Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ཉིད་ཀྱི་རིན་ཐང་གླེང་བ

Posted on 2010-03-202010-03-20 By ཁ་བརྡ་ 5 Comments on རང་ཉིད་ཀྱི་རིན་ཐང་གླེང་བ

།འབྲོང་བུ་ཟླ་བ་ཚེ་རིང་གིས།

རང་ཉིད་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་སློབ་གྲྭ་འགྲིམས་ན་ཡང་ད་དུང་མཐོ་སློབ་ཅིག་མཐར་ཕྱིན་ཐུབ་མེད་པ་འདི་ནི་རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པའི་ལས་དབང་ལ་རག་ལས་པ་ཞིག་རེད་ལ། རང་ཉིད་ལ་ངེས་གཏན་གྱི་འཚོ་གནས་ཤིག་མེད་པའི་སྟབས་ཀྱིས་ཀྱང་རེད། ངས་འཚོལ་བཞིན་པ་ནི་རང་ཉིད་ཀྱི་རིན་ཐང་ཡིན་ལ། ངས་འབྲི་བཞིན་པ་ཡང་རང་ཉིད་ཀྱི་རིན་ཐང་ཡིན། ངས་རང་ཉིད་ཀྱི་རིན་ཐང་གླེང་སྟེ་ཁྱེད་ལ་ཁྱེད་ཀྱི་རིན་ཐང་གླེང་བར་བསྐུལ་ན་བསམ། ཁྱེད་ཀྱིས་ངའི་རྩོམ་ཐུང་འདི་ཀློག་དུས་རང་ཉིད་ལ་མཛུབ་མོ་ཞིག་བཙུགས་ནས་ཀློག་དང་། ཁྱེད་ལ་ཁྱེད་ཀྱི་རང་ཉིད་འཚོལ་བར་ཕན་རེ་ཐོགས་ཐུབ་ན་ཐང།

ཐམས་ཅད་རང་ཉིད་ནས་མགོ་འཛུགས་དགོས་ཞེས་པའི་གཏན་ཚིགས་འདི་ཚོར་དུས་ཁྱེད་ལ་ཚོར་བ་གང་འདྲ་ཞིག་བྱུང་མྱོང་ངམ། ཁྱེད་ཀྱི་རང་ཉིད་དེ་ཁྱེད་དང་ཐག་ཉེ་ས་ན་འདུག་གམ་ཐག་རིང་ས་ན་འདུག ཁ་སྤོབས་དང་བདག་ཞེན་གྱི་དབང་གིས་ཀུན་གྱིས་རང་ཉིད་དང་ཐག་ཉེ་ས་ཞིག་ན་འདུག་དང་འདུག་ཞེས་གསུང་སྲིད། འོན་ཀྱང་རང་ཉིད་ཀྱི་མི་ཚེ་ལ་ཕྱིར་འདང་ཞིག་རྒྱོབ་དང་ཁྱེད་ཀྱིས་རང་ཉིད་ཀྱི་རིན་ཐང་འཚོལ་ཕྱིར་འབད་བརྩོན་གང་འདྲ་ཞིག་བྱས་ཡོད་དམ། གལ་ཏེ་ཁྱེད་རང་སློབ་གྲྭར་འགྲིམས་མྱོང་མཁན་ཞིག་ཡིན་ན་སློབ་གྲྭ་ནི་སྐྱིད་པོ་གཏོང་ས་རེད་ཅེས་བསམ་མྱོང་ཡོད་དམ། ཁྱེད་ཀྱིས་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་དག་གི་སྐྱོན་ལ་མཚང་འབྱིན་བྱས་མྱོང་ཡོད་དམ། ཁྱེད་ཀྱི་རང་སྐྱོན་རང་གིས་ངོས་ལེན་བྱས་ཡོད་དམ། ཁྱེད་རང་ཕ་མ་དང་དགེ་རྒན་ལ་མགོ་སྐོར་བཏང་བའི་ཁུལ་གྱིས་འཛིན་གྲྭར་མ་བསྐྱོད་པར་གྲོགས་ཕོ་མོ་དང་མཉམ་དུ་སྤྲོ་གསེང་གཏོང་བར་སོང་མྱོང་ཡོད་དམ། རེད་ཡ། ཁྱེད་ཀྱིས་འཛིན་རིམ་བརྒྱད་པ་དང། བཅུ་པ། བཅུ་གཉིས་བཅས་ཀྱི་མཐར་ཕྱིན་ལག་འཁྱེར་རྫིག་པོ་ཞིག་མི་གཞན་ལ་སྟོན་དུས་ཁྱེད་ལ་དོན་དངོས་ཀྱི་ཤེས་ཡོན་ཆུ་ཚད་གང་འདྲ་ཞིག་འདུག ཁྱེད་རང་བོད་པའི་སློབ་གྲྭ་ཞིག་ནས་མཐར་ཕྱིན་ཡང་དབྱིན་བོད་གང་རུང་གི་ལམ་ནས་སྙན་ཞུ་ཆ་ཚང་ཞིག་ཀྱང་འབྲི་རྒྱུ་ཁག་པོར་གྱུར་དུས་ཚོར་སྣང་གང་འདྲ་ཞིག་བྱུང་མྱོང་ངམ། ད་དུང། འབྲིང་རིམ་སློབ་གྲྭ་མཐར་ཕྱིན་ནས་མཐོ་སློབ་འགྲིམས་ལ་ཉེ་དུས་ཁྱེད་ལ་ངེས་གཏན་གྱི་དམིགས་ཡུལ་ཞིག་ཨེ་ཡོད། མཐོ་རིམ་སློབ་གྲྭར་འགྲིམས་དུས་ཁྱེད་ལ་འཆར་གཞི་ཅི་ཞིག་ཡོད་དམ། རེད་ཡ། ཁྱེད་ཀྱི་མཐོ་རིམ་སློབ་གྲྭ་ནི་སྐྱིད་པ་གཏོང་ས་ཞིག་རེད་ཅེས་བསམ་ཨེ་མྱོང། སློབ་གྲྭ་ཆུང་འབྲིང་ནས་མཐོ་སློབ་འགྲིམས་སྐབས་སུ་ཁྱེད་ཀྱིས་དྲིན་ཆེན་ཕ་མ་དང་སྦྱིན་བདག་བྱང་སེམས་ཅན་དག་གི་དངུལ་དངོས་ཁ་མེད་སྣ་མེད་དུ་བེད་སྤྱོད་གཏོང་དུས་ཚོར་སྣང་གང་འདྲ་ཞིག་བྱུང་མྱོང་ངམ། མདོ་དོན་ཁྱེད་ཀྱིས་རང་ཉིད་ལ་རང་ཉིད་ཀྱི་བདག་པོ་སུ་ཡིན་ནམ་ཞེས་དྲི་བ་ཞིག་བཏང་མྱོང་ངམ།

འདི་དག་ནི་རང་ཉིད་ཀྱི་རིན་ཐང་གླེང་བའི་ཐོག་མའི་དྲི་བ་དག་རེད་ཅེས་ལབ་ན་མི་ཆོག་རྒྱུ་མེད། ཁྱེད་ལ་རང་ཉིད་ཀྱི་བདག་པོ་དངོས་དེ་རང་ཉིད་ཡིན་པའི་ངེས་ཤེས་ཤིག་རྙེད་ཨེ་མྱོང། བོད་པའི་སྤྱི་ཚོགས་སྤྱི་དང་ལྷག་པར་སློབ་གྲྭར་འགྲིམས་བཞིན་པའི་སློབ་ཕྲུག་གི་གནས་སྟངས་ལ་ཅིག་བལྟས་ན་དྲི་བ་འདི་དག་གི་དྲི་ལན་ཕལ་ཆེ་བ་སྡུག་པའི་ཕྱོགས་ཡིན་ཁོ་ཐག་རེད། དེ་བས་བཙན་བྱོལ་སྤྱི་ཚོགས་འདི་ན་ཚད་ལྡན་གྱི་ཡོད་ཏན་པ་ཞིག་འཚར་ལོངས་བྱེད་ཐུབ་ཀྱིན་མེད་ལ། ཚད་ལྡན་གྱི་སློབ་ཕྲུག་ཅིག་ཀྱང་བསྐྱེད་བསྲིངས་བྱེད་ཐུབ་ཀྱིན་མེད། དེ་མ་ཟད། བོད་མི་ཕལ་ཆེ་བས་སྤྱི་ཚོགས་ཀྱི་གནས་སྟངས་ངམ་ཚོགས་པའི་སྒྲིག་འཛུགས་ཤིག་གི་སྐོར་ལ་གླེང་སློང་བྱེད་དུས་མཛུབ་མོ་ཐོག་མ་དེ་ཕར་ཕྱོགས་ལ་འཛུགས་པ་ལས་རང་ཉིད་ལ་གཏན་ནས་འཛུགས་མི་ཤེས། དེའི་རྐྱེན་གྱིས་ང་ཚོའི་ལས་དོན་མང་པོ་ཞིག་ལ་འབྲས་བུ་ཡག་པོ་ཞིག་ཐོན་ཐུབ་མེད། དེ་བས། ཐོག་མར་རང་ཉིད་ལ་མཛུབ་མོ་བཙུགས་ནས་ཞིབ་བཤེར་ཞིག་བྱོས་དང། རང་ཉིད་ཀྱི་རིན་ཐང་ལ་ལྗིད་ཁོག་ག་ཚོད་ཅིག་འདུག་གམ། ངས་དུས་རྒྱུན་དུ་རང་ཉིད་ཀྱི་མགོན་ནི་རང་ཉིད་ཡིན་པར་བསམ་བཞིན་ཡོད་ལ། རང་ཉིད་ཀྱི་འདས་ད་མ་འོངས་གསུམ་རང་ཉིད་ལ་རག་ལས་པར་བསམ་བཞིན་ཡོད། བསམ་གཞིགས་འདི་གཞི་ལ་བཞག་ཅིང་སྐྱབས་བཅོལ་བའི་ལས་དབང་ཞེ་ལ་བཅངས་ནས་ཉིན་རེ་བཞིན་རང་ཉིད་ཀྱི་བསླབ་བྱའི་གནས་ལ་སྦྱངས་པ་ལྷོད་མེད་བྱས་པས་སློབ་གྲྭ་ཆུང་འབྲིང་གི་སྐབས་སུ་སྦྱངས་འབྲས་ཤིན་ཏུ་ལེགས་པོ་བྱུང་།

རང་ཉིད་ལས་ལོ་རིམ་དམའ་བའི་སློབ་གྲོགས་རྣམས་ལ་བཤད་པར་སྤྲོ་བ་ནི་རང་ཉིད་ཀྱི་མགོན་རང་ཉིད་ཡིན་ཞེས་པའི་གཏན་ཚིགས་འདི་ཡིན། ངས་བསམ་པར་རང་ཉིད་གང་འདྲ་ཞིག་ཆགས་མིན་དང་རང་ཉིད་ཅི་འདྲ་ཞིག་བྱེད་མིན་གྱི་དབང་ཆ་བརྒྱ་ཆ་བརྒྱ་དེ་རང་ཉིད་ཀྱི་ལག་པར་ཡོད་པ་མ་ཟད། དབང་ཆ་དེ་དག་བེད་སྤྱོད་གཏོང་བའི་དབང་ཚད་དང་ལས་འགན་ཡང་རང་ཉིད་ལ་ཡོད་པར་བསམ་ལ། ཕ་མ་དང་དགེ་རྒན། སློབ་གྲོགས་དང་བརྩེ་གྲོགས། སློབ་གྲྭ་དང་སྦྱིན་བདག་སོགས་ནི་རང་ཉིད་རང་ཉིད་ཀྱི་ལམ་ཁར་བསྐྱོད་དུས་རོགས་རམ་བྱེད་མཁན་དང་རམ་འདེགས་བྱེད་མཁན་ཡིན་པ་རེད་མ་གཏོགས། ཁོང་ཚོས་ཁྱེད་ལ་མདུན་ལམ་ཞིག་གནང་བའི་གོ་སྐབས་མེད་ལ། ཁོང་ཚོས་ཁྱེད་ཀྱི་མི་ཚེ་སྐྱེལ་བ་ནི་སྲིད་ན་མེད། དེ་བས་འདིའི་དོན་མ་འཛོལ་བ་གནང་དགོས་ལ་རང་ཉིད་ཀྱི་མི་ཚེ་རང་ཉིད་ཀྱིས་ལེགས་པོ་ཞིག་སྐྱོང་བར་འབད་དགོས་བར་སྙམ། ལྟ་བ་འདི་རང་ཉིད་ནས་མགོ་བརྩམས་ཏེ་ཀུན་ལ་སྤྱོད་པར་སྐུལ་བའི་གོ་རིམ་ཁྲོད་ནས་བརྗེད་དུ་མེད་པ་ནི་སློབ་གྲྭའི་མི་ཚེ་རེད། བག་གཡེང་དང་ལེ་ལོ། དགའ་སྣང་དང་སྤྲོ་སྣང། ངལ་གསོ་དང་ཕྱི་བཤོལ་ཁོ་ནར་དུངས་བའི་སློབ་གླིང་གང་མང་ན། སློབ་སྦྱོང་བྱེད་རྒྱུ་ནི་སློབ་གྲྭ་འགྲིམས་སྐབས་ཀྱི་ལས་འགན་དང་པོར་འཛིན་མཁན་གྱི་སློབ་ཕྲུག་ཧ་ཅང་ཉུང་ཉུང་རེད་ལ། རང་ཉིད་རང་གིས་ངོ་ཤེས་མཁན་གྱི་སློབ་ཕྲུག་དེ་བས་ཀྱང་དཀོན་པོ་རེད། སློབ་ཕྲུག་ཕལ་ཆེ་བས་རང་ཉིད་གསོ་ཕྲུག་ཡིན་པ་ཡང་ཤེས་ཀྱིན་མེད། མཐོ་སློབ་འགྲིམས་དུས་ཀྱང་ཉི་མ་གང་འཁྱོལ་དང་ཡིག་རྩལ་འཁྱོལ་ཙམ་བྱས་ཏེ་འགྲོ་བ་ལས་སྡུག་རུས་ཡོད་རྒུ་བཏོན་ཏེ་རང་ཉིད་ཀྱི་མི་ཚེ་རིན་ཐང་དང་ལྡན་པ་ཞིག་བཟོ་མཁན་ཤིན་ཏུ་ཉུང་ཉུང་རེད། ད་དུང། ཐག་རིང་ཞིག་ན་རྔུལ་ཁྲག་དངུལ་ལ་བརྗེ་ནས་སློབ་ཡོན་དང་འགྲོ་སོང་གཏོང་བཞིན་པའི་ཕ་མ་དང་སྦྱིན་བདག་སོགས་ལ་མགོ་སྐོར་བཏང་སྟེ་མཐོ་སློབ་ཀྱི་མཐའ་ཡང་འཁྱོལ་བཞིན་མེད་པ་ཡང་མངོན་སུམ་རེད། མཐོ་རིམ་སློབ་མ་ཕལ་ཆེ་བས་མཐོ་རིམ་སློབ་གྲྭ་མཐར་ཕྱིན་པ་ཙམ་གྱིས་འགྲིག་པར་འདོད་བཞིན་ཡོད་མོད། དེ་ནི་དེ་ལྟར་གཏན་ནས་མིན་ཏེ་ནང་གི་ཤེས་ཡོན་གྱི་ཚད་གཞི་ཡག་པོ་ཞིག་མེད་ན་རང་གིས་སྦྱངས་བའི་ཤེས་ཡོན་ལ་བརྟེན་ནས་རང་ཁ་གསོ་རྒྱུ་ཡང་ཁག་པོ་རེད། འདི་དག་ཐམས་ཅད་རང་ངོ་རང་གིས་མ་ཤེས་བས་ལན་པ་རེད་ལ། རང་འགན་རང་གིས་མ་འཁུར་བས་ལན་པ་ཡང་རེད། འདི་ལྟར་བསམ་དུས་འཚོ་བ་འདི་འདྲ་ཞིག་གིས་རང་ཉིད་ཀྱི་མི་ཚེ་ལ་རིན་ཐང་ཅི་ཡང་བསྐྲུན་ཐུབ་མེད་པ་མ་ཟད། དུས་ཚོད་དང་རྒྱུན་ནོར་སོགས་མཐུན་རྐྱེན་མང་པོ་ཞིག་འཕྲོ་བརླག་ཏུ་བཏང་ཡོད་པ་རེད། ཐམས་ཅད་རང་ཉིད་ནས་མགོ་རྩོམ་དགོས་པ་དང་རང་ཉིད་རང་གི་མགོན་ཡིན་པའི་ངེས་ཤེས་འདི་རྙེད་ཐུབ་ཚེ། རང་ཉིད་ལ་རིན་ཐང་ལྡན་ངེས་ཡིན།

རྩོམ་རིག

Post navigation

Previous Post: སྣང་སྟོང་སྒྱུ་མའི་ཞིང་འདིར་ཐེངས་གཅིག་ཉུལ།།
Next Post: ཀི་ཞིག་འདེབས་ཤེས་པ་ལས་གང་འདུག

Comments (5) on “རང་ཉིད་ཀྱི་རིན་ཐང་གླེང་བ”

  1. མེ་ཆ་། says:
    2010-03-21 at 9:20 am

    ངོན་ནས་ཡག་པོ་འདུག་ག་། མི་ཞིག་གིས་ཚེ་གང་ཉམས་ལེན་སླབ་བྱ་རེད་ད་།

  2. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-03-22 at 12:23 am

    མེ་ཆ་ལགས། འདི་འདྲ་ཞིག་རེད། རིན་ཐང་འདི་རང་ཉིད་ཀྱིས་འཚོལ་དགོས་ཡིན་ཨང། བསམ་བློ་གཏིང་ཟབ་གཏོང་དུས་རང་ཉིད་ལ་དུངས་བ་ཇེ་ཟབ་རེད།

  3. ཡེ་ཤེས་རྒྱ་མཚོ་ says:
    2010-03-26 at 12:47 am

    འབྲོང་བུ་ཟླ་བ་ཚེ་རིང་གིས་འབྲོང་སྐད་དང་པོ་བརྒྱབ་པར་དགའ་བསུ་ཡོད། མུ་མཐུད་དུ་ཁྱེད་རང་གི་རྩོམ་ཡིག་ཁག་དྲ་སྟེང་དུ་ཡོང་བར་ངང་སྒུག་བྱེད་ཡོད།

  4. ཡེ་ཤེས་རྒྱ་མཚོ་ says:
    2010-03-26 at 2:08 am

    བྱེད་བཞིན་ཡོད་ཅེས་བཟོ་རོགས།

  5. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-03-26 at 7:25 am

    ཡེ་ཤེས་རྒྱ་མཚོ་ལགས།
    གུས་པས་འཇོན་ཚོད་ལྟར་བསམ་གཞིགས་ལ་ཐིམ་པའི་རྩོམ་ཡིག་གང་མང་རིམ་གྱིས་འབྲི་ཆོག དེ་དུས་ངའི་རྩོམ་ཡིག་ལ་ཀློག་ལྟ་བྱེད་དུ་ཡོང་རྒྱུ་བརྗེད་མི་ཉན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme