Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“ཨ་མའི་རང་བཞིན་བརྗོད་པ།”

Posted on 2015-05-162015-05-16 By ཁ་བརྡ 5 Comments on “ཨ་མའི་རང་བཞིན་བརྗོད་པ།”

ཆབ་མདོ་ངག་ཕུན།

 
ཞལ་རས་དཀར་ཞིང་གཙང་བ་དང་།།
སེམས་རྒྱུད་འཇམ་ཞིང་ངག་རྒྱུན་རིང་།།
ཁྱིམ་མཚེས་ཕན་ཚུན་མཐུན་ལམ་ཟབ།།
བུ་ཕྲུག་བརྩེ་བའི་དྲིན་གྱིས་བསྐྱངས།།

ལུས་ལ་བོད་ཆས་གཙང་མར་གྱོན།།
ཕྱག་ལ་ཤེལ་དཀར་ཕྲེང་བ་འཛིན།།
ངག་ནས་ཡིག་དྲུག་ལྷོད་མེད་བགྲང་།།
དཀོན་མཆོག་གསུམ་ལ་དད་འདུན་ཆེ།།

དབྱར་དུས་འབྲི་མཛོའི་འོ་མ་འཇོ།།
འོ་མ་དཀྲུག་ཤིང་འབྲི་མར་བཏོན།།
སྒོ་ཟོག་དུད་འགྲོ་གསོ་སྐྱོང་བྱེད།།
ངལ་བ་ལྷོད་མེད་དབྱར་ལས་བརྩོན།།

དཔྱིད་དུས་ཞིང་ལ་ལུད་བླུགས་དང་།།
པོ་ཐོ་རྡུང་ཞིང་ས་བོན་འདེབས།།
ཡུར་ཆུ་བཟོ་ཞིང་ཞིང་ཆུ་འདྲེན།།
ངལ་བ་ལྷོད་མེད་དཔྱིད་ལས་བརྩོན།།

སྟོན་དུས་ཞིང་ཁའི་ལོ་ཏོག་བརྔ།།
བམ་པོ་བཅིངས་ཤིང་འཐུ་བུ་སྒྲུབ།།
ནང་ལས་ལ་སོགས་བྱེད་དགོས་ཀྱང་།།
སུན་སྣང་མེད་པའི་སྟོན་ལས་བརྩོན།།

དགུན་དུས་བལ་དང་རྩིད་སྐུད་བསྒྲིམས།།
ནང་མི་རྣམས་ལ་ཁ་ལག་བཟོ།།
མེ་ཤིང་ལ་སོགས་འཐུ་དགོས་ཀྱང་།།
དཀའ་བའི་རྣམ་འགྱུར་སྟོན་མྱོང་མེད།།

ཞོགས་པ་ལངས་ཏེ་མེ་ཁ་ཕྱེ།།
སླ་ང་བཙུགས་ཏེ་བག་ལེབ་རྫི།།
བལ་ལེབ་བསྲག་ཅིང་ཇ་ཐང་བསྐོལ།།
ནང་མི་རྣམས་ལ་ཞོགས་ཇ་དྲངས།།

ནང་ལས་ཕྱི་ལས་བྱེད་དགོས་ཀྱང་།།
ཨ་མས་སུན་སྣང་སྟོན་མྱོང་མེད།།
བུ་ཕྲུག་བརྩེ་བའི་དྲིན་གྱིས་བསྐྱངས།།
དྲིན་ཅན་ཨ་མ་སྙིང་ནས་དྲན།།

ཟླ་དགུ་ལུས་ཀྱི་ནང་ལ་གཅེས་པར་ཉར།།
ཕྲུ་གུ་གནོད་དོགས་ཁ་ལག་གང་གཟབ་འཛེམ།།
སྐྱེ་མ་ཐག་ཏུ་བུ་ཆུང་ཟེར་བཞིན་སྤང་དུ་ལེན།།
ང་ཡི་བུ་ཆུང་ཟེར་བཞིན་འཛུམ་གྱིས་བསུ།།

ཁ་ལག་གང་ཞིམ་བུ་ཆུང་ཟེར་བཞིན་སྟེར།།
གྱོན་ཆས་གང་ཡག་བུ་ཆུང་ཟེར་བཞིན་གཡོག།
ཉིན་མཚན་དུས་དྲུག་བརྩེ་བའི་དྲིན་གྱིས་བསྐྱངས།།
བཀའ་དྲིན་ཅན་གྱི་ཨ་མ་སྙིང་ནས་དྲན།།

འགྲོ་འདུག་སྤྱོད་གསུམ་ལམ་སྟོན་ལྷོད་མེད་གནང་།།
གཞན་གྱི་རྡུང་དོགས་སེམས་ཁྲལ་ཁོ་ན་བྱེད།།
གཟུཌ་གཞི་ཕྲན་བུ་བདེ་མིན་གྱུར་པའི་སྐབས།།
མཚན་མོ་མི་ཉལ་བུ་ཆུང་སྲུང་བཞིན་འདུག།

དགུན་དུས་གྲང་ངར་ཧ་ཅང་ཆེ་ན་ཡང་།།
རང་ཉིད་གྲང་བ་མི་རྟོག་བུ་ཆུང་ཉིད།།
གྲང་དོགས་སྟོད་གོས་བུ་ཆུང་ཉིད་ལ་གཡོག།
དེ་འདྲའི་བརྩེ་བའི་བཀའ་དྲིན་བླ་མེད་བསྐྱངས།།

ཨ་མའི་སྤྱན་ནང་བུ་ཆུང་ཉིད་ལས་མེད།།
བུ་ཆུང་མིག་ནང་དྲིན་ཅན་མ་ལས་མེད།།
ཕྲུ་གུ་བདེ་མིན་བྱུང་ཚེ་ཨ་མའི་སེམས།།
ཆུ་ཚ་སྙིང་ལ་བླུགས་པ་ནང་བཞིན་གྱུར།།

གྲོང་པའི་བུ་ཕྲུག་རྣམས་དང་ལྷན་དུ་འཁྱམ།།
འཁྱག་པའི་སྟེང་ལ་རྡོ་ལེབ་བཞག་སྟེ་ནུད།།
འཁྱག་རྡོའི་བར་ལ་གོས་ཐུང་རྩབ་ཧྲལ་བཏང་།།
ཨ་མས་འཚེམ་དགོས་སྐུ་ངལ་ཚད་མེད་སྤྲད།།

ད་ལྟ་དྲན་དུས་སེམས་ཁམས་གྲང་མོར་གྱུར།།
བཀའ་དྲིན་ཅན་གྱི་ཨ་མ་ཁྱེད་ཉིད་ལ།།
དྲིན་ལེན་མ་སོད་མི་ཡུལ་ལུང་ལ་འཁྱམ།།
ལས་ངན་བུ་ང་ཡིད་རེ་དབང་མེད་སྐྱོ།།

འདོད་པ་ཇི་ཙམ་བཙལ་ཀྱང་མི་རྙེད་རིང་དུ་གྱུར།།
མི་འདོད་ཐོག་ཏུ་བབས་ཏེ་ལུས་དང་གྲིབ་མའི་བཞིན།།
འདོད་དང་མི་འདོད་འཐབ་པའི་ཀློང་དུ་མི་ཚེ་རྫོགས།།
གང་ཡང་སྙིང་པོར་མེད་པའི་འཇིག་རྟེན་འཁོར་བ་འདི།།

འདི་ཉིད་ཨ་མའི་དུས་ཆེན་མོར་མགོ་བཙུགས་ཤིང་དེ་རིང་མཇུག་རྫོགས་པ་བྱས་པའོ།    ཆབ་མདོ་ངག་ཕུན་གྱིས། ༢༠༡༥/༥/༡༧

སྙན་ངག

Post navigation

Previous Post: ས་ཟླ་བསུ་བའི་ཀ་བཤད།
Next Post: བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་སྲིད་བྱུས་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

Comments (5) on ““ཨ་མའི་རང་བཞིན་བརྗོད་པ།””

  1. དཔལ་ལྡན། says:
    2015-05-16 at 10:56 am

    ཅི་འདྲ་འདྲའི་ཨ་མ་ལས་ངན། །རོང་འབྲོག་གི་ལས་འགན་མོས་ཁུར། །
    ཅི་འདྲ་འདྲའི་བུ་ཁྱོད་ཁྲེལ་མེད། །ལས་ངན་པའི་ཨ་མ་བཞག་ནས། །
    ས་ཐག་རིང་འདི་ལ་སླེབས་ནས། །ཁྱོད་ཨ་མའི་ལས་འགན་ལྕི་མོ། །
    ཡིག་ཐོག་ལ་ཕབ་ནས་བསྡན་ན། །ཁྱེད་ཨ་མའི་དྲིན་ལན་འཇལ་མེད། །
    རང་ཨ་མའི་དཀའ་སྡུག་བསམ་ན། །ཁྱེད་འདི་ནས་མ་འདུག་ཕྱིར་སོང་།།
    ཕྱིར་སོང་ནས་ཨ་མ་རོགས་བྱོས། །དེ་ཨེ་གོ་ཆབ་མདོ་ངག་ཕུན །།

  2. ཆབ་མདོ་ངག་ཕུན། says:
    2015-05-16 at 11:49 am

    ནོར་བཅོས། སྤང་དེ་པང་ཡིན།

  3. ཆབ་མདོ་ངག་ཕུན། says:
    2015-05-16 at 12:02 pm

    ཕྱིར་ཕ་ཡུལ་བསྐྱོད་དགོས་བསམ་ན་ཡང་།།
    རྒྱ་དམར་པོའི་བཙན་གནོན་ཁ་སྒོ་ལ།།
    སྔོན་ལས་དབང་བཙན་པོའི་འགྲོ་ཐབས་དཀའ།།
    ཤེས་ཨེ་སོང་དྲ་གྲོགས་དཔལ་ལྡན་ལགས།།

  4. ཇུས་ཏོག་ says:
    2015-05-17 at 5:55 am

    ཨ་མར་མ་རྟེན་སྲོག་ཆགས་གཅིག་ཀྱང་མེད་།
    ཨ་མ་དྲིན་ཆེན་ཡིན་པ་ཚང་མས་་ཤེས་་།
    ཨ་མ་སེམས་ནས་དྲན་མཁན་དུས་འདིར་དཀོན་།
    ཨ་མའི་ཆེད་དུ་རང་གི་ཡོན་ཏན་སྦྱོང་།
    ཨ་མའི་དྲིན་ལན་དེ་ཡི་འགྲུབ་ལེ་རེད་།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-05-17 at 6:24 am

    ཨ་མའི་རང་བཞིན་བརྗོད་རྒྱུ་མང་། །
    ་
    ཨ་མས་ཟླ་དགུ་ལྟོ་བར་ཉར། །
    ཨ་མས་སྐྱག་གཅིན་ཡོད་ཚད་བཀྲུས། །
    ཨ་མས་བྱིས་ཕྲུག་སྣབ་ལུད་ཕྱིས། །
    ཨ་མས་བྱམས་བརྩེས་ཚེ་གང་བསྐྱངས། །
    ་
    ཨ་མ་ལས་ལྷག་སུ་ཞིག་ཡོད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme