Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདས་མཆོད་སྒྲུབ་པར་དགའ་བའི་བོད་ཀྱི་རྩོམ་པ་པོའི་སྡེ།

Posted on 2015-07-012015-07-01 By ཁ་བརྡ 22 Comments on འདས་མཆོད་སྒྲུབ་པར་དགའ་བའི་བོད་ཀྱི་རྩོམ་པ་པོའི་སྡེ།

རྡོ་རྗེ་རིན་ཆེན།

 
བོད་ཀྱི་ཤེས་ཡོན་པ་དང་ཡི་གེ་བ། སྙན་ངག་པ་དང་རྩོམ་པ་པོ་ཚང་མས། མི་ཞིག་ཚེ་ཐོག་འདིར་ཡོད་དུས། གང་དེའི་སྙན་ངག་པ་དང་རྩོམ་པ་པོ་དེར། དུས་རྒྱུན་ངན་བཤད་པ་དང་སྐྱོན་འཚོལ་བ། ཕྲག་དོག་བྱེད་པ་ལ་སོགས་ཀྱིས། གང་ཐུབ་གང་ངན་གྱིས། མི་དེར་སྐྱོན་མེད་ས་ནས་སྐྱོན་བཙལ། སྡིག་མི་དགོས་ས་ནས་སྡིག མདོར་ན། མི་གཤིས་མེད་སྟངས། ཡོན་ཏན་མེད་ཚུལ་སོགས་ལུང་བ་གང་བཤད་པ་རེད།

 
དགོད་བྲོ་བ་ཞིག་ལ། གང་དེའི་རྩོམ་པ་པོ་དང་སྙན་ངག་པ་ཉིད་སྐུ་གྲོངས་མ་ཐག ཡོད་ཚད་རྟོགས་པ་སད་མདོག་དང་། ཀུ་ཡངས་ཆེ་ཚུལ། ཡི་གེ་བ་དང་ཤེས་ཡོན་པ་ལ་དགའ་མདོག་གིས། གང་དེའི་འདས་པོ་ལ་སྙན་ངག་རྐང་ཐུར་རེ་དང་། རྩོམ་ཡིག་ཉིན་ཐོ་འདྲ་རེ་བྲིས་ནས། རྗེས་དྲན་གྱི་རྩོམ་ཡིག་ཡིན་ཟེར་ནས་དྲ་ཐོག་མ་ལུས་ཁེངས་སུ་འཇུག་པ་རེད།

དོན་གྱིས། མི་བུ་དེ་དག་གིས་གང་དེའི་འདས་པོ་ཉིད་ལ་རྗེས་དྲན་བྱེད་པ་ནི་མ་ཡིན་པར། རང་ཉིད་རང་གིས་འུར་སྒྲོག་བྱེད་པ་ཁོ་ན་རེད། འདི་ནི་དངོས་ནས་ཡིད་མུག་པ་ཞིག་ཅི་ལ་མིན་མོད། ཡིན་ནའང་། འདས་མཆོད་ཁོ་ན་སྒྲུབ་མཁན་གྱི་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པར་སྒྲོག་པ་ཚོས་ནི། ད་དུང་འདི་ལྟར་གསོན་པའི་མི་ལ་སྡང་མིག་དང་། ཤི་བའི་མི་ལ་མིག་ཆུ་གཏོང་ཁུལ་གྱིས། སྔར་བཞིན་མཁས་མདོག་དང་སྒམ་ཚུགས་དོར་ག་ལ་སྲིད།

 
དུས་རབས་འདིའི་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པའི་སྡེ་ལ་མཐུན་མོང་དུ་སྐྱོ་གར་ཞིག་མངའ་བ་ནི། ཕན་ཚུན་ལ་གཞི་མེད་སྐྱོན་འཛུག་དང་། ཉེས་མེད་ནག་འཛུག དོན་མེད་ཕྲག་དོག་དང་། མི་གཞི་དམའ་འབེབ་བྱེད་རྒྱུ་དེ་ཁོ་ན་རེད་ལ། འདི་ནི་ཅི་འདྲའི་བརྩེ་སེམས་མེད་པ་དང་། མི་གཤིས་བྲལ་བའི་སྤྱོད་ཚུལ་སྐྱུག་བྲོ་བོ་ཞིག་ཅི་མིན་གྲང་།

 
གཞན་མཚུངས་ཆོས་ཤིག་ཡོད་པ་ནི། ཚང་མས་ཡར་མར་གང་བཤད་དུས་ཀྱང་། གུ་ཡངས་དང་སྒམ་དཀྱེལ། རྒྱུ་འབྲས་བློ་མིག་ལ་སོགས་ཀྱིས་མཚོན་པའི་ཐ་སྙད་མང་པོ་ཞིག་བེད་སྤྱོད་པ་དང་། དོན་གྱིས་ཐ་སྙད་ལྗིད་པོ་དེ་དག་འཁྱེར་ནས། ཕན་ཚུན་ལ་སྐྱོན་འཚོལ་རེ་དང་། གཉའ་གཅོག་རེ་བྱེད་པ་རྐྱང་ལགས།

 
ཡ་ང་བ་ཞིག་ལ། འདིར་དཔེར་མཚོན་དུ། ཨ་ལགས་དོར་ཞི་ལ་རྒད་པོ་དང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་མཁས་པ་རྫུན་མ་ལ་སོགས། ཚིག་ངན་ཡོད་ལ་ཡོད་ཚད་པོ་སྨྲ་བ་ལ། ཚང་མས་ཚ་ཚ་འུར་འུར་གྱིས། རིག་གནས་དགག་སྒྲུབ་ཅེས་བོས་ཏེ། དེའི་དོན་དུ་ཚང་མས་མ་གྲོས་གཅིག་ཏུ། གཅིག་ལས་གཅིག་གིས་འབད་ཀྱིན་འདུག

 
མདོར་ན། དེང་གི་བོད་ཀྱི་རིག་གནས་དགག་སྒྲུབ་བྱེད་སྟངས་ནི། འདི་འདྲ་སྟེ། ཁྱོད་རྐུན་མ་རེད། ཁྱོད་རྒྱ་ཁྱི་རེད། ཁྱོད་བླུན་པོ་རེད། ཁྱོད་གླེན་པ་རེད། སྐྱག་པ་ཟོ། ཁེར་ཐུག་རྒྱག གསོད་ལ། རྡུང་བ་ལ་སོགས་ཚིག་ངན་དང་སྤྱོད་ངན་ཏག་ཏག་བསྟན་ནས། རིག་གནས་དགག་སྒྲུབ་བྱེད་པ་དང་། ཐ་ན་བླ་ཚུན་ཆད་བསྒུལ་ནས་ཕན་ཚུན་ལ་སྡིག་དམོད་དང་དགག་སྒྲུབ་བྱེད་པ་རེད་དོ།།

 
མཐའ་དོན་དུ། ཁོ་བོས་སྙན་ངག་པ་དང་། རྩོམ་པ་པོ། ཤེས་ཡོན་པ་ལ་སོགས་པའི་བྱས་རྗེས་ཅན་གྱི་མི་སྣ་གང་རུང་ཞིག་སྐུ་གྲོངས་རྗེས། མྱ་ངན་དང་རྗེས་དྲན་ཞུ་དགོས་མེད་ཅེས་པའི་དོན་མིན་པར། ང་ཚོས་དེ་ལྟའི་མི་བུ་རྣམས་ལ། གསོན་ཐོག་ཏུ་ཡོད་དུས་དགའ་མོས་དང་བརྩི་མཐོང་གནང་ན་ཤིན་ཏུ་མི་ལེགས་སམ་སྙམས་པས། རྩོམ་ཐུང་འདི་ཉིད་བྲིས་པ་དགེའོ།།

༢༠༡༥།༦།༢༩།

བསམ་ཚུལ།

Post navigation

Previous Post: ཡུ་རོབ་གྲོས་ཚོགས་ནང་༧སྐུའི་གྱ་སྟོན་སྲུང་བརྩི།
Next Post: གྱ་སྟོན་བསུ།—-(གཞས་པ། ཐེ་བོ་ལྷུན་གྲུབ།)

Comments (22) on “འདས་མཆོད་སྒྲུབ་པར་དགའ་བའི་བོད་ཀྱི་རྩོམ་པ་པོའི་སྡེ།”

  1. དགའ་སྐུ་ says:
    2015-07-01 at 2:02 am

    ཁྱེད་ཀྱིས་གསུངས་པ་ནང་ལྟར་རེད། ལོ་རྒྱུས་ལ་ཡར་གཟིགས་དང་ཐག་རིང་པོ་མིན་ས་ནས་དགེ་འདུན་ཆོས་འཕེལ་ལ་འོ་རྒྱལ་གང་འདྲ་བཟོ་འདུག །དེའི་རྗེས་ང་རང་ཆུང་དུས་སྐབས་རང་གོ་ཐོས་ལ་ལྷ་སའི་མི་ཚོས། ༧པཎ་ཆེན་སྐུ་གོང་མ་ལ་མ་དད་ཙམ་མ་ཟད་ཚོང་པ་རྒྱག་པ་ཟེར་འབོད་རབས་འདུག །དེ་དང་དེ་བཞིན་རེད། དེང་གི་དུས་འདིར་༧རྒྱལ་དབང་ཀརྨ་པ་ལ། ཀརྨ་ནག་རིལ། རྒྱ་མིའི་སོ་པ། རྫུན་མ་སོགས་ཁ་བརྡ་འདིར་ཡང་ཡང་མཐོང་ཡ་འདུག།

  2. ཇུས་ཏོག་ says:
    2015-07-01 at 4:37 am

    གནས་ཚུལ་དེ་ཚོའི་འགན་དེ་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོ་དང་རང་དབང་ཟེར་བའི་འགན་འཁུར་མི་དགོས་པའི་ཆབ་སྲིད་ཀྱི་ལམ་ལུགས་གསར་གཏོད་གནང་བ་དེའི་འབྲས་བུ་རེད། གོང་ས་མཆོག་
    གི་ཆབ་སྲིད་ཀྱི་སྐུ་དབང་ཡང་ང་ཚོའི་བཅའ་ཁྲིམས་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཐ་སྙད་དེའི་དབང་འོག་ཚུད་ནས་མི་མང་ལ་གནང་བ་རེད། ད་ལྟའི་སྐབས་ལ་བླ་ཆེན་དང་མི་ཆེན་མཁས་པ་སོགས་ལ་སྐྱོན་འཛུགས་ཙམ་རེད། ད་ང་ཚོའི་བྱེད་སྟངས་དང་ལས་སྟངས་ཁ་ཕྱོགས་སྟོན་སྟངས་སོགས་ལ་བལྟས་ན། རང་མིང་གྲགས་མཁན་ཤ་སྟག་བཙན་བྱོལ་སྤྱི་ཚོགས་ནང་སྐྱེད་སྲིངས་བྱེད་སའི་འཁོར་ཡུག་ཞིག་ཆགས་མ་སྲིད་པ་མ་རེད་།

  3. རྡོ་རྗེ་རིན་ཆེན says:
    2015-07-01 at 4:50 am

    རྣམ་པ་གཉིས་ཕེབས་ནས་རང་རང་གི་བསམ་ཚུལ་གསུང་བར་ཐུགས་རྗེ་ཆེ།

  4. ཨ། says:
    2015-07-01 at 4:53 am

    སྐད་ཆ་འདི་སྨན་རིལ་ཞིག་དང་འདྲ་པོ་འདུག འོན་ཀྱང་། སྤྱིར་བཏང་བོད་ཀྱི་རྩོམ་པ་པོའི་སྡེས་འདས་པོ་གང་ཞིག་ལ་མྱ་ངན་ཞུས་ཚད། ཁྱེད་ཀྱི་སྐད་ཆའི་ནང་དོན་དེས་ཁྱབ་རྒྱུ་མེད་ནའང་། རྩོམ་པ་པོ་སྡེར་ཁྱེད་ཀྱི་སྐད་ཆའི་ནང་དོན་ལྟར་གྱི་སྐྱོན་དེ་ཏག་ཏག་ཡོད་པ་འདོད།

  5. བརྩོན་རྒྱམ། says:
    2015-07-01 at 5:53 am

    གང་ལྟར་གསོན་དུས་མི་རིགས་ལ་བཅང་བའི་ལྷག་བསམ་དང་སྙིང་སྟོབས་སྩོལ་མཁན་ཞིག་ལ་ཤུ་ན་ཡང་འདས་མཆོད་སྒྲུབ་འོས་པ་རེད་དགོས་པ་ཡང་རེད།

  6. རྡོ་རྗེ་རིན་ཆེན says:
    2015-07-01 at 6:09 am

    ཨ་ལགས། ཁྱེད་རང་ཕེབས་ནས་བསམ་ཚུལ་གནང་བར་ཐུགས་རྗེ་ཆེ།

  7. དྲི་མེད་ལྷག་བསམ། says:
    2015-07-01 at 6:44 am

    འདས་པོའི་བྱས་རྗེས་ལ་སྤྱི་སྡོམ་བྱས་དེ་ལོ་རྒྱུས་ཀྱི་ཐོབ་ཐང་ཞིག་སྤྲད་པ་འཛམ་གླིང་སྤྱི་ཡི་སྲོལ་རེད། འཚོ་བའི་གནས་སྐབས་སུ་སྟོད་རྒྱུ་མང་དྲགས་ན། མོའུ་ཙེ་ཏུང་དངཧི་ཊ་ལིའི་བསྟོད་པ་ནང་བཞིན་འགྱུར་ཉེན་ཆེ། རང་འདོད་མེད་པ་སྤྱི་དོན་སྒྲུབ་མཁན་ནི་རེ་གཉིས་ལས་མེད། བོད་ཀྱི་གཏམ་རྒྱུད་དུ། སྟོད་མ་སྔ་བ། སྨད་མ་དྲག་པ་དགོས་ཟེར་བ་དེ་ཡིན་མཆི། སྤྱི་དོན་གྱི་འབག་མགོའི་རྒྱབ་ནས་སྒེར་ལས་འཁྲབ་ཁྲིད་པའི་ལག་བརྡ་རེ་མཐོང་ཡོང་དུས་གར་མཁན་བཞག་ནས་རས་ཡོལ་གྱི་རྒྱབ་ལ་ལྟ་བ་དེའང་འགྲོ་བ་མི་སྤྱི་ཡི་གོམས་གཤིསཤིག་གོ །

  8. ཁུ་བྱུག says:
    2015-07-01 at 7:07 am

    རྩོམ་པ་པོ་རྡོ་རྗེ་རིན་ཆེན་ལགས་སུ་བཀའ་འདྲི་ཞུ་རྒྱུར། གནའ་བོའི་མཁས་པའི་བཞེད་གཞུང་དག་ཏུ་མ་གསལ་ཚིག ༼མི་བུ༽ དང་ ༼མི་གཞི༽ ཞེས་པ་གཉིས་དུས་ནམ་མཁས་པ་སུས་གཏན་ལ་ཕབ་བམ།

  9. ཨ། says:
    2015-07-01 at 7:28 am

    བོད་ཀྱི་རྩོམ་པ་པོའི་སྡེ་ཡི་རྒན་གཞོན་མང་པོ་ཞིག་གིས། ཚེ་འདས་ཁ་བ་སྙིང་ལྕགས་ལགས་ལ་མྱ་ངན་དང་རྗེས་དྲན་ཞུ་བཞིན་པ་དེ་རེད། དོན་དག་འདིའི་ཐད་ལ་ངས་བསམས་པ་ནི། གཅིག བརྩམས་ཆོས་ཡོད་པའི་བོད་ཀྱི་རྩོམ་པ་པོ་ལོ་ན་ཆེས་ཆུང་ཤོས་ཤིག་ཡིན་པས་དང་། གཉིས། བརྩམས་ཆོས་ཀྱི་སྲོག་ཏུ་རིགས་ཞེན་ནན་པོ་དང་བློ་འབྱེད་སྒྱུ་རྩལ་སོགས་ཀྱི་ཚུལ་ཡང་ཡོད་པས་དང་། གསུམ། ལྷག་ཏུ་ཚེ་འདས་ཁོང་གྲོངས་རྐྱེན་རང་བཞིན་མ་ཡིན་པ་ཞིག་བཅས་རྒྱུ་མཚན་འདི་ཚོ་ཡིན། ཡིན་ནའང་། བོད་རིག་པ་ཞིབ་འཇུག་པ་དང་བོད་ཀྱི་རྩོམ་པ་པོ་རྒན་པ་ཚེ་འདས་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ཀྱང་ལོ་འདིའི་ཉེ་སྔོན་དུ་གྲོངས་པ་ཡིན་མོད། ཁོང་ལ་བོད་ཀྱི་རྩོམ་པ་པོ་ཚོས་མྱ་ངན་སོགས་གང་ཅིའི་ཐད་ནས་དོན་སྣང་བྱེད་པ་ཉུང་ཉུང་རེད།

  10. གཡུ་བྲག་པ། says:
    2015-07-01 at 8:51 am

    འབྲོང་བུ་ལ་མྱ་ངན་གུས་འདུད་ཞུ་རིན་ཅང་མེད་པ་ཉིས་སྟོང་བརྒྱད་ལོའི་ཤར་དུང་རི་ལ་གཟིགས་རོགས། དེ་ནས་འབྲོང་བུ་དངོས་གནས་འབྲོང་ཡིན་དང་བོང་བུ་ཡིན་ཧ་གོ་ཡོང་ལོ།

  11. ཨ། says:
    2015-07-01 at 9:50 am

    ཉིད་ཀྱི་སྐད་ཆ་དེ་ངར་ཡང་རྙིང་བ་ཞིག་རེད། གང་ལྟར། སྐབས་དེའི་སྐད་ཆ་ཕྲན་བུ་དེ་ནི་འབྲོང་བུའི་སྐད་ཆའི་ཡོད་ཚད་ཡིན་རྒྱུ་མ་རེད་ལ། འུ་ཚོས་འབྲོང་བུ་ལ་ལྟ་སྟངས་ཀྱང་། སྐབས་ཤིག་གི་སྐད་ཆ་དང་དོན་དག་གཅིག་རང་བྱེད་མི་ཉན་པར་འདོད།

  12. དྲི་མེད་ལྷག་བསམ། says:
    2015-07-01 at 9:54 am

    ང་ནི་སའོག་གི་མི་རེད། འབྲོང་བུ་ཚེ་རིང་རྡོ་རྗེ་ཤི་བ་དེ་རིང་ལས་གོ་མ་སོང་། །དུས་ནམ། ཇི་ལྟ་ཤི་ཚུལ་སོགས་གསན་མཁན་ཡོད་ན་འབྲི་གྲོགས་ཞུ།

  13. རྡོ་རྗེ་རིན་ཆེན། says:
    2015-07-01 at 10:26 am

    ཁུ་བྱུག་ལགས། མི་བུ་དང་། མི་གཞི། རྒྱུ་འབྲས་བློ་མིག་ཟེར་བའི་ཐ་སྙད་འདི་དག་ནི་དེང་སྐབས་མང་བོས་བེད་སྤྱོད་གཏོང་པར་དགའ་མོས་བྱེད་ཀིན་འདུག ང་ནོར་མེད་ན། ཐ་སྙད་འདི་དག་མང་ཤོས་བེད་སྤྱོད་གཏོང་མཁན་དང་། ཉེ་བའི་ཁྲོད་དང་ཤོས་བཀོད་མཁན་ནི་སྐུ་ཞབས་ཞོགས་དུང་སོགས་ཡིན་པ་འདྲ། ཁོང་ཚོས་གང་ནས་བླངས་པ་ངས་མི་ཤེས། ཧ་ལམ། རྒྱ་ཡིག་མི་འགྲོ་བསམས། ཡིན་ནའང་། ཐ་སྙན་འདི་དག་བོད་ཀྱི་ལོ་རྒྱུས་དང་མཁས་པ་སྔ་མའི་གཞུང་ན་གཏན་ནས་མེད་པ་དེ་འདྲའང་མ་རེད། ཐ་སྙད་གཞན་དང་འགྲོག་ནས་བཀོད་པ་མང་དུ་ཡོད་པ་རེད། འདིར་ལས་སླ་ཤོས་ནི། མི་བུ་གདུང་དྲུག་ལྟ་བུ་རེད། གཙོ་བོ་གཅིག་ལ། སྐུ་ཞབས་ཞོགས་དུང་སོགས་ཀྱིས་ཐ་སྙད་འདི་དག་བཀོད་པ་ལ་དགོས་པ་ངེས་ཅན་ཞིག་ཡོད་པ་རེད་འདོད། དཔེར་ན། མི་བུ་ལྟ་བུ་རེད། འདི་ལ་་་མི་་་་མི་ཟེར་བར་མི་བུ་ཟེར་དོན་ནི། ངས་འདོད་ཚུལ་ལ། བོད་མི་ཚོས་ལོ་མང་རང་མིའི་འཚོ་བ་སྣང་མེད་བཞག་ནས། གཙོ་བོ་ལྷ་ཆོས་གཙིགས་སུ་བཟུང་གི་ཡོད་རྐྱེན། ཁོང་ཚོས་ང་ཚོ་མི་ཡིན་རྐྱེན་ངེས་པར་མི་ལ་འཁོ་བའི་དོན་གཙོ་བོར་འཛིན་པ་ལས། འཇིག་རྟེན་ཕྱི་མ་དང་ལྷ་ཆོས་ཕལ་བ་གནང་དགོས་ཀྱིན་འདུག་ཟེར་ནས་འབོད་པ་གཏོང་གིན་ཡོད་པ་རེད། དེ་ཡིན་དུས་་་་མི་བུ་་་ཟེར་བ་འདི་ལ་སྔོན་མ་ལས་གོ་བ་གསར་བ་ཞིག་ཐོན་གི་མེད་འགྲོ་བསམ།

  14. རྡོ་རྗེ་རིན་ཆེན། says:
    2015-07-01 at 10:34 am

    ཡིག་ནོར་འགའ་ཤོར་འདུག་་་་་ཁ་པར་ཡིན་རྐྱེན། དགོངས་དག་ཞུ། ཁུ་བྱུག་ལགས།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-07-01 at 10:48 am

    རྡོ་རྗེ་རིན་ཆེན་མཆོག་གིས་གསུངས་པ་བདེན་པ་ཡིན་ན། དེ་ནི་མཆན་ཡིག་འབྲི་བ་པོ་རྣམས་ཀྱི་རང་་རང་རང་གི་འདོད་དོན་མ་གྲུབ་པ་དང་། གཞན་གྱིས་བྱས་པ་ལ་བཟོད་པ་མེད་པ་དག་གི་བྱེད་སྤྱོད་ཡིན་པས་མཐར་རང་གཞན་མང་པོ་ཕུངས་ལ་སྦྱོར་བའི་རྒྱུ་ཡིན། དཔེར་ན། བིན་ལ་དིན་ཟེར་བའི་འཇིགས་སྐུལ་པ་འམ་བསྟན་གཤིག་པ་དང་། དེ་བཞིན་དུ། པཱ་ཀི་སྟཱན་གྱི་འཇིགས་སྐུལ་པ་འམ་བསྟན་གཤིག་པ་མང་པོས་རང་ཡུལ་དང་། གཞན་ཡུལ་གྱི་ཉེས་མེད་སྐྱེ་བོ་མང་པོ་ཕུངས་སུ་བཅུག་པའི་ལས་འབྲས་ཀྱིས་མཐར་ཉིད་རྩ་བརླག་ཏུ་ཕྱིན་པ་བིན་ལ་དིན་ཟེར་བའི་འཇིགས་སྐུལ་པའམ་བསྟན་གཤིག་ལྟ་བུ་ལགས་སོ།

  16. ཁྱུང་སེ། says:
    2015-07-01 at 11:13 am

    ཁ་བརྡའི་རྩོམ་དང་མཆན་རྣམས་ལ་བརྡ་སྦྱོར་ལས་སོགས་ལ་ཞུས་དག་མཛད་པོ། རྒན་ལ་དགས་ལགས་ཀྱིས། འཇིགས་བསྐུལ་རིང་ལུགས་པ་ལ། ༼བསྟན་གཤིག༽ ཅེས་བྲིས་འདུག་པས་དེ་ལ་ཞུ་དག་གནང་མཁན་ཡོད་དམ། ཡང་ན་བསྟན་གཤིག་ཅེས་པའི་དག་ཆ་དེ་འགྲིག་པ་ཡིན་མིན་བསམ་ཚུལ་གསུང་གནང་རོགས་ཞུ།།

  17. ཁྱུང་སེ། says:
    2015-07-01 at 11:18 am

    ༼མི་བུ༽ཟེར་བའི་ཡི་གེ་ནི་དཔེ་རྙིང་སོགས་ཀྱི་ནག་དུ་མཐོང།༼ མི་གཞི༽ཟེར་བ་ཞིག་དག་མིན་དང་སྔར་ནས་བསྒྲགས་མིན་མི་ཤེས། འོན་ཀྱང་མི་གཤིས་ཟེར་བའི་ཡི་གེ་མང་དུ་མཐོང། དེ་ནི་མི་ཡི་གཤིས་ཀའམ་མི་ཡི་གནས་ལུགས་དང་རང་བཞིན་ཅེས་པ་སོགས་ལ་གོ་བས་དོན་སྙིང་དང་ལྡན་ཡོད། དཔེར་ན། མི་དེ་ཡི་གཤིས་ཀ་ཡག་པོ་མི་འདུག་ཅེས་དང། མི་དེའི་རང་བཞིན་དགོད་བྲོ་མོ་འདུག་ཅེས་པ་ལྟ་བུ་རེད། གཞན་ཡང་ང་ཚོས་རྒྱུན་དུ་སྤྱོད་པའི་ཚིག། འདི་ང་ཡི་རང་བཞིན་རེད་་་བསྒྱུར་བཅོས་གཏོང་རྒྱུ་ཁག་པོ་འདུག་ཅེས་པ་ལྟ་བུ་རེད།

  18. ཀླུ་སྨྱོན། says:
    2015-07-01 at 1:00 pm

    ངོ་མ་བདེན་པ་རེད། ང་ཤི་རྗེས་འདས་མཆོད་འདྲ་བོ་རྗེས་དྲན་འདྲ་བོ་བསྐོངས་ནས་ཟ་ངེ་ཟིང་ངེ་གཅིག་ཀྱང་མི་བྱེད་རྒྱུ་ངའི་རེ་བ་ཡིན། བསྟོད་པ་འཐེན་འདོད་ན་ང་ཚེ་ཐོག་འདིར་ཡོད་དུས་འཐེན་ན་ངས་གོ་གི་མོ། རིག་གི་མོ། ང་དག་པའི་ཞིང་ལ་ཕེབས་ཚར་རྗེས་བསྟོད་པ་འདྲ་ཆགས་པོ་ག་རེ་བྱས་ཀྱང་དག་པའི་ཞིང་གི་བདེ་སྐྱིད་ཀྱིས་བཟི་ནས་ངས་ཡ་བྱེད་ནི་མ་རེད།

  19. ཁྱུང་དཀར། says:
    2015-07-01 at 3:24 pm

    ཀླུ་སྨྱོན་གིས་སྐྱིད་པོ་རེ་བཤད་ཐལ། ཧ་ཧ་ཧ་་་་་དངོས་གནས་འདྲ་བོ་འདུག་ད།

  20. རྡོ་རྗེ་རིན་ཆེན says:
    2015-07-01 at 9:55 pm

    ཨ་ཁུ་ཀླུ་སྨྱོན་ལགས་གཙོ་བོའི་རྣམ་པ་ཚང་མ་ཕེབས་ནས་རང་རང་གི་བསམ་ཚུལ་གནང་བར་ཐུགས་རྗེ་ཆེ།

  21. ཨ། says:
    2015-07-02 at 12:47 am

    དྲི་མེད་ལྷགས་བསམ་ལགས། དགོངས་དག འདིར་ལན་སྦྱིན་དགོས་བསམས་ཡོད་དེ་བརྗེད་འདུག གཞོན་གསར་དྲ་བ་དང་དགེ་ཆོས་དྲ་བ་སོགས་སུ་འདུག་ལ། ཉེ་སྔོན་རང་རེའི་དུས་བབ་དུའང་གནས་ཚུལ་དེ་བཀོད་འདུག

  22. ཁུ་བྱུག says:
    2015-07-02 at 1:34 pm

    མཁྱེན་ཡངས་རྩོམ་པ་པོ་རྡོ་རྗེ་རིན་ཆེན་ལགས་ཀྱིས་བགྱི་ནའི་དོགས་འདྲིར་དགོངས་ཚུལ་ལྷུག་སྩལ་ལ་བཅོས་མིན་བཀའ་དྲིན་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་དགོངས་འཆར་རྩོམ་ཡིག་འདིའི་ནང་དོན་ཟབ་ཅིང་། ཚིག་སྦྱོར་ཕུན་སུམ་ཚོགས་ལ། བལྟ་ཀློག་བདེ་བ་ཙམ་མ་ཟད། གོ་བདེ་བ་བཅས་ཀྱི་ཁྱད་ཆོས་མངའ་ན། དེང་གི་སྨྱུག་འཛིན་པ་རྣམས་ལ་དཔེ་སྟོན་ཞིག་རེད་འདོད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme