Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་ལམ་འགྱུར་བའི་དུས་མཚམས།

Posted on 2015-07-062015-07-06 By ཁ་བརྡ་ 3 Comments on དྲ་ལམ་འགྱུར་བའི་དུས་མཚམས།

སྐྱོ་བྲག་དགའ་དབང་།

 
ང་ཚོ་མིའི་འགྲོ་བས་ཉམས་ཞིབ་བྱས་པའི་གྲུབ་འབྲས་ཉེར་མཁོའི་ལོངས་སྤྱོད་མང་པོ་ཞིག་ལ་ལོངས་སྤྱོད་ཀྱིན་ཡོད་པའི་ཆ་ཤས། ཚན་རིག་གི་གསར་གཏོད་དུ་བསྙད་པ་དིང་དུས་ཀྱི་འཕྲུལ་ཆས་གློག་ཀླད་སོགས་ཀྱི་བརྒྱུད་ནས་བེད་སྤྱོད་བྱེད་པ་དྲ་ལམ་(network) འདི་ཐོག་མར་དམག་དོན་སོགས་སུ་མཁྱུད་སྤྱད་བྱས་ཤིང་། རིམ་པས་སྤྱི་ཚོགས་སུ་ཁྱབ་གདལ་ཕྱིན་པ་ལ་སྤྱི་སྒེར་མང་པོས་ཐུན་མོང་དང་ཐུན་མོང་མིན་པའི་སྒོ་ནས་ལོངས་སུ་སྤྱད་ཡོད།

ད་ནི་ཐུན་མིན་ལྐོག་ཉར་བྱས་པ་དག་ཀྱང་ཕན་ཚུན་རྐུ་ཁྱེར་བྱེད་བཞིན་ཡོད་པའི་དཔེ་མཚོན་ནི། ཨ་མི་རི་ཀའི་སྤྱི་སྒེར་གྱི་གསང་བ་མང་པོ་ཞིག་རྒྱ་ནག་གི་གཞུང་སྒེར་མང་པོས་རྐུ་ཁྱེར་བྱས་པ་དང་། ཡུ་རོབ་སོགས་འཛམ་གླིང་གི་གཞུང་སྒེར་མང་པོའི་གསང་བ་དག་ཨ་མི་རི་ཀའི་གཞུང་སྒེར་གྱིས་རྐུ་ཁྱེར་བྱེད་ཀྱིན་ཡོད་པའི་རྐུབ་རྡོལ་བཞིན་པ་འདི་ཚོ་རེད།

གཞི་རྩའི་དྲ་ལམ་འདི་མུར་བཞག་སྟེ་སྲུང་སྐྱོབས་ཀྱི་ཐབས་དང་ཁྲིམས་གཞི་ཇི་འདྲ་ཞིག་ལག་ལེན་དུ་བསྟར་གྱིན་ཡོད་རབས་བཤད་ནའང་དོན་དངོས་ལ་བྱེད་ཐུབ་ཀྱི་མེད་པ་ནི་གསལ་པོ་ཆགས་པ་ཡིན་ཕྱིར། ང་ཚོའི་དུས་རབས་ཀྱི་སྤྱི་ཚོགས་འདི་ནི་ཕྱི་གསལ་ནང་གསལ་གྱི་སྤྱི་ཚོགས་སུ་གྱུར་ཟིན་ཡོད། གལ་ཏེ་མ་འོངས་པར་སྤྱི་སྒེར་གྱི་གནད་དོན་དག་གསང་ཉར་བྱ་ཐུབ་པ་ཞིག་བྱ་དགོས་ཀྱི་ཡོད་ན་ད་ལྟར་བེད་སྤྱོད་བྱེད་བཞིན་པའི་དྲ་ལམ་འདི་བོར་ཏེ་ཐབས་ལམ་གསར་པ་ཞིག་མ་ཚོལ་རང་ཚོལ་ཡིན་ཕྱིར། ཤེས་འབྱོར་ཡོད་པའི་གཞུང་སྒེར་ཚོས་འཚོལ་གྱིན་ཡོད་ངེས་རེད་ལ་འཐོབ་ཀྱིའང་རེད།

ཁྱི་འཛིང་བགོས་ན། སྤྲང་པོའི་ལྷ། ཞེས་པའི་དཔེ་བཞིན། ང་ཚོ་མི་དམངས་དཀྱུས་མ་རྣམས་ལ་ད་ལྟའི་དྲ་ལམ་འདི་ལས་སླ་བོས་བེད་སྤྱོད་བྱེད་ཆོག་པའི་གུ་ཡངས་ཤིག་ཡོང་ངེས་པ་ཡིན་ཕྱིར་དིང་གི་ལོ་དུས་འདི་ནི་དྲ་ལམ་འགྱུར་བ་ཕྱིན་པའི་དུས་མཚམས་ཤིག་ཏུ་ངོས་འཛིན་བྱ་ཆོག་པ་ཡིན་ནོ། །

བསམ་ཚུལ།

Post navigation

Previous Post: བྱམས་བརྩེའི་འོད་སྣང་།
Next Post: འཁྲུངས་སྐར་ལ་ཕུལ་བ།

Comments (3) on “དྲ་ལམ་འགྱུར་བའི་དུས་མཚམས།”

  1. དགའ་སྐུ་ says:
    2015-07-06 at 8:32 pm

    གསང་བའི་གནས་ཚུལ་གང་ཡིན་མི་ཤེས་ཏེ། མི་བུ་ཚང་མ་དེ་ནང་ལ་མགོ་འཐོམས་ནས་མ་འོངས་པར་མིའི་སྐད་ཕལ་ཆེར་བཤད་མི་ཤེས་པ་རེད་རྒྱུ་ཉེན་ཁ་འདུག།

  2. ཁྱུང་སེ། says:
    2015-07-06 at 10:25 pm

    ང་ལ་ནི་གསང་དགོས་པ་དང་རྐུ་ལ་ཤོར་དྭོགས་ཀྱི་རྒྱུ་ཆ་གང་ཡང་མེད། བླ་མ་སྤྲུལ་སྐུ་རྒྱུ་ཆེན་དེའི་རིགས་གཟབ་ནན་གནང་ན་མ་གཏོགས་ཕྱི་ནང་གསང་གསུམ་གྱི་མཛད་པ་ཐམས་ཅད་ཀྱི་རྐུབ་བརྡོལ་ཉེན་ཡོད་ས་རེད།

  3. ཚེ་རིང་བསྟན་པ། says:
    2015-07-11 at 12:03 am

    ཁྱེད་ཅག་གི་བཀོད་པའི་རྩོམ་རིགས་དང་ཁ་བརྡ་རེ་རེས་མི་མང་པོ་ཞིག་ལ་གོ་རྟོགས་གསར་ཞིག་དང་བསམ་བློ་གསར་བ་རེ་བསྐྲུན་གྱིན་པས་གུས་པའི་ཁྱེད་རྣམས་ལ་སླད་མ་འདྲེས་པའི་བཀའ་དྲིན་ཆེ་ཞུའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme