Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྟོགས་མགུར་གངས་ཀྱི་སེངྒེའི་སྒྲ་དབྱངས།

Posted on 2015-06-152015-06-15 By ཁ་བརྡ་ 20 Comments on རྟོགས་མགུར་གངས་ཀྱི་སེངྒེའི་སྒྲ་དབྱངས།

ཨེ་མ་ཧོ།

unnamed-1

ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་འདས་མཆོད་ལ་ཕུལ་བའི་རྟོགས་མགུར་གངས་ཀྱི་སེངྒེའི་སྒྲ་དབྱངས་ཞེས་བྱ་བ།

ཕྱོགས་དུས་རྒྱལ་ཀུན་སྲས་བཅས་འཕགས་ཚོགས་ཀྱི་ཡེ་ཤེས།།
འཇམ་དཔལ་རྡོ་རྗེ་འཆང་དངོས་རིགས་བདག་གི་ལྷ་མཆོག །
མཚུངས་མེད་དགེ་བའི་བཤེས་གཉེན་ཡིད་བཞིན་གྱི་ནོར་བུ།།
ཀུན་མཁྱེན་བརྒྱུད་པའི་བླ་མ་སྙིང་དབུས་ནས་འདུད་དོ།།
ཀུན་བཟང་གདོད་མའི་མགོན་པོའི་ཕ་ནོར་གྱི་ཟབ་ཆོས།།
ཀ་དག་ཁྲེགས་ཆོད་ཆོས་སྐུའི་དགོངས་དོན་གྱི་ངོ་བོ།།
འོད་གསལ་ལྷུན་གྲུབ་ཐོད་རྒལ་ལོངས་སྐུ་ཡི་རང་བཞིན། །
ཟུང་འཇུག་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་ལ་འདུད་དོ། །
ཆོས་རྒྱལ་མེས་དབོན་དམ་པའི་སྐུ་དྲིན་ལས་རྙེད་པའི། །
བཅུ་ཕྲག་རིག་པའི་གཏེར་མཛོད་གངས་ཅན་གྱི་ཕ་ནོར། །
མ་ནོར་ཉམས་སུ་ལེན་པའི་སྔ་འགྱུར་གྱི་སྐྱེས་ཆེན། །
མི་ཕྱེད་དད་གུས་དྲག་པོས་སྙིང་དབུས་འདུད་དོ། །
མཁན་སློབ་ཆོས་རྒྱལ་ལོ་པན་མཁས་གྲུབ་ཀྱི་བཀའ་དྲིན། །
ཀུན་མཁྱེན་ཡབ་སྲས་བརྒྱུད་པའི་དྲི་མེད་ཀྱི་རིང་ལུགས། །
འཇམ་མགོན་མི་ཕམ་རྒྱ་མཚོའི་དགོངས་འགྲེལ་གྱི་གསོས་སྨན། །
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཆོས་སྡེ་ལ་འདུད་དོ། །
སྐྱེ་འཕགས་ཐར་ལམ་འདྲེན་པའི་སྒྲུབ་བརྒྱུད་ཀྱི་ཤིང་རྟ། །
འཕགས་བོད་བསྟན་པའི་འབྱུང་གནས་གངས་ཅན་གྱི་སྙིང་ནོར། །
ཀུན་གྱི་གཞི་རྩ་སྔ་འགྱུར་བསྟན་པ་འདི་ཁོ་ན། །
བཤད་སྒྲུབ་ཕྲིན་ལས་ཕྱི་མོའི་རྒྱལ་བསྟན་ལ་འདུད་དོ། །
འགྲོ་ཁམས་མོས་པ་དང་བསྟུན་བཀའ་གདམས་དང་ས་དགེ །
ཇོ་ནང་ཞི་བྱེད་བོན་ཆོས་གསར་རྙིང་གི་གྲུབ་མཐའ། །
སྒོ་གསུམ་དགེ་བར་འཁྲིད་པའི་ཐབས་གྲོལ་གྱི་ལམ་རིམ། །
ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་སྔ་འགྱུར་གྱི་བཀའ་དྲིན། །
འཕགས་བོད་ལོ་པན་དམ་པས་བཀའ་བསྡུ་དང་གཏན་འབེབས། །
བཀའ་གཏེར་གདམས་པའི་ཆུ་འགོ་རིག་འཛིན་གྱི་གདུང་བརྒྱུད། །
འདི་ཕྱི་གཏན་བདེའི་སྐྱབས་གནས་བསླུ་མེད་དུ་བཞུགས་པ། །
ནམ་ཡང་གཞལ་མེད་ཀུན་མཁྱེན་ཆོས་བརྒྱུད་ཀྱི་བཀའ་དྲིན། །
འདི་ཕྱི་འཁོར་བའི་སྡུག་བསྔལ་ངེས་འབྱུང་གི་བསྐུལ་མ། །
འགྲོ་ཀུན་དྲིན་ཆེན་ཤེས་པའི་བྱང་སེམས་ཀྱི་སྙིང་རྗེ། །
སྣང་སྲིད་དག་མཉམ་རྟོགས་པའི་གསང་ཆེན་གྱི་མན་ངག །
ཀུན་མཁྱེན་ཡབ་སྲས་བརྒྱུད་པའི་བཀའ་དྲིན་དེ་ཆེའོ། །
ལྟ་བ་ཀློང་ཆེན་རབ་འབྱམས་དགོངས་པ་དང་མཉམ་ཞིང་། །
སྒོམ་པ་མཁྱེན་བརྩེ་འོད་ཟེར་སེམས་རྒྱུད་དུ་འཆར་བས། །
སྤྱོད་པ་རྒྱལ་བའི་མྱུ་གུའི་ཕྱིན་དྲུག་གི་མཛད་བཟང་། །
འབྲས་བུ་སྨིན་གྲོལ་ཐོབ་པའི་སྐལ་བཟང་དག་སྐྱིད་པ། །
བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་སྲས་ཀྱི་བུ་རྒྱུད། །
བཞག་ཐབས་བཞི་ཡིས་གནད་གསང་མན་ངག་ལ་བྱང་བས། །
སྙིགས་ལྔའི་འདུ་འཛིས་མི་འཆིངས་འཁྲུལ་ཞིག་གི་ཆོས་པ། །
འགྲོ་དྲུག་ལས་ཉོན་བག་ཆགས་ཡིད་ཡུལ་ལ་མི་འདུག
གཟེར་བུ་བདུན་གྱི་རྫོང་ཆེན་བཙན་ས་ཞིག་ཟིན་པས། །
ཐེག་བརྒྱད་རྩོལ་བའི་བློ་གཤིས་རང་ཡལ་དུ་སོང་ནས། །
བཟང་དགུའི་རྒྱལ་ཁ་ཐོབ་པའི་རྫོགས་ཆེན་གྱི་རྣལ་འབྱོར། །
ས་བཅུ་ལམ་ལྔར་མཐར་ཕྱིན་མཁས་གྲུབ་ཀྱི་རྒྱལ་པོ། །
འཁོར་འདས་རེ་དྭོགས་བྲལ་བའི་ངེས་ཤེས་ཀྱི་ཁོ་ཐག །
གཉུག་མའི་བདེ་གཤེགས་མཇལ་བའི་དེ་ཉིད་ཀྱི་བདག་པོ། །
སྒོམ་ཉམས་རྟོགས་པའི་ཡོན་ཏན་རང་རྒྱུད་ལ་འབྱོར་བས། །
ཐོབ་ཤོར་ཟུག་རྔུ་ཀུན་སྤངས་བྱ་བྲལ་དེ་སྐྱིད་པ། །
ཡེ་ནས་རྩོལ་བསྒྲུབ་བྲལ་བའི་རང་བྱུང་གི་རིག་པ། །
ཚིག་ཆེན་བརྒྱད་ཀྱི་གདམས་པའི་དབུགས་དབྱུང་ལ་བརྟེན་ནས། །
གབ་སྦས་གསང་གསུམ་དབེན་པའི་གཅེར་མཐོང་གི་རིག་པ། །
མཚན་ལྡན་བླ་མའི་ཐུགས་དམ་རྒྱལ་ཀུན་གྱི་རང་གཟུགས། །
སྣང་སྲིད་རྣམ་དག་གཞོན་ནུ་བུམ་སྐུ་ཡི་མཁྱེན་ཆ། །
མངོན་སུམ་རང་བྱུང་འོད་གསལ་བཞི་ལྡན་གྱི་སྒྲོན་མེ། །
ཡེ་ཤེས་བླ་མའི་རང་ཞལ་དེ་ཉིད་དུ་མཇལ་བས། །
རིག་སྟོང་ཆོས་སྐུའི་བདག་པོ་བདེ་སྐྱིད་ཀྱི་མཐར་ཐུག །
ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་ཆོས་རྗེ་ཡི་བསྟན་སྲིད། །
རྟེན་འབྲེལ་བསླུ་མེད་ཐོས་བསམ་སྒོམ་པ་ལ་གོམས་པས། །
བཤད་སྒྲུབ་ཕྲིན་ལས་མཛོད་ལ་མངའ་དབང་དུ་འབྱོར་ནས། །
འགྲོ་ཁམས་ཕན་བདེའི་ལེགས་ཚོགས་ཡིད་བཞིན་དུ་འགྲུབ་སྨོན། །

ཞེས་པ་འདི་སྟོང་བར་གསུམ་པའམ་ཀུན་མཁྱེན་འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་འདས་མཆོད་སྐབས་སུ་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་མཆོད་འབུལ་དང་འབྲེལ་ནས་རྙིང་བན་ཤྲཱི་ཨནནྟ་བཛྲས་གང་ཤར་བྲིས་པ་དགེའོ།། །

སྙན་ངག

Post navigation

Previous Post: ཆབ་སྲིད་བཙོན་ཟུར་ཚོས་ལས་འགུལ་མི་སྤེལ་དོན་ཅི་ཡིན་ནམ།
Next Post: རི་བོ་ཞིག་སྒོམ་ཚུལ།

Comments (20) on “རྟོགས་མགུར་གངས་ཀྱི་སེངྒེའི་སྒྲ་དབྱངས།”

  1. པདྨ says:
    2015-06-15 at 2:53 pm

    འཇམ་དབྱངས་རྣམ་རོལ་ཀུན་མཁྱེན་མི་ཕམ་རྗེ།།
    གནས་ལྔ་རིག་པའི་གཞུང་ལུགས་ཀུན་ཆུབ་ཅིང་།།
    བསླབ་གསུམ་ཡོན་ཏན་རྒྱ་ཚོའི་གཏེར་མངའ་ཞིང་།།
    མཁས་པའི་ཡང་རྩེར་སོན་པའི་ཀུན་མཁྱེན་འདུད།།
    གསོལ་བ་འདེབས་སོ།
    བླ་མ་མཁྱེན་ནོ།

  2. བཀྲ་ཤིས། says:
    2015-06-15 at 7:11 pm

    རྩོམ་ལ་ཐོགས་མེད་དེང་དུས་ཀྱི་མཁས་མཆོག་ཨེ་མ་ཧོ་ལ་བཀའ་དྲིན་ཆེ་ཞུ།

  3. ཏི་སི། says:
    2015-06-15 at 11:11 pm

    འདི་ངོ་མ་བདེན་། རྟོགས་མགུར་མིན་ཀྱང་རྟོག་མགུར་ཡིན། །ཨེ་མ་ཧོ་མིན་ཀྱང་ཀྱེ་མ་ཀྱེ་ཧུད་ཡིན། །xxxརྙིང་བན་མིན་ཀྱང་སྙིགས་བན་ཡིན། །གང་ཤར་མིན་ཀྱང་དཔེ་བརྐུས་ཡིན། །རྣལ་འབྱོར་མིན་ཀྱང་རྣམ་སེམས་ཡིན། །ཆོས་ཚོགས་མིན་ཀྱང་འབྱོར་འཚོགས་ཡིན། །དབྱིན་ཡུལ་མིན་ཀྱང་ཨིན་ཡུལ་ཡིན། །དཔེ་བརྐུས་མིན་ཏེ་གང་ཤར་ཕུལ།།

  4. པདྨ says:
    2015-06-16 at 4:01 am

    ིཉི་མ་ཤར་ན་འུག་མིག་ལ་གནོད་པ་དངོས་པོའི་ཆོས་ཉིད་རེད། དེ་ལ་བཅོས་སུ་ཡང་དཀའ། ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་འདས་མཆོད་ལ་འཛམ་གླིང་ཡུལ་གྲུ་ཀུན་ནས་ཚོགས་མཆོད་དང་གསོལ་འདེབས་སྨོན་ལམ་ཡོད་པར་ཡི་རང་དགའ་སྤྲོས་བརྟས། །
    རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས།།
    དགོངས་པའི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ།།
    ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་བདག་མཆོག།
    ཨ་ཛི་ཏ་བི་ཛ་ཡ་ལ་གསོལ་བ་འདེབས།།
    ཞེས་དང་།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-06-16 at 9:59 am

    གང་༼དཔེ་ཆ་༽དུ་ཡོད་མེད་༸བུ་ལ་དྲིས། ༼དོན་༽ག་རེ་ཡིན་མིན་༸རྗེ་ལ་དྲིས། གསུང་སྲོལ་ཅིག་འདུག

  6. ཀརྡོ་གཉེར་ཕྱག་པ་ says:
    2015-06-16 at 10:21 am

    ༸བུ་ཡིས་ཤིནད་ཏུ་རྒྱས་པ་ཡི། །
    པོ་ཏི་ཉི་ཤུ་རྩ་དྲུག་མཛད། །
    ༸རྗེ་ཡིས་ཤིནད་ཏུ་ཟབ་པ་ཡི། །
    པོ་ཏི་བཅོ་བརྒྱད་མཛད་པས་ཕྱིར། །

    གང་དུ་ཡོད་མིན་༸བུ་ལ་དྲིས། །
    ག་རེ་ཡིན་མིན་༸རྗེ་ལ་དྲིས། །
    གསུང་སྲོལ་ཁ་དཔེ་འདི་ཡིས་ནི། །
    བླ་མ་གཉིས་ཀྱི་ཁྱད་ཆོས་སྟོན། །

  7. ཀརྡོ་གཉེར་ཕྱག་པ་ says:
    2015-06-16 at 10:31 am

    ངས་མི་ཕམ་དང་། བུ་སྟོན་གཉིས་ནོར་བ་འདྲ། དགོངས་དག

  8. ཏི་སི། says:
    2015-06-16 at 11:38 pm

    འདོད་པའི་ཆོས་བརྒྱད་དཔལཾ་ལ་འཁྲུལ་བ་ཡིས།།
    ཨིན་མོ་དམར་རྒྱན་མ་དེར་དགྱེསཾ་བརྩེེར་སྟེར།།
    ཉོན་མོངས་དུག་ལྔ་འབར་བའི་སེམས་གྱོང་རྡོཾས།།
    རྒྱ་མོའི་རྗེཾ་བོ་ཡིན་ཀྱང་ཤུལ་དུ་ལུས།།

  9. ཏི་སི། says:
    2015-06-17 at 10:08 am

    ངོ་མ་ཅན། རྟོགས་མགུར་དེ་གངས་ཀྱི་སེངྒེ་དང་། རི་བོང་གི་རྭ། ནམ་མཁའི་མེ་ཏོག་སོགས་འཇིག་རཉཏེན་མེད་པའི་དོེ་ཡིན་ནོ།

  10. པདྨ says:
    2015-06-17 at 10:21 am

    སྒེར་འཁོན་ཇི་ལྟར་ཆེ་རུང་xxཁྱོད་སྡུག་གྱོང་རེད། དེ་ཡང་མཁས་པ་ཞིག་གིས་་་་་་དང་པོ་གང་ཟག་གི་སྐྱོན་ནི། ཉེས་སྐྱོན་ཉོན་ཤེས་སྒྲིབ་པས་ཡོངས་སུ་གང་བའི་ཟག་བཅས་སྡུག་བསྔལ་དང་ལྡན་པའི་སེམས་ཅན་ཞིག་ལ་གོ ཉོན་མོངས་ལ་རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་སོགས་ཡོད་ཀྱང་གོ་བདེ་བའི་དབང་དུ་བྱས་ན་དུག་ལྔ་དུག་གསུམ་ཞེས་པ་འདི་རེད། དེ་ལ་དང་པོ་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་རེག་བྱ་འཇམ་པ་དག་རང་ལ་ཐོབ་ ཏུ་རེ་བའི་འདོད་ཅིང་ཆགས༵་པ་དང་། དེ་ཐོབ་པ་ལ་བར་དུ་གཅོད་པ་དག་མཐོང་བའི་ཚེ་མི་འདོད་པའི་ཞེ་སྡང༵་སྐྱེ་བ་དང་། གཞན་གྱི་ཡོན་ཏན་མི་མཐོང་ཞིང་རང་ཉིད་ང་ལྷག་སྙམ་པའི་ང༵་རྒྱལ༵་དང། རང་ལས་གཞན་ལྷག་ཏུ་འགྲོ་བ་དོག་པའི་ཕྲག༵་དོག༵་དང་། །བླང་དོར་གྱི་གནས་མི་ཤེས་པ་རྨོངས་པའི་མ༵་རིག༵་པས་རང་རྒྱུད་ཡོངས་སུ་གང༵་ཞིང་ འབྲས་བུ་ཟག༵་བཅས་སྡུག་བསྔལ་གསུམ་ལ་ལོངས་སྤྱོད་པ་ཞིག་ལ་གོ ཡང་ན་རྒྱུ་ཀུན་འབྱུང་ལས་ཉོན་གྱིས་གང༵་ཞིང་། འབྲས་བུ་ཟག༵་བཅས་བདེ་བ་རློམ་པའི་འཁོར་བའི་སེམས་ཅན་ཡོངས་ལ་གོ གཉིས་པ་གང་ཟག་གི་ཡོན་ཏན་ནི། ཆགས་ཐོག་མེད་པའི་ཡོན་ཏན་མ་ཆགས་མ་སྡང་གཏི་མུག་བྲལ་བའི་དྲན་ཤེས་བག་ཡོད་ཞི་ལྷག་གམ་ འཕགས་ལམ་བྱང་ཕྱོགས་སོ་བདུན་སོགས་ཀྱིས་ཡོངས་སུ་གང༵་ཞིང་། །འབྲས་བུ་ཟག༵་མེད་ཀྱི་སྡེ་ཚན་ཉེར་གཅིག་གིས་ཡོངས་སུ་ཕྱུག་པའི་འཕགས་པའི་གང་ཟག་གོ །ཡང་ན་རྒྱུ་ལམ་བདེན་གྱི་ཡོན་ཏན་གྱིས་གང༵་ཞིང་། །འབྲས་བུ་འགོགས་བདེན་གྱི་ཟག༵་མེད་ཀྱི་ཡེ་ཤེས་དང་ལྡན་ལ་འཕགས་པའི་གང་ཟག་ཅེས་གཉིས་སོ། །མདོར་ན་ཉེས་སྐྱོན་དང་ལྡན་པའི་གང་ཟག་ཅིག་དང་ཤེས་ཡོན་དང་ལྡན་པའི་གང་ཟག་གཉིས་ སམ་འཁོར་བ་པ་དང་མྱ་ངན་ལས་འདས་པ་གཉིས་སོ། །སྡིག་པ་དང་དགེ་བ་གཉིས་ལ་བརྗོད་ཀྱང་རུང་ངོ་། ཇི་སྐད་དུ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་མ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ་ཞེས་སྐྱོན་ཡོན་ལ་གནས་མི་གནས་ཀྱི་ས་མཚམས་ལེགས་པར་བསྟན་ཡོད་དོ། །དེས་ན་སྐྱོན་དེ་མེད་པར་བྱས་ནས་ཡོན་ཏན་ལ་སློབ་པ་དང་ཡོན་ཏན་མེད་པར་བྱས་ནས་སྐྱོན་ལ་གནས་པ་དེ་རང་རང་སོ་སོའི་ལག་ན་ཡོད་དོ། གལ་ཏེ་རང་རང་ངོས་ནས་མ་འབད་ན་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ད་ལྟ་དངོས་སུ་ ཕེབས་ཀྱང་གང་ཟག་རང་རང་སོ་སོའི་ཉེས་སྐྱོན་དེ་ཐུབ་པ་མཆོག་གིས་ཁྲུས་བྱས་པའམ་སྡུག་བསྔལ་དག་ཕྱག་གིས་བསལ་བ་དང་ཉིད་ཀྱི་རྟོགས་པ་དེ་གཞན་ལ་སྤོ་བྱ་ནུས་པ་མིན་གསུངས་པ་དང་། ཞེས་སོགས་དགོངས་པར་འཚལ།།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-06-17 at 1:01 pm

    ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་རྣམ་ཐར་མདོར་བསྡུས་ཤིག་འདིར་འཁོད་ཐུབ་ན་ཀུན་ལ་ཕན་ངེས་འདུག་པས་་་་

  12. པདྨ says:
    2015-06-17 at 1:46 pm

    http://www.khabdha.org/?p=61631

  13. ཀརྡོ་གཉེར་ཕྱག་པ་ says:
    2015-06-18 at 3:41 am

    ་་་་་་་་་་ དེ་ཡང་བོད་སྔ་རྗེས་ཀྱི་ཁྱད་པ་སོགས་ཟབ་གནད་ཐུན་མིན་རྣམས་ནི་དཔེ་སོགས་བལྟས་པ་མིན་པར། བསྙེན་སྒྲུབ་ལ་བཞུགས་དུས་རིག་པའི་རྩ་ཁ་ཕྱེ་བ་དང༌། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ལས་རང་བབ་ཀྱིས་ཐུགས་ལ་ཤར་ཏེ་མ་བྲིས་ཐབས་མེད་བྱུང་བ་འབའ་ཞིག་ཡིན་ཞེས་གསུངས།” ་་་་་་་་་་་་

  14. ཀརྡོ་གཉེར་ཕྱག་པ་ says:
    2015-06-18 at 4:10 am

    ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་རྣམ་ཐར་བྱིན་རླབས་ཆེ་བྱུང་། པདྨ་ལགས་ཀྱིས་འདིར་བཀོད་པར། བཀའ་དྲིན་ཆེ་ཞེས་ཞུའོ།།

  15. ཀརྡོ་གཉེར་ཕྱག་པ་ says:
    2015-06-18 at 9:23 am

    མི་ཕམ་རིན་པོ་ཆེའི་སྐུ་པར།
    https://www.facebook.com/photo.php?fbid=10204601026761951&set=a.1291320359432.2039143.1122938253&type=

  16. པདྨ says:
    2015-06-18 at 5:38 pm

    དཔར་དེ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་དཔར་མ་རེད། དཔལ་ཡུལ་མཆོག་སྤྲུལ་གྱི་སྐུ་གོང་མའི་དཔར་རེད། གྲུབ་དབང་པདྨ་ནོར་བུའི་བླ་བརྒྱུད་ལ་གཟིགས་དང་གསལ་བོ་རེད། དེང་དུས་ཀར་རྡོ་ཁྱེད་ཚོས་དཔར་དང་ཡིག་ཆ་རྫུན་བཟོ་མང་པོ་བྱས་ནས་གང་དགོས་སམ། xx

  17. ཀརྡོ་གཉེར་ཕྱག་པ་ says:
    2015-06-19 at 2:37 am

    པར་དེ་ངས་བཟོས་མེད། མཚན་བོད་ཡིག་ཐོག་ཡོད་པ་དེ་ཡང་ངས་བྲིས་མེད། མི་ཕམ་ཁོང་། ༡༩༡༢ འདས་པ་རེད་གསུངས་ཙང་། ཁོང་གི་སྐུ་ཐང་ལས། སྐུ་པར་དངོས་གནས་ཅིག་ཡིན་ན་བྱིན་རླབས་ཆེའོ་སྙམ་ནས་འདིར་བཞག་པ་ཡིན། ངས་ངོ་དེབ་དྲངས་པ་ལས། ངས་མི་ཤེས། ཕོག་ཐུག་འདྲ་ཤོར་ཡོད་ན་དགོངས་དག་ཞུའོ།།

  18. པདྨ says:
    2015-06-19 at 3:28 am

    ཀར་གཉེར་པ་སྐུ་ཚེ་བརྟན། ངོས་ནས་ཚིག་རྩུབ་ན་ཡང་བདེན་པ་ཞུས་པ་ཡིན་པས་དགོངས་འགལ་མེད་པར་གཟིགས། ད་ཕྱིན་རྫུན་མ་ལ་བདེན་ཁ་མ་སྟེར་རོགས། རང་ཕྱོགས་ཡིན་ན་རྫུན་མ་བདེན་པ་ཡིན་འདོགས་བཤད་ན་ཡག་པོ་གཏན་ནས་མ་རེད། རང་ལུས་ལ་ཡང་ན་ཚ་དང་ནད་རིགས་བྱུང་ན་བཅོས་དགོས་པ་བཞིན་བཟང་པོ་དང་བདེན་པ་ལ་རྒྱལ་ཁ་སྤྲད་དགོས་པ་ང་ཚོས་ལས་འགན་རེད། དེ་མིན་བཀའ་བསྟན་འགྱུར་བརྫུན་བཟོ་བྱས་ནས་ད་དུང་ཆོས་ལུགས་གཞན་ཞིག་ཡིན་འདོགས་བསྟན་པ་འཇིག་རྟེན་འདིར་ཕ་མགོ་བུ་གཡོགས་དང་བུ་མགོ་དགྲས་གཡོགས་པའི་གཏམ་དཔེ་ལས་གཞན་དུ་མ་མཐོང་ངོ་།

  19. ཏི་སི། says:
    2015-06-19 at 4:38 am

    བརྫུན་མ་བཅོས་ཁྱོད་རང་བཅོས་ན་དགའ། ཁྱོད་ལ་བཅོས་ན་དུས་ནམ་ཡང་ཁས་མི་མཁན་ཞིག་ཡིནཔས། ལུང་རིག་པས་རྒྱབ་ན་མི་ཡོང་བས། ཁྱོད་ལ་ཁྲིམས་དང་བསྒྱུར་བཅོས་གཏིང་མ་གཏོགས་ལྷག་མེད།

  20. པདྨ says:
    2015-06-19 at 3:15 pm

    https://www.facebook.com/photo.php?fbid=707026242741235&set=a.515311471912714.1073741829.100003015964577&type=1&theater

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme