Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་ཚེ་སྲོག་སྲུང་སྐྱོབ་ཀྱི་འབོད་སྐུལ།

Posted on 2015-05-172015-05-17 By ཁ་བརྡ 1 Comment on བོད་མིའི་ཚེ་སྲོག་སྲུང་སྐྱོབ་ཀྱི་འབོད་སྐུལ།

རྩོམ་པ་པོ། དེད་དཔོན།

 

བོད་མི་རེ་རེའི་ཚེ་སྲོག་ནི་མི་རིགས་འདིའི་ལས་དབང་དང་འབྲེལ་བ་གཏིང་ཟབ་ཡོད།

རི་ཁ་བ་ཅན་གྱི་ཕུ་ནུ་མིང་སྲིང་ཚོས། རང་རིགས་ཀྱི་ཆོས་རིག་སྲུང་སྐྱོབ་ཆེད་འོ་དོད་ཕྱོགས་བཞིར་བཀྱེ་བཞིན་ངལ་དུབ་ཁུར་དུ་ལེན་ན་ཡང་། དོན་ངོ་མ་ཆོས་རིག་སྲུང་སྐྱོབ་ཀྱི་རྨང་གཞི་ཇི་ལྟར་འདིང་དགོས་པར་མནོ་བསམ་ཞིབ་ཏུ་བཏང་མེད་པ་དང་། བཏང་ཡང་འཐུས་སྒོ་ཚང་མེད་པར་སེམས། རང་གི་རིགས་ལ་གློ་བ་ཉེ་བའི་དྲན་དབང་འགས་ཆོས་རིག་སྲུང་སྐྱོབ་ཀྱི་རྨང་གཞི་ནི་སྐད་ཡིག་སྲུང་སྐྱོབ་བྱ་དགོས། མི་རིགས་འདིའི་སྐད་ཡིག་ཉམ་རྒུད་དུ་སོང་ན། སྐད་ཡིག་དེར་བརྟེན་པའི་ཆབ་དཔལ་རིག་གསུམ་དག་མེ་ཤི་བའི་དུ་བ་ལྟར་མི་མངོན་དབྱིངས་སུ་འཐིམ་འགྲོ་བར་བཤད་དེ། སྐད་ཡིག་སྲུང་སྐྱོབ་ཆེད་དུ་བྱ་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན་ནའང་། བྱ་འགུལ་དེ་དག་ནད་ཐོག་གི་སྨན་དང་དུས་ཐོག་ལ་ཆར་གྱི་དཔེ་ལྟར་སོང་མེད་པའམ་གནད་ལ་དེ་ཙམ་ཁེལ་མེད།

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་ན་ཐོག་དང་པོར་བོད་མི་རེ་རེ་བཞིན་ཚེ་སྲོག་སྲུང་སྐྱོབ་བྱ་དགོས། མི་རིགས་གང་དང་གང་ཡིན་ཡང་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་མེད་ན། མི་རིགས་དེའི་ཆོས་རིག་རྣམས་ས་འཐིམ་རྡོ་འཐིམ་དུ་འགྱུར་པ་ནི་དངོས་པོའི་ཆོས་ཉིད་ཡིན། དེས་ན་སྒང་པ་བོད་ཀྱི་ཆོས་རིག་མ་ལག་དང་བཅས་པ་གཅེས་སྲུང་འདོད་པ་དག་གིས། ཆོས་རིག་དེ་ལ་རྣམ་ཤེས་འཁོར་མཁན་གྱི་མི་བུ་དག་གི་ཚེ་སྲོག་གཅེས་སྲུང་བྱེད་པ་ནི། དུས་ཐོག་གི་ཆར་དང་ནད་ཐོག་གི་སྨན་ངོ་མ་དེ་ཡིན། ལྟོས་འཇོག་གིས་བཤད་ན་རྒན་དར་གཞོན་གསུམ་སུ་འདྲ་ཞིག་ཡིན་རུང་བོད་མི་རེ་རེའི་ཚེ་སྲོག་ནི་བོད་ཀྱི་ཆོས་དང་རིག་གནས་ཀྱི་སྲོག་ཤིང་ལྟ་བུ་རེད།

སྔོན་གྱི་དུས་སུ་དབུ་ནག་བོད་པ་དག་ཚེ་སྲོག་གཅེས་སྲུང་གི་ཕྱོགས་ལ་སྐུལ་འདེད་གཏོང་མི་དགོས་པ། འཛམ་གླིང་གི་མི་རིགས་འདྲ་མིན་ནང་ནས་ཚེ་ཐག་རིང་ཤོས་ཡིན་པར་བཤད་ཀྱང་། དེང་སྐབས་དེ་ལས་ལྡོག་སྟེ་ཆེས་ཡ་ང་བའི་གནས་སུ་གྱར་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བཏོན་པའི་ཕྱི་ལོ་༢༠༡༤ ལོའི་ཞིབ་འཇུག་སྙན་ཐོ་ལས། ས་ཁུལ་དང་རྒྱལ་ཁབ་འདྲ་མིན་ཉིས་བརྒྱ་ཉེར་གསུམ་གྱི་ཆ་མཉམ་མི་ཡི་ཚེ་ཚད་ཨང་རིམ་ཐོ་གཞུང་བཀོད་པའི་ནང་ཀྲུང་གོ་རྒྱལ་ཁབ་ཨང་ཆིག་བརྒྱ་པ་དེ་ཆགས་ཡོད་པ་ཡིན།
ཆེད་ལས་ཞིབ་འཇུག་པས་ཤེས་པ་ལྟར་ན་ཀྲུང་གོ་བའི་མི་ཡི་ལོ་ཚད་ཆ་མཉམ་བྱས་ན།(༧༥·༡༥)བདུན་ཅུ་དོན་ལྔ་དང་གྲངས་ཆུང་བཅོ་ལྔ་ཡིན་པ་རེད། རྒྱ་ནག་ནང་ཁུལ་ནས་དེ་ལྟར་གཤིབ་བསྡུར་བྱས་པའི་དབང་དུ་བཏང་ན། རྒྱ་ནག་ལྷོ་རྒྱུད་པ་ལས་ནུབ་རྒྱུད་པ་རྣམས་དཔལ་འབྱོར་དང་འཕྲོད་བསྟེན་རྗེས་ལུས་ཡིན་སྟབས་ཚེ་ཐག་ཐུང་བ་དང་། དེ་ལས་ཀྱང་རྒྱ་ནག་ནུབ་རྒྱུད་པའི་གྲོང་གསེབ་ཁག་གི་མི་རྣམས་འཕྲོད་བསྟེན་གྱི་རྒྱུན་ཤེས་མེད་པས་ཚེ་ཐག་ཐུང་བར་ངེས། བོད་རིགས་མང་ཤོས་སྡོད་ས་ཡང་རྒྱ་ནག་ནུབ་རྒྱུད་ཀྱི་ལུང་ཁུག་ཁག་ཏུ་ཡིན་སྟབས་ཆ་མཉམ་བྱས་ན་བོད་མིའི་ལོ་ཚད་ལྔ་བཅུ་མན་ལ་ཡིན་པར་ཐེ་མི་ཚོམ། དེ་འདྲ་ཡིན་ན་South Africaལྷོ་ཨ་ཧྥི་རི་ཀའི་མི་ཡི་ལོ་ཚད།༤༩·༥༦ དང་མཉམ་པ་རེད། ལྷོ་ཨ་ཧྥི་རི་ཀའི་མི་རྣམས་ཚེ་ཐག་ཆེས་ཐུང་བའི་རྒྱུ་མཚན་ཡང་འཕྲོད་བསྟེན་གྱི་རྒྱུན་ཤེས་མེད་པའི་རྐྱེན་གྱིས་རེད།

གལ་སྲིད་བོད་མི་ཆ་མཉམ་གྱི་ཚེ་ཚད་ལོ་ལྔ་བཅུ་མན་ལ་ཡིན་ན་བོད་རིགས་ས་ཡ་དྲུག་ཡོད་པས་ས་ཡ་གཉིས་ཀྱི་ལོ་ཚད་མ་ངེས་ཅི་རིགས་ཡིན་ཆོག་ན་ཡང་། ས་ཡ་བཞི་ཡི་ལོ་ཚད་ནི་ལྔ་བཅུ་མན་ལ་ཡིན་དགོས་པ་རེད། དེ་ལྟར་ན་འཛམ་གླིང་ནང་གི་ཆ་མཉམ་གྱི་ཚེ་ཐག་ཆེས་རིང་ཤོས་ནུབ་ཕྱོགས་རྒྱལ་ཁབ་Monacoམོ་ན་ཀོའི་མི་ཡི་ཚེ་ཚད། ༨༩·༥༧ དང་བསྡུར་ན་ལོ་བཞི་བཅུ་ཙམ་གྱི་ཧེ་བག་བྱེ་ཡོད་པ་དང་། དེ་བཞིན་ཤར་ཕྱོགས་རྒྱལ་ཁབ་Japan ཉི་ཧོང་མི་ཡི་ཚེ་ཚད་༨༤·༤༦ དང་བསྡུར་ན་ལོ་ངོ་སུམ་བཅུ་ལྷག་གི་བར་ཆད་རྒྱུགས་ཏེ་བོད་མི་དག་ལས་ཉི་ཧོང་པ་རྣམས་ཚེ་ཐག་རིང་གི་ཡོད་པ་རེད། བོད་མི་ཆ་མཉམ་ལོ་ཚད་ལྔ་བཅུ་མན་ལ་ཡིན་ན་བོད་པ་ས་ཡ་བཞི་ཡི་ནང་ནས་ཁ་བ་རི་པའི་ཆོས་རིག་ལ་དུང་ཤ་དཀར་བའི་བོད་པ་ས་ཡ་གསུམ་ལྷག་ཡོད་ངེས་པས་དེ་རྣམས་ཚེ་ཐག་ཉི་ཧོང་པ་དང་མཉམ་ཡོད་ན། ལོ་ངོ་ལྔ་བཅུ་ཡས་མས་ནས་བརྒྱད་ཅུ་ལྷག་གི་བར་ཏེ་མི་ལོ་སུམ་བཅུ་ལྷག་གི་རིང་དུ་ལས་རིགས་འདྲ་མིན་ཐོག་ནས་རྒྱལ་ཁབ་དང་མི་རིགས་དེ་བཞིན་སྤྱི་ཚོགས་ལ་ཞབས་ཞུ་ག་ཚད་སྒྲུབ་ཐུབ་མེད་དམ། ཆོས་དང་རིག་གནས་ཐོག་ཏུ་ལས་རྗེས་ག་ཚད་བཞག་མེད་དམ།
ཡིན་ལུགས་སྲང་དུ་འཇལ། བསམ་བློ་མནད་དུ་ཕབ་ནས་དེ་དག་བསམ་ཚེ་ཕངས་སེམས་མི་སྐྱེ་བའི་རང་དབང་ཞིག་ག་ལ་ཡོད། ཁ་ཤས་ཀྱིས་བོད་པ་རྣམས་ཉི་ཧོང་མི་ཡི་ཚེ་ཚད་དང་མཉམ་དགོས་ན། དཔལ་འབྱོར་དང་རིག་གནས་ཉི་ཧོང་པ་དང་མཉམ་ན་ད་གཟོད་ཚེ་ཚད་ཀྱང་ཉི་ཧོང་དང་འདྲ་མཉམ་ཆགས་རྒྱུར་ངང་སྒུག་བྱ་སྲིད་ཀྱང་། དེ་ཡང་ནོར་བ་ཁོ་ན་ཡིན། འཕྲོད་བསྟེན་གྱི་རྒྱུན་ཤེས་ཡོད་མེད་དང་ལུས་ཁམས་གཅེས་སྤྲས་བྱེད་མིན་ལས། དཔལ་འབྱོར་ཆེ་ཆུང་སོགས་ཀྱིས་ཚེ་རིང་ཐུང་ལ་འབྲེལ་བ་དེ་ཙམ་མེད།

ཉི་ཧོང་གི་ས་ཁུལ་Okinawa ཨོ་ཁེ་ན་ཝ་ལ་གནས་སྡོད་མི་རྣམས་རིག་གནས་དང་དཔལ་འབྱོར་སྐྱོ་བོ་ཡིན་ཡང་། འཛམ་གླིང་གི་ཚེ་ཐག་ཆེས་རིང་ཤོས་མིང་དུ་གྲགས་པའི་ཡུལ་ལུང་ཞིག་རེད། མིང་གྲགས་ཅན་གྱི་ནད་དཔྱད་ཆེད་ལས་པ་དང་། ཚན་རིག་པ་དག་གིས་མི་དེ་རྣམས་ཀྱི་འཕྲོད་བསྟེན་གྱི་བརྒྱུད་རིམ་ལ་ཞིབ་འཇུག་དཔྱད་འབྲས་སྙན་ཐོ་ལྟར་ན། དེ་རྣམས་འཚོ་གོས་ཞན་པོ་ཡིན་སྟབས་སྲོལ་རྒྱུན་གྱི་ཟས་སྤྱོད་ལ་བརྟེན་པ་དང་། སྔོ་ཚལ་དང་འབྲུ་རིགས་འདེབས་ལས་བྱེད་རྐྱེན་ལུས་ཀྱིས་ངལ་རྩོལ་རྒྱག་མང་བ། རོལ་དབྱངས་དང་ཞབས་བྲོ་ལ་སྤྲོ་བ། སྔོ་ཚལ་དང་ཤིང་ཏོག་གི་རིགས་ཟ་བ། ཟས་རིགས་ནང་དུ་ཚྭ་དང་སྣུམ་ཉུང་བར་རྒྱུན་བསྟེན་བྱེད་པ། ཁྱིམ་ཚང་དང་སྤྱི་ཚོགས་འཆམ་འཐུན་ངང་འབྲེལ་འདྲིས་ཆེ་བ་སོགས་ཀྱིས་ཚེ་རིང་བར་བཤད་པ་ལས། དེ་རྣམས་དཔལ་འབྱོར་དང་རིག་གནས་ཚད་མཐོན་པོ་ཡིན་པའི་རྒྱུ་མཚན་བགྲང་མེད།

དེས་ན་བོད་པ་རྣམས་ཀྱིས་དཔལ་འབྱོར་དང་རིག་གནས་ཉི་ཧོང་པའི་རྗེས་ཆོད་པར་ཆེས་ཐག་རིང་ཡང་། ཚེ་ཚད་ཉི་ཧོང་མིའི་རྗེས་ཆོད་པར་ཐག་རིང་པོ་མིན། དང་ཐོག་ཚེ་ཚད་ཉི་ཧོང་པའི་རྗེས་ཨེ་ཆོད་བལྟ་བ་ལ་མི་གཞི་ཀུན་སྤྱོད་ཉི་ཧོང་པའི་ལད་ཟློས་བྱ་དགོས། འཛམ་གླིང་ནང་ནས་མི་གཞི་ཀུན་སྤྱོད་ལེགས་ཤོས་སུ་གྲགས་པའི་ཉི་ཧོང་པ་རྣམས་ཀྱིས་འཕྲོད་བསྟེན་གྱི་རྒྱུན་ཤེས་མེད་པ་རྣམས་ལ་སྒོ་ཀུན་ནས་སློབ་སྟོན་བྱེད་པ་དང་། ཚེ་སྲོག་གི་ཉེས་ཁ་ཅན་དག་ལ་སྔོན་འགོག་ཆེད་ནུས་ཤུགས་འདོན་པ་སོགས་ཕན་ཚུན་གཅིག་གིས་གཅིག་ལ་མ་བྱམས་བརྩེ་ཅན་གྱིས་བུ་ལ་གྲོགས་དན་བྱེད་པ་ལྟར་བྱེད་པས་ཕྱོགས་གང་ཐད་ནས་ཚད་མི་འདྲ་བ་ཞིག་ལ་སླེབས་སོང་བ་རེད།

བོད་མི་རྣམས་ནི་འཚོ་བ་དང་ཆ་རྐྱེན་ལྡབ་འགྱུར་གྱིས་འཕེལ་རྒྱས་བྱུང་ཡོད་ན་ཡང་། འཛམ་གླིང་ཁྱོན་ཡོངས་ནས་མི་གཞི་ཀུན་སྤྱོད་ངན་ཤོས་སུ་གྲགས་པའི་ཁྱིམ་མཚེས་མི་རིགས་ཁག་གིས་ཤུགས་རྐྱེན་ཐེབས་ཏེ། གཞན་གྱི་བྱམས་པ་དང་བཀའ་དྲིན་ལ་བརྩི་མཐོང་མེད་པ་དང་། གཞན་གྱི་ཁེ་ཕན་དང་བདེ་དོན་ལ་དོ་ཁུར་མེད་པ། ཉམ་ཐག་གི་རིགས་ལ་བདེ་ཐབས་དང་མཛའ་མཐུན་མཉམ་གནས་མི་བྱེད་པ་སོགས་ཡ་རབས་མི་ཆོས་ཀྱི་ཀུན་སྤྱོད་ཁག་དང་དུས་རབས་འདིའི་བོད་མི་ཕལ་མོ་ཆེ་ཁ་རྒྱང་དུ་གྱེས་ནས་ཡོད། དཔེར་ན་བོད་ཀྱི་འབྲོག་ཁུལ་ཁག་གི་མི་རྣམས་ཀྱིས་ཁྲག་ཤད་ལ་གཏོང་འཛིན་དང་ཉེན་ཁ་སྔོན་འགོག་མི་ཤེས་པ་དང་། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ནས་མི་ས་ཡ་ལྔ་བརྒྱ་ལྷག་ལ་ཤུགས་རྐྱེན་ཐེབས་པའི་hepatitis肝炎མཆིན་ནད་སྔོན་འགོག་དང་། སྨན་བཅོས་བདག་སྐྱོང་སོགས་ཀྱི་ཐད་གོ་རྟོགས་སྤེལ་མཁན་མེད་སྟབས། རོང་འབྲོག་གི་མི་བརྒྱ་ཆ་བདུན་ཅུ་ཙམ་ལོ་བཞི་བཅུ་ཡས་མས་ནས་ཚེ་སྲོག་མཇུག་བསྡུ་གི་ཡོད། དེ་དག་རྒྱུས་མངའ་ཡོད་མཁན་གྲོང་ཁྱེར་ནང་ལ་གནས་སྡོད་བོད་རིགས་སུས་ཀྱང་དེའི་ཐད་ལ་དོ་སྣང་མི་བྱེད་པ་འདི་ཆེས་འཇིགས་སུ་རུང་བའི་མི་ཡི་ཀུན་སྤྱོད་ཅིག་རེད།

ཟས་སྤྱོད་འཕྲོད་བསྟེན་ཕྱོགས་ལ་དོ་སྣང་མེད་པ་དང་མི་ཤེས་པ་རྣམས་ལ། ཤེས་མཁན་རྣམས་ཀྱིས་སློབ་གསོ་དང་སློབ་སྟོན་བྱས་ན་རྒྱལ་ཁབ་ཀྱི་ཁྲིམས་དང་མི་འགལ་བ་མ་ཟད། རྒྱལ་ཁབ་དང་སྤྱི་ཚོགས་ལ་ཞབས་འདེགས་བླ་མེད་ཅིག་ཡིན་བཞིན། ད་དུང་སྣང་མེད་དུ་འཇོག་པ་འདི་མི་ཆོས་ཡ་རབས་ཀྱི་ཀུན་སྤྱོད་མེད་པའི་རྟགས་གསལ་པོ་རེད། ཡ་རབས་མི་ཆོས་ཀྱི་ཀུན་སྤྱོད་རྨང་གཞི་མེད་པའི་བསམ་སྤྱོད་དག་རྒྱུན་འབྱམས་སུ་སོང་ན། བོད་ཁ་བ་ཅན་པའི་ཆོས་དང་རིག་གནས་ལ་མདུན་ལམ་བཟང་པོ་ཞིག་མེད་པ་ཁོ་ཐག་ཡིན་པས། ད་ནས་བཟུང་མི་རབས་གསར་པ་དག་གིས་མི་གཞི་ལེགས་བསྒྱུར་གྱིས་ཕ་མེས་བཟང་པོའི་བསམ་སྤྱོད་ཁྱད་པར་ཅན་རྣམས་ལག་བསྟར་དང་རྒྱུན་བསྲིང་འབུར་དུ་ཐོན་པ་ཞིག་བྱེད་པའི་ཁར། འགྲོ་བ་མི་ཡི་ཆེ་མཐོའི་བཟང་སྤྱོད་ཀྱི་གོ་གནས་ངེས་ཅན་ཟིན་པའི་ཉི་ཧོང་པའི་རྗེས་སུ་བསྙེགས་ཏེ་གཅིག་ཕན་གཅིག་གྲོགས་ཀྱི་འཚོ་བ་ཞིག་ངེས་པར་དུ་བསྐྱལ་དགོས་ཞེས་འབོད་སྐུལ་བྱས་པ་ལགས་སོ། །

རྩོམ་རིག

Post navigation

Previous Post: གཞོན་ནུ་ཚོགས་པ་གཏོར་བཤིག་མ་གཏོང་།
Next Post: དྲན་པའི་སྒྲུང་། སྨྲེང་བའི་གཏམ།

Comment (1) on “བོད་མིའི་ཚེ་སྲོག་སྲུང་སྐྱོབ་ཀྱི་འབོད་སྐུལ།”

  1. དཔལ་ལྡན། says:
    2015-05-17 at 1:44 pm

    རང་ཅག་རྣམས་ཀྱི་སྟོན་པ་༸གོང་ས་ཐམས་ཅད་མཁྱེད་པའི་དུས་དང་རྣམ་པ་ཀུན་དུ་རང་རིགས་རྣམས་ལ་བསམ་བློ་ཀུན་སྤྱོད་ཀྱི་ཐད་ལ་བཀའ་སློབ་མང་པོ་གནང་ཡོད་པ་རེད། ཡིན་ཡང་དུས་དེང་སང་ཡང་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་རྨོངས་ནས་ཡོད་ཞེས་བཤད་ན། མི་འདོད་པའི་གཏམ་བཤད་མཁན་ཡོད་ཀྱང་དེ་དངོས་གནས་རེད། ང་ཚོ་ཇི་འདྲ་ཡིན་ང་ཚོར་གསལ་ཆ་ཡོད་པ་རེད། ང་ཡང་རྨོངས་མཁན་གྱི་ནང་དུ་ཐེའོ། །རྗེས་ཕྱོགས་གང་ཅིའི་ཐད་ལ་ཤུགས་རྒྱག་ངེས་ཡིན། རྩོམ་དེ་སྤེལ་བ་ལེགས། ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme