Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྱ་སྟོན་ལ་ཕུལ་བའི་གཡུང་དྲུང་ལྷ་བསང་།

Posted on 2015-06-222015-06-23 By ཁ་བརྡ་ 3 Comments on གྱ་སྟོན་ལ་ཕུལ་བའི་གཡུང་དྲུང་ལྷ་བསང་།

བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། (ཨ་རི། རྒྱལ་གཤེན་ཞང་བོད་རིག་སློབ་ཁང་།)

unnamedཨ་ལ་ཨེ་མ་ཧོ། །
བཀྲ་ཤིས་ཉི་མ་ཤར། །
བདེ་ལེགས་འོད་སྟོང་རྒྱས། །
ཕུན་ཚོགས་བཀྲ་མདངས་འབར། །
བརྒྱད་ཅུའི་འཁྲུངས་སྐར་ཚེས། །
ཕྱོགས་བཅུའི་འཇིག་རྟེན་བྲེལ། །
ལྷ་བསང་དགུང་ལ་འཐུལ། །
ཀི་སྒྲས་ས་གཞི་འདར། །
བསྭོ་སྒྲས་བར་སྣང་ཁེངས། །
རླུང་རྟ་མཁའ་ལ་འཕུར། །
མངའ་ཐང་མཚོ་མོ་འཁྱིལ། །
ལྷ་ཚོགས་དབྱིངས་སུ་རྒྱལ། །
གླུ་སྒྲ་རྣ་བར་འཇེབས། །
བྲོ་གར་མིག་ལ་མཛེས། །
མཆོད་ཆང་ལྕེ་ལ་ཞིམ། །
དུ་སྤྲིན་དགུང་དུ་འཕྱུར། །
དར་སྣ་འཇའ་ལྟར་མཛེས། །
ལྷ་མི་ཐམས་ཅད་དགྱེས། །
མི་རྣམས་བཀའ་བཞིན་སྒྲུབ། །
ལྷ་སྲུང་དམ་ཚིག་བརྟན། །
ཡེ་ཤེས་སྤྱན་རས་གསལ། །
བརྩེ་བའི་ཕྱག་རྡང་སྦྲེལ། །
ཐུགས་མཚོ་གཅིག་ཏུ་སྤུང་། །
འཛུམ་མདངས་འོད་དུ་མཆེད། །
བཞད་སྒྲས་འཇིག་རྟེན་དཀྲོག །
ཀུན་ཁྱབ་ཐུགས་ཁུར་ཡངས། །
ཆོས་ལུགས་མཐུན་སྒྲིལ་ཟབ། །
དག་སྣང་འོད་ཀྱིས་ཁྱབ། །
བསྟན་པའི་བ་དན་འཕྱར། །
གངས་རིའི་བླ་སྲོག་བརྟན། །
ཤེས་རིག་དབྱར་མཚོ་རྒྱས། །
དཔལ་འབྱོར་མེ་ཏོག་བཀྲ། །
མི་རིགས་མདུན་ལམ་ཉེ། །
འགྲོ་ཀུན་ཞི་བདེར་རོལ། །
སྐྱེ་མེད་གཡུང་དྲུང་སྐུ། །
འགག་མེད་བརྒྱད་ཁྲིའི་གསུང་། །
འཁྲུལ་མེད་བྱམས་བརྩེའི་ཐུགས། །
རིག་འཛིན་ཚེ་ཡི་ལྷས། །
རྟག་ཏུ་བརྟན་བཞུགས་མཛོད། །
ལྷ་དང་སྲུང་མས་གཟིགས། །
དཀོན་མཆོག་གསུམ་གྱིས་སྲུངས། །
སྐུ་ཚེ་རྒྱལ་མཚན་བརྟན། །
སྐུ་ཚེ་རྒྱལ་མཚན་བརྟན། །
སྐུ་ཚེ་རྒྱལ་མཚན་བརྟན། །

༧སྐུའི་གྱ་སྟོན་བསུ་བའི་གཡུང་དྲུང་ལྷ་བསང་འདི་སྒེར་གྱི་ངོ་དེབ་ཐོག་ཟིན་བྲིས་སུ་བཏབ་པ་གྲོགས་པོ་ཞིག་གིས་ཁ་བརྡར་བསྐུར་ན་ལེགས་རབ་གསུངས་པ་ལྟར་ཞུས།

སྙན་ངག

Post navigation

Previous Post: བཀའ་དྲིན་རྗེས་དྲན་གྱི་རྒྱང་གླུ་སེམས་ཀྱི་ཚོར་རླབས།
Next Post: རིན་པོ་ཆེ། ༼གླུ་གཞས།༽

Comments (3) on “གྱ་སྟོན་ལ་ཕུལ་བའི་གཡུང་དྲུང་ལྷ་བསང་།”

  1. དགེ་འདུན་རྒྱ་མཚོ། says:
    2015-06-23 at 1:11 am

    བཀླགས་ཟིན
    སྐུའི་འཁྲུངས་སྐར་གྱི་རྣམ་པ་མ་ཚོར།
    ལྷ་ཀླུ་གཉན་བཙན་གཞི་བདག་སོགས་ཀྱི་འཁྲུངས་སྐར་ལྟ་བུ་འདུག་བསམ། 
    ཡ་ཡ་་་
    ཡག་པོ་བྲིས་འདུག་

  2. BONPO says:
    2015-06-23 at 9:21 am

    རང་ལུགས་མ་མཉམ་པའི་བོད་དྲི་འཐུལ་ལེ་བ་ཞིག་བྲིས་གནང་འདུག ། བོད་པ་ཚང་ཨ་གསར་ལངས་དུས་རང་ཡུལ་གྱི་གདོད་མའི་ལྷ་རིགས་དང་མི་རིགས་ཚོ་བརྗེད་འགྲོ་ལེ་རེད། བརྩིས་མེད་དང་སྣང་མེད་རེད། གང་མཚམས་ཤིག་ནས་རང་ཉིད་སུ་ཡིན་པ་ཡང་བརྗེད་འགྲོ་ལེ་རེད། སྟོང་ཉིད་སྒོམ་ཁ་ཐལ་སོང་བ་ཡིན་འགྲོ། ཡིན་ནའང་འཛམ་གླིང་གཞན་གྱི་གདོད་མའི་ལྷ་རིགས་དང་མི་རིགས་ཚོ་ལ་ནི་ཁོ་ཚོས་བརྩི་བཀུར་ཆེན་པོ་བྱེད་ལེ་རེད། དེ་ངོ་མ་ཁྱད་མཚར། འོན་ཀྱང་བླ་མ་བྱ་འཕུར་ཚང་གིས་༧སྐུའི་གྱ་སྟོན་བསུ་བའི་གཡུང་དྲུང་ལྷ་བསང་ཀི་སྒྲ་དང་བསྭོ་སྒྲ་འུར་འདིར་རེ་བའི་ངང་ནས་་ཕུལ་བ་འདི་ཨེ་མ་ངོ་མཚར་ཆེའོ། སྐད་འདི་དགེ་འདུན་རྒྱ་མཚོས་ཐུགས་ལ་འཇོག་རོགས་གནོངས། །

  3. BONPO says:
    2015-06-28 at 10:34 pm

    མོན་འབྲུག་ཡུལ་དུ་དུས་དེང་གི་བར་དུ་ཡང་བོན་ལུགས་མ་ཉམས་པར་འདི་ལྟར་གནས་མུས། །
    http://www.dzkuensel.bt/?p=16059#.VZCsMaa6AqQ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme