Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་དང་རིག་ལྡན་རྒྱ་མཚོ་

Posted on 2010-03-172010-03-17 By ཁ་བརྡ་ 10 Comments on གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་དང་རིག་ལྡན་རྒྱ་མཚོ་

ད་རེས་གཟའ་སྤེན་པའི་ཕྱི་དྲོ་དུས་ཚོད་གཉིས་པ་ནས་བཞི་བའི་བར་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་དང་རིག་ལྡན་རྒྱ་མཚོ་གཉིས་ནས་ཁོང་གཉིས་ནས་ད་ཕན་གློག་བརྙན་བཟོས་པའི་མྱོང་ཚོར་སྐོར་གླེང་མོལ་བྱེད་ཀྱི་འདུག་་་་ཀོ་ལུམ་སྦི་ཡ་སློབ་གྲྭ་ཆེན་མོའི་བོད་ཀྱི་གློག་བརྙན་གྱི་ཆེད་མཁས་ Dr. Robert Barnettལགསནས་གླེང་མོལ་དེའི་གླེང་སྣ་འདྲེན་རྒྱུ་རེད་ཟེར།་

པད་མ་ཚེ་བརྟན་ལགས་ནི་མ་ནི་རྡོ་འབུམ་ཟེར་བའི་གློག་བརྙན་དེ་བཟོ་མཁན་ཡིན་ལ་ད་རེས་འཚོལ་ཟེར་བའི་གློག་བརྙན་གསར་པ་ཞིག་བཟོས་ནས་ནེའུ་ཡོག་ལ་ཕེབས་ཡོད་པ་དང་།་་་རིག་ལྡན་རྒྱ་མཚོ་ནི་བོད་མིའི་ཁྲོད་དུ་་བྱིས་པའི་གློག་བརྙན་དང་པོ་དེ་ཡིན་པ་དང་།་་་ད་ཕན་མ་མོ་དབུས་ལམ་དང་།་་་བུ་མོ་ལྷ་རིས་མ།་་་སྤྱང་ཀི་བཏུལ་བ།་་་གྲོང་ཆོག་པར་མགོ་བསྐོར་བ་ཟེར་བ་ལྟ་བུའི་བྱིས་པའི་གློག་བརྙན་དུ་མ་བཟོས་འདུག་་་་

ཁོང་གཉིས་ད་རེས་ནེའུ་ཡོག་ལ་བོད་ཀྱི་གློག་བརྙན་སྟོན་པའི་ལས་འགུལ་Tibet In Harlem ཟེར་བ་ཞིག་ལ་ཁོང་གཉིས་ཀྱི་གསར་བཟོས་གློག་བརྙན་སྟོད་དུ་གདན་འདྲེན་ཞུས་པ་རེད་ཟེར།་་་་དེའི་ཤེས་འདོད་ཡོད་པ་རྣམས་http://www.columbia.edu/cu/tibetfilms/ ཟེར་བ་ལ་ཕེབས་གནས་ཚུལ་ཞིབ་རྒྱས་འདུག་གོ

གསལ་བསྒྲགས།

Post navigation

Previous Post: རིགས་རུས་ཀྱི་འགྱུར་བག་ཁྲོད་ནས་ངུས་པ།
Next Post: དབུ་མའི་ལམ་༧རྒྱལ་བ་རིན་པོའི་ཆེའི་དགོངས་པ་རེད་དམ།

Comments (10) on “གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་དང་རིག་ལྡན་རྒྱ་མཚོ་”

  1. ཀརྨ་རྡོ་རྗེ་ says:
    2010-03-17 at 4:38 pm

    བོད་ཀྱི་དུས་བབ། དྲ་ཚིགས་ཀློག་མི་ཐུབ་པ་ཆགས་འདུག སྔར་ལྟར་བསྣུན་ན། http://www.tibettimes.net ཅེས་པ་ཞིག་ཐོན་བགྱིད་འདུག ཐབས་ཅི་ཡོད་དམ།

  2. དགེ་འདུན་རབ་གསལ་ says:
    2010-03-17 at 4:42 pm

    http://tibettimes.tibethosting.com/
    གོང་གི་འདི་ལ་བསྣུན་ན་ཡོང་བ་འདུག་ གཟིགས་རོགས

  3. ཀརྨ་རྡོ་རྗེ་ says:
    2010-03-17 at 5:15 pm

    དགེ་འདུན་རབ་གསལ་ལགས། ལམ་སྟོན་ལ་ཐུགས་རྗེ་ཆེ་ཞུ།

  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-17 at 8:38 pm

    པད་མ་ཚེ་བརྟན་དང་རིག་ལྡན་རྒྱ་མཚོ་གཉིས་ཀ་ངར་བ་རེད།
    ཐོག་མར་འདི་གཉིས་ཀས་བརྩམས་སྒྲུང་མང་པོ་བྲིས་སོང་། དེའི་རྗེས་སུ་གློག་བརྙན་བཟོས་སོང་། གློག་བརྙན་གྱི་བརྗོད་བྱའི་མཚམས་ལན་རེར་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལ་རོགས་རམ་བྱེད་ཞོར་བྱེད་ཞོར། བོད་རིགས་རྩོམ་འབྲི་བ་གཞན་པ་འགའ་ཡང་གློག་བརྙན་གྱི་ལམ་བུ་འདིར་འཇུ་བཅུག་སོང་། དེ་རིང་སང་ཉིན། བོད་ནང་ན་གློག་བརྙན་འཁྲབ་མཁན་དང་བཟོ་མཁན་ཇེ་མང་ལ་འགྲོ་གི་ཡོད། རྩོམ་པ་པོ་དང་གཞས་གཏོང་མཁན་ཚོའི་ཁྲོད་ན། གློག་བརྙན་བཟོ་བསྐྲུན་གྱི་ལམ་བུ་འདིར་འཇུ་མཁན་ཇེ་མང་ལ་འགྲོ་གི་འདུག
    གང་ལྟར། འདི་ཚོ་ངར་བ་རེད།

  5. གཅན་བཟོད་རྒྱམ། says:
    2010-03-18 at 5:13 am

    དྲ་གྲོགས་སུ་ཞིག་གིས་པད་མ་ཚེ་བརྟན་དང་རིག་ལྡན་རྒྱ་མཚོ་གཉིས་ངོ་སྤྲོད་མདོར་བསྡུས་རེ་བྱོས་དང་། ཁོང་གཉིས་ཀར་བཀྲ་ཤིས་བདེ་ལེགས་དང་འབྱུར་འགྱུར་གྱི་བྱ་བཞག་རྣམས་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།

  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-19 at 12:41 pm

    གཅན་བཟོད་རྒྱམ་ལགས།
    པད་མ་ཚེ་བརྟན་དང་རིག་ལྡན་རྒྱ་མཚོ་གཉིས་ཀ་ངོ་སྤྲོད་ཆ་ཚང་ཞིག་བྱེད་ཐུབ་ན་བསམ་ནས་། དྲ་ཐོག་གང་སར་བཙལ་བ་ཡིན། ཆ་ཚང་བ་ཞིག་རྙེད་མ་སོང་།
    ཀོ་ལུམ་རྦི་ཡ་གཙུག་ལག་སློབ་ཁང་དུ་སློབ་གཉེར་གནང་བཞིན་པའི་ངེད་ཀྱི་ངོ་ཤེས་ཞིག་གིས། གཟའ་ཉི་མའི་ཉིན་ཁོང་གཉིས་གྲོང་ཁྱེར་ནང་ལ་སྤྲོ་འཆམ་ཞིག་ལ་འཁྲིད་ཀྱི་ཡོད་ཟེར།
    གོ་སྐབས་དེ་དང་བསྟུན་ནས། ཁོང་གཉིས་ལ་བཅར་འདྲི་ཐུང་ཐུང་རེ་དང་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཁ་ཚང་རེ་རག་ཨེ་ཐུབ་ལྟོས་ལབ་ཡོད། གཅིག་བྱས་ན།
    གནས་ཚུལ་འགའ་རག་སྲིད་པ་རེད། ངེད་ཀྱི་གྲོགས་པོར་རག་པ་ཡིན་ན། དྲ་ཐོག་ལ་བཞག་ཆོག གཞན་ཐབས་ཤེས་མི་འདུག

  7. བཀྲིས། says:
    2010-03-20 at 9:39 am

    བོད་ཀྱི་གློག་བརྙན་བཟོ་མཁན་ཁོང་གཉིས་ལ་བཅར་འདྲི་ལྷོད་པོ་རེ་བྱེད་ཐུབ་ན་ཧ་ཅང་བཟང་གི་་་་ད་དུང་དེ་འདྲ་བྱུང་
    ན་ངེས་པར་དུ་དབྱིན་ཡིག་ཏུ་བསྒྱུར་ནས་ཕ་ཡུལ་དྲ་རྒྱ་སོགས་སུ་འགོད་ཐུབ་ན་ལྷག་ཏུ་བཟང་།་་་་་་་ཅི་ཕྱིར་བྱས་ན།་་་་་་བཙན་བྱོལ་ནང་གི་
    བོད་རིགས་གཞོན་སྐྱེས་ཚོས་ཕ་ཡུལ་ལྟ་བུའི་དབྱིན་ཡིག་དྲ་རྒྱ་མ་གཏོགས་ད་དུང་ངོ་ཤེས་མི་འདུག་ལ།་་་་་ཤེས་ཀྱང་ཁོང་ཚོར་སྤྲོ་བ་དང་ཤུགས་རྐྱེན་ཆེར་
    སྟེར་མི་ཐུབ་པ་རེད།་་་་་་གང་ལྟར་ཁོང་ཚོ་གལ་ཆེན་གཙིག་ཆེན་ཏུ་འཛིན་དོན་ནི་་་་་་་་་་་་་་་་་་་ཨོ་ང་ལ་ཁོམ་པ་བྱུང་མ་སོང།

  8. གཅན་བཟོད་རྒྱམ། says:
    2010-03-20 at 10:32 am

    པད་མ་ཚེ་བརྟན་གྱི་ལོ་རྒྱུས་གར་ཡོད་བཙལ་བཙལ་མཐར་དབྱིག་ཡིག་ནང་ཡོད་འདི་འདྲ་ཞིག་ལག་སོན་བྱུང་། འདི་ནི་གསར་འབྱོར་བོད་ཡིག་གློག་མཁན་ཚོ་ལས་དབྱིན་ཡིག་ཀློག་མཁན་ཚོས་སྔ་ས་ནས་མཐོཔང་ཡོད་འདུག

    Tibetan Film maker Pema Tseden’s Film wins Award in Shanghai FestivalPosted by: Bhuchung Tsering on: June 22, 2009* In: Of People & Places| Tibetan Cultural World| Tibetan Society* Comment!Yet, another good news on the Tibetan creativity front. Film maker Pema Tseden from Amdo has won the Grand Prize at the Shanghai International Film Festival, which just concluded, for his “The Search.”Film maker Pema Tseden laFilm maker Pema Tseden laThis film is said to be based on a Tibetan opera and reportedly portrays the developments in the search of characters to play the prince and princess in the opera. The Shanghai Festival jury (led by Slumdog Millionaire director Danny Boyle) had an interesting comment regarding Pema Tseden la’s film: “The most challenging film we saw, almost a meditation in patience as well as an exercise in it for the viewer, uncompromising but funny and humane too. We look forward to many more films from Tibet.”I have seen his another film, “The Silent Mani Stones,” which is a good study of the internal turmoil of a young monk in the face of modern cultural onslaughts in his society (This is my take although the film may have a totally different meaning to others.).Here is a brief bio of Pema Tseden (Wanma Caidan), which I found on the internet: “writer, director, male, born in 1969 in Hainan Tibetan Autonomous Prefecture of Qinghai province; a postgraduate from the Department of Tibetan Language and Literature, Northwest University, and Beijing Film Academy. He has been publishing literature works one after another since 1991 in newspapers and magazine , such as Tibetan literature, Tibetan literature and Art, literature of nationalities, etc.”Here is a partial list of films he has directed since 2002. (I have got this from the internet and this may not be a complete list, too):The Silent Holy Stone (plot short film,30 minutes), 2003.A Day of the Little living Buddha, 2003.The Grassland (plot short film, 22minutes), 2004.Love Story (documentary), 2005.The Silent Holy Stone (plot long film), 2005.
    ལོ་རྒྱུས་སྙིང་བསྡུས་འདི་གཤམ་གྱི་དྲ་ཏག་བལྔས་པ་ཡིན།
    http://tibetreport.wordpress.com/2009/06/22/tibetan-film-maker-pema-tseden%E2%80%99s-film-wins-award-in-shanghai-festival/

    ད་ང་ཚོས་རིག་ལྡན་རྒྱ་མཚོའི་ལོ་རྒྱུས་སྙིང་བསྡུས་ཤིག་རག་ཐབས་བྱེད་དགོས།

  9. མགོ་རུལ། says:
    2010-03-20 at 8:26 pm

    རིག་ལྡན་རྒྱ་མཚོ་ངོ་སྤྲོད་ཐུང་ངུ་།

    རུས། ཞིབ་འཇུག་བྱས་མ་མྱོང༌།
    མཚན། རིག་ལྡན་རྒྱ་མཚོ།
    སྨྱུག་མིང༌། སྙུང་བུ། རིག་རྒྱམ།
    འཁྲུངས་ཡུལ། མདོ་སྨད་གཅན་ཚའི་ལྷ་ས་གྲོང་ཚོ།
    འཁྲུངས་སྐར། ༡༩༧༠ལོའི་ཟླ་༩པར།
    ད་ལྟའི་ལས་ཀ བརྙན་ཕབ།
    གློག་འཕྲིན་ཡིག་སྒམ། riggam@yahoo.com.cn
    ཡོན་ཚད། སློབ་ཆེན།
    ལས་ཐོབ།
    རྩོམ་འབྲི་མགོ་རྩོམ་དུས། ༡༩༨༣ལོ་ནས།
    དགའ་ཕྱོགས།(མང་དུ་བསྐང་ཡང་ཆོག) ཇ་འཐུང་རྒྱུ།
    ཚབ་མཚོན་བརྩམས་ཆོས། (གཅིག་ནས་གསུམ་བར་འབྲི་ཆོག) ད་དུང་མེད།
    ཉེ་བའི་འཆར་གཞི། བོད་ཀྱི་བྱིས་པ་ཚོར་ལྟ་རྒྱུའི་གློག་བརྙན་སྐྲུན་འདོད།
    དད་པ་བྱེད་སའི་མི། (མང་དུ་བསྐང་ཡང་ཆོག) རྗེ་རིན་པོ་ཆེ།
    ཆེས་ཀློག་སྤྲོ་བའི་དཔེ་དེབ། (མང་དུ་བསྐང་ཡང་ཆོག) <>
    སོང་མྱོང་བའི་ས་ཆ། (མང་དུ་བསྐང་ཡང་ཆོག) རྡ་ས། པེ་ཅིང་། མགོ་ལོག
    ཆེས་བརྗེད་དཀའ་བའི་བྱ་བ། སློབ་ཆེན་སྐབས་སུ་རྦབ་ཆུ་ཞེས་པའི་དུས་དེབ་ཀྱི་བར་བཅུག་རི་མོར་གངས་སེང་གི་ དཔེ་རིས་ཤིག་འཇོག་དུས། དགེ་རྒན་ཞིག་གིས་འདི་ཁྱི་ཞིག་རེད་དམ་ཞེས་ཁྲེལ་དགོད་བྱས་མྱོང་བ།
    ཁྱེད་ཀྱི་འདོད་པ་ལྟར་འཇིག་རྟེན་འདིའི་ངོ་བོ་ཚིག་གཅིག་གིས་མཚོན་དགོས་ན་ཚིག་དེ་ནི། རྩེད་མོ་ཙམ།
    བུད་མེད་ཀྱིས་བཞག་པའི་ཚོར་བ་ནི། བློ་ཕམ།
    ཆེས་དགའ་སའི་བོད་ཀྱི་རྩོམ་པ་པོ། རུས་པའི་རྒྱན་ཅན། རྫ་དཔལ་སྤྲུལ། ཚེ་རིང་དོན་གྲུབ།
    ཆེས་དགའ་སའི་རྒྱ་ནག་གི་རྩོམ་པ་པོ། ལུའུ་ཞུན།
    ཆེས་དགའ་སའི་ཕྱི་གླིང་གི་རྩོམ་པ་པོ། ཁཱ་བི་ཁཱ།
    འདང་ཆེ་བའི་གྲོགས་པོ། (མང་དུ་བསྐང་ཡང་ཆོག) ད་དུང་མེད།
    ཀློག་པ་པོར་བརྗོད་འདོད་པའི་སྐད་ཆ། ཐུགས་རྒྱལ་མི་བཞེངས་རོགས། ངས་ཁྱེད་ཚོའི་ཀློག་འདོད་སྐོང་མ་ཐུབ།
    གལ་ཏེ་རྩོམ་རིག་ཅེས་པ་དེ་མེད་ཚེ་དེའི་ཚབ་ཅི་ཞིག་གིས་བྱེད་ཅེས་ན།མེ་ཏོག་འདེབས་རྒྱུ།
    ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབས་དེ་ཅི་འདྲ་ཞིག་རེད་ཅེས་ན།སྲོག་རྩ་གྲུབ་མ་གྲུབ་ཀྱི་ཚད།
    རང་རེ་བོད་ཀྱི་འཛམ་གླིང་ལ་ངོམ་དུ་རུང་བ་དེ་གང་རེད་ཅེས་ན།རྟེན་འབྲེལ་གྱི་ལྟ་བ། གླིང་གེ་སར་རྒྱལ་བོའི་སྒྲུང༌།
    རྩོམ་པ་པོ་ཞིག་ལ་ཆེས་འཛོམས་དགོས་པའི་ཆ་རྐྱེན་དེ་གང་རེད་ཅེས་ན། དཔེ་ཆར་ལྟ་རྒྱུ། མིའི་མིག་མདངས་ཀྱི་ཟབ་སར་བསྙེགས་རྒྱུ།
    ཆང་རག་སྤྱད་པར་ལེགས་ཉེས་ཅི་ཡོད་ཅེས་ན། ཆང་འཐུང་རྗེས་བྱ་བ་ལེགས་པོ་བསྒྲུབ་མི་ཐུབ།
    རྩོམ་རིག་དང་དངུལ་ལོར་བར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། འབྲེལ་བ་མེད།
    རྩོམ་རིག་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན།མིག་སྔར་ང་ཚོའི་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་མི་ཐུབ།
    རྩོམ་འབྲི་བར་སྨྱུ་གུ་བཀོལ་ན་ལེགས་སམ་གློག་ཀླད་བཀོལ་ན་ལེགས་ཞེས་ན། གློག་ཀླད།
    འཆི་བའི་ཕྱོགས་ལ་མནོ་བསམ་བཏང་ཨེ་མྱོང་ཞེས་ན། སྒྱུ་རྩལ་རྩོམ་རིག་གི་བྱ་བཞག་གཉེར་བ་ནི་མ་གཞི་ཤི་གསོན་ལ་ཞིབ་འཇུག་བྱེད་པ་ཉིད་རེད།

  10. གཅན་བཟོད་རྒྱམ། says:
    2010-03-22 at 9:41 am

    མགོ་རུལ་ལགས་ཀྱིས་རིག་ལྡན་རྒྱ་མཚོའི་ལོ་རྒྱུས་ཆེས་སྙིང་བསྡུས་སུ་བཀོད་གནང་བར་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme