Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩིས་པ་ག་གེ་མོས་དེ་ལྟར་ལུང་བསྟན་ཡོད་རེད་ཟེར།

Posted on 2015-05-202015-05-20 By ཁ་བརྡ་ 4 Comments on རྩིས་པ་ག་གེ་མོས་དེ་ལྟར་ལུང་བསྟན་ཡོད་རེད་ཟེར།

དགེ་འདུན་བསྟན་འཛིན།

 
དེ་རིང་ནི་སྤྱི་ཟླ་༥ ཚེས་༢༠ སྟེ་༤•༢༥ ས་འགུལ་བྱུང་ནས་ཉིན་༢༥ ཕྱིན་པའི་ཉིན་མོ་རེད། དེ་རིང་སྔ་དྲོ་དང་ཉིན་གུང་། ས་སྲོད་བཅས་སོ་སོར་ས་འགུལ་འགུལ་ཤུགས་མི་ཆེ་རུང་ལྡིར་སྒྲ་ཧ་ཅང་ཆེ་བ་རེ་བརྒྱབ། མི་རྣམས་ཀྱིས་ཁ་སང་གཟའ་མིག་དམར་དང་གཞེས་ཉིན་གཟའ་སྤེན་པ་གཉིས་ལ་ས་འགུལ་ཆེན་པོ་འོང་ཉེན་ཡོད་ཚུལ་རྒྱ་ཆེར་བསྒྲགས་སོང་། རྩིས་པ་ག་གེ་མོས་དེ་ལྟར་ལུང་བསྟན་ཡོད་རེད་ཟེར། གཟའ་མིག་དམར་སོང་ཟིན་ལ་ས་འགུལ་ཆུང་ངུ་ཙམ་ལས་མ་བརྒྱབ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རང་རྣམ་དུ་སངས་རྒྱས་ཀྱི་ལུང་བསྟན་ཡང་དོན་དུ་འགྱུར་མི་འགྱུར་སྣ་ཚོགས་ཡོད་པར་གསུངས་འདུག
དེས་ན་རྩིས་པ་ག་གེ་མོའི་ལུང་བསྟན་ལ་ཡིད་ཆེས་བྱེད་རིན་ཅི་ལ་ཡོད། ཡིན་ནའང་གཟའ་སྤེན་པ་ད་དུང་འོང་རྒྱུར་བསྡད་ཡོད་ལ། གཅིག་བྱས་ན། མང་པོ་མང་པོ་བཤད་ན་ཐིག་པའི་དཔེ་ལྟར། དེ་འདྲའི་ལུང་བསྟན་དོན་ཐོག་ལ་མི་འགྲོ་བའི་ངེས་པའང་མེད་སྙམ།

ས་འགུལ་མ་རྒྱུགས་གོང་ནས་ས་རྒྱུས་སྨྲ་བ་རྣམས་ཀྱིས། བལ་ཡུལ་ལ་ས་འགུལ་རྒྱུག་པའི་ཉེན་ཁ་ཡོད་ཚུལ་ཐེངས་འགར་བསྒྲགས་ཡོད་པ་དང་། དེ་ཡང་ས་འགུལ་མ་བྱུང་བའི་བདུན་ཕྲག་གཅིག་གི་ནང་ལ་བསྒྲགས་ཡོད་པ་རེད། ཡིན་ནའང་། མི་རྣམས་ཀྱིས་འདི་ལྟ་བུའི་ཤུགས་ཚད་ཆེ་བའི་ས་འགུལ་ཞིག་འོང་སྲིད་པའི་གྲ་སྒྲིག་མ་བྱས་པ་དང་། ལྷག་པར་དུ་སྲིད་གཞུང་གིས་དེའི་ཐད་ལ་འཐུས་ཤོར་ཚབས་ཆེན་ཕྱིན་ཡོད་པས། ཐེངས་འདིའི་ཆག་སྒོ་འདི་བྱུང་བ་རེད། འདི་ལྟར་བཤད་ན་འདི་ཡང་ལུང་བསྟན་ཞིག་ལས་མ་འདས་པར་མ་ཟད། འཁྲུལ་བ་མེད་པའི་ལུང་བསྟན་ཞིག་ཏུ་གྱུར་པའང་རེད་མོད། འདི་ནི་ཚན་རིག་གི་ལུང་བསྟན་ཡིན་པ་དང་། བསྟན་དོན་མངོན་དུ་གྱུར་ཟིན་པའི་ལུང་བསྟན་ཞིག་རེད།
གནའ་བོའི་རྩིས་ཀྱི་རིག་པ་དེ་དག་ད་ལྟའི་ཚན་རིག་གི་རིགས་པའི་རྒྱ་མར་བཀྱགས་ན། ལྗིད་གོག་གཏན་ནས་མེད་པ་ཞིག་ཡིན་ག་ལ་སྲིད། འོན་ཀྱང་། ང་ནི་དེ་འདྲའི་རིགས་ལ་ཡིད་མི་ཆེས་པ་ཞིག་ཡིན། གང་ལྟར། ཉིན་གཉིས་ལས་མེད་པས་བལྟས་པས་ཆོག་གོ།

མཚམས་འདིར་སླེབས་དུས། ངས་གནད་དོན་གཞན་ཞིག་དྲན་བྱུང་། བལ་ཡུལ་ལ་ས་འགུལ་གྱི་ཆག་སྒོ་བྱུང་ནས་མི་རྒྱུ་གཉིས་ཀར་གྱོང་གུན་ཚབས་ཆེན་ཐེབས་པ་ལ། དགོན་ཁག་དུ་མས་སྣེ་འཁྲིད་དེ་མྱུར་སྐྱོབ་ཀྱི་ལས་འགུལ་ཧ་ལས་པའི་གཞི་རྒྱ་ཆེན་པོ་ཞིག་བརྩམས་དང་རྩོམ་བཞིན་ཡོད། དེའི་ནང་དུ་ཚོགས་པ་ཡོད་པར་མ་ཟད། སྒེར་པ་ཡང་མང་པོ་ཡོད། དེ་ལྟ་བུའི་རྣམ་དཀར་གྱི་བྱ་བ་ལ་ཡི་རང་ཤོར་ནས་ང་ཡང་དང་བླངས་པར་མཉམ་ཞུགས་བྱས་པ་ཡིན་ལ། རང་གིས་གང་མཐོང་གང་ཐོས་ཉིན་ཐོར་བཀོད་ནས་ངོ་དེབ་སོགས་སུ་འགོད་སྤེལ་བྱེད་ཀྱིན་ཡོད། ཀློག་མཁན་ཧ་ཅང་མང་པོས་བསྔགས་བརྗོད་གནང་བར་མ་ཟད། སེམས་ཤུགས་སྤར་རོགས་བྱས་པ་དང་གནས་ཚུལ་བརྒྱུད་འགོད་བྱེད་པ་སོགས་ཕྱོགས་མང་པོ་ནས་མཉམ་ཞུགས་ལ་འབད་པ་གནང་སོང་། འོན་ཀྱང་། འགའ་ཞིག་གིས་བལ་པོས་བོད་མི་སྐྱབས་བཅོལ་བར་སྡུག་པོ་བཏང་རབས་བཤད་པར་མ་ཟད། ལྷག་པར་དུ་ལ་ལས་དེ་སྔའི་གོར་བོད་དམག་འཁྲུག་སྐོར་གླེང་ཡོང་གི་འདུག

མདོར་དྲིལ་ན། ང་ཚོས་བལ་པོའི་མི་སེར་སྐྱོ་བོ་རྣམས་ལ་རོགས་རམ་བྱས་པ་ལ། བོད་མི་འགའ་ཞིག་གིས་མ་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོང་གི་འདུག འདི་ནི་ཧ་ཅང་ཐབས་རྡུགས་རེད། ང་ཚོས་ལོ་རྒྱུས་ལས་ཉམས་མྱོང་དང་ལེགས་ཆ་ལེན་དགོས་པ་ལས། འཁོན་འཛིན་ནམ་ཡང་ལེན་མི་རུང་། འབྱུང་འགྱུར་གྱི་ཆེད་དུ་འདས་པ་བློས་གཏོང་བ་ལས། འདས་པའི་ཆེད་དུ་འབྱུང་འགྱུར་བློས་གཏོང་བ་ནི་བླུན་པོའི་ཡང་བླུན་མ་ཡིན་ནམ། ཅི་བྱས་རུང་བལ་བོད་གཉིས་ནི་སྔར་ཡང་ཁྱིམ་མཚེས་ཡིན་ལ་ད་ལྟའང་ཁྱིམ་མཚེས་ཡིན་པར་མ་ཟད། ཕྱིས་ཀྱང་ཁྱིམ་མཚེས་ཡིན། བློ་རྒྱ་ཆེར་བསྐྱེད་ཀྱིས་འཆམ་མཐུན་གྱི་ཁྱིམ་མཚེས་བསྐྲུན་དགོས།

2015/5/20 གཟའ་ལྷག་པ།

དྲན་ཐོ།

Post navigation

Previous Post: གནམ་རྒན་མ།
Next Post: འོད་ཀྱི་གཤོག་པ།

Comments (4) on “རྩིས་པ་ག་གེ་མོས་དེ་ལྟར་ལུང་བསྟན་ཡོད་རེད་ཟེར།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-05-21 at 7:13 am

    ་་་་་་་་་་ འབྱུང་འགྱུར་གྱི་ཆེད་དུ་འདས་པ་བློས་གཏོང་བ་ལས། འདས་པའི་ཆེད་དུ་འབྱུང་འགྱུར་བློས་གཏོང་བ་ནི་བླུན་པོའི་ཡང་བླུན་མ་ཡིན་ནམ། ་་་་་་་་་་་་་་་་་

  2. ཇུས་ཏོག་ says:
    2015-05-21 at 9:19 am

    ཡག་པོ་རེད་དཀའ་ངལ་ཡོད་སར་ཕན་ཐོག་ན་ཆོས་རེད་ད་འགྲིག་འདུག་་།
    དགོས་མེད་ཀྱི་ཚིིག་སྙོག་མང་པོ་བཀོད་མི་ཉན་ཕན་ལས་གནོད་དུ་འགྲི་སྲིད་།
    མི་མང་གི་འཚོ་གནས་དང་ཆབ་སྲིད་གཉིས་ནམ་ཡང་བསྲེ་མི་ཉན་ནོ་།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-21 at 10:22 am

    དགེ་འདུན་བསྟན་འཛིན་མཆོག་གིས་བལ་ཡུལ་ས་འགུལ་བྱུང་བ་ཉམས་མྱོང་ལྟ་བུར་བྲིས་ཤིང་། ཡི་གེའི་དག་ཆ་ཐེངས་ཟེར་བ་སོགས་ཁ་ཤས་མ་གཏོགས་པ་དག་ཆ་ལེགས་པར་མཐོངང་བས་དཀའ་སྤྲོ་ཆེ། ཚང་མས་གང་ཐུབ་ས་གཡོས་ཀྱིས་ཉམ་ཐག་པ་དག་ལ་གྲོགས་རམ་རེ་བསྐུར་མཛད་ཀྱི་རེ་འདུན། བདག་རང་གིས་ཀྱང་ཞལ་འདེབས་གྲོགས་དངུལ་མང་ཉུང་བསྐུར་པ་ཟིན་པ་ཡིན། ད་དུང་མ་འོངས་པ་ན་འབུལ་ཐུབ་པའི་རེ་འདུན་ལགས། དེ་བཞིན་བོད་རིགས་ཚང་མས་ཁྱིས་མཚེས་པར་གྲོགས་རམ་མང་ཉུང་རེ་བསྐུར་གྲོགས་མཛད་ན། ཐིགས་པ་བསགས་པས་རྒྱ་མཚོ་ཞེས་པར་འགྱུར་རོ།

  4. གངས་བཙན་པོ། says:
    2015-06-17 at 3:48 am

    ས་ཡོམ་ཁྲོད་བལ་ཡུལ་གྱི་བོད་མི་ ༡༣ རྐྱེན་འདས་སུ་སོང་འདུག
    བལ་ཡུལ་གློག་བརྙན་།
    https://www.youtube.com/watch?v=yIA8oBIKSQo

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme