Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་ཡང་འདི་ལྟར་ཐེངས་གཅིག་འཛོམས།

Posted on 2015-07-112015-07-11 By ཁ་བརྡ 1 Comment on ང་ཚོ་ཡང་འདི་ལྟར་ཐེངས་གཅིག་འཛོམས།

ཟླ་བ་ཆོས་གྲགས།

 
ང་ཚོ་ཕྱོགས་སོ་སོ་ནས་ཡོང་བའི་འཁྱམས་པོའམ་ཡུལ་གྱར་བ་འགའ་དད་ཡུལ་གཅིག་པ་དང་ལས་དབང་གཅིག་པ་ཞིག་གིས་ང་ཚོ་ས་ཆ་གཅིག་དང་དགོན་པ་གཅིག་ལ་མཉམ་དུ་འཛོམས་མྱོང་། དེའི་སྐབས་སུ་ང་ཚོ་སུ་ལའང་གྲྭ་པ་དང་ཇོ་མོའི་གྱོན་ཆས་མེད་པའི་སྐྱ་བོ་ཤ་སྟག་ཡིན། དགོན་པ་གཅིག་ཏུ་འཛོམས་ཡོང་བའི་རྒྱུ་མཚན་ནི། ཁོའི་སྤུན་མཆེད་མགྲོན་གཉེར་དང་། མོའི་སྤུན་ཉེ་ཡང་མགྲོན་གཉེར་རེད། གཞན་འདི་ཡང་དགོན་པའི་ལས་བྱེད་མི་སྣ་དང། ང་ཡང་ཕྱོགས་གང་ཐད་ནས་འབྲེལ་བ་ཡོད་པའི་མི་བུ་ཞིག་ཡིན། ང་ཚོ་ཕྱོགས་གང་ཐད་ནས་གནས་བབ་གཅིག་པ་དང་དམིགས་ཡུལ་གཅིག་པ་ཡིན་པའི་བར་སྐབས་དེར། ང་ཚོ་ཕན་ཚུན་བར་སེམས་ཐག་ཉེ་བོ་བྱུང་། ང་ཚོ་ལ་ཡོད་པའི་སྤུན་མཆེད་ཚོ་ཡང་ཡུན་རིང་ཐུགས་འདྲིས་ཟབ་ལ་ཕན་ཚུན་བར་བརྩི་བཀུར་དང་ཡིད་ཆེས་ཆེ་བའི་ཆོས་མཆེད་ཤ་སྟག་རེད།

unnamedསྐབས་དེའི་དུས་ཤིག་ལ་༧སྐྱབས་རྗེ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེས་བཀའ་བརྒྱུད་བསྔགས་མཛོད་ཆེན་མོའི་དབང་ལུང་ཟབ་མོ་ཉིན་ཉེར་བདུན་རིང་གནང་བྱུང་བ་མཉམ་ཞུ་བྱས་པས་ང་ཚོ་ཕན་ཚུན་ལྷག་ཏུ་འདྲིས་པོ་དང་། ནང་པའི་ཆོས་ཕྱོགས་ནས་བཤད་ན། དབང་ལུང་གདམས་ངག་མཉམ་དུ་ཞུས་པའི་ཆོས་གྲོགས་བཟང་པོ་རུ་གྱུར།

ང་ཚོས་སོ་སོའི་རེ་བ་དང་དམིགས་ཡུལ་ལ་མུ་མཐུད་འབད་པ་བྱས་པའི་མཐར་ལོ་དང་ཟླ་བའི་སྔོན་རྗེས་ཙམ་ལས། ང་ཚོ་ཚང་མ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཧྥ་རིན་སི་ལ་འབྱོར། ཟླ་ཤས་སྔོན་ང་ཚོས་ཕན་ཚུན་སྐད་ཆ་བཤད་པའི་སྐབས་སུ་ད་ལོ་ནས་མགོ་བཙུག་སྟེ་ལོ་རེ་བཞིན་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཧྥ་རན་སི་ལ་གང་ཐུབ་ཅི་ཐུབ་ཀྱིས་བསྲུང་བརྩི་བྱ་རྒྱུ་སྐད་ཆ་བཤད་པས་ང་ཚོ་ཚང་མ་མོས་མཐུན་བྱུང་། ད་དུང་གཞན་འགའ་ཡང་རིན་པོ་ཆེའི་སློབ་མ་ཡིན་པ་ཡོད་སྐད་ཐོས་ཏེ། ཕན་ཚུན་ཡར་མར་འབྲེལ་བ་བྱས་ཀྱང་ལས་ཀ་དང་ས་ཐག་གི་དབང་གིས་འགའ་ཤས་འདིར་འཛོམས་ཐུབ་པ་མ་བྱུང་
ཡང། མ་འོངས་པ་རྗེས་ཕྱོགས་མཉམ་གཅིག་ཏུ་རིན་པོ་ཆེའི་སྐུ་ཡི་འཁྲུངས་སྐར་བསྲུང་བརྩི་ཞུ་ཐུབ་པའི་རེ་བ་ཡོད།

སྤྱིར་བཏང་རྒྱལ་ཚབ་རིན་པོ་ཆེའི་སྐུ་འཁྲུངས་སྐར་དེ་བོད་ལུགས་ཀྱིས་བརྩིས་ན་འཛམ་གླིང་སྤྱི་བསང་གི་ཉིན་མོ་དང་། ལོ་འདིར་སྤྱི་ཟླ་བདུན་པའི་ཚེས་པ་གཉིས་ལ་ཁེལ་གྱི་ཡོད་ཀྱང་། ང་ཚོའི་ལས་ཀ་དང་དུས་ཚོད་ཀྱི་དབང་གིས་ཉིན་འགའ་ཤས་ཕྱིར་འགྱང་བྱ་དགོས་བྱུང་། ཕྱིར་འགྱང་དེ་ཡང་དུས་ཚོད་དང་ཉི་མ་བཟང་པོ་ཞིག་སྟེ། ༧གོང་ས་སྐྱབས་མགོ་ཆེན་པོ་འཛམ་གླིང་ཞི་བདེའི་དེད་དཔོན། ང་ཚོ་བོད་གངས་ཅན་པའི་གཙུག་གི་ནོར་བུ་ལྟ་བུའི་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་ཡི་འཁྲུངས་སྐར་དེ་སྤྱི་ལོ་ལྟར་བརྩིས་ན། སྤྱི་ཟླ་བདུན་པའི་ཚེས་དྲུག་ལ་ཡིན་པས། དེ་དང་སྟབས་གཅིག་ཏུ་ང་ཚོས་ཀྱང་རིན་པོ་ཆེའི་སྐུ་ཡི་འཁྲུངས་སྐར་བསྲུང་བརྩི་བྱ་རྒྱུ་བྱུང་བས་ཧ་ཅང་དགའ་བོ་བྱུང་། བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་ལོ་འདིར་གཞན་ཡང་གྲོགས་པོ་བཟང་པོ་འགའ་ཤས་མཉམ་དུ་འཛོམས་རྒྱུ་བྱུང་བས། ཧ་ཅང་སྐྱིད་པོ་བྱུང་། བཀྲ་ཤིས་པར་ཤོག་ཅིག །རིན་པོ་ཆེའི་སྐུ་ཚེ་རིང་ལ་འགྲོ་དོན་རྒྱས་པར་ཤོག །Happy birthday Renpo Che!

སྣ་ཚོགས།

Post navigation

Previous Post: རྔ་བ་ནས་བུ་མོ་བཀྲ་ཤིས་སྐྱིད་འཛིན་བཟུང་བྱས་འདུག
Next Post: རྒྱ་ནག_དྲང་བདེན་ལ་གདོང་སྟོན་མི་ཐུབ་པའི་རྒྱལ་ཁབ་རུལ་བ།

Comments (1) on “ང་ཚོ་ཡང་འདི་ལྟར་ཐེངས་གཅིག་འཛོམས།”

  1. དགའ་སྐུ་ says:
    2015-07-11 at 11:36 am

    བཀྲིས་བདེ་ལེགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme