Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ཉིད་ཀྱི་ཁོར་ཡུག་ཏུ་གད་སྙིགས་ཀེ་ལོ་ག་ཚོད་འདུག

Posted on 2015-06-092015-06-09 By ཁ་བརྡ 15 Comments on རང་ཉིད་ཀྱི་ཁོར་ཡུག་ཏུ་གད་སྙིགས་ཀེ་ལོ་ག་ཚོད་འདུག

ཁྲོ་གཏུམ།

 

ང་ཚོ་མི་གཅིག་གི་ཁོར་ཡུག་ལ་ལྟ་སྐོར་དུ་འགྲོ། ཡང་ན་རང་ཉིད་ཁོ་ནའི་ཁོར་ཡུག་ལ་ལྟ་སྐོར་བྱེད། ཐོག་མར་རང་ཉིད་ཀྱི་ནང་སྒོ་ཕྱེ་སྟེ། ཁྱོད་ཀྱིས་རང་ཉིད་འདུག་སའི་ཉེ་འཁོར་དུ་མིག་ཟུང་གཟབ་ནན་གྱིས་གཟིགས་རོགས། གད་སྙིགས་ཀྱི་རྒྱལ་བོ་ནི་ཐབ་ཚང་དུ་ཡོད་པས་ན། ཐོག་མར་ཐབ་ཚང་གི་གད་སྙིགས་བླུགས་སྒམ་དུ་མིག་གིས་བལྟས་དང༌། དེ་རུ་ཁྱོད་ཀྱི་ཉིན་གཅིག་གི་རིང་ལ་གསོག་ཉར་བྱས་པའི་གད་སྙིགས་ཀེ་ལོ་ག་ཚོད་ཅིག་སྤུངས་འདུག

 

དེ་ནས་རིམ་བཞིན་ཁྱོད་རང་གི་ཟ་འཐུང་བྱེད་སའི་གཡས་གཡོན་མདུན་རྒྱབ་ཏུ་ཞིབ་ལྟ་ཞིག་བྱས་ཏེ། གང་ཞིག་ཏུ་ཁྱོད་ཀྱིས་བག་མེད་ཀྱིས་གཏོར་བཞག་པའི་གད་སྙིགས་ལྷག་རོ་མང་པོ་ཞིག་གིས་ཁྱོད་ལ་ཅེར་འདུག་པ་དེས་ཁྱོད་ལ་ཚོར་བ་ཇི་འདྲ་ཞིག་བསྐྱེད་ཀྱིན་འདུག ཚོེར་བ་དེ་ནི་རང་བྱུང་ཁམས་སུ་ཡང་འབྱུང་གིན་ཡོད།

 

དེ་མིན་ཁྱོད་ཀྱི་ཉལ་ས་རུ་སོང་ནས་ཉལ་གདན་དང་ཉལ་ཁེབས་སོགས་སུ་ཞིབ་ཕྲ་ཞིག་བྱེད་ཞོར་ཚུ་དྲི་སོགས་དྲོ་མིན་གྱི་སྣ་སྣུམ་ཞིག་བྱེད་ཞོར། ཁྱོད་ཀྱི་དུག་ལོག་འཇོག་ས་དང༌། ཅ་དངོས་འཇོག་ས། དཔེ་དེབ་འཇོག་ས་སོགས་ཀྱི་མདུན་དུ་ཁྱོད་ཀྱི་དབང་པོ་ལྔའི་ཚོར་བ་དག་འཁོར་བསྐྱོད་བྱས་ཏེ་ཅི་ཞིག་གིས་ཁྱོད་རང་གི་བདེ་ཐང་ལ་གནོད་ཀྱིན་འདུག གང་ཞིག་གིས་ཁྱོད་རང་གི་འཕྲོད་བསྟེན་ལ་དོ་ཕོག་ཤོར་གྱིན་པའི་གནད་དོན་བཟང་ངན་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་ཏེ། ཁྱོད་ཀྱིས་དེ་དག་སེལ་ཆེད་དུ་ཉིན་རེའི་ལས་བགོས་དང༌། ཁྱོད་ཀྱི་བཟང་སྤྱོད་ཀྱི་ཕྱོགས་དག་རྒྱུན་འཁྱོངས་ཡོང་བའི་དམ་བཅའ་བྱེད་དགོས།

 

འདི་ལྟར་མི་གཅིག་ཁོ་ནའི་ངོས་ཐད་དུ། རང་ཉིད་ཀྱི་གད་སྙིགས་ལ་འགན་ཁུར་བྱེད་པའི་གོམ་སྲོལ་ཆགས་ན། དེ་བཞིན་དུ་འཛམ་གླིང་གི་མི་ལ་གོམ་སྲོལ་ཆགས་ཤིང༌། ང་ཚོས་ལོངས་སྤྱོད་བྱེད་བཞིན་པའི་ས་ཡི་གོ་ལའི་ལྗང་མདོག་ནམ་ཡང་ལྗང་མདོག་ཡིན་ལ། ཁྱོད་ཀྱི་ཁོར་ཡུག་གི་མཁའ་དབུགས་ཆ་ཚང་གི་སྲོག་རླུང་དྭངས་གཙང་དུ་གྱུར་ཏེ་མིའི་ཚེ་སྲོག་ཇེ་རིང་དང༌། སྐྱེས་འགྲོ་ཀུན་གྱི་མཛེས་སྡུག་ཡུལ་ལྗོངས་སུ་ཆེས་མེད་དུ་མི་རུང་བའི་བདེ་སྐྱིད་དངོས་ཤིག་བསྐྲུན་ཐུབ་རྒྱུ་ཡིན་པར་ང་ཚོས་བསམ་ཤེས་གང་ཐུབ་བྱེད་དགོས་ཀྱིན་འདུག

 

འཛམ་གླིང་གི་སྤྱི་ཚོགས་ཀྱི་གང་སར་ཡར་རྒྱས་སུ་འགྲོ་བཞིན་པའི་སྐབས་སུ། བྱ་དངོས་བེད་སྤྱོད་ཀྱི་གྲངས་འབོར་ཧ་ཅང་གཏོས་ཆེ་བའི་བེད་སྤྱོད་ཀྱི་རིན་ཐང་དང༌། རང་ཉིད་ཀྱི་འདུག་ས་རང་ཉིད་འགྲོ་སའི་ཁོར་ཡུག་གང་ས་གང་དུ་ཡང་ཁྱོད་ཀྱིས་བེད་སྤྱོད་ཀྱི་རིན་ཐང་ཇི་ལྟར་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ལྟར་མཛད་སྤྱོད་ཀྱི་རྣམ་པའི་གཤིས་ཀ་ཡིས་ཁོར་ཡུག་ལ་བཟུང་བའི་རྣམ་འགྱུར་ནི་རང་སྟེང་ནས་ངོས་འཛིན་ཐོབ་དགོས། དཔེ་འཇོག་ཆུང་ས་ཞིག་ནི། ཁྱོད་ཀྱི་དུད་སྣེ་དང་མོ་རང་གི་གཙང་ཤོག ཕོད་བཞག་པ། བཅག་བཞག་པ་སོགས་ནི་མཛད་སྤྱོད་ཀྱི་ཀུན་སློང་ལ་དོ་སྣང་མ་བྱས་པའི་རྣམ་འགྱུར་ལས་ཐོན་ཡོད་པས་ན། ང་ཚོས་རང་ཉིད་ཀྱི་ཉིན་རེའི་འགུལ་བསྐྱོད་ཁྲོད་ཀྱི་མཛད་སྤྱོད་དུ་དོ་སྣང་བྱེད་དགོས་པར་བསམ།

 

གད་སྙིགས་ཀྱི་མིང་ཚིག་གི་ཡི་གེ་འདི་གཉིས་ཀྱི་འབྱུང་ས་ནི་དྲི་བ་ཞིག་ཡིན་ལ། དྲི་བ་དེ་ནི་ཧ་ཅང་གིས་ལས་སླ་མོ་ཞིག་ཀྱང་ཡིན་མོད། སྤྱི་ཚོགས་ཀྱིས་འདི་ལ་ལག་ལེན་གྱི་ལན་འདེབས་གནང་བའི་སྐབས་སུ་འཐུས་ཤོར་ལ་འགྲོ་བཞིན་པའི་བྱ་སྤྱོད་གང་མང་ཞིག་མཆིས་ཀྱིན་འདུག ཁྱོད་རང་གིས་གཙང་སྒྲ་བྱེད་དགོས་དོན་ཅི་ཡིན། ཁྱོད་རང་གཙང་མ་ལ་དགའ་དོན་ཅི་ཞིག་རེད། དེ་བས་ཁྱོད་རང་གིས་ཁྱོད་རང་གི་དགའ་ཕྱོགས་དང་དགོས་མཁོ་དེ་རང་ཉིད་ལ་བསྐོང་ཐུབ་ཀྱི་འདུག་གམ། དྲི་བ་འདི་དེད་ནས་སོང་ན། ད་གཟོད་འཐུས་ཤོར་གྱི་བྱ་སྤྱོད་མང་པོ་ཞིག་རྙེད་ངེས་ལ། མིང་ཚིག་དེ་ནི་གད་སྙིགས་ཀྱི་འབྱུང་ས་དང༌། གད་སྙིགས་ཀྱི་ཕུང་པོ་དེ་དག་བསྐྲུན་མཁན་དུ་གྱུར་ཡོད་རེད། གལ་སྲིད་ང་ཚོས་ས་གང་དང་གང་ལ་སོང་ཡང་ཆེས་མཐོང་ཆོས་སུ་གྱུར་བའི་གད་སྙིགས་ཀྱི་ས་གནས་སུ་སོང་ནས་ཞིབ་ལྟ་ཞིག་བྱས་ན། སྐབས་དེར་མི་སྒེར་སོ་སོ་ལ་ངེས་ཟིན་ཐོབ་པའི་བསམ་བློ་ཞིག་རྙེད་པར་བྱེད་ལ། སྐབས་དེ་ནས་སའི་གོ་ལའི་ལྗང་མདོག་གི་རྣམ་འགྱུར་རྡོག་བརྫིས་གཏོང་བཞིན་པའི་མིའི་མཛད་སྤྱོད་ཀྱི་རྣམ་འགྱུར་མཐོང་སྲིད་ལ། སྐབས་དེར་ང་ཚོས་རང་ཉིད་ཀྱི་ཆེས་གལ་ཆེ་བའི་གད་སྙིགས་ཀྱི་གཏོར་བཤིག་ཅིག་མཐོང་ཐུབ་ངེས་པ་བཅས་ཀྱིས་ང་ཚོས་རང་ཉིད་ནས་མགོ་འཛུགས་བྱེད་དགོས་པ་ནི་གལ་ཆེ་བའི་དོ་སྣང་དུ་མཐོང་དགོས་འདུག

 

མདོར་ན་ང་ཚོས་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་གི་མིང་ཡོད་པའི་ཆ་རྐྱེན་འདིས། ང་ཚོས་རང་བྱུང་ཁམས་འདུད་སྦྱོངས་བྱས་པའི་བེད་སྤྱོད་རྣམ་པ་ཧ་ཅང་མང་དྲག་ཡོད། དེ་བཞིན་དུ་རང་ཉིད་ཀྱི་སྟེང་ནས་བྱུང་བའི་རང་བྱུང་ཁམས་སུ་གནོད་པའི་གད་སྙིགས་ནི་ནམ་ཡང་འགྲོ་ལུགས་བཞིན་སྒྲུབ་དགོས་ཤིང༌། རང་བྱུང་ཁམས་ཀྱི་ཆེས་དགོས་མཁོ་ཆེ་བ་བདག་སྐྱོང་བྱས་ཏེ། རང་ཉིད་དང་མི་རབས་རྗེས་མ་རྣམས་ཀྱི་ཆེད་དུ་རང་ཉིད་དང་རང་གི་མཛད་སྤྱོད་ལ་དོ་སྣང་བྱེད་དགོས་པ་ནི་ཧ་ཅང་གི་གལ་ཆེན་ཞིག་རེད་འདུག

༢༠༡༥།༠༥།༢༠ལ།

ལྷུག་རྩོམ།

Post navigation

Previous Post: ཨ་མ། ང་བདེ་མོ་ཡིན།
Next Post: བདེན་འཛོམས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟཊ་དང་པོ་ཐོབ།

Comments (15) on “རང་ཉིད་ཀྱི་ཁོར་ཡུག་ཏུ་གད་སྙིགས་ཀེ་ལོ་ག་ཚོད་འདུག”

  1. ཁྱུང་སེ། says:
    2015-06-09 at 8:24 am

    གད་སྙིགས་གཙང་སེལ་ཇི་ལྟར་བྱེད་དགོས་སམ། ནུབ་ཕྱོགས་སུ་གད་སྙིགས་བསྡུད་མཁན་ཡོང་གི་རེད། རྒྱ་བལ་སོགས་ལ་དེ་འདྲ་མེད་ཅིང་མེར་སྲེགས་ན་དེ་ཡི་དུ་བས་མཁའ་རླུང་རྩོག་པ་བཟོས། སར་སྦས་ན་ས་འོག་འཐུང་ཆུ་རྩོག་པ་བཟོས། རང་གར་བཞག་ན་བཀའ་སྐྱོན་འབེབསཤིང་ཆད་པ་གཅོད། ད་གང་བྱེད་དགོས་སམ།

  2. རིགས་སློབ་འཇིགས་མེད་བློ་གྲོས། says:
    2015-06-09 at 8:58 am

    Man Swarm ཞེས་པའི་དཔེ་དེབ་འདི་མི་འབོར་འཕེལ་རྒྱས་དང་འབྲེལ་བའི་དཔེ་དེབ་གལ་ཆེན་ཞིག་རེད། གོང་ཧ་ཅང་ཆེན་པོ་རེད། ཧིན་སྒོར་ ༩༧༨ རེད། ངས་རིན་གོང་ལ་འཛེམས་པར་དྲ་ཐོག་ནས་ཉོས་ཏེ་དེ་རིང་གསར་དུ་ཁ་ཕྱེས་ཏེ་ཀློག་འགོ་བརྩམས།
    དཔེ་དེབ་འདིའི་འགོ་འཛུགས་ཀྱི་ཚིག་དག་གི་བསྟན་དོན་ལྟར་ན། མི་འབོར་འཕེལ་རྒྱས་ཚོད་མེད་དུ་འགྲོ་བཞིན་པ་འདིས་འཛམ་གླིང་འདི་གད་སྙིག་གིས་ཁེངས་པའི་ལུང་པ་ཞིག་ཏུ་བཟོ་རྒྱུ་ཙམ་མ་ཟད། འཛམ་གླིང་གི་སྐྱེ་ཁམས་ཡོངས་རྫོགས་ལ་གཏོར་སྐྱོན་རླབས་ཆེན་ཞིག་གཏོང་སྲིད་པའི་ཉེན་ཁ་འདུག

    འོན་ཀྱང་མི་རེ་རེའི་འགྱུར་ལྡོག་གིས་ཀྱང་ཤུགས་རྐྱེན་ཞིག་ཏན་ཏན་འབྱུང་ཐུབ་པའི་རེ་བ་ཡོད།

  3. BONPO says:
    2015-06-09 at 2:21 pm

    དབྱིན་སྐད་ཀྱི་་་Recycle་་་ཞེས་པའི་མིང་ཚིག་འདི་བོད་སྐད་ནང་ཇི་ལྟར་འབྲི་དགོས་སམ། །

  4. པདྨ says:
    2015-06-09 at 2:48 pm

    ཤིན་ཏུ་ལེགས་བྲིས་རེད། བསྔགས་བརྗོད་ཡོད། བོན་པོས་ཞང་ཞུང་སྐད་ཡིག་ལས་བོད་སྐད་དང་དབྱིན་སྐད་ཤེས་ཀྱིན་མེད་པ་འདྲ་་་དབྱིན་ཡིག་ཏུ་Recycle་་་ཞེས་པའི་མིང་ཚིག་འདི་བོད་སྐད་ནང་དུ་བསྒྱུར་ན་༡ བསྐྱར་སྐོར་རྒྱག་པ། ༢ བསྐྱར་བཟོ་བྱེད་པ། ཡང་ན་ ༡ བསྐྱར་བསྐོར། ༢ བསྐྱར་བཟོ། ༣ བསྐྱར་བཅོས་བྱེད་པ་ལ་འགྲེལ་དགོས་པ་རེད། xxx

  5. ཆོས་འཕེལ་དར་རྒྱས་ says:
    2015-06-09 at 5:21 pm

    ང་ཡོད་ས་ལ་མཚོན་ན་གད་སྙིགས་རིགས་དྲུག་ལ་དབྱེ་བཞིན་འདུག། ༡༽ ལུད་ཀྱི་རིགས། ༢༽ འགྱིག་གི་རིགས། ༣༽ ཤེར་གྱི་རིགས། དེ་ལ་མཚོན་ཡོད་མེད་གཉིས་སུ་དབྱེ། ༤) ལྕག་གི་རིགས། ༥༽ ཤོག་གུའི་རིགས། ༦༽ གུས་ཀྱི་རིགས།
    དེ་ཡང་གད་སྙིགས་གཡུག་ས་རེ་རེ་འདུག། གློག་རྫེས་ཀྱི་རིགས་གཡུག་ས་ལ་དམིགས་བསལ་གྱི་ལས་ཁང་རེ་འདུག

  6. པདྨ says:
    2015-06-09 at 7:23 pm

    ཆོས་འཕེལ་དར་རྒྱས་ཀྱིས་ལེགས་པོ་གསུངས་སོང་། ཇི་སྐད་དུ། མཁས་པ་ཞིག་གིས་་་་གད་སྙིགས་ལ་རིགས་བཅུ་དྲུག་ལ་དབྱེ་བསལ་དགོས་པར་སྣང་ངོ་། དང་པོ། ༡ མི་དང་ཁྱི་དང་བྱི་ལིའི་སྟུག་པ། ༢ ནོར་ལུག་རྟ་ར་ཡི་ལུད་རིགས། ༤ཤ་རུས་ལྤགས་པའི་ཚོགས། ༥ ས་རུལ་རྡོ་ཆག ༦ འགྱིག་གི་རིགས། ༧ཤེར་གྱི་རིགས། ༨ ལྕགས་རིགས ༩ གློག་རྫས་རིགས། ༡༠ གོས་ཀྱི་རིགས། ༡༡ ཤོག་གུའི་ཚོགས། ༡༢ ཤིང་རིགས། ༡༣ ཚོད་མ་རིགས། ༡༤ གད་སྙིགས་འདྲེས་མའི་རིགས། ༡༦ དུག་རིགས་སོགས་སོ་སོ་ལ་གཡུག་ས་དང་བསྲེག་ཚུལ་དམིགས་བསལ་གྱི་ལས་ཁང་དང་འཕྲུལ་ཆས་རེ་བེད་སྤྱོད་ནས་གཙང་མ་བཟོས་ན་མཁའ་དབྱིངས་དག་པ། རྒྱ་མཚོ་གཙང་མ། ས་གཞི་གཡུ་མདོག་ལ་ཤར་བས་སྣོད་བཅུད་ཀྱི་དཔལ་ཡོན་རྒྱས་པས་དེ་ལུགས་ཐུགས་སུ་འཇགས་པར་འཚལ་ལོ།།

  7. དམུ་ཐག་གི་བུ་རྒྱུད། says:
    2015-06-09 at 9:23 pm

    རྩོམ་གྱི་ཁ་བྱང་ནང་དུའང་གད་སྙིགས་་་་་་་་ཧ་ཧ་ཧ

  8. བཀྲ་ཡེ་ཚང་། says:
    2015-06-10 at 7:05 pm

    ད་དུང་དྲ་འབུ་ཚོའི་ནང་ལ་གད་སྙིགས་མང་ཡ་་་པདྨ་དང་་

  9. ཁྲོ་གཏུམ་ says:
    2015-06-11 at 12:02 am

    ངའི་རྩོམ་འདི་ལ་ཞབས་མཆན་འགོད་མཁན་ཚང་མ་གད་སྙིགས་སུ་བརྩི་ཡི་ཡོད། ཁྱོད་ཚོའི་མིང་དེ་དག་ཆ་ཚང་གད་སྙིགས་ཀྱི་བླུགས་སྣོད་དུ་ཤོང་ན་ཅི་མ་རུང་།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-06-11 at 4:17 am

    Recycle = རྙིང་ལྷག་གསར་བཟོ།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-06-11 at 4:26 am

    ཀར་སྨོན་ཨིན་བོད་ཚིག་མཚོད་ནང་ལ། རི་ས་ཀིལ་ལ། བསྐྱར་སྐོར་རྒྱག་པ། བསྐྱར་བཟོ་བྱེད་པ། བསྐྱར་སྐོར། བསྐྱར་བཟོ། བསྐྱར་བཅོས། ཞེས་འདུག་ཀྱང་། རྙིང་ལྷག་སྐྱར་བཟོ། ཟེར་ན་གོ་བདེ་བ་འདུག་སྙམ་ནས་བྲིས།

  12. ཀརྡོ་གཉེར་ཕྱག་པ་ says:
    2015-06-11 at 6:10 am

    Recycle = རྙིང་ལྷག་གསར་བཟོ། རྙིང་ལྷག་སྐྱར་བཟོ།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-06-11 at 6:12 am

    Recycle = རྙིང་ལྷག་གསར་བཟོ། རྙིང་ལྷག་སྐྱར་བཟོ། རྙིང་ཟད་གསར་བཟོ།

  14. ཁྱུང་སེ། says:
    2015-06-11 at 8:25 am

    ཀརྡོ་ལགས་མཆན་དགུ་བའི་ནང་དུ་ཅི་ཞིག་བཤད་མི་འདུག་གམ། ངེད་ཚོ་ཚང་མ་གད་སྙིགས་ཡིན་ཟེར་འདུག་གད་སྙིགས་ནང་དུ་ད་དུང་སྙོགས་བཤད་བྱེད་བསྡད་ན་ཆོ་འདུག་གམ།

  15. ཀརྡོ་གཉེར་ཕྱག་པ་ says:
    2015-06-11 at 3:11 pm

    རང་བརྒྱུད་ཀྱི་ཁྲོ་བོ་དང་། གཏུམ་དྲག་རྣམས། གད་སྙིགས་སུ་བླུགས་དགོས་པ་ལས་་་་་་་་་་་་་ སྤྱི་དོན་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme