Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་༧རྒྱལ་བ་རིན་པོའི་ཆེའི་དགོངས་པ་རེད་དམ།

Posted on 2010-03-182010-03-18 By ཁ་བརྡ་ 5 Comments on དབུ་མའི་ལམ་༧རྒྱལ་བ་རིན་པོའི་ཆེའི་དགོངས་པ་རེད་དམ།

སྟག་སྨྱོན།

༡༩༨༧ བཏོན་པའི་དབུ་མའི་དང་ལམ་དང་། ༡༩༨༨ ལོར་བཏོན་པའི་སི་ཊ་སི་སྦག་གི་གྲོས་འཆར་དང་། ༢༠༠༨ ལོའི་བཏོན་པའི་ས་གནས་རང་སྐྱོང་གི་བསམ་འཆར་ཡིག་ཆ་འདི་དག་ཡང་སྙིང་སུ་ཞིག་གིས་གང་འདྲ་བྱས་ནས་ཐག་བཅད་པ་རེད་ཟེར་ན། སེམས་ཁྲལ་ཆེ་བའི་བོད་མི་མི་ཉུང་བ་ཞིག་གིས་ཡང་སྙིང་ལེན་རྒྱུའི་མི་ངན་ཞིག་སླེབས་སོང་དྲན་སྲིད།- ངའི་མཐོང་ཐོས་དང་ཉམས་ཚོར་ཆུང་ཆུང་འདིའི་ཐོག་ནས་ལྟོས་ན། དབུ་མའི་ལམ་དང་དེ་འབྲེལ་གྱི་བསམ་འཆར་ཡིག་ཆ་འདི་དག་༧རྒྱལ་བ་རིན་པོའི་ཆེའི་དགོངས་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་བོད་རྒྱའི་བར་ལ་ཡིག་ཆ་འདི་རྩོམ་གནང་མཛད་རྒྱུའི་ཆེད་དུ་འཇིག་རྟེན་ལ་བྱོན་པ་རེད་དྲན་གྱི་མེད། འོ་ན་འདི་སུའི་དགོངས་པ་རེད་ཟེར་ན། སུ་གཅིག་གི་དགོངས་པ་མ་རེད་ཟེར་གྱི་ཡོད། དེ་ནི་གནས་སྟངས་ཆེན་པོ་གསུམ་གྱིས་དབང་ཡོད་ཀྱིས་ཐག་བཅད་ནས་༧གོང་ས་མཆོག་ལ་འདམ་བཅུག་པ་རེད་འདོད། གནས་སྟངས་གསུམ་ནི། ༡༽ གནམ་ས་ལྟ་བུའི་རྒྱ་བོད་བར་གྱི་དམག་དང་དཔལ་འབྱོར་གྱི་གནས་སྟངས། ༢༽ བྱེའུ་ཚང་དང་གྲོག་ཚང་བསྡུར་བ་ལྟ་བུའི་རྒྱ་བོད་གཉིས་ཀྱི་མི་འབོར་མང་ཉུང་གི་གནས་སྟངས། ༣༽ སྙིང་གཅིག་གི་ཐོག་ཏུ་དཀྲིས་པའི་ང་ལ་ཁྱོད་རྟེན་གྱི་ད་ལྟའི་འཛམ་གླིང་གི་སྲིད་འབྱོར་རིག་གསུམ་གྱི་གྲུ་གུ་མཁྲེགས་པོ་འདི་གསུམ་རེད། གྲངས་ཉུང་འཁོས་ཞན་གྱི་བོད་རིགས་མི་མང་གིས་སྟངས་འཛིན་དང་ཁ་ལོ་བསྒྱུར་ཐབས་བྲལ་བའི་གནས་སྟངས་སྟོབས་པོ་ཆེ་འདི་དག་གིས། ༧རྒྱལ་བ་རིན་པོ་ཆེ་ལའང་འདམ་ཀ་འདི་ལས་ལྷག་ཅིག་སྤྲོད་ཀྱི་མེད་པ་མིན་འགྲོ་དྲན། འདོད་ན་མི་འདོད་ན་བོད་མི་རིགས་ཀྱི་ཆེད་དུ་ཐབས་ལམ་འདི་མི་བསྟེན་ཐབས་མེད་བཟོས་པ་ལྟ་བུ་མཐོང་གི་འདུག

ང་ཚོ་ནང་བཞིན་༧གོང་ས་མཆོག་གིས་ཀྱང་དབུ་མིའི་ལམ་དང་གཉིས་མོས་ཞི་མོལ་གྱི་ལམ་འདི་དག་མཐར་ཐུག་གི་ཡག་ཤོས་ཡིན་པའི་ཡིད་ཆེས་གནང་མི་ཐུབ་ནའང་། གནས་དུས་དང་བོད་མིའི་ཁ་སྟབས་ལ་དཔག་པའི་འདམ་ཀ་ཡག་ཤོས་ལ་ངོས་འཛིན་གནང་གི་མེད་འགྲོ་བསམ། དེའི་ཕྱིར་དབུ་མའི་ལམ་དང་དེ་འབྲེལ་གཉིས་མོས་ཞི་མོལ་སོགས་༧གོང་ས་མཆོག་གི་དགོངས་པ་མ་ཡིན་པར། གནས་སྟངས་རང་གིས་ཐག་བཅད་པའི་དངོས་ཡོད་མཐར་ཐུག་གི་བདེན་པ་དེ་མིན་འགྲོ་དྲན། ༧གོང་ས་མཆོག་ནི་བོད་མི་རིགས་ཀྱི་ཁ་སྟབས་དང་ལས་དབང་གི་མེ་ལོང་ནང་རི་མོ་ཡག་ཤོས་གང་ཤར་བ་དངོས་སུ་ཕྱག་འཆང་ནས་ཡར་ལེན་མཁན་དེ་རེད་སྙམ། ཡང་ན་འདི་ནི་བོད་རིགས་ཚོའི་ལས་དབང་ཡིན་པ་ལས་༧གོང་ས་མཆོག་གི་དགོངས་པ་ཙམ་མ་རེད་སྙམ། བོད་ཀྱི་ཁ་སྟབས་ཀྱི་ལས་དབང་ནི་མེ་ལོང་དང་འདྲ་ལ་༧གོང་ས་མཆོག་ནི་མེ་ལོང་ལ་གཟིགས་མཁན་ཡིན་པ་རེད།

དེའི་ཕྱིར་གྲོས་ཚོགས་དང་བོད་མི་ཚོས་དབུ་མའི་ལམ་སོགས་༧གོང་ས་མཆོག་གི་དགོངས་པ་ཡིན་མིན་གཞིར་བཞག་ནས་རྒྱབ་སྐྱོར་རམ། ཡང་ན་རྒྱལ་བ་རིན་པོ་ཆེའི་དགོངས་པ་རེད། མི་མང་གི་འདོད་པ་མ་རེད་མདོག་མདོག་གིས་དགག་བརྒྱག་འུར་སྒྲོག་ཀྱང་མི་བྱེད་པར། བོད་ཀྱི་མ་འོངས་པར་སེམས་ཁུར་བྱེད་མཁན་ཚང་མས་མི་རིགས་འདིའི་ད་ལྟའི་ཁ་སྟབས་དང་ལས་དབང་གི་མེ་ལོང་ནང་ཡང་ཡང་ཞིབ་ལྟ་བྱས་ནས། ༧གོང་ས་མཆོག་གིས་ངོ་ནས་ཡག་ཤོས་དེ་འདམ་གནང་ཐུབ་ཡོད་མེད་ལ་ལྟ་དགོས། བོད་ཀྱི་ལས་དབང་གི་མེ་ལོང་དང་དེ་ལས་ཡག་ཅིག་ལྷག་འདུག་ན་ངེས་པར་མིག་སྟོན་རན་རེད། མདོ་དོན་༧གནས་ཚུལ་གང་ཞིག་༧གོང་ས་མཆོག་གི་དགོངས་པ་ཡིན་མིན་གཞི་ལ་བཞག་ནས་དགག་བཞག་མི་བྱེད་པར། ཁས་མི་ལེན་ཐབས་མེད་ཀྱི་དངོས་ཡོད་ཀྱི་གནས་སྟངས་རྣམས་གཞི་ལ་བཞག་ཏེ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།

དངོས་ཡོད་གནས་ཚུལ་དང་མི་མཐུན་ན་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ཡིན་པ་ཙམ་ལ་ཡ་མཚན་དང་བྱིན་རླབས་དམིགས་བསལ་མེད། དངོས་ཡོད་གནས་སྟངས་དང་རྦད་དེ་དག་དག་མཐུན་འདུག་ན་༧ རང་གི་འདོད་པ་དང་མི་མཐུན་ནའང་ཁས་མི་ལེན་ཐབས་མེད་རེད། ཡང་སྙིང་བོད་ཀྱི་རྩ་དོན་གང་ཞིག་༧གོང་ས་མཆོག་གི་བཀའ་དགོངས་དང་མཐུན་མིན་མི་རྩོད་པར། རྩ་དོན་ཐབས་རྩོད་དེ་དངོས་ཡོད་གནས་སྟངས་དག་དག་ཡིན་མིན་གསལ་བོ་ལྟ་རྒྱུ་གལ་ཆེན་པོ་རེད།

༧རྒྱལ་བ་རིན་པོ་ཆེས་དངོས་ཡོད་གནས་སྟངས་ཁས་བླངས། དངོས་ཡོད་གནས་སྟངས་ཀྱིས་ཁོང་གི་རྒྱབ་སྐྱོར་བྱེད་ཀྱི་འདུག་ན། གཞི་ནས་༧རྒྱལ་བ་རིན་པོའི་བཀའ་རྩ་ཆེན་པོ་དང་ཁས་མི་ཐབས་ལེན་ཐབས་མེད་ཆགས་པ་རེད། དེ་ལ་དཔྱད་པ་མ་ནོར་བ་གནང་རྒྱུ་ང་ཚོའི་ལས་འགན་རེད། མཐར་གཏུགས་ན་ཐག་གཅོད་ཚང་མ་ང་ཚོའི་ལག་པའི་ནང་ལྷུང་ཡོད།

རྩོམ་རིག

Post navigation

Previous Post: གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་དང་རིག་ལྡན་རྒྱ་མཚོ་
Next Post: བོད་ཀྱི་དུས་བབ་དྲ་རྒྱ་ཁ་ཕྱེ་སྟངས།

Comments (5) on “དབུ་མའི་ལམ་༧རྒྱལ་བ་རིན་པོའི་ཆེའི་དགོངས་པ་རེད་དམ།”

  1. བྲེ་ཏྲེ says:
    2010-03-20 at 12:37 pm

    ཁྱེད་ཀྱིས་ཟེར་བའི་གནས་སྟངས་གསུམ་པོ་ངོ་ཤེས་པ་ཡག་པོ་རེད་ད་དུང་རྒྱ་གཞུང་གིས་ནུས་སྟོབས་ལ་བལྟས་ན་དབུ་མའི་ལམ་ཡང་གྲུབ་འབྲས་ཐོན་ཁག་པོ་རེད།མ་ཚད་རྒྱ་ཀོང་ཕྲན་གྱིས་༸གོང་ས་མཆོག་ལ་དུས་ཚོད་ཕར་བགྱོངས་བྱེད་སྟངས་ལ་ལྟ་དང་།

  2. སྟག་སྨྱོན། says:
    2010-03-20 at 2:53 pm

    རང་ཉིད་དམིགས་བསལ་སྤྱི་ཕན་གྱི་བསམ་ཚུལ་ཡག་པོ་འབུལ་རྒྱུ་དཀོན་པས་དྲ་ཐོག་ཏུ་འབྲི་ཀློག་མང་པོ་བྱེད་ཀྱི་མེད་མོད། དེ་རིང་གུས་པའི་ཟིན་རྩོམ་ཞིག་འདིར་བཀོད་ཡོད་སྟབས་མཆན་བུ་ཐུང་ཐུང་ཞིག་ཀྱང་འབྲི་འདོདོ་སོང་། རྒྱ་ནག་སྟོབས་ཤུགས་ཆེན་པོ་ཅི་ཙམ་ཡིན་ནའང་ང་ཚོར་ལས་རྒྱུ་གཅིག་ཀྱང་མེད་པ་ཆགས་མི་སྲིད། ཡིན་ནའང་གསལ་ཐག་ཆོད་ཡིན་པ་ནི། ང་ཚོས་དམག་བརྒྱབ་ནས་ཐོབ་མི་ཐུབ་པ་དེ་རེད། དེའི་ཕྱིར་འཚེ་མེད་ཞི་བ་ནི་ནོར་རྫི་ཞིག་གིས་ལྟོས་ན་འཐབ་ལམ་ཡག་དག་ཤོས་ཡིན་ཤེས་ཐུབ། ང་ཚོའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་སྟངས་བསམ་བློ་ཧ་ཅང་ཞིབ་མོ་གཏོང་རྒྱུ་གལ་ཆེ་ཤོས་རེད། མ་ཟད་བོད་ཀྱི་འཐབ་རྩོད་ཀྱི་རྨང་གཞི་དེ་བོད་རང་གི་ཡུལ་དུ་འཛུགས་ཐུབ་རྒྱུ་གལ་ཆེ་ཤོས་རེད། འཚེ་མེད་ཞི་བའི་ལས་འགུལ་ཁྲོད་བོད་ནང་གི་སློབ་གསོའི་ལམ་ལུགས་ནི་གལ་ཆེ་ཤོས་ཆགས་ཡོད། སློབ་གསོ་ལུགས་ཟེར་བ་རྣམ་གྲངས་དཔེ་མང་པོ་ཡོད་རེད། ཤེས་ཡོན་སྲིད་ཇུས་ནི་མི་རིགས་ཀྱི་སྒལ་ཚིགས་དང་ཆ་རེད། བོད་མི་རེ་རེ་ནི་སྒལ་ཚིགས་དེའི་ཆ་ཤས་སུ་གྱུར་བའི་ཚིགས་རྡོག་ག་རེ་རེ་ཡིན་ནའང་། ང་ཚོའི་ནོར་འཁྲུལ་གཅིག་ནི། ཤེས་ཡོན་ཅན་མ་གཏོགས་བོད་དོན་འཐབ་རྩོད་ཁྲོད་ཕན་ཐོགས་ཆེན་པོ་མེད་པར་ངོས་འཛིན་བྱེད་བཞིན་པ་འདི་རེད། གང་ལྟར་བརྗོད་གཞི་འདི་དག་གི་མགོ་གླེང་བ་དང་སེམས་ཁྲེལ་ཆེན་པོ་ཞིག་ཀྱང་ལངས་ཡོང་གི་འདུག གང་ཡིན་ཟེར་ན་མུ་མཐུད་གསལ་བོ་ཆགས་ཆགས་བར་དུ་ཕར་ཚུར་མང་པོ་འབྲི་དགོས་པ་དེ་རེད། ད་ནི་གཟུགས་པོ་དང་དུས་ཚོད་ཀྱི་འགྲོ་སོང་ཆེན་པོ་ཆགས་པར་བརྟེན་བརྗོད་གཞི་འདི་གདེང་ཚོད་འདང་ངེས་མེད་བཞིན་དུ་འགོ་འཛུགས་མ་ཕོད་པར། གོ་སྐབས་འདང་ངེས་ལ་སྒུག་ནས་་་་་་་་་་་་་་་་་་་་་་

  3. སྟག་སྨྱོན། says:
    2010-03-20 at 4:33 pm

    གུས་པས་གོང་དུ་དག་ཆ་ནོར་བ་དང་བརྗོད་དོན་མི་གསལ་ཞིང་བརྗོད་ཚིག་ཁྱར་ཁྱོར་གྱི་བསམ་ཚུལ་ཐུང་ཐུང་ཞིག་བྲིས་ཤོར་འདུག འཇོན་ན་རྗེས་སུ་དུས་བབ་ཟིན་བྲིས་ནང་ལན་རེ་འབྲི་ཐུབ་འབད་ཆོག

  4. བསམ་གཏན་ says:
    2010-03-20 at 7:53 pm

    སྟག་སྨྱོན་ཁྱོད་ཡུན་རིང་དྲ་ཐོག་ཏུ་ཡོང་མ་ཕོད་པས་ད་ཉམས་མྱོང་ཞིག་རག་ཡོད་རྒྱུ་རེད།   དེས་ན་ཉམས་མྱོང་དེ་ལས་བསླབ་བྱ་བླངས་ནས་ཕྱིན་ཆད་བག་ཡོད་བྱོས།   འདི་ནས་བཟུང་དྲ་ཁང་དང་ཀློག་མཁན་ཚོའི་ཆེ་མཐོང་ལ་བརྩི་བཀུར་གྱིས་ཁྱོད་དང་རྒྱག་རེས་རྒྱག་རྒྱུ་མིན།  དུས་བབ་ནང་གི་ཟིན་བྲིས་ཀྱང་མཇུག་སྐྱོང་བསམ་ན་ཁྱོད་ཀྱི་རང་དབང་རེད།   ངས་འདི་ནས་ངས་འདི་ཙམ་ཞིག་བྲིས་པ་དེ་ང་ཤི་མེད་པའི་བརྡ་ཙམ་བྱས་པ་ཡིན།   ད་བདེ་མོ།  

  5. མགོ་རུལ། says:
    2010-03-20 at 8:04 pm

    ཧྲ་གི་ཡ། ད་ངའི་ཞི་ལི་ཆ་བོས་བསམ་ཤེས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme