Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་དུང་ཡང་ངུ་སྙིང་འདོད།

Posted on 2015-06-082015-06-08 By ཁ་བརྡ 12 Comments on ད་དུང་ཡང་ངུ་སྙིང་འདོད།

འཇམ་གཅེས།

unnamedགླིང་ཚ་ལགས། ཁྱོད་ནི་མི་རིགས་ཀྱི་ཆེད་དུ་བརྩེ་བའི་བཟའ་ཟླ་དང་། གཅེས་པའི་བུ་ཕྲུག བཀའ་དྲིན་ཅན་གྱི་ཕ་མ་མིང་སྲིང་སོགས་ཡོད་ཚད་ནས་ཡོད་ཚད་བློས་གཏོང་ནུས་མཁན་གྱི་ཨ་མའི་བུ་རྒོད་ཅིག་ཡིན་ལ། ཁྱོད་ནི་ཁ་བཤད་ལག་ལེན་ནུས་མཁན་གྱི་དཔའ་རྒོད་འཐབ་རྩོད་པ་ཞིག་ཀྱང་ཡིན། ཁྱོད་ནི་སེམས་ཀྱི་ཚོར་འདུ་མགྲིན་པའི་ལམ་ཡངས་ནས་གྱེར་བཞིན། རིགས་ཀྱི་ལ་རྒྱ་སྨྱུ་གུའི་རྩེ་མོ་ནས་ཕྱུང་མཁན་གྱི་སྨྱུག་འཛིན་མཁན་ཞིག་ཀྱང་ཡིན།  

ཁྱེད་ཉིད་དཔའ་བོ་ཁེར་རྒྱུགས་ཀྱིས་ལས་འགུལ་དངོས་སུ་སྤེལ་དུས་མིག་ཆུ་དང་ངུ་ངག་ལྷན་དུ་ཕེབས་སྐྱེལ་ཞུ་མཁན་ནི་དྲིན་ཅན་ཕ་མ་གཉིས་དང་སྲིང་མོ་སོགས་སྐྱེ་བོ་བརྒྱ་སྟོང་མང་པོ་བྱུང་མྱོང་ལ། དེ་བཞིན་འགན་ཁུར་གྱི་བསམ་བློས་ལྐུགས་ཤིང་། དྲང་བདེན་གྱི་བློ་མིག་ཞར་ར་ཅན་གྱི་སྐྱེ་བོ་ཁག་ཅིག་གིས་མི་འདོད་པའི་རྣམ་འགྱུར་དང་། ཟུར་ཟའི་ལམ་ནས་རང་མདོག་ངོ་མ་ཡང་བསྟན་མྱོང་།

མདོར་ན་དེ་རིང་ཁྱེད་ཉིད་ང་ཚོས་མིག་ལམ་ནས་བོར་ཏེ་ལོ་ངོ་ཧྲིལ་པོ་གཉིས་འཁོར་བའི་དུས་འདིར། ངས་ཁྱེད་ཉིད་གླེང་འདོད་ལ། ཁྱེད་ཉིད་བཙལ་འདོད། ཡིན་ཡང་ཅི་ཞིག་གླེང་དགོས་མིན་དང་། གང་ཞིག་ནས་ཇི་ལྟར་བཙལ་དགོས་མིན་ཡང་མ་ཤེས། ངོ་མ་ཡིན།  

གླིང་ཚ་ལགས། ཁྱེད་ལ་བལྟས་ནས་ང་ངུས་མྱོང་ལ། ད་དུང་ཡང་ངུ་སྙིང་འདོད། ཁྱེད་རང་དྲན་ནས་ཡིད་སྨོན་ཡང་ཤོར་མྱོང་ལ། ད་དུང་ཤོར་བར་ངེས། ཡིན་ཡང་དེ་རིང་ངས་ཁྱེད་ཉིད་གླེང་དུས་མགྲིན་པའི་བུ་ག་འགག་འདུག་ལ། སྨྱུ་གུའི་སོ་ཁ་ཡང་འདར་གྱིན་འདུག ཡང་སྙིང་ངས་ཅི་ཞིག་དགོས་མིན་གཏན་ནས་མ་ཤེས།  
གལ་སྲིད་ཁྱོད་འཇིག་རྟེན་འདིར་འཚོ་གནས་སུ་ཡོད་ཚེ། ཉིད་ཀྱིས་འདོད་པའི་དོན་རྣམས་གེགས་མེད་ཡིད་བསམ་ལྟར་འགྲུབ་པར་ཤོག་ཅིག་དང་། གལ་སྲིད་འཇིག་རྟེན་གཞན་དུ་ཕྱིན་ཟིན་ན་༼ཨོཾ་མཎི་པདྨེ་ཧཱུཾ་༽དང་ལྷན་དུ་བདེ་འགྲོའི་རྟེན་བཟང་རིམ་པར་བརྒྱུད་ནས་གཏན་བདེའི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པའི་སྨོན་ལམ་ཡོད། ངོ་མ་ཡོད། གླིང་ཚའི་ཕོ་རྒོད་ལགས། བུ་གཅེས་ལགས། རིགས་བཟང་ལགས། མཁྱེན་སོང་ངམ། གླིང་ཚ་ལགས།

 

བསམ་ཚུལ།

Post navigation

Previous Post: བོད་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་འཚོལ་བ།
Next Post: བསྟོད་པ་ཚད་མར་གྱུར་པ་ལེགས་བཤད་སྙིང་པོའི་རྒྱན་དོན་བཞིན་གསལ་བ་ཚིག་གི་ཉིན་བྱེད།

Comments (12) on “ད་དུང་ཡང་ངུ་སྙིང་འདོད།”

  1. ཨ། says:
    2015-06-08 at 7:17 am

    གླིང་ཚ་རྒྱལ་གྱུར་ཅིག

  2. ཇུས་ཏོག་ says:
    2015-06-08 at 12:10 pm

    ཕོ་རྒོད་གླིང་ཚ་རྡ་་རམ་ས་ནས་ཕེབས་སྐྱེལ་ཞུ་མཁན་གྱི་ཚོགས་པ་ག་གེ་མོ་མང་པོ་ཡོད་པ་དེ་ཚོ་ག་པར་ཡོད་། ད་གླིང་ཚ་འཚོལ་ལ་རྒྱུགསལུག་གི་ལུད་མ་ལ་ར་གི་ངོ་གསོ་གཏོང་མཁན་གྱི་ཚོགས་སྐྱིད་དེ་ཚོ་གཉིད་ཤོར་བ་མིན་འགྲོ་
    དར་མ་ཁ་གཡང་ཆེན་པོ་དེ།་་དཔའ་བོ་དགྲ་ཁ་གཡུག་འདོད་རེད་ཟེར་བའི་གཏམ་དེ་བདེན་ཡང་བདེན་ལ་བདེན་པ་ཆེ།

  3. ཆོས་འཕེལ་དར་རྒྱས་ says:
    2015-06-08 at 4:36 pm

    ལམ་ཁ་གསུམ་ཙམ་ལས་ཡོད་མ་རེད།
    ༡༽ ཁོང་རྒྱ་གར་ནས་ཐོན་ལ་བོད་དུ་འབྱོར་ཡོད་པ་དང་བཙོན་ཁང་ཞིག་ལ་ཡོད་ངེས།
    ༢༽ ཁོང་རྒྱ་གར་ནང་གོམ་བགྲོད་བྱེད་བཞིན་སྐབས་རྒྱ་ནག་གིས་ཅག་ཚོགས་གང་རུང་མངག་ནས་གསང་བའི་ཐོག་གང་ཞིག་ལ་ཉར་ཡོད་པའམ་སྲོག་གཅོད་བྱས་བ།
    ༣༽ ཁོང་རང་ངོས་ནས་ལས་འགུལ་འཚམ་བཞག་ནས་གང་ཞིག་ན་ཁ་ཁུ་སུམ་པོར་འཚོ་བཞིན་པ།

  4. བཙན་པོ། says:
    2015-06-08 at 7:21 pm

    བླ་མ་དཔོན་པོ་ཚོའི་བུ་རབས་ཚ་རྒྱུད་མིན་དུས་མི་ཞིག་འདི་ལྟར་བོར་འགྲོ་གི སྐུ་དྲག་མི་དྲག་ཚོའི་ཤ་དང་རུས་ལ་མ་གཏོགས་དུས་འབངས་མི་ཕལ་བ་ཞིག་གི་ཤི་གསོན་ཡང་ང་ཚོས་མི་ཤེས་གི ཁ་བདེ་ཁོག་བདེ་ཚོའི་རྒྱབ་ན་འ་མདའ་མེད་དུས་དཔའ་བོ་ཁེར་འགྲོ་ཞིག་གི་ཚེ་སྲོག་ང་ཚོར་མ་མི་མཁོ་གི “འཇིག་རྟེན་དཀར་ངོགས་འོག་འདི།། བདག་མེད་ཡོང་ས་མ་རེད།།”

  5. BONPO says:
    2015-06-08 at 10:53 pm

    གླིང་ཚའམ་བོད་ལྷ་ཀླུ་གཉན་གསུམ་ལགས། གོ་ཐོས་མེད་པར་གྱུར་སོང་བ་དེར། བློ་བདེ་པོ་རང་མ་བྱུང་། ཁོང་བདེ་འཚམས་ཡིན་པའི་རེ་བ་ཡོད། །

  6. གངས་སྤྲེལ་ཚ། says:
    2015-06-09 at 1:29 am

    གླིང་ཚ་་བརྩེ་བའི་གཟའ་ཟླ་དང་ལྷན་སྐྱིད་ཉལ་བྱས་ཡོད་པ་ལ།་འུར་མ་སློང་་་་་

  7. པདྨ says:
    2015-06-09 at 2:28 am

    ཁོ་བདེ་བོ་རེད། དབུ་སེངྒེའི་གཡུ་རལ་དགུང་ལ་གཡུགས།།སེམས་ལ་རྒྱའི་མདུད་པ་ཧྲིལ་གྱིས་བསྒྲིལ།།་་་་་་་་

  8. ཤར་པ་ says:
    2015-06-09 at 6:04 am

    གླིང་ཚ་ལགས་། བཀའ་དྲིན་ཆེ། ཁྱེད་ཀྱི་མི་ཚེ་དང། ཁྱེད་ཀྱི་ཡོད་ཚད་བོད་མི་དམངས་ཀྱི་དོན་དུ་གཏང་བ་ནི་ནམ་ཡང་རྗེད་ཐབས་མེད།

  9. བཙན་པོ། says:
    2015-06-09 at 7:48 am

    Ranging ཁྱོད་ལ་བཟའ་ཟླ་གཟའ་རོ་ཞིག་ཡོད་པ་འདྲ།

  10. བློན་གངས་བུ། says:
    2015-06-09 at 1:10 pm

    དོན་ངོ་མ་ཅི་ཞིག་གི་དོན་དུ་གང་ཟིག་ནས་བརླགས་སོང་།

  11. གཅན་འོད་འབར། says:
    2015-06-11 at 2:30 am

    དཔའ་བོ་གླིང་ཚ་གླེང་མཁན་མང་མང་རེད།། དཔའ་བོ་གླིང་ཚ་འཚོལ་མཁན་ཉུང་ཉུང་རེད།།

  12. ལྡོང་གསེར་མིག says:
    2015-06-12 at 10:26 pm

    ཨ་རོགས་ཚོ། གླིང་ཚས་མི་རིགས་ཀྱི་ཆེད་དུ་ལུས་སེམས་ལོངས་སྤྱོད་ནང་མི་དང་བཅས་པ་བློས་བཏང་སྟེ་རང་དབང་སྤྱི་རྒྱ་རང་གིས་བཅད་པ་རེད། ཁྱོད་ཚོས་འཚོལ་བས་རྙེད་འགྲོ་བ་དང་། མ་བཙལ་བས་བརླག་འགྲོ་བ་གང་ཡང་མེད་པའི་མི་རང་ཚུགས་ཅན་ཞིག་རེད། རྒྱུ་ཅན་རིག་ན་ཧེབ་ལང་མཁན་དང་། སྤྲང་པོ་རིག་ན་མིག་བཟུར་མཁན། དཔོན་པོ་རིག་ན་ལྕེ་བསྣར་མཁན་དང་། བླ་མ་རིག་ན་མགོ་སྐོར་བའི་མི་ཐེབ་ཅག་ཅིག་རྩ་བ་ནས་མ་རེད། ཁྱོད་ཚོས་གླིང་ཚ་ཚེ་རྡོར་ལ་ཤ་ཚ་མདོག་དང་ཇུས་མེད་ཇུས་གཏོགས་མ་བྱེད། ཁོས་ནམ་ཞིག་ས་གཞི་ཡིན་ཡང་གཤག་ནས་ཡོང་གི་རེད་ལ། ནམ་མཁའ་ཡིན་ཡང་རལ་ནས་ཡོང་གི་རེད། ལྟོས་བསྡད་ཨ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme