Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་གཅིག་གི་དམིགས་ཡུལ་གཅིག་བསྒྲུབ་དགོས།

Posted on 2015-07-212015-07-21 By ཁ་བརྡ No Comments on འཛམ་གླིང་གཅིག་གི་དམིགས་ཡུལ་གཅིག་བསྒྲུབ་དགོས།

རིགས་སློབ། མཚོ་སྒོ་འཇམ་དབྱངས་ཀྱིས་བསྒྱུར།

 

ང་ཚོ་ཚང་མས་མཐུན་སྒྲིལ་གྱི་ནུས་པ་གཅིག་ཏུ་སྒྲིལ་ཏེ་འཛམ་གླིང་གཅིག་གི་དམིགས་ཡུལ་གཅིག་བསྒྲུབ་དགོས།

ང་སེ་ཝེ་རན་ཁུ་ལི་སེ་སུ་ཛུ་ཀི་(Severn Cullis Suzuki) ཡིན། ངས་བྱིས་པའི་ཁོར་ཡུག་སྒྲིག་འཛུགས་ཚོགས་པའི་(E.C.O)ངོས་ནས་སྐད་ཆ་བཤད་ཀྱིན་ཡོད། ཁཱ་ན་ཌ་(Canada) ནས་ཡིན་པའི་ལྦ་ནེསཱ་ས་སུཊི།(Vanessa Suttie) དང་མར་གྷན་འཇེསཱ་ལར།(Morgan Geisler) མཱཁེལ་ཁུ་གྷ།(Michelle Quigg) བཅས་གཙོས་པའི་ང་ཚོ་ལོ་ན་བཅུ་གཉིས་དང་བཅུ་གསུམ་ལ་སོན་པའི་བྱིས་པའི་ཚོགས་པ་ཞིག་གི་ངོས་ནས་ང་ཚོའི་འཛམ་གླིང་འདི་བཞིན་མི་འདྲ་བ་ཞིག་བཟོ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད།

ང་ཚོས་སོ་སོ་ལ་དབང་བའི་དངུལ་རྣམས་གསོག་སྒྲུབ་བྱས་ནས་ལེ་དབར་དྲུག་སྟོང་སར་ཡོང་སྟེ། ཁྱེད་ཚོ་གཞོན་ནུ་རྣམས་ཀྱིས་སོ་སོའི་མདུན་ལམ་འདི་ད་ཡོད་ཀྱི་རྣམ་པ་ལས་མི་འདྲ་བ་ཞིག་ཏུ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ང་དེ་རིང་འདིར་ཡོང་ནས་ལས་དོན་སོགས་སྦས་བསྐུང་བྱེད་རྒྱུ་དེ་འདྲ་གང་ཡང་མེད་པར་སོ་སོའི་མ་འོངས་པའི་ཆེད་རྩོད་ལེན་བྱེད་དུ་ཡོང་བ་ཡིན།

ཉམས་ཆག་ཏུ་འགྱུར་བཞིན་པའི་ངའི་མ་འོངས་པ་འདི་ནི་འོས་བསྡུའམ་ཡང་ན་ཁྲོམ་རའི་ནང་གི་གནད་འགག་ཆེ་བའི་དངོས་ཟོག་རེ་ཟུང་བོར་བརླག་ཏུ་སོང་བ་ལྟར་མིན། ངས་འདིར་མ་འོངས་པའི་མི་རབས་རྣམས་དང་འཛམ་གླིང་གི་ས་ཕྱོགས་གང་སར་བཀྲེས་སྐོམ་གྱིས་མནར་བའི་བྱིས་པའི་དཀའ་ངལ་མི་ཤེས་པ་རྣམས་ཀྱི་ཚབ་བྱས་ཏེ་སྐད་ཆ་ཤོད་ཀྱིན་ཡོད།

unnamed

ངས་འཛམ་གླིང་གང་སར་འཆི་བཞིན་པའི་སེམས་ཅན་གྲངས་ལས་འདས་པ་རྣམས་ཀྱི་ཆེད་དུ་སྐད་ཆ་ཤོད་ཀྱིན་ཡོད། གང་ཡིན་ཟེར་ན་ད་ཆ་ཁོང་ཚོར་དམིག་གསལ་གྱི་འགྲོ་ས་གཞན་ལྷག་མེད། ང་ཚོ་ཁུ་སིམ་མེར་ནམ་ཡང་སྡོད་ཐབས་མེད། ང་ཉིན་མོར་ཕྱི་ལ་འགྲོ་རྒྱུར་ཞེད་སྣང་ཡོང་གིན་འདུག རྒྱུ་མཚན་ནི། ཨོ་ཛོན་(Ozone) ལ་བུ་ཁ་བརྡོལ་ཏེ་སྲོག་དབུགས་གཏོང་རྒྱུ་ཡང་དཀའ་ལས་ཁག་པོ་འདུག གང་ཡིན་ཞེ་ན། དེ་དག་གི་ནང་རྫས་ངན་གང་ཞིག་ཡོད་མེད་ངས་ཤེས་མ་སོང།

ལོ་འགའ་ཤས་སྔོན་ལ་ང་དང་པ་ལགས་མཉམ་དུ་ལྦན་ཁུ་ལྦོར་(Vancouver)ལ་ཉ་འཛིན་པར་འགྲོ་སྐབས་སྐྲན་ནད་ཀྱིས་མནར་བའི་ཉ་མང་པོ་ཞིག་རྙེད་བྱུང། ད་ཆ་སེམས་ཅན་དང་རྩི་ཤིང་མང་པོ་ཞིག་ཉིན་རེ་བཞིན་རྩ་སྟོང་དུ་ཕྱིན་ཏེ་གཏན་དུ་ཡལ་འགྲོ་གི་ཡོད་པའི་སྐོར་ང་ཚོས་མཐོང་ཐོས་ཡོང་གི་ཡོད།

ངའི་མི་ཚེའི་ནང་ལ་རྨི་ལམ་ཞིག་ཡོད་པ་ནི་གོ་ལ་འདི་བདག་མེད་སེམས་ཅན་ཁྱུ་ཚོགས་དང་ནགས་ཚལ། འདབ་ཆགས་དང་ཕྱེ་མ་ལེབ་ཀྱིས་ཡོངས་སུ་ཁེངས་པའི་འཇིག་རྟེན་ཞིག་ཏུ་འགྱུར་བར་ལྟ་འདོད་ཆེན་པོ་ཡོད། ད་ཆ་ང་ལ་དེ་དག་ངའི་ཕྲུ་གུ་རྣམས་ཀྱིས་དེ་དག་མཐོང་བའི་བར་གནས་ཐུབ་བམ་སྙམ་པའི་ཐེ་ཚོམ་ཡོང་གི་འདུག

ཁྱེད་རང་ཚོ་ངའི་ལོ་ཚོད་ཙམ་ཡིན་པའི་སྐབས་གནས་དོན་ཆུང་ཙག་འདིའི་རིགས་ལ་སེམས་ཁྲལ་གནང་མྱོང་ཡོད་དམ། གནས་ཚུལ་དེ་དག་ད་ཆ་ང་ཚོའི་མིག་གི་མདུན་དུ་ལྷག་བཞིན་ཡོད་ནའང་ང་ཚོས་ད་དུང་ང་ཚོར་འདང་ངེས་ཀྱི་དུས་ཚོད་དང་ཐབས་ལམ་ཚང་མ་ཡོད་པ་ནང་བཞིན་སྒྱིད་ལུག་ངང་ནས་བྱ་བ་རྩོམ་བཞིན་ཡོད།

ང་ནི་བྱིས་པ་ཞིག་ཡིན་པས་དཀའ་ངལ་དེ་དག་སེལ་བའི་ཐབས་ཤེས་མེད། ཡིན་ནའང་ཁྱེད་ཚོས་ཐུབ་མིན་ལ་མ་ལྟོས་པར་ངས་ཁྱེད་ཚོར་ཤེས་སུ་འཇུག་འདོད་ཡོད།

 ཁྱེད་རྣམས་ཀྱིས་ང་ཚོའི་རང་བྱུང་ཁམས་ཀྱི་མཁའ་དབྱིངས་བླ་བྲེས་(Ozone layer)བརྡོལ་བའི་བུ་ག་རྣམས་ལ་བཟོ་བཅོས་རྒྱག་མི་ཐུབ།

 ཁྱེད་རྣམས་ཀྱིས་དངུལ་མདོག་ཅན་གྱི་ཉ་(Salmon)རྣམས་བསྐམས་ཟིན་པའི་རྒྱུགས་ཆུའི་ནང་ནས་སླར་གསོ་བྱེད་མི་ཐུབ།

 ཁྱེད་རྣམས་ཀྱིས་རྩ་སྟོང་དུ་ཕྱིན་པའི་སེམས་ཅན་རྣམས་སླར་ཇི་ལྟར་ཁྲིད་ཡོང་དགོས་མིན་མི་ཤེས།

 ཁྱེད་རྣམས་ཀྱིས་བྱེ་ཐང་ལ་གྱུར་ཚར་བའི་ནགས་ཚལ་རྣམས་ཕྱིར་ལོག་བྱེད་མི་ཐུབ།

དེ་འདྲ་ཡིན་ཚེ་གཏོར་སྐྱོན་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་བྱེད་དགོས།

འདིར་ཁྱེད་རང་ཚོ་སོ་སོའི་རྒྱལ་ཁབ་ཀྱི་འཐུས་མི་དང་ཚོང་པ། གོ་སྒྲིག་པ། གསར་འགོད་པའམ་ཡང་ན་ཆབ་སྲིད་པ་ཡིན་སྲིད་ཀྱང་དོན་དངོས་ཐོག་ཁྱེད་ཚོ་ཕ་དང་མ། གཅེན་པོ་དང་གཅེན་མོ། ཨ་ཞང་དང་ཨ་སྲུ་ཆགས་ཡོད་ལ། ཁྱེད་ཚོ་ཚང་མ་མི་གཞན་ཞིག་གི་ཕྲུ་གུ་ཞིག་ཀྱང་ཆགས་ཡོད།

ང་ནི་ཕྲུ་གུ་ཞིག་ཡིན་ཡང་ང་ཚོ་ཚང་མ་ཐེར་འབུམ་ལྔ་ལས་གྲུབ་པའི་ཁྱིམ་ཚང་ཞིག་གི་ཆ་ཤས་ཤིག་ཡིན་པ་མ་ཟད་དེ་དག་རིགས་མི་འདྲ་བ་ས་ཡ་སུམ་བཅུ་ལས་གྲུབ་པའི་ཁྱིམ་ཚང་ཞིག་ཡིན་པ་ཡང་ངས་གསལ་པོ་ཤེས་ཀྱི་ཡོད།

ང་ཚོ་ཚང་མས་ཐུན་མོང་དུ་རླུང་དང། ཆུ། ས་གཞི། མཐའ་མཚམས་ལོངས་སུ་སྤྱོད་བཞིན་པ་འདི་ནི་གཞུང་གིས་ནམ་ཡང་འགྱུར་བ་གཏོང་མི་ཐུབ་པ་ཞིག་རེད། ང་ནི་ཕྲུ་གུ་ཞིག་ཡིན་ཡང་ང་ཚོ་ཚང་མས་མཉམ་དུ་ནུས་པ་གཅིག་ཏུ་བསྒྲིལ་ཏེ་འཛམ་གླིང་གཅིག་གི་དམིགས་ཡུལ་གཅིག་བསྒྲུབ་དགོས་ངེས་ཡིན་པ་དེ་གསལ་པོ་ཤེས་ཀྱིན་ཡོད།

ང་ཁོང་ཁྲོའི་ནང་དུ་གནས་ཀྱང་ལོང་བ་ཞིག་མིན་ལ། ང་འཇིགས་སྣང་འོག་ཏུ་ཡོད་ཀྱང་གང་ཞིག་ཚོར་བ་དེ་འཛམ་གླིང་ལ་བཤད་རྒྱུར་ནམ་ཡང་མི་སྐྲག ངའི་རྒྱལ་ཁབ་ཏུ་ང་ཚོས་ཅ་དངོས་ཉོས་པ་དང་བེད་མེད་དུ་འཕངས་ཏེ་ཆུད་ཟོས་སུ་བཏང་བ་ཉུང་ཉུང་གཏན་ནས་མིན་པ་མ་ཟད། ང་ཚོར་འདང་ངེས་བཞིན་པ་ཡོད་ནའང་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་དབུལ་ཕོངས་རྣམས་ལ་རོགས་སྐྱོར་གནང་རྒྱུ་ནི་དེ་བས་དཀའ་བ་ཞིག་རེད།

ཁཱ་ན་ཌའི་ནང་དུ་ང་ཚོར་དམིགས་བསལ་གྱི་ཁེ་དབང་དང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཟས་རིགས་སྣ་ཚོགས་དང། ཆུ་ཚོད། རྐང་འཁོར། གྱོན་ཆས། ཆུ་དང་སྡོད་གནས། གློག་ཀླད། བརྙན་འཕྲིན་སོགས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དེ་དག་ཉིན་གཉིས་རིང་གྲངས་ཀ་བརྩིས་ཀྱང་བརྩིས་ཐུབ་པའི་ཅ་དངོས་ཡོད་པ་རེད། འོན་ཀྱང་ང་ཚོར་རྒྱུ་ནོར་དེ་དག་གི་ཆ་ཤས་ཙམ་ཡང་གཞན་ལ་གཏོང་རྒྱུར་སེར་སྣ་སྐྱེ་བཞིན་ཡོད།

unnamed-1ཉིན་གཉིས་ཀྱི་སྔོན་དུ་ང་ཚོ་བྷར་རྫིལ་[Brazil] གྱི་སྲང་ལམ་སྟེང་དུ་འཚོ་སྡོད་བྱེད་མཁན་གྱི་བྱིས་པ་འགའ་དང་མཉམ་དུ་དུས་ཚོད་ཏོག་ཙམ་བསྐྱལ་ཏེ་སྐད་ཆ་ཤོད་སྐབས། ཁོང་ཚོས་ང་ཚོ་ཧ་ལས་དགོས་པ་ཞིག་བཟོས་བྱུང། འདི་ནི་ཕྲུ་གུ་ཞིག་གིས་ང་ཚོ་ལ་བཤད་པའི་སྐད་ཆ་ཞིག་སྟེ། “ང་མི་འབྱོར་ལྡན་ཞིག་ཡིན་ན་ངས་སྲང་ལམ་དུ་འཚོ་སྡོད་བྱེད་མཁན་གྱི་བྱིས་པ་ཀུན་ལ་བཟའ་ཆས་དང། གྱོན་གོས། སྨན། ཁང་པ། བྱམས་བརྩེ་བཅས་སྦྱིན་པ་གཏོང་འདོད་ཆེན་པོ་ཡོད་”ཅེས་བཤད་བྱུང་། གལ་སྲིད་གང་ཡང་མེད་པའི་སྲང་ལམ་ཁྲོད་ཀྱི་བྱིས་པ་ཞིག་ལ་གཏོང་ཕོད་ཀྱི་འདུན་པ་འདི་འདྲ་ཞིག་ཡོད་ན་ང་ཚོ་ཅིའི་ཕྱིར་ད་དུང་ཡང་འདོད་རྔམས་ཅན་དེ་འདྲ་ཞིག་ཏུ་གནས་དགོས་དོན་ཅི་ཡིན།

ངས་ངའི་ལོ་ཚོད་དང་མཉམ་པའི་བྱིས་པ་དེ་དག་ལ་བསམ་བློ་གཏོང་རྒྱུ་མཚམས་འཇོག་བྱེད་མི་ཐུབ་ཅིང་། དེ་ཡིས་ཁྱེད་ཀྱི་སྐྱེ་ཁུངས་གང་ཞིག་ནས་ཡིན་མིན་ལ་ཧ་ཅང་ཁྱད་པར་ཆེན་པོ་ཞིག་ཡོད་པ་གསལ་སྟོན་བྱས་ཡོད།

ང་ནི་ཁཱ་ན་ཌ་འི་རྒྱལ་སའི་བྱིས་པའི་ཤེས་ཡོན་རོགས་སྐྱོར་ཚོགས་པའི་ནང་འཚོ་ཐབས་སྐྱེལ་མཁན་གྱི་ཕྲུ་གུ་དེ་ཚོའི་གྲས་ཀྱི་གཅིག་ཡིན་ཆོག་གི་རེད་ལ། ཡང་ན་རྒྱ་གར་ནང་གི་དབུལ་ཕོངས་སམ་སོ་མ་ལི་(Somalia)ཤར་གླིང་དབུས་མའི་དམག་འཁྲུག་ཁྲོད་གནོད་འཚེ་ཕོག་སྟེ་བཀྲེས་སྐོམ་གྱིས་མནར་བའི་ཕྲུ་གུ་དེ་ཚོའི་གྲས་ཀྱི་གཅིག་ཀྱང་ཡིན་ཆོག

ང་ནི་ཕྲུ་གུ་ཞིག་ཡིན་མོད། འོན་ཀྱང་དམག་འཁྲུག་ཆེད་དུ་བཏང་བའི་འགྲོ་གྲོན་དེ་དག་དབུལ་ཕོངས་ཀྱི་དཀའ་སྡུག་མེད་པ་བཟོ་ཆེད་དང། ཁོར་ཡུག་གི་གནད་དོན་ཆེད་དུ་བཏང་ཡོད་ན། འཛམ་གླིང་འདི་བཞིན་ཇི་འདྲའི་ངོ་མཚར་ལྡན་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ངས་གསལ་པོ་ཤེས་ཀྱིན་ཡོད།

སྔོན་འགྲོའི་སློབ་གྲྭ་དང་གཅིག་མཚུངས་སློབ་གྲྭའི་ནང་ཁྱེད་ཀྱིས་ང་ཚོ་ལ་འཛམ་གླིང་ནང་སྤྱོད་ཚུལ་གང་འདྲ་ཞིག་བྱེད་དགོས་མིན་སློབ་ཁྲིད་གནང་བ་མ་ཟད།

 གཞན་དང་མཉམ་དུ་འཁྲུག་པ་བརྒྱབ་ན་མི་འགྲིག་པ་དང་།

 ཕྱི་ལོག་གི་ལས་ཀ་དང་གཞན་ལ་གུས་བཀུར་བྱེད་དགོས་པ།

 བཙོག་པ་བཟོས་པ་རྣམས་གཙང་མ་བཟོ་དགོས་པ།

 སྲོག་ཆགས་གཞན་ལ་གནོད་འཚེ་མི་གཏོང་བ།

 འདོད་རྔམས་ཆེན་པོ་བྱེད་མི་ཉན་པའི་སློབ་ཁྲིད་གནང་ནའང་།

དོན་དངོས་སུ་ཁྱེད་ཚོ་དེ་ལས་ལྡོག་སྟེ་ལོགས་སུ་འགྲོ་དགོས་དོན་ཅི་ཡིན་ནམ།
ང་ཚོ་ལ་ལམ་སྟོན་གནང་བ་བཞིན་ཁྱེད་ཚོས་སྒྲུབ་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།

ཁྱེད་ཚོ་ཚོགས་འདུ་ཁག་གི་ནང་དུ་རྒྱུ་མཚན་ཅིའི་ཕྱིར་མཉམ་ཞུགས་བྱེད་ཀྱི་ཡོད་མེད་དང་། སུའི་ཆེད་དུ་བྱ་བ་བྱེད་ཀྱིན་ཡོད་པ་དང་། ང་ཚོ་ནི་ཁྱེད་རང་ཚོའི་ཕྲུ་གུ་ཡིན་པ་ནམ་ཡང་བརྗེད་མི་ཉན་པ་ཞིག་རེད།
ང་ཚོ་ཁོར་ཡུག་གང་འདྲ་ཞིག་ཏུ་འཚར་ལོང་བྱུང་མིན་དེ་ཁྱེད་ཚོས་ཐག་གཅོད་གང་འདྲ་བྱེད་མིན་ལ་ཐུག་ཡོད། ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུ་ལ་“ཐམས་ཅད་ཡག་པོ་ཡོང་གི་རེད།” “ང་ཚོས་གང་ཡོང་བྱེད་དགོས།” “འདི་འཛམ་གླིང་འཇིག་པའི་དུས་མ་རེད།”ཅེས་པའི་སེམས་གསོ་གཏོང་ཐུབ་པ་ཅི་ནས་ཀྱང་བྱེད་དགོས་པ་ཞིག་རེད།

ཡིན་ན་ཡང་། ད་ལྟ་ཁྱེད་ཚོས་ང་ཚོ་ལ་དེ་འདྲ་བརྗོད་རྒྱུ་ལྷག་ཡོད་པ་མ་རེད་བསམ་གྱིན་འདུག ཁྱེད་ཚོས་ང་ཚོ་གལ་ཆེན་ཞིག་ལ་བརྩི་བཞིན་ཡོད་དམ།
ངའི་ཕ་ལགས་ཀྱིས་ག་དུས་ཡིན་ནའང་། “ཁྱེད་ཅི་ཞིག་ཡིན་པ་དེ་ཁྱེད་ཀྱི་བྱ་སྤྱོད་ཀྱི་ཐོག་ནས་གསལ་སྟོན་བྱེད་དགོས་པ་ལས་ཁྱེད་ཀྱིས་གང་ཞིག་བཤད་པ་དེས་ཁྱེད་མཚོན་ཐུབ་ཀྱི་མ་རེད།” ཅེས་གསུངས་བྱུང་།
འོ་ན། ཁྱེད་ཀྱིས་ང་དགོང་མོ་ཅིའི་ཕྱིར་ངུ་རུ་འཇུག་གི་ཡོད་དམ། ཁྱེད་ཚོས་བསམ་ཤེས་ནས། ང་ཚོ་ལ་དགའ་པོ་ཡོད་ཅེས་གསུང་གི་ཡོད་དམ། ཡང་མིན་ན། ངས་དེ་ལ་གདོང་ལེན་བྱེད་དགོས་ཟེར་རམ།
སོ་སོས་བཤད་པ་དེ་ལག་ལེན་ཐོག་ནས་གསལ་སྟོན་བྱེད་རོགས་གནོངས།
གསན་བཞེས་གནང་བར་བཀའ་དྲིན་ཆེ།།།།

བསྒྱུར་མཆན།
Severn Cullis Suzuki སེ་ཝེ་རན་ཁུ་ལི་སེ་སུ་ཛུ་ཀིས་ལོ་ན་ཆུང་དུས་ནས་སྤྱི་ཚོགས་དང་སྐྱེ་ཁམས་རིག་པའི་ཐོག་ལ་སློབ་སྦྱོང་བྱས། ཁོ་མོས་སྤྱི་ཚོགས་དང་སྐྱེ་ཁམས་རིག་པ་གཉིས་དབར་ལ་མི་མཐུན་པ་ཡོད་པ་ངོས་འཛིན་ཐུབ་སྟེ། ཁོ་མོའི་གྲོགས་མོ་འགའ་དང་མཉམ་དུ་ལོ་ན་དགུའི་ཐོག་འཛམ་གླིང་བྱིས་པའི་ཁོར་ཡུག་ཚོགས་པ་ཞེས་པ་ཞིག་གསར་འཛུགས་བྱས་པ་མ་ཟད། ཁོར་ཡུག་གི་གནད་དོན་སྐོར་ལ་སློབ་གཉེར་བྱེད་ཞོར་དུ་བྱིས་པ་གཞན་ལ་ཡང་ཁོར་ཡུག་གི་སྐོར་སློབ་ཁྲིད་བྱས། ཁོང་ཚོའི་སྒྲིག་འཛུགས་ཀྱི་ལས་གཞི་གང་འཚམ་ལེགས་གྲུབ་བྱུང་བ་དང་། ལོ་ན་བཅུ་གཉིས་སྐབས་ཏེ་ ༡༩༩༢ལོའི་ཟླ་བ་༦ པའི་ཚེས་༣ ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་ཁོར་ཡུག་ལྷན་ཚོགས་སུ་འཛམ་གླིང་གི་ཁོར་ཡུག་ཉམས་ཞིབ་པ་དང་མི་སྣ་གྲགས་ཅན་མང་པོའི་མདུན་དུ་ཚོར་ཤུགས་ཆེ་བའི་གཏམ་བཤད་བྱས།

མ་ཡིག་དྲ་ཚིགས་ཁ་བྱང། http://www.pacebutler.com/blog/severn-suzuki/

འགྱུར་རྩོམ།

Post navigation

Previous Post: ཁ་བཏགས་དཀར་པོ་རང་བེད་སྤྱོད་གནང་རོགས།
Next Post: རྣམ་ཤེས་ལ་འཐིམ་པའི་དབྱངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (31)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme