ཞུ་། རྒྱ་དམར་གཞུང་དང་དར་དམར་ལ་རྒྱ་རིགས་མི་མང་བརྒྱ་ཆ་༩༠གི་སེམས་ལ་ཡང་དགའ་བ་མེད་ཐག་མཆོད་རེད་དེའི་ནང་ནས་བོད་། ཤིན་ཇང་། ནང་སོགས་། གསུམ་ལ་མཚོན་ན་ཁྲག་གི་དར་དམར་རེད་། མི་ཁ་ཤེས་ལབ་ན་དར་དམར་མར་ཕབ་ན་རྒྱ་མི་མང་གི་སེམས་ལ་ཕོག་ཐུག་འགྲོ་གི་རེད་ཟེར་ཧ་ཧ་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གཙོས་པས་བོད་མི་རིགས་ཀྱི་དཔའ་བོ་ཆབས་སྲིད་བརྩོན་པ་མང་པོ་རྒྱ་དམར་གཞུང་གི་བསམ་བཞིན་དུ་སྐྲོངས་ན་བོད་མི་སེམས་ལ་ག་ཚོད་ཕོག་ཐུག་མི་འགྲོ་འམ་?????????????

  20. ཅོ་རི་ཉི་མ། says:
    2015-07-23 at 8:18 am

    སྐར་ལྔའི་དར་དམར་རལ་ན་རྒྱ་མི་དམངས་ཀྱི་སེམས་ལ་སྨྲ་ཁ་བཟོ་ཡི་རེད་ཟེར་བའི་སྐད་ཆ་འདི་ནི་མི་ཤེས་ཤེས་མདོག་དང་། རྒྱ་ནག་ལ་རྒྱུས་མེད་པའི་རྟགས་རེད། དར་དམར་དེ་ལ་ཁ་ཞེ་གཉིས་ཀྱི་དགའ་མཁན་རྒྱ་མི་བརྒྱ་ཆའི་བཅུ་ཙམ་མ་གཏོགས་ཡོད་མི་སྲིད།
    སྐར་ལྔའི་དར་དམར་གྱི་འོག་ཏུ་རྒྱ་མི་རིགས་ཀྱི་རང་དབང་ཤོར་ཡོད་པར་གསལ་པོ་རེད། དར་དམར་དེ་ནི་རྒྱ་མི་རིགས་གཉའ་གནོན་སྤྲོད་རྐྱེན་གྱི་ཁྲག་དར་ཞིག་ཡིན་པ་ནི་གནས་ལུགས་ཀྱིས་ཁ་གྲགས་ནས་བསྡད་ཡོད། སྐར་ལྔའི་དར་དམར་གྱི་རྒྱབ་རྩ་ལངས་མཁན་བོད་མི་ཁྱོད་ཚོའི་ཁ་ནས་རྒྱ་ཕག་སྟོང་ཕྲག་མང་པོའི་སྐྱག་པ་དེ་བླུགས། དར་དམར་གྱི་རྒྱབ་རྩ་ལངས་མཁན་ཁྱོད་ཚོ་བོད་མི་རིགས་ཀྱི་དགྲ་བོ་རེད།

  21. ཀརྨ་བློ་གསལ་ says:
    2015-07-23 at 8:26 am

    ཧ་ཧ་ཧ། ང་ཚོས་འགོ་ཁྲིད་ཀྱི་ཁ་ཉན་ན། འགོ་ཁྲིད་ལགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནང་བཞིན་དུས་ལ་མ་བབས་པར་སྐུ་གྲོངས་ཀྱི་རེད། འགོ་ཁྲིད་ཀྱིས་ང་ཚོའི་ཁར་ཉན་ན། རྒྱལ་སྤྱིའི་སྒང་གི་ཏཱ་ལའི་བླ་མ་བྱས་ནས་མུ་མཐུད་སྡོད་ཀྱི་རེད།

  22. ལྷ་སའི་བུ་ says:
    2015-07-23 at 10:58 am

    རང་དབང་ལུང་པའི་ནང་རང་དབང་བེད་སྤྱོད་ཀྱིས་གང་ཡང་བྱེད་ཆོག་པ་ཞིག་རེད། འོན་ཀྱང་ང་ཚོ་བོད་མི་ས་ཡ་དྲུག་གི་ཐོབ་ཐང་འཐབ་རྩོད་པ་ཞིག་ཡིན་ཙང་རང་སྣང་གང་དྲན་མི་བྱེད་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན། ཁྲིམས་མཐུན། ཆེ་མཐོང་ལྡན་པ། སོགས་ཀྱི་བཀའ་སློབ་དང་མི་འགལ་བ་བྱེད་རྒྱུ་གལ་ཆེན་རེད་བསམ་གྱི་ཡོད།

  23. རྟ་བདུན་དབང་བོ says:
    2015-07-23 at 11:34 am

    ༧གོང་ས་མཆོག་གཙོར་བྱས་བོད་གཞུང་གི་ལས་བྱེད་ཚང་མས་དབུ་མའི་ལམ་ལ་གྲུབ་འབྲས་ཐོན་པ་ལ་རྒྱ་ནག་མི་མང་གིས་རྒྱབ་སྐྱོར་དགོས་པ་རེད་ཅེས་ཡང་ཡང་གསུངས་ཀྱི་མི་འདུག་གམ། མི་མང་གི་རྒྱབ་སྐྱོར་ཐོབ་དགོས་ན་དེ་དང་མ་འགལ་བ་ཞིག་བྱ་རྒྱུ་ཅིས་ཀྱང་གལ་ཆེན་དུ་མཐོང་། །

  24. ཅོ་རི་ཉི་མ། says:
    2015-07-23 at 11:46 am

    རྒྱ་ནག་མི་དམངས་ཀྱིས་དམངས་གཙོའི་རང་དབང་དང་ཐོབ་ཐང་གི་ཆེད་དུ་དར་དམར་མར་ཕབ་ནས་དམངས་གཙོའི་རྒྱལ་དར་ཡར་ལོངས་འདོད་ཡོད་པ་རེད། ཏང་གི་དར་དམར་བློས་གཏོང་མི་ཐུབ་མཁན་དེ་དག་སྒེར་གཅོད་པ་དང་ལྐོག་ཟ་རུལ་སུངས་ཚོ་ཡིན་པ་རེད། དེ་ཡང་རྒྱ་མི་རིགས་ཀྱི་བརྒྱ་ཆ་བཅུ་ཙམ་ཡང་ཟིན་ཡོད་དཀའ་མོ་རེད། དེ་དག་གིས་སྒེར་གྱི་ཁེ་ཕན་དང་གོ་གནས་ཀྱི་ཆེད་དུ་མི་སེར་དུང་ཕྱུར་མང་པོའི་རང་དབང་ལ་བཙན་གནོན་བྱེད་རྐྱེན་གྱི་དར་དམར་ཕྱར་ཡོད་པ་འདི་ཤེས་དགོས་ཀྱི་གདའ་ལེ། བོད་ཀྱི་དགྲ་བོ་གུན་ཁྲན་དམར་པོ་རེད་མ་གཏོགས་རྒྱ་ནག་མི་དམངས་མ་རེད། རྒྱ་ནག་མི་དམངས་ཡང་རང་དབང་ཤོར་བའི་སྐྱིད་སྡུག་གཅིག་པ་རེད།

  25. བདེན་པའི་ཕོ་ཉ་ says:
    2015-07-23 at 12:17 pm

    བོད་ནང་གི་དཔའ་བོ་དཔའ་མོ་རྣམས་ཀྱི་ གོང་ས་མཆོག་བོད་ནང་ཕེབས་ཐུབ་པ་དང་བོད་ལ་རང་དབང་དགོས་པའི
    ཆེད་དུ་རང་གི་རྩ་ཆེའི་སྐུ་ལུས་ཀྱང་བློས་གཏོང་གནང་ཡོད་པ་ལས་བོད་ལ་རང་བཙན་དགོས་པ་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་མར་ཕབ་དགོས་པ་སུས་ཀྱང་གསུང་མེད་ལ་རྒྱལ་དར་ཕབ་པ་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་འགལ་ཡོད་

  26. ཅོ་རི་ཉི་མ། says:
    2015-07-23 at 12:24 pm

    སུས་ཀྱང་གསུངས་མེད་ཨེ། རྫུན་པའི་ཕོ་ཉ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ལུས་ཐོག་ཏུ་བོད་རང་བཙན་ཞེས་བྲིས། དེའི་ཐོག་ཏུ་ས་སྣམ་བླུགས་ནས་མེ་རུ་སྒྲོན་སོང་བ་་་འཛམ་གླིང་ཡོངས་ཀྱིས་མཐོང་ཡོད་དུས་ལོང་བ་ཁྱོད་ཀྱིས་མ་མཐོང་དོན་ཅི་རེད་དམ།

    རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་རང་བཙན་འབོད་ནས་རང་སྲོག་བློས་བཏང་བྱས་པའི་ལོ་རྒྱུས་འདི་དག་རྒྱལ་བཙོང་བ་ཁྱོད་ཚོས་མི་མཐོང་དོན་ཅི་རེད་དམ།

  27. བདེན་པའི་ཕོ་ཉ་ says:
    2015-07-23 at 12:30 pm

    རྒུལ་ཚོང་པ་སུ་ཡིན་མིན་མཆན་བུར་གཟིགས་ན་མཁྱེན་ཐུབ་

  28. བདེན་པའི་ཕོ་ཉ་ says:
    2015-07-23 at 12:30 pm

    རྒུལ་ཚོང་པ་སུ་ཡིན་མིན་མཆན་བུར་གཟིགས་ན་མཁྱེན་ཐུབ་

  29. ཚ་ཕྲུག་རྒྱལ། says:
    2015-07-23 at 1:30 pm

    རྒྱལ་ཚོང་པ་ལབ་དུས་རང་སྒེར་དང་འབྲེལ་བའི་ཁེ་ཕན་འགས་རང་བཙན་མིང་ཙམ་ལ་ཡང་དགག་པ་བཟོ་མཁན་ཚོར་གོ་བ་རེད།

  30. གངས་ཕྲུག། says:
    2015-07-24 at 2:05 am

    རྒྱ་ནག་གི་རྒྱལ་དར་དམར་པོའི་རྒྱབ་རྩ་ལངས་དགོས་ནི་རེད། དེ་ང་ཚོའི་རྒྱལ་དར་རེད་ལ། དེ་བོད་མིའི་ཁྲག་དར་ཡང་རེད། རྒྱ་མི་རིགས་ལ་ཁ་ལངས་སྐྲོར་ལངས་བཟོ་ཉེན་ལེ་མ་རེད། དེ་ལས་ང་རང་ཚོ་ནང་ཁུལ་འཛིང་དགོས། ཐབ་དགོས། རྒྱ་རིགས་དང་རྒྱལ་དར་དམར་པོར་མཛའ་བརྩེ་དགོས་ནི་རེད།

  31. ཡ་མ་ཚེ་རིང says:
    2015-07-24 at 2:33 am

    ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་།
    ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་22 ཉིན་གྱི་ཕྱི་དྲོར། “ བོད་རང་བཙན་” པ་30 ལྷག་ཙམ་ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་དྲག་ཤུགས་ངང་ཧམ་འཛུལ་བྱས་ཏེ་ཀྲུང་གོའི་རྒྱལ་དར་གཤགས་པ་མ་ཟད། གཞུང་ཚབ་ཁང་གི་ལས་ཀ་བ་ཞིག་ལ་རྨས་སྐྱོན་ཕོག་པ་དང་། ཨོ་སི་ཁྲུ་ལི་ཡའི་ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། གཞུང་ཚབ་ཁང་དུ་ཧམ་འཛུལ་བྱེད་མཁན་30ལས་10ད་ཆ་འཛིན་བཟུང་བྱས་ཡོད་པ་རེད།
    ཤིས་ཉི་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་སྤྱི་ཁྱབ་གཞུང་ཚབ་གཞོན་པ་ཐང་དབྱིང་གིས་ངོ་སྤྲོད་གནང་བ་ལྟར་ན། སྤྱི་ཚེས་22 ཉིན་གྱི་ཉིན་གུང་། ཤིས་ཉི་ཡི“ བོད་ཀྱི་གཞོན་ནུ་ཚོགས་པས་” མི་60 ལྷག་ཙམ་བསྡུ་རུབ་ཀྱིས་གཞུང་ཚབ་ཁང་གི་རྒྱལ་སྒོའི་མདུན་ནས་རྔམ་སྟོན་བྱེད་མགོ་བརྩམས་ཤིང་། ཕྱི་དྲོའི་ཆུ་ཚོད་1དང་སྐར་མ15ཡས་མས་ཐོག རྔམ་སྟོན་བྱེད་མཁན་ཁྲོད་ཀྱི་མི30ཙམ་ཨོ་སི་ཁྲུ་ལི་ཡའི་ཉེན་རྟོག་པའི་འགོག་སྲུང་ས་མཚམས་ལས་བརྒལ་ཞིང་གཞུང་ཚབ་ཁང་དུ་བརྒྱུགས་ནས་གཞུང་ཚབ་ཁང་ལ་རྡོ་ཡིས་འཕངས་ཤིང་ཀྲུང་གོའི་རྒྱལ་དར་མར་ཕབ་ཅིང་གཤགས་འདུག ཉིན་དེར། ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་ཝན་ལི་སྐུ་གྲོངས་པར་མྱ་ངན་ཞུ་བཞིན་ཡོད།
    ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་23 ཉིན་དེའི་སྐོར་གྱི་ཡིག་ཐོག་གི་གསལ་བསྒྲགས་སྤེལ་ནས་“ བོད་རང་བཙན་” པ་དྲག་ཤུགས་ཀྱིས་ཀྲུང་གོའི་གཞུང་ཚབ་ཁང་ཏུ་ཧམ་འཛུལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཀྲུང་གོའི་གཞུང་ཚབ་ཁང་ལ་དགོངས་དག་ཞུས་འདུག

  32. དགེ་འདུན་རྒྱ་མཚོ། says:
    2015-07-24 at 11:49 am

    ཇུས་ལན་ཇུས་ཀྱིས་མཇལ་ཟེར་བ་འདིའདྲ་ཞིག་ཡིན་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme