Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་ཁྱད་ཆོས་ལྡན་པའི་མནར་གཅོད་ཅིག

Posted on 2015-06-262015-06-26 By ཁ་བརྡ་ 5 Comments on རྒྱ་ནག་གི་ཁྱད་ཆོས་ལྡན་པའི་མནར་གཅོད་ཅིག

ཡོང་ཁུངས། བོད་ཀྱི་བང་ཆེན།

 

༧གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་དེ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་མནར་གཅོད་ཅིག་རེད།

ཟླ་འདིའི་ཚེས་༢༦ ཉིན་དྷ་ས་མེག་གྷན་དུ་རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་བོད་མི་ཚོས་སྲུང་བརྩི་བྱས་ཡོད་པ་དང་། རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབས་པའི་མནར་གཅོད་མྱོང་མཁན་གྱི་མི་མང་ལ་རྒྱབ་སྐྱོར་དགོས་པའི་ཉིན་མོ་ཞིག་ཡིན་པ་རེད།
དེ་ཡང་དྷ་ས་མེག་གྷན་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཟོ་སྐྲུན་བྱས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་ཚོས་རྒྱ་ནག་གི་བཙོན་འོག་ནས་མྱངས་པའི་བརྒྱུད་རིམ་ཆབ་སྲིད་བཙོན་པ་བཞི་ལ་བཅར་འདྲི་བྱས་པའི་དངོས་བྱུང་གློག་བརྙན་ཞིག་བཤམ་སྟོན་བྱས་ཡོད་པ་རེད།

MG_8808

མི་མང་འདུ་འཛོམས་ཀྱི་བགྲོ་གླེང་ཐོག་ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་(ཁོང་༢༠༠༨ ལོར་རྒྱ་ནག་གིས་འཇུ་བཟུང་བྱས་ཏེ། ལོ་གཉིས་རིང་བཙོན་འཇུག་རྗེས། གློད་གྲོལ་བཏང་བ་དང་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་ཡོད་པ་རེད་)ཀྱིས་རྒྱ་ནག་གིས་བོད་མི་ཞི་བའི་ངོ་རྒོལ་བར་མནར་གཅོད་གཏོང་སྟངས་སྐོར་ལ་གཏམ་བཤད་བྱས་པ་དང་། ཁོང་བཙོན་ཁང་ནང་དུ་བོད་ཀྱི་ཆབ་སྲིད་བཙོན་པ་༣༠༠ ཙམ་ལ་ཐུག་འཕྲད་བྱུང་བ་དང་། ཚང་མའི་དམིགས་ཡུལ་གཅིག་ཡིན་སྐོར། བཙོན་ཁང་ནང་ལོ་ན་༡༨ ཅན་གྱི་ཕོ་སར་ཞིག་ལ་རྡུང་རྡེག་བཏང་སྟེ་བསད་པ་དང་། དེ་བཞིན་མནར་གཅོད་འོག་ཟླ་ཤས་རྗེས་ནས་འདས་གྲོངས་སོང་བ་འབྲེལ་ཡོད་དང་དངོས་སུ་ཤེས་རྟོགས་བྱུང་བ་སོགས་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་གཏམ་བཤད་གནང་སྐབས། མནར་གཅོད་ཀྱི་ཉིན་མོ་འདི་ལུས་སེམས་གཉིས་ཀྱི་མནར་གཅོད་མྱངས་བ་ལ་ངོས་འཛིན་དགོས་སྐོར་དང་། ལྟེ་གནས་ཁང་དེས་༢༠༠༨ ལོ་ནས་རྒྱ་ནག་གི་མནར་གཅོད་འོག་འདས་གྲོངས་སོང་བ་བོད་མི་བཅོ་བརྒྱད་ཤེས་རྟོགས་བྱུང་ཡོད་སྐོར། དེ་བཞིན་རྒྱ་ནག་གི་སྨན་ཁང་ནས་སྨན་ལོག་སྤྲད་དེ་ཆབ་སྲིད་བཙོན་པ་ཚོ་རིམ་པས་འཆི་སྐྱོན་བྱུང་གི་ཡོད་སྐོར་དང་། སེམས་ཁམས་ནད་པ་ཆགས་ཀྱི་ཡོད་སྐོར་སོགས་ངོ་སྤྲོད་བྱས་པ་དང་། རྒྱ་ནག་གིས་མནར་གཅོད་སྐབས་ཉེན་རྟོག་པ་དང་དམག་མི་དབང་ཆ་ཆེ་དྲགས་ནས་བོད་མི་ཆབ་སྲིད་བཙོན་པ་ཚོ་བསད་ནའང་ཁྲིམས་དང་འགལ་གྱི་མེད་པས། རྒྱལ་སྤྱིའི་ཐོག་དེའི་རིགས་ངོ་སྤྲོད་ཡོང་ཐབས་བྱེད་དགོས་སྐོར། བོད་མི་ལ་མནར་གཅོད་གཏོང་སྟངས་གཞན་དང་མ་འདྲ་བ་ཞིག་ནི་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་དེ་ཡིན་པ་དང་། དེ་ནི་འཛམ་གླིང་གི་མནར་གཅོད་གཏོང་སྟངས་ནང་ནས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་མནར་གཅོད་གཏོང་སྟངས་ཤིག་ཡིན་སྐོར་གསུངས་སོང་།

MG_8777-300x200

ཉམས་ཞིབ་བསྟན་འཛིན་ཉིན་བྱེད་ཀྱིས་གཏམ་བཤད་གནང་སྐབས། རྒྱལ་སྤྱིའི་མནར་གཅོད་ཉིན་མོ་དེ་མནར་གཅོད་མྱོང་མཁན་ཚོར་རྒྱབ་སྐྱོར་དང་། ལུས་སེམས་གསོ་བའི་ཉིན་མོར་གཏན་འབེབས་བྱས་ཡོད་པས། བོད་མི་ཚོའི་ལུས་སེམས་གསོ་དགོས་ན། རྒྱལ་སྤྱིའི་ཐོག་ནས་མནར་གཅོད་མྱངས་དགོས་པའི་རྒྱུ་མཚན་དེར་རྒྱབ་སྐྱོར་ཡོད་མེད་ལ་སྐད་ཆ་འདྲི་དགོས་སྐོར་དང་། རྒྱུ་མཚན་དེར་རྒྱབ་སྐྱོར་ཡོད་ན་བོད་མིས་མྱངས་བའི་མནར་གཅོད་དེ་སེལ་ཐབས་ཡོད་པ་ལས། དེ་མིན་སེལ་ཐུབ་མེད་སྐོར་འགྲེལ་བརྗོད་བྱས་སོང་།

དེ་བཞིན་ཉིན་དེའི་ཕྱི་དྲོ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭར་བོད་མི་ཆབ་སྲིད་བཙོན་པ་ཚོས་རྒྱ་ནག་གི་མནར་གཅོད་འོག་མྱངས་པའི་བརྒྱུད་རིམ་གྱི་འགྲེམས་སྟོན་དང་། མི་མང་ལ་གཏམ་བཤད་གོ་སྒྲིག་བྱས་ཡོད་པ་རེད། སྐབས་དེར་ཚོགས་པ་དེའི་ངོས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་“དུས་དྲན་འདི་སྲུང་བརྩི་བྱེད་དགོས་དོན་འཆར་ཅན་དང་ལམ་སྲོལ་ཙམ་དུ་ངོས་འཛིན་མི་བྱེད་པར། ང་ཚོ་ཚང་མས་དམ་བཅའ་གསར་པ་དང་ཆོད་སེམས་གསར་པ་ཞིག་བཙུགས་ནས་འཛམ་གླིང་འདིའི་ཐོག་བཙན་གནོན་དང་མནར་གཅོད་མྱོང་བཞིན་ཡོད་པའི་སྐྱེ་བོ་དེ་ཚོ་ཇི་ལྟར་བྱས་ཏེ། རང་དབང་གི་འཚོ་བ་གསར་པར་ལོངས་སྤྱོད་བྱ་རྒྱུའི་བསམ་བློ་གཏོང་བའི་ཉིན་མོ་ཞིག་ཡིན་”ཞེས་དང་། “བོད་མིའི་འཐབ་རྩོད་ནི་བོད་མི་རང་ཉིད་བཙན་གནོན་དང་མནར་གཅོད་འོག་ནས་ཐར་ཐབས་བྱེད་པའི་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པ་མ་ཟད། མི་རིགས་ཡོངས་ཀྱི་བཙན་གནོན་དང་མནར་གཅོད་འགོག་ཐབས་བྱེད་པའི་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཀྱང་ཆགས་ཡོད་”ཅེས་སོགས་འཁོད་འདུག

གསར་འགོད་པ་ཆོས་ཉིད་འོད་ཟེར།

ངོ་སྤྲོད།

Post navigation

Previous Post: བརྗེད་ལ་ཉེ་བའི་སེམས་ནང་གི་དཔའ་མོ།
Next Post: ༅༅།། གྲུབ་པའི་སྐྱེས་མཆོག་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གི༧ཞབས་དྲུང་དུ་ཕུལ་བ་མཆོག་ཐུན་དངོས་གྲུབ་འདྲེན་པའི་ཕོ་ཉ་ཞེས་བྱ་བ།།

Comments (5) on “རྒྱ་ནག་གི་ཁྱད་ཆོས་ལྡན་པའི་མནར་གཅོད་ཅིག”

  1. དགེ་ལེགས་བྱང་ཆུབ says:
    2015-06-26 at 1:28 pm

    ཨ་ཁ་ཁ་་་་་ཕམ་བ་ལ་་་་བཙུན་བྱོལ་བ་ཚོས་ད་བར་་་་་ཆབ་སྲིད་བཙོན་པ་ཚོས་་་ཁ་ལ་བལྟས་ནས་་་་དོན་འབྲས་གལ་བྱུང་མེད་ནའང་་་་་འདི་འདྲའི་སེ་་་་དུས་ཚོད་སྐྱེལ་གྱི་ཡོ་རེད།

  2. ཇུས་མེད་ཇུས་ཏོག་ says:
    2015-06-26 at 9:47 pm

    མནརབཅོད་མྱང་བ་པོ་ཆབ་བཙོན་གང་རུང་གི་དཔང་རྟག་གསལ་པོ་ཞིག་ཁྱེར་ནས་རྒྱལ་སྤྱའི་འགྲོ་བ་མིའི་ཐོབ་ཐ་ལྷན་ཚོགས་ལ་རང་ཉིད་ནར་བཅོད་བྱི་ལྟར་མྱང་མེན་ཞུ་གཏུག་ཞིག་བྱས་ན་ཅེ་མ་རུང་སམ་ཚུལ་ཙམ་ཡིན་དགོང་འགལ་མེད་པ་མཁྱེན།

  3. ཇུས་ཏོག་ says:
    2015-06-27 at 5:56 am

    རྒྱ་མི་ང་ཚོའི་དགྲ་རེད་དགྲ་གི་
    གནར་གཅོད་འདྲ་མིན་འོག་ཏུ་་བོད་མི་ཚོ་ལ་སྡུག་སྦྱོང་བཏང་
    གི་ཡོད་རེད་།
    ཚབ་སྲིད་བརྩོན་པ་དངོས་ནས་
    ཡིན་ན་རྒྱ་མིའི་བྱེད་སྟངས་དེ་
    མཉམ་སྦྲེལ་རྒྱལ་ཚོགས་ཞུ་དགོས་པ་རེད་དེ་།མིན་བོད་མིནང་དུ་ངོ་སྤྲོད་བབྟ་མི་དདགོས་།

  4. ཇུས་ཏོག་ says:
    2015-06-27 at 6:55 am

    ཆབ་སྲིད་བརྩོན་པ་དངོས་གནས་ཚོ་མང་ཆེ་བ་བརྩོན་ཁང་ནང་དུ་ཤི་གི་ཡོད་ཕྱི་རྒྱལ་ལ་ཕུར་མཁན་དེ་ཚོ་ཁོ་རང་ཚོའི་ཁ་ནས་གང་བཤད་་ལ་དབུས་བོད་མིའི་སྒྲིག་འཛུགས་ནས་ཡིད་ཆེས་ནས་བདེན་དཔང་སྤྲད་པ་ཙམ་ལས་ཆབ་སྲིད་བརྩོན་པ་དངོས་ནས་ཡིན་ན་རྒྱ་མིའི་ནམ་ཡང་གུ་ཡངས་གཏོང་གི་མ་རེད་དོ་།

  5. ཇུས་མེད་ཇུས་ཏོག་ says:
    2015-06-27 at 6:32 pm

    ཨ་ལ་ད་བྱས་ན་ཁོ་ཚོ་སྡུག་གྱོང་ཡིན་ས་རེད་རེད་པས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme