Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད་བཅོ་བརྒྱད་པ།

Posted on 2015-05-032015-05-03 By ཁ་བརྡ 5 Comments on སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད་བཅོ་བརྒྱད་པ།

མི་གསོན་པོ།

 
རྒྱལ་ཀུན་འཕྲིན་ལས་ཀྱི་འོད་མདངས་གཅིག་ཏུ་བསྡུས་པའི་མཚན་དཔེ་ཉིན་བྱེད་ཀྱི་དཀྱིལ་འཁོར་སངས་རྒྱས་མི་གཟུགས་སུ་བྱོན་པའི་སྙིགས་དུས་འགྲོ་བ་ཡོངས་ཀྱི་འདྲེན་པ་བླ་ན་མེད་པ། མི་ལོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་གཟི་བརྗིད་གངས་ཅན་བོད་ཀྱི་དེབ་ཐེར་ནང་དུ་ལྷམ་མེར་བཀྲ་བའི་མཐིང་མདོག་གི་ཅོད་པན་འཆང་བ། སྔོན་སྨོན་དང་ཐུགས་བསྐྱེད་ཟབ་མོས་མཚན་དཔེ་གཟི་བྱིན་ཁ་བའི་ལྗོངས་སུ་བཞད་ཀྱང་སྙིང་སྟོབས་དང་ལར་ཞེན་བཙན་པོས་རི་བོ་ཧི་མ་ལ་ཡི་རྒྱང་ཐག་འདོམ་གྱིས་འཇལ་ཞིང་རྣམ་དཔྱོད་དང་ཤེས་རབ་ཟབ་མོས་ཤར་ནུབ་ཀྱི་མཁས་རྒུས་གུས་ཤིང་བཀུར་བའི་སྐྱེས་མཆོག་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་གི་གསང་གསུམ་གྱི་བཀོད་པའི་མཛད་འཕྲིན་ཇི་སྙེད་ཅིག ཆབ་དཔལ་རིག་གསུམ་གང་ཐད་ནས་འཛམ་གླིང་གི་རྩེ་མོར་སོན་པའི་གྲགས་ཅན་གྱི་རྒྱལ་ཁབ་ཨ་རི་ནང་དུ་སྐྱོང་བཞིན་པའི་སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པའི་དུས་ཀྱི་ཆར།
ཕྱི་ནང་གི་རྒྱུ་རྐྱེན་དུ་མས་རྒྱ་བོད་བལ་གསུམ་དུ་བསམ་ཡུལ་ལས་འདས་པའི་ས་ཡོམ་གྱི་གོད་ཆགས་ཆེན་པོས་སྐྱེ་བོ་སྟོང་ཕྲག་མང་པོའི་ཚེ་སྲོག་ལྔ་ལམ་དུ་བཞུད་ཅིང་མི་སྣ་ས་ཡ་མང་པོའི་འཚོ་རྟེན་དང་ཁྱིམ་གཞིས་ལ་དཀའ་ངལ་འཕྲད་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ཐུགས་བརྩེ་བ་ཆེན་པོས་རྗེ་ཉིད་ཀྱིས་དབུ་ཁྲིད་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐེབས་རྩ་ཁང་གིས་བཀོད་སྒྲིག་ཞུས་ཏེ་གུར་དང་དངུལ་དངོས་ཀྱི་ཉེན་སྐྱོབ་རྒྱ་ཆེན་བལ་ཡུལ་བཏང་ཟིན་པ་དང་། ས་གནས་དེར་ཡོད་པའི་བཀའ་བརྒྱུད་ཀྱི་དགོན་པ་རྣམས་ལ་ཉམས་ཆག་ཇི་ཙམ་བྱུང་ཡང་ད་ལྟའི་ཆར་དགོན་པའི་ཆེད་དུ་ཞབས་འདེབས་བསྡུ་སློང་སོགས་གཙོ་བོར་མི་བྱེད་པར་ས་གནས་ཀྱི་ཡུལ་མི་ཉམ་ཐག་དང་། ཛ་དྲག་དང་ཉེན་ཁ་འཕྲད་བཞིན་པ་རྣམས་ལ་ཉེན་སྐྱོབ་དང་རོགས་རམ་བྱེད་རྒྱུ་དེ་གཙོ་བོ་མཛད་དགོས་པའི་འབོད་བསྐུལ་དང་ལམ་སྟོན་གནང་ཞིང་རྗེས་སུ་༧རྒྱལ་དབང་ཀརྨ་པ་ཉིད་ཀྱིས་དགོན་སྡེ་རྣམས་ལ་གང་ཐུབ་ཀྱི་མཐུན་འགྱུར་དང་ཕྱག་རོགས་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག

unnamed

ཁྱད་པར་དུ་དེ་རིང་སྤྱི་ཟླ་༥ ཚེས་༢ ཉིན། ༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་དགོངས་འཆར་དང་ལམ་སྟོན་ལྟར། མཚུར་ཕུ་བླ་བྲང་དང་ཀརྨ་པ་སྲི་ཞུ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་ཏེ་ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་༧དཔལ་རྒྱལ་དབང་ཀརྨ་པ་ཚོགས་མགོན་དུ་བཞུགས་པའི་འདུས་ཚོགས་སྟོང་ཕྲག་ལྷག་གི་ས་ཡོམ་གོད་ཆགས་ཁྲོད་དུ་ཚེ་སྲོག་ཤོར་བའི་འདས་པོ་རྣམས་ཀྱིས་མཐོ་རིས་གཏན་བདེའི་གོ་འཕངས་མྱུར་དུ་ཐོབ་པ་དང་། ཤུལ་དུ་ལུས་པའི་གསོན་པོ་རྣམས་ཀྱི་ལུས་སེམས་ཀྱི་དཀའ་སྡུག་ཞི་སྟེ་འཚོ་གནས་གསར་པའི་བདེ་སྐྱིད་ཀྱི་དཔལ་ཡོན་སླར་ཡང་ཐོབ་པའི་སེམས་ཤུགས་དང་སྙིང་སྟོབས་རྙེད་པའི་ཆེད་དུ་སྨོན་ལམ་རྒྱ་ཆེར་བཏབས་འདུག སྐབས་འདིར་རྒྱ་བོད་བལ་གསུམ་དང་། འབྲུག ཨ་རི་སོགས་ཀྱི་མི་སྣ་མང་པོ་ལྷན་ཞུགས་གནང་དེ་གདུང་སེམས་མཉམ་བསྐྱེད་ཀྱིས་གསོལ་འདེབས་སྨོན་ལམ་དང་དེ་བཞིན་དཔལ་འབྱོར་གྱི་ཞབས་འདེབས་སོགས་ཀྱང་ཕུལ་འདུག ཁྱད་པར་དུ་༧རྒྱལ་དབང་ཀརྨ་པ་སྐུ་སྒེར་གྱིས་ཨ་སྒོར་འབུམ་ཕྲག་གཉིས་བལ་ཡུལ་དུ་ཉེན་སྐྱོབ་རོགས་དངུལ་སྩལ་གནང་བ་དང་། བོད་དུ་བརྒྱུད་ལམ་གཞན་གྱི་ཐོག་ནས་རོགས་སྐྱོར་མཛད་རྒྱུའི་ཞལ་བཞེས་ཀྱང་གནང་སོང་། སྨོན་ལམ་འཚོགས་གྲུབ་རྗེས་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་གིས་བཀའ་སློབ་འདི་ལྟར་བཀའ་སྩལ་གནང་སོང་།

ད་ལན་བལ་ཡུལ་དང་། བོད། དེ་བཞིན་རྒྱ་གར་སོགས་ཀྱི་ས་ཆ་ཁ་ཤས་ལ་ས་ཡོམ་ཤུགས་ཆེན་ཞིག་བྱུང་དེ་གཙོ་བོ་བལ་ཡུལ་ནང་དུ་མི་སྟོང་ཕྲག་མང་པོ་ཤི་རྐྱེན་གྱི་གནས་ཚུལ་ཐབས་སྡུག་དང། དེ་བཞིན་བོད་ནང་དུ་མི་ཁ་ཤས་ཤི་ཡོད་པ་འདྲ། དེའི་ཕྱིར་དེ་རིང་ང་ཚོ་མཉམ་དུ་འཛོམས་ཏེ་གཤིན་པོ་ཚོའི་ཆེད་དུ་བསྔོ་སྨོན་དང་། གསོན་པོ་ཚོའི་ཆེད་དུ་སེམས་གསོའི་མཚོན་དོན་དུ་སྨོན་ལམ་འཚོགས་ཀྱི་ཡོད་རེད། གོ་སྐབས་འདི་བརྒྱུད་དེ་ས་ཡོམ་གྱི་འཇིགས་པ་ཆེན་པོ་བྱུང་བའི་སྐབས་སུ་རྒྱལ་ཁབ་དང་། ཚོགས་པ། སྒེར་པ་བཅས་ཀྱི་བརྩེ་བ་ཆེན་པོས་འཇིགས་པས་ཉེན་པའི་འགྲོ་བ་ལ་རོགས་སྐྱོར་གང་ཐུབ་གནང་བ་ལ་རྗེས་སུ་ཡི་རངས་དང་འབྲེལ་བའི་སྒོ་ནས་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

unnamed-5

ཁྱད་པར་དུ་བལ་ཡུལ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སྐུ་བལྟམས་པའི་གནས་དང་། སྔོན་མ་ནས་བོད་དང་ཐུན་མིན་གྱི་ཆོས་དང་རིག་གཞུང་གང་ཐད་ནས་འབྲེལ་བ་ཟབ་མོ་ཡོད་པ་ཞིག་ཡིན་དུས་འདི་ལྟར་གོད་ཆགས་བྱུང་སྐབས་བོད་མི་རྣམས་ཀྱི་སེམས་སུ་དམིགས་བསལ་གྱིས་དངངས་འཚབ་ཆེན་པོ་བྱུང་བ་ནི་བཤད་མི་དགོས་པ་ཞིག་རེད། དེས་ན་དེ་རིང་ང་ཚོའི་སྨོན་ལམ་འདི་ལ་བརྟེན་ནས་འདས་པོ་རྣམས་ཀྱིས་མཐོ་རིས་བདེ་འགྲོའི་རྟེན་བཟང་མྱུར་དུ་ཐོབ་པ་དང་། དེ་བཞིན་གསོན་པོ་ཤུལ་དུ་ལུས་པ་རྣམས་ཀྱང་སྡུག་བསྔལ་དང་མྱ་ངན་ལས་སངས་ཏེ་སླར་ཡང་བདེ་སྐྱིད་དང་ལྡན་པའི་ཁྱིམ་གཞིས་གསར་པ་འཛུགས་བསྐྲུན་བྱེད་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་དང་། རང་ངོས་ནས་ཀྱང་གང་ཐུབ་ཀྱིས་བལ་ཡུལ་དུ་རོགས་སྐྱོར་དང་། བོད་ལ་ཁ་ཐུག་རོགས་སྐྱོར་བྱེད་རྒྱུའི་བརྒྱུད་ལམ་དཀའ་ལས་ཁག་པོ་རེད་ཀྱང་བརྒྱུད་ནས་གང་ཐུབ་བྱེད་རྒྱུ་ཡིན། ཁྱེད་རང་ཚོ་འབྲེལ་ཡོད་རྣམས་ཀྱིས་ཀྱང་སེམས་ཅན་དཀའ་ངལ་དང་སྡུག་བསྔལ་འཕྲད་མཁན་རྣམས་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གང་ཐུབ་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་དང་བཀའ་དྲིན་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། དེ་བཞིན་དེ་རིང་སྨོན་ལམ་འཚོགས་པར་ཁྱེད་རང་ཚོ་མི་ཧ་ཅང་མང་པོ་ཕེབས་འདུག་པས་དམིགས་བསལ་གྱིས་ཚང་མ་ལ་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ།

མཇུག་ཏུ་གོ་སྒྲིག་པས་ཐུགས་རྗེ་ཆེ་ཞུ་དང་༧རྒྱལ་དབང་ཡིད་བཞིན་ནོར་བུ་ཀརྨ་པ་མཛད་བྲེལ་ཤིན་ཏུ་ཆེ་ཡང་རྗེ་ཉིད་ཀྱིས་ཞལ་བཞེས་དང་ལམ་སྟོན་ལྟར་སྨོན་ལམ་འདི་འཚོགས་རྒྱུ་བྱུང་བས་སྨོན་ལམ་འདིས་གནོད་ཐེབས་མི་མང་ཤི་གསོན་ཡོངས་ལ་ཕན་ཐོག་རྒྱ་ཆེར་བྱུང་ཡོད་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་བརྗོད་དེ་མཛད་རིམ་ལེགས་གྲུབ་བྱུང་སོང་།། །།

མི་གསོན་པོས་ཟིན་བྲིས་བཏབས།

གསར་འགྱུར།

Post navigation

Previous Post: སྐྱོབ་གསོ་དང་། ལྐོག་ཟའི་འགྲན་རྩོད།
Next Post: ༼རབ་རྣོ་སུམ་འཛོམས༽དེང་དུས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གླེང་མོལ།

Comments (5) on “སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད་བཅོ་བརྒྱད་པ།”

  1. བཀྲ་ཡེ་ཚང་། says:
    2015-05-03 at 6:46 pm

    ༼༼། ས་གནས་དེར་ཡོད་པའི་བཀའ་བརྒྱུད་ཀྱི་དགོན་པ་རྣམས་ལ་ཉམས་ཆག་ཇི་ཙམ་བྱུང་ཡང་ད་ལྟའི་ཆར་དགོན་པའི་ཆེད་དུ་ཞབས་འདེབས་བསྡུ་སློང་སོགས་གཙོ་བོར་མི་བྱེད་པར་ས་གནས་ཀྱི་ཡུལ་མི་ཉམ་ཐག་དང་། ཛ་དྲག་དང་ཉེན་ཁ་འཕྲད་བཞིན་པ་རྣམས་ལ་ཉེན་སྐྱོབ་དང་རོགས་རམ་བྱེད་རྒྱུ་དེ་གཙོ་བོ་མཛད་དགོས་པའི་འབོད་བསྐུལ་དང་ལམ་སྟོན་གནང་ཞིང་༽༽ཧ་ཀྱང་གི་ཡག་པོ་འདུག

  2. དགའ་སྐུ་ says:
    2015-05-04 at 7:34 am

    མི་གསོན་པོའི་དཀའ་ངལ་འཛེམས་མེད་ཀྱི་༧རྒྱལ་དབང་བཅུ་བདུན་པའི་མཛད་ཕྲིན་”སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ” མུ་མཐུད་བཀོད་གནང་བར་དགའ་བསུ་དང་ངལ་རངས་ཞུ།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-04 at 12:57 pm

    གཞན་གྱི་སྐྱོན་ལ་མི་བརྟག་ཅིང༌།
    གཞན་གྱིས་བྱས་དང་མ་བྱས་མིན།
    བདག་ཉིད་ཀྱིས་ནི་རིགས་པ་དང༌།
    མི་རིགས་པ་ལ་བརྟག་པར་བྱ།། ༩ །།
    ་
    ཆེད་དུ་བརྗོད་པའི་ཚོམས་ལེའུ། ལེའུ་ ༡༨

  4. ཀརྡོ་གཉེར་ཕྱག་པ་ says:
    2015-05-04 at 2:34 pm

    པདྨ་ཁྱོད་ཕྲག་དོག་གིས་སྨྱོ་ཉེན་འདུག་གདའ། ད་གཟབ་གཟབ་བྱས་ན་མ་གཏོགས། རང་གི་ཆོས་སྲུང་གིས་ཀྱང་བཀའ་ཆད་ཕོག་འོངས།། །།

  5. མངའ་རིས་ཕྲིན་ལས། says:
    2015-05-04 at 2:57 pm

    མི་གསོན་པོ་ལགས་ཧ་ཅང་གི་བཀའ་དྲིན་ཆེ། ༧རྒྱལ་བའི་དབང་པོ་དཔལ་ཀརྨ་ཆེན་པོ་མཆོག་ཨ་རིར་ཆིབས་ཞལ་སྒྱུར་བ་ནས་བཟུང་མཛད་ཕྲིན་དང་བཀའ་སློབ་གནད་དོན་ཆེ་བ་དག་བསྡུས་ནས་པར་རིས་དང་བཅས་པ་མུ་འགོད་གནང་བར་སླར་ཡང་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ད་དུང་མུ་མཐུད་ནས་བཀོད་གནང་ཡོང་བའི་འབོད་བསྐུལ་ཀྱང་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme